མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་བྱང་ཀོ་རེ་ཡའི་བར་དམག་འཁྲུག་ཞིག་མགོ་བརྩམས་འདུག

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་ཉིན་གུང་བྱང་ཀོ་རེ་ཡ་དང་ལྷོ་ཀོ་རེ་ཡ་གཉིས་བར་མཚོ་གླིང་རྩོད་རྙོག་གི་དམག་འཁྲུག་ཆེན་པོ་ཞིག་མགོ་བརྩམས་ཏེ། མི་ཤི་རྨས་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་ཡོད་འདུག

དེ་རིང་ཉིན་གུང་ཆུ་ཚོད་ ༢ དང་སྐར་མ་ ༣༤  སྟེང་། བྱང་ཀོ་རེ་ཡས་དེང་རབས་ཀྱི་མེ་སྒྱོགས་ ༢༠༠ ལྷག་ལྷོ་ཀོ་རེ་ཡའི་མཚོ་གླིང་ཡཱེན་ཕེ་ཡོན་ Yeonpyeong Island ཞེས་པའི་སྟེང་བརྒྱབ་ཡོད་འདུག་ལ། དེ་མུར་ལྷོ་ཀོ་རེ་ཡིས་ཀྱང་སྒྱོགས་མདེལ་འཕེན་མགོ་བརྩམས་ཡོད་པ་དང་། ད་ལྟ་ཕྱོགས་གཉིས་ཀའི་ངོས་ནས་མཚོ་ཐོག་དང་མཁའ་ཐོག སྐམ་ས་བཅས་ནས་རྒྱབ་རོགས་ཀྱི་དམག་དཔུང་ཕོན་ཆེན་དང་། དེང་རབས་ཀྱི་མཚོན་ཆ་སྣ་ཚོགས་གྲ་སྒྲིག་གི་ཛ་དྲག་གི་གནས་སྟངས་ཆགས་ཡོད་འདུག 

ནམ་རྒྱུན་རྩོད་རྙོག་ཅན་གྱི་མཚོ་གླིང་དེར་སྡོད་མཁན་མི་སེར་ ༡༢༠༠ ནས་ ༡༣༠༠ བར་ཡོད་སྐོར་བསྒྲགས་འདུག་ཀྱང་། ད་སྔ་ཁོ་ཚོའི་ཁང་ཁྱིམ་ལ་གཏོར་སྐྱོན་དང་མི་མང་པོ་ཤི་རྨས་ཐེབས་ཚུལ་གྱི་གནས་ཚུལ་རོབ་བཤད་ཙམ་ལས་གྲངས་ཚད་ཁ་གསལ་ཐོན་མི་འདུག མཚོ་གླིང་གི་གཡས་གཡོན་གང་སར་དུ་བ་དང་ས་རྡུལ་གྱིས་ཁེངས་པའི་ཁྲོད་ཕྱོགས་ངོས་གཉིས་ཀྱི་མཚོ་གྲུ་མང་པོ་ཞིག་ཀྱང་གཏོར་སྐྱོན་བཏང་ཡོད་པ་མ་ཟད། གྲུ་ཐོག་གི་དམག་མིར་ཤི་རྨས་ཚབས་ཆེན་བྱུང་ཡོད་འདུག ལྷོ་ཀོ་རེ་ཡའི་སྲིད་འཛིན་ལཱེ་མེའོན་ Lee Myung Bak གྱིས་གང་མགྱོགས་ཛ་དྲག་ཚོགས་ཆེན་བསྡུས་ཏེ། དམག་འཁྲུག་ཚོད་འཛིན་དང་དོན་རྐྱེན་སྔོན་འགོག་སྐོར་ལ་ཐག་གཅོད་བྱ་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 19

  1. སངས་པ། says:
    ལོ་ 16 སྔོན།

    ཨ་་་་་་ང་ཚོ་ལ་ཡང་འདི་ལྟ་བུའི་དམག་ཆས་ཞིག་ཡོད་ན་ཅི་མ་རུང་། རེད་ཡ་ཡང་མི་ཤི་དོན་རྐྱེན་མང་པོ་ཞིག་བྱུང་ནའང་། ཨོྃ་མ་ནི་པདྨེ་ཧཱུ། ཨོྃ་མ་ནི་པདྨེ་ཧཱུ ། ཨོྃ་མ་ནི་པདྨེ་ཧཱུ།
    ཧེ་་་་་་ ད་བསམ་བློ་མང་པོ་མ་བཏང་ན་བཟང་།

    Reply
  2. གངས་རིའི་བུ says:
    ལོ་ 16 སྔོན།

    དམག་འཁྲུག་འདིས་མི་རྣམས་ལ་འཇིགས་སྣང་ཞིག་བསྐུར་ངེས་རེད་དྲན་གྱིས་ཡོད །

    Reply
  3. ལྗང་གཞོན། says:
    ལོ་ 16 སྔོན།

    དམག་འཁྲུག་འདི་ངོ་མ་ཛ་དྲག་རེད། ཨ་རི་དང་རྒྱ་ནག་སོགས་རྒྱལ་ཁབ་དུ་མ་ཞིག་ལྷོ་བྱང་ཀོ་རེ་ཡ་སོ་སོའི་རྒྱབ་ཏུ་ལངས་ཀྱིན་འདུག

    Reply
  4. ཁར་ལྷུན says:
    ལོ་ 16 སྔོན།

    དམག་འཁྲུག་འདི་ལ་བརྟན་ནས་མི་རྣམས་ལ་སླབ་བྱ་བཟང་པོ་ཞིག་ཡོང་བ་རེ་

    Reply
  5. ཁར་ལྷུན says:
    ལོ་ 16 སྔོན།

    དམག་འཁྲུག་འདིས་རྐྱན་པས་མི་རྣམས་ལ་སླབ་བྱ་ཞིག་ཐེབ་པ་ཤོག་
    ཨྃ་མ་ཎི་པདྨེ་ཧཱུཾ་།།།།།།།།།།

    Reply
  6. སྐྱ་མདའ། says:
    ལོ་ 16 སྔོན།

    འཁྲུག་འཛིང་ཆེ་མོ་འདིའི་མཇུག་ཏུ་ཡུ་མིག་པའི་མི་སེར་གང་མང་ཞིག་ཀྱང་ཐོན་ཐན་ངེས། ད་དུང་དོན་རྐྱེན་འདིས་རྐྱེན་པའི་ཤུགས་རྐྱེན་མང་པོ་ཞིག་འཛམ་གླིང་གི་ས་ཁུལ་གང་སར་སླེབས་ངེས། དཀོན་མཆོག་མཁྱེན།

    Reply
  7. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    དྲ་གྲོགས་ཧོར་བུས་གསུངས་པ་ལྟར་སྲིད་དོན་པ་ཚོས་ཡག་པོ་མ་བྱས་ན་ཞི་བའི་མི་སེར་རྣམས་མྱང་རྒྱུ་རེད།
    ད་བར་སྲིད་དོན་པ་ཚོའི་གཡོ་བྱུས་འོག་ཞི་བའི་མི་སེར་འབུམ་ཕྲག་མང་པོར་སྲོག་སྐྱོན་བྱུང།
    ད་རེབ་ཁོང་ཚོའི་གཡོ་འོག་ལ་དེ་ལྟར་མི་བྱུང་པར་སྨོན་ནོ།

    Reply
  8. ཁ་བའི་མེ་ཏོག says:
    ལོ་ 16 སྔོན།

    ད་ཐེངས་ཡང་བྱང་ལྷོ་གཉིས་ཀྱི་དམག་འཁྲུགས་བྱུང་འདུག མི་མང་པོ་ཞིག་ཤི་ཡོད་པ་འདྲ། ཚང་མའི་མ་ནི་ཞིག་གྲངས་རོགས་ཞུ། དེ་ལས་ཐབས་ཤེས་མི་འདུག ཨོྃ་མ་ནི་པདྨེ་ཧཱུ་་་་་་་་་་་་་་་་་་

    Reply
  9. ཇོ་རུ་ཚེ་རིང་། says:
    ལོ་ 16 སྔོན།

    ཨོ་ལེ། ཏག་ཏག་རེད། ངས་ཡུན་རིང་རེ་སྒུག་བྱེད་བཞིན་པའི་དོན་དེ་སྨིན་ལེ་ཁད་ན་འདུག མུ་མཐུད་དུ་རྒྱོབས། མིའི་རིགས་འདིར་ཆགས་སྒོ་ཆེན་པོ་ཞིག་མ་བྱུང་ན། ཞི་བདེ་ཟེར་བ་ཡང་སྟོང་བཤད་རེད་ལ། མཛའ་མཐུན་མཉམ་གནས་ཟེར་བའང་ཁ་ནང་གི་རླུང་བུ་ཙམ་རེད། འཛམ་གླིང་འཁྲུགས་ཆེན་ཨང་གཉིས་པ་ལྟ་བུ་ཞིག་བྱུང་བ་ཡིན་ན། ད་གཟོད་བསམ་བཞིན་མཐོང་བཞིན་ཆག་འཇིགས་ཀྱི་ལམ་བུར་བསྐྱོད་བཞིན་པའི་འགྲོ་བ་མིའི་རིགས་ཀྱི་གོམ་སྟབས་འདིར་འགྱུར་ལྡོག་ཆིག་ཐེབས་སྲིད་པའི་ལམ་བུ་ཉག་ཙམ་ཡོད་དུ་སྲིད་ལ། མིའི་རིགས་ཀྱིས་རྡུལ་མཚོན་རིག་པ་དང་དྲག་འཐབ་དམག་མི། རང་རྒྱལ་གཞན་ཕམ་གྱི་ཚོང་དོན་བྲན་གཡོག་ལམ་ལུགས་བཅས་དེང་སྐབས་འཛམ་གླིང་རྒྱལ་ཁབ་ཀུན་གྱིས་གཙུགས་སུ་འཛིན་པའི་རིན་ཐང་གི་འདུ་ཤེས་འཛིན་སྟངས་འདི་དག་ལ་ངེས་ཟིན་གཞན་ཞིག་སླེབས་སྲིད་པའི་རེ་བ་ཕྲ་ཙམ་གདའ།

    Reply
  10. མངའ་རིས་བུ། says:
    ལོ་ 16 སྔོན།

    ལྷོ་བྱང་ཀོ་རེ་ཡ་སྲིད་དམག་རྒྱབ་ཡོང་གི་འདུག
    ཁ་བརྡའི་ནང་དུ་བན་བོན་ཆོས་དམག་རྒྱབ་ཡོང་གི་འདུག
    ད་འཇིག་རྟེན་འདི་ཉེན་ཁ་ཆེན་པོ་ཞིག་རེད།
    ཚན་རིག་ཡར་རྒྱས་ཕྱིན་པ་འདི་ཡིས་ཉིན་གཅིག་འཇིག་རྟེན་འདི་སྐད་ཅིག་གཅིག་ལ་བརླག་པར་བྱེད་པའི་རྒྱུ་ཉག་གཅིག་མ་རེད་དམ།
    སྐྱེ་བྱེད་ཀྱི་རྒྱུ་དང་འཇིགས་བྱེད་ཀྱི་རྒྱུ་གཉིས་གཅིག་ཏུ་སོང་བ་ནང་པའི་གཞུང་ལས་གསལ་བ་དེ་རང་ཡིན་ས་རེད།
    ཆོས་དམག་སྲིད་དམག་ཐམས་ཅད་ཞི་གྱུར་ཅིག

    Reply
  11. ནེ་ཤོད་གྲུ་ཁ། says:
    ལོ་ 16 སྔོན།

    ཨ་ཁ་ཁ། ད་གང་དྲག། ང་ཚོའི་ཤི་རྨས་དག་ལ་བསྔོ་སྨོན་དང་དམག་འཁྲུག་མྱུར་དུ་འཚམ་འཇོག་ཡོང་བའི་ཐུགས་སྨོན་གནང་བ་ལས་གཞན་ཅི་བྱ་དུ་གྱུར་སྙམ།

    Reply
  12. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    མི་སེར་ཚོ་སྙིང་རྗེ།མྱུར་ནས་མྱུར་དུ་འཇིགས་སྐྲག་ལས་གྲོལ་བ་ཤོག།
    སྲིད་དོན་པ་དེ་ཚོས་ཡག་པོ་མ་བྱེད་ན་སྡུག་པོ་མྱོང་མཁན་མི་སེར་ཡིན་པ་དང་རྗེས་སུ་སོ་སོའི་རྒྱལ་ཁབ་ལ་བདེ་འཇགས་མེད་པ་ཡང་དེ་ནས་ཡོང་གི་ཡོད།

    Reply
  13. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    སྲིད་དོན་པ་དེ་ཚོས་ཡག་པོ་མ་བྱེད་ན་མི་མང་ཚོའི་སྡུག་པོ་མྱོང་རྒྱུ་རང་རེད།
    མི་སེར་ཚོ་སྙིང་རྗེ།མྱུར་ནས་མྱུར་དུ་འཇིགས་སྐྲག་ལས་གྲོལ་བ་ཤོག།

    Reply
  14. གངས་སྐྱེས། says:
    ལོ་ 16 སྔོན།

    ང་རང་གི་བསམ་ཚུལ་ལ་དེ་འདྲ་བའི་དམག་འཁྲུག་འབྱུང་བའི་རྒྱུ་རྐྱེན་གཙོ་དེ་ནི། མི་དང་མིའི་བར་དང་མི་རིགས་དང་མི་རིགས་ཀྱི་བར། ཡང་ན་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར་ལ་ཡིད་ཆེས་མེད་པས་རྐྱེན་བྱས་ནས་འབྱུང་གིན་ཡོད་པ་གསལ་བོ་རེད།དཔེ་མཚོན་ཆུང་ཆུང་ཤིག་གི་སྟེང་ནས་བཤད་ན། ཁྱིམ་ཚང་ཞིག་གི་ནང་ཕ་མ་དང་བུ་ཕྲག་གི་བར་ལ་ཡིད་ཆེས་གཙང་མ་ཡོད་ན་དེ་ནི་བདེ་སྐྱིད་ལྡན་པའི་ཁྱིམ་གཞི་ཞིག་ཡིན་པ་གདོན་མི་ཟ། དེ་ལས་བཟློག་སྟེ་ཡིན་ན་དེ་ནི་ནམ་ཡང་བདེ་སྐྱིད་ལྡན་པ་ཞིག་ཏུ་འགྱུར་མི་སྲིད། དེ་ནི་བདེ་སྐྱིད་ཀྱི་གཞི་རྩ་མེད་པས་རེད། དེའི་ཕྱིར་ད་རེས་རྙོག་དྲ་འདི་ཡང་རྒྱུ་རྐྱེན་དེ་ལས་མདའ་མི་ནུས་སྙམ།

    Reply
  15. རྟ་དོ says:
    ལོ་ 16 སྔོན།

    ཨ་བླ་མ་མཁྱེན་མི་སེར་ཚོ་བསད་ན་ངན་གི་ཡ།
    དེ་མིན་འགོ་བྱེད་ཚོ་བསམ་རེ་ཤེས་བཅུག་འགྲིག་འདུག

    Reply
  16. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ཡར་རྒྱས་སོང་བ་བཟང་རབ་དང་རྒྱན་རབ་བཤད་བཞིན་ཡོད་མོད
    དོན་དམ་དུ་ཚད་རིག་ཞེས་བ་འདི་ཉིན་རེ་བཞིན་ཡར་ཐོན་འགྲོ་གིན་ཡོད
    དེ་ཅི་ཙམ་ཡར་རྒྱས་སོང་བ་དེ་ཙམ་ཚོད་ཀྱི་འབྲས་བུ་དམགས་འཁྲུགས་གི་རིག་འདི་འདྲ་བ་ཡོང་རིང་ནས་ཉེ་རུ་ཡོང་གིན་ཡོད
    མིའི་ཀུན་སྤྱོད་སོགས་དགོས་བའི་རིགས་ཡར་ཐོན་མེད་པར་འདིའི་རིགས་ལ་ཡ་མཚན་རེ་བསྐྱེད་རྒྱུ་ལས་གཞན་མི་སྤྲོའོ།

    Reply
  17. རིགས་བཟང་། says:
    ལོ་ 16 སྔོན།

    ཧ་ཅང་བཟང་གི རང་དབང་མེད་ན་ཤི་ན་བཟང་། ལྷོ་ཀོ་རུ་ཡ་རྒྱལ་གྱུར་ཅིག དམར་ཕྱོགས་ཀྱི་ལག་ཏུ་ཕམ་མི་རུང་། གང་ལྟར་ཁྱེད་ཚོ་བོད་པ་ལྟ་བུ་སྡེར་མ་རྐྱང་རྐྱང་མ་རེད། ད་རྒྱོབ་ད་སོད་།

    Reply
  18. རྡོ་རྗེ་ཚེ་རིང་། says:
    ལོ་ 16 སྔོན།

    མི་སེར་མང་པོ་ཤི་འདུག་

    Reply
  19. ཨ་གཙང་གནས་རྒྱམ། says:
    ལོ་ 16 སྔོན།

    ཨ་ཧ་ཧ་ད་ངོ་མ་ཉེན་ཁ་ཆེན་པོ་རེད། ནང་བ་ཚོས་ཀྱང་། འཇིག་རྟེན་ཀུན་ཏུ་དམག་འཁྲུག་མུ་གེ་སོགས།།མི་མཐུན་རྒུད་པའི་མིང་ཡང་མི་གྲགས་པར།། ཟེར་ནས་སྨོན་ལམ་རྒྱབ་པ་ཙམ་མ་ཡིན་པར་ལག་ལེན་ཐབས་ཤེས་རེ་འཐེན་མི་དགོས་སམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese