མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཁོར་ཡུག་ཐོག་གླེང་སློང་ཤུགས་ཆེན་བྱུང་སོང་།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༥ ཙམ་སྐོང་ཚོགས་བྱས་ཡོད་ཀྱང་། དེ་དག་ནང་བོད་ཀྱི་ཁོར་ཡུག་སྐོར་ལ་དེ་ཙམ་གླེང་སློང་བྱས་མེད་ཀྱང་། ཐེངས་འདིའི་ཚོགས་ཐོག་ཏུ་བོད་ཀྱི་ཁོར་ཡུག་ཐོག་གླེང་སློང་ཤུགས་ཆེན་བྱེད་ཐུབ་པ་བྱུང་ཡོད་ཟེར།   

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ། ཟླ་འདིའི་ཕྱི་ཚེས་ ༥ ནས་ ༧ བར་རྒྱལ་ས་ལྡི་ལའི་ཉེ་འཁྲིས་ཧ་རི་ཡ་ན་མངའ་སྡེར་ཚོགས་ཡོད་ཅིང་། ཐེངས་འདིར་རྒྱལ་ཁབ་ཁག་ ༥༧ ཙམ་ནས་ཚོགས་བཅར་བ་ ༢༥༧ ཙམ་ཞུགས་ཡོད་འདུག་ལ། ཐེངས་འདིའི་ཚོགས་ཆེན་དང་བསྟུན་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ནང་ཞི་རྒོལ་བྱས་པའི་གནས་ཚུལ་ཕྱོགས་བསྡོམས་ཏེ། དབྱིན་ཡིག་གི་དཔེ་དེབ་ཅིག་ཀྱང་འདོན་སྤེལ་བྱས་ཡོད་སྟབས། ཚོགས་ཆེན་གྲུབ་ནས་ཉིན་ཤས་རྗེས་འདི་གའི་གསར་འགོད་པས་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་བཀྲ་ཤིས་ལགས་སུ་གནད་དོན་བྱེ་བྲག་པ་ཁག་ཅིག་གི་ཐོག་བཅར་འདྲི་ཞུས་སྐབས། ཐེངས་འདིའི་ཚོགས་ཆེན་ཐོག་དམིགས་བསལ་གྲུབ་འབྲས་ཅི་བྱུང་སྐོར་ལ་བཀྲ་ཤིས་ལགས་ཀྱིས་བརྗོད་དོན། ད་བར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༦ ཙམ་ཚོགས་ཡོད་པ་དང་། དེའི་ནང་ནས་དང་པོ་ ༡༩༩༠ ལོར་ཚོགས་པ་རེད། ཚོགས་འདུ་འདིའི་བརྒྱུད་རིམ་ལ་བལྟས་ཡོང་ན། ཚོགས་ཞུགས་པའི་མི་འབོར་དང་རྒྱལ་ཁབ་ཀྱི་གྲངས་འབོར་སྔར་ལས་མང་དུ་འགྲོ་བཞིན་ཡོད་ཚོད་འདུག ཚོགས་བཅར་བ་མང་དུ་འགྲོ་བའི་རྒྱུ་མཚན་ནི་བོད་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བ་དང་སྦྲགས་རྒྱལ་སྤྱིའི་ཐོག་མང་ཚོགས་ཀྱིས་བོད་དོན་ཐོག་དོ་སྣང་དང་ཐུགས་ཚབས། རྒྱབ་སྐྱོར་ཆེ་རུ་འགྲོ་བཞིན་ཡོད་པའི་རྟགས་རེད། ཐེངས་འདིའི་ཚོགས་ཆེན་ལ་ཆ་བཞག་ན་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་  ༢༥ ཙམ་འདུག དེ་བཞིན་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནས་ཀྱང་སྔོན་དང་མི་འདྲ་བར་ཚོགས་བཅར་བ་མང་དུ་ཕྱིན་ཡོད་ཟེར།

 

ཡང་ཁོང་གིས་ཚོགས་ཞུགས་པ་འགའི་བསམ་ཚུལ་ངོ་སྤྲོད་གནང་དོན། ཐེངས་འདིར་ཧྥེ་ལི་ཕིན་དང་ཨུ་རུ་སུ་ནས་གྲོས་ཚོགས་འཐུས་མི་ཁག་ཅིག་ཕེབས་ཡོད་པར་མ་ཟད། སྐབས་དེར་ཨུ་རུ་སུ་ནས་ཡིན་པའི་གྲོས་ཚོགས་འཐུས་མི་གྷི་མ་ལིག་ལགས་ཀྱིས་ཚོགས་ཐོག་ཏུ་སྐད་ཆ་བཤད་པའི་ནང་། ཚོགས་ཞུགས་པ་མང་པོ་ཞིག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་གི་གནས་སྟངས་ཐོག་ཉེན་ཚབས་ཡོད་སྐོར་བརྗོད་སོང་། དེ་ངས་ཧ་ཅང་གནད་འགག་ཅིག་ཏུ་མཐོང་སོང་། མ་འོངས་པར་རྒྱལ་སྤྱིའི་ཐོག་བོད་དོན་སྐོར་གྱི་ཚོགས་འདུ་ཇི་འདྲ་ཞིག་ཚོགས་ཀྱང་། བོད་ཀྱི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་ཐོག་དོ་སྣང་བྱ་དགོས་ལ།  ང་རང་ཕྱིར་ལོག་རྗེས་གནད་དོན་དེའི་ཐོག་མུ་མཐུད་ནས་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་བཤད་སོང་། དེ་བཞིན། རྒྱ་གར་གྱི་སྲིད་བློན་ཟུར་པ་ལི་ཁུ་རི་ཤི་ན་ཨིག་ཝ་ཎི་མཆོག་གིས་ཀྱང་ཚོགས་ཆེན་གྱི་མཛད་སྒོའི་ཐོག ཚོགས་བཅར་བ་ཚོས་རླབས་ཆེན་གྱི་ཕྱག་ལས་གནང་གི་ཡོད་པ་དང་། ཕྱག་ལས་གནང་སྟངས་དེ་ནི་བོད་དོན་ཙམ་མིན་པར་གཞི་རྩའི་འགྲོ་བ་མིའི་རིན་ཐང་གི་ལས་དོན་ཞིག་ཡིན་པ་དང་། རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་འགྲོ་མིན་ལ་མ་ལྟོས་པར་རྒྱ་གར་གཞུང་གིས་བོད་དོན་ཐོག་སྔར་ལས་རྒྱབ་སྐྱོར་གནང་གི་རེད་ཅེས་སྐད་ཆ་ཡག་པོ་བཤད་སོང་། ཞེས་ངོ་སྤྲོད་གནང་བྱུང་།

 

དྲུང་འཕར་བཀྲ་ཤིས་ལགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་པའི་རྩ་དོན་ཐོག་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ག་འདྲ་ཞིག་ཡོང་གི་ཡོད་མེད་སྐོར་དྲིས་པའི་ལན་དུ། བཀའ་ཁྲི་མཆོག་གིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་མི་རེ་ངོ་རེ་བཞིན་བོད་དོན་ཐོག་ཧ་ཅང་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད་གསུངས་ཡོད་ལ། ༧གོང་ས་མཆོག་གིས་ཀྱང་ངས་རྒྱ་ནག་ཕྱོགས་སུ་ལག་གཡས་པ་བརྐྱངས་ཏེ་གྲོས་མོལ་གྱི་ལམ་ནས་བོད་དོན་སེལ་ཐབས་བྱེད་ཀྱི་ཡོད་ཀྱང་། ལག་པ་གཡས་པའི་ནང་རེག་རྒྱུ་གང་ཡང་མེད་པར་སྟོང་པར་ལྷག་ཡོད། ལག་གཡས་པ་སྟོང་པ་ཆགས་ཡོང་དུས་ལག་གཡོན་པ་དེ་གཞན་ལ་མི་བརྐྱངས་ཐབས་མེད་རེད་ཅེས་གསུངས་ཡོད། ད་བར་རྒྱལ་སྤྱིའི་སྲིད་གཞུང་དང་། གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་མིན་གྱི་ཚོགས་པ་ཁག་དང་མི་སྒེར་བཅས་ནས་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རོགས་རམ་གནང་ཡོད་སྟབས། ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་གསུངས་སོང་། ད་ལྟའི་དུས་ཚོད་འདི་འདྲའི་ནང་ལ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ང་ཚོར་ཤིན་ཏུ་གལ་ཆེན་ཆགས་ཡོད་ཟེར།  

 

ཁོང་གིས་མུ་མཐུད་དུ་ཐེངས་འདིའི་ཚོགས་ཐོག་གི་གྲོས་གཞི་ཁག་བརྗོད་དོན། ཚོགས་འདུའི་གྲོས་གཞི་གཙོ་བོ་ཁག་བཞི་ཡོད། དེ་དག་ནི། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག རིག་གཞུང་། རྒྱ་མི་རིགས་དང་འབྲེལ་བ་མཐོར་འདེགས་གཏོང་ཐབས་བཅས་རེད། སྔོན་མ་དང་མི་འདྲ་བའི་ཁྱད་པར་ཞིག་ཡོད་པ་ནི། ཁོར་ཡུག་གི་གནད་དོན་ལ་བགྲོ་གླེང་བྱས་པ་དེ་རེད། སྔོན་མ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༥ ཚོགས་ཟིན་ཡང་། བོད་ཀྱི་ཁོར་ཡུག་སྐོར་ལ་དེ་ཙམ་གླེང་སློང་བྱས་མེད། ཐེངས་འདིར་གླེང་སློང་ཤུགས་ཆེན་བྱུང་སོང་ལ། བོད་ཀྱི་ཆུ་དང་གཙང་པོ་མང་པོ་ཞིག་རྒྱ་དཀར་ནག་དང་། པ་ཀི་སི་ཐན། བྷང་ལ་ཊེ་ཤི ཐའེ་ལན་ཊི། ཝེ་ཐི་ནམ། ཁམ་བྷོ་ཊི་ཡ་བཅས་སུ་བཞུར་ཏེ་མི་གྲངས་དུང་ཕྱུར་མང་པོར་འཐུང་ཆུའི་ཕན་ཐོགས་ཡོང་གི་ཡོད། ཕྱོགས་གཞན་ཞིག་ནས་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་པའི་རྐྱེན་གྱིས་བོད་དུ་ས་ཡོམ་དང་། རི་ཉིལ་འདམ་ཟེགས་ཀྱི་གོད་ཆགས་བྱུང་ཡོད། བོད་ཀྱི་ཁོར་ཡུག་གནད་དོན་ཐོག་མི་སུ་འདྲ་ཞིག་ཡིན་རུང་གླེང་སློང་བྱ་རྒྱུའི་ཐོབ་ཐང་ཡོད་སྟབས། བོད་ཀྱི་དཀའ་རྙོག་ནི་ཆབ་སྲིད་རྐྱང་པའི་དཀའ་རྙོག་ཅིག་མ་རེད། ཅེས་གསུངས་སོང་།

 མཇུག་ཏུ་ཐེངས་འདིར་ ༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་སྐོར་གྱི་དཔེ་དེབ་ཅིག་ཡོད་པའི་སྐོར་དྲིས་པར། དེ་ནི་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ངོས་ནས་ཕྱི་ལོ་ ༢༠༠༨ ལོའི་བོད་ནང་གི་དོན་རྐྱེན་སྐོར་གྱི་དབྱིན་དེབ་ཅིག་དཔར་བསྐྲུན་ཞུས་ཡོད་ཅིང་། དེ་ནི་ཕྱོགས་མཐའ་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་ཚོར་བོད་དོན་ཤེས་རྟོགས་ཡོང་རྒྱུར་དམིགས་པ་ཞིག་རེད་ཟེར། དེབ་དེའི་ཁ་བྱང་ལ་༼ ༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་གྱི་བྱུང་རིམ་དང་དེའི་དཔྱད་ཞིབ ༽ཞེས་བྲིས་འདུག་ལ། དེའི་ནང་དུ་ཞི་རྒོལ་སྐབས་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཁག་ཏུ་ཤི་སྐྱོན་བྱུང་བ་དང་རྨས་སྐྱོན་ཕོགས་པ། བཙོན་འཇུག་བྱས་པ། བོར་བརླག་ཏུ་སོང་བ་བཅས་ཀྱི་གྲངས་འབོར་དང་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་བཅས་ཁ་གསལ་བོར་བཀོད་ཡོད་པ་མ་ཟད། དེབ་དེའི་མཇུག་ཏུ་ཞི་རྒོལ་བྱུང་ཡུལ་ས་ཁུལ་ཁག་གི་ས་ཁྲ་བཅས་བཀོད་འདུག  

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༤ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༧ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese