མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་རིག་གཞུང་འཛིན་སྐྱོང་ཁང་།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་  ༢༠ ཉིན་བྷེལ་ཇམ་བོད་ཀྱི་རིག་གཞུང་འཛིན་སྐྱོང་ཁང་བཙུགས་ནས་ལོ་ངོ་གཉིས་འཁོར་བའི་མཛད་སྒོ་ཞིག་ཚོགས་ཡོད་འདུག་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བྷེལ་ཇམ་ནང་བཅའ་བཞུགས་བོད་གཞུང་སྐུ་ཚབ་དོན་གཅོད་བཀྲ་ཤིས་དབང་འདུས་མཆོག་གིས་དབུས་བོད་རིགས་ཚོགས་པའི་ཚོགས་གཙོ་གཞོན་གཉིས། ས་གནས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ཚོགས་གཞོན། ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཙོ་ཚོགས་གཞོན། བོད་རྒྱ་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་བཅས་ཆེད་ཕེབས་གནང་ཡོད་པ་དང་། གཞན་སློབ་མའི་ཁྱིམ་བདག་དང་མི་མང་བཅས་མི་གྲངས་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་འདུག མཛད་སྒོའི་ཐོག་མར་བོད་ཀྱི་སྲོལ་རྒྱུན་ལྷ་མོ་བཀྲིས་ཞོལ་པའི་གླུ་སྒྲའི་ཁྲོད་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་སྐར་མ་གཅིག་རིང་ངག་བཅད་གུས་འདུད་ཞུས་རྗེས། བྷེལ་ཇམ་བོད་ཀྱི་རིག་གཞུང་འཛིན་སྐྱོང་ཁང་གི་ཚོགས་གཙོ་བློ་བཟང་དབང་འདུས་ཀྱིས་དུས་དྲན་ངོ་སྤྲོད་དང་ཚོགས་པའི་ལས་བསྡོམས་སྒྲོག་སྦྱང་གནང་སོང་།

 

དེའི་རྗེས་སྐུ་མགྲོན་གཙོ་བོ་བོད་གཞུང་སྐུ་ཚབ་དོན་གཅོད་བཀྲིས་དབང་འདུས་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་གི་ཐད་ནས་བོད་ཕྲུག་ཚོར་ཆུང་ངུའི་དུས་ནས་སློབ་གསོ་སྤྲོད་རྒྱུ་དེ་གལ་ཆེན་ཡིན་པ་དང་། ལོ་ཆུང་བྱིས་པ་དེ་དག་ལ་མ་འོངས་པར་བོད་པའི་ངོ་བོ་མ་བརླག་པ་ཞིག་བྱེད་དགོས་ན། རེས་གཟའ་སྤེན་པ་དང་ཉི་མའི་བོད་ཡིག་འཛིན་གྲྭ་ཁོ་ནས་སྒྲུབ་ཐབས་མེད། དེར་བརྟེན། སྤྱི་ཚོགས་ཁྱོན་ཡོངས་དང་། ལྷག་པར་ཁྱིམ་བདག་ཚོས་རང་གི་ནང་དུ་བོད་ཀྱི་རིག་གཞུང་གལ་ཆེ་བའི་རྒྱུ་མཚན་བརྗོད་དགོས་ལ། རང་གི་ཕྲུ་གུར་ངེས་པར་དུ་བོད་སྐད་ཁོ་ན་རྒྱག་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་ཡིན། ད་དུང་གལ་ཆེ་བ་ཞིག་ནི་ད་ལྟ་ང་ཚོ་བྷེལ་ཇམ་ཁུལ་གྱི་སློབ་གྲྭ་ཁག་གི་བོད་ཡིག་སློབ་ཚན་གཅིག་འགྱུར་ཐོག་སློབ་ཁྲིད་བྱེད་བཞིན་ཡོད་པ་དེ་གཞི་རྩར་བཟུང་སྟེ། མ་འོངས་པར་དམིགས་བསལ་གྱི་ཕྱི་རྒྱལ་དུ་སྡོད་མཁན་སློབ་མ་ཚོར་དམིགས་ཏེ། སློབ་དེབ་ཞིག་བསྒྲིགས་ཐུབ་ན་ལེགས་པོ་ཡོད་པ་སོགས་ཀྱི་ལམ་སྟོན་གནང་ཡོད་འདུག

 

དེ་རྗེས་བྷེལ་ཇམ་ཁུལ་གྱི་སྐབས་དང་པོའི་དབྱར་དུས་བོད་ཀྱི་རིག་གཞུང་ཟབ་སྦྱོང་གི་སྐོར་འཁོད་པའི་བརྙན་འཕྲིན་འོད་སྡེར་ཞིག་དབུ་འབྱེད་དང་།  ༧གོང་མཆོག་དང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་སློབ། བོད་ཀྱི་རིག་གཞུང་གི་གལ་ཆེའི་རང་བཞིན་གྱི་ནང་དོན་ལྡན་པའི་བོད་ནང་གི་གཞས་པ་དག་གི་གླུ་གཞས་ཀྱི་གློག་བརྙན་གཟིགས་འབུལ་བྱས་པ། གཞན། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ནང་ཆོས། སྐད་ཡིག བཙན་བྱོལ་བོད་གཞུང་གི་སྐོར་སོགས་ཀྱི་དྲི་བ་དྲི་ལན་སོགས་གནང་མཐར་སློབ་ཕྲུག་དང་གཞས་པ་སྐོར་ཞིག་གིས་གླུ་གཞས་བཏང་ཡོད་འདུག

བྷེལ་ཇམ་བོད་ཀྱི་རིག་གཞུང་འཛིན་སྐྱོང་ཁང་དེ་ནི། ཐོག་མར་ཕྱི་ལོ་ ༢༠༠༨ ལོར་དངོས་སུ་བཙུགས་པ་ཞིག་ཡིན་ཞིང་། ད་ཡོད་དགེ་ལས་ཁྱོན་བསྡོམས་གྲངས་༨ དང་སློབ་མ་ ༥༠ ཙམ་ཡོད་འདུག་ལ། དེ་དག་བོད་རིགས་འདུས་སྡོད་ས་གནས་ཆེ་ཁག་གསུམ་གྱི་ནང་སློབ་འཁྲིད་བྱེད་བཞིན་ཡོད་པ་དང་། དགེ་རྒན་དང་ལས་བྱེད་ཚང་མ་དང་བླངས་ཐོག་ལས་འཁུར་བཞེས་བཞིན་ཡོད་འདུག འཛིན་སྐྱོང་ཁང་དང་འབྲེལ་ལས་དོན་ཆེད་ས་གནས་གང་དུ་སྐྱོད་ཀྱང་ལམ་གྲོན་ཚང་མ་རང་ངོས་ནས་གཏོང་དགོས་ཤིང་། འདི་ལོ་ནས་བཟུང་སློབ་གྲྭ་ཁག་གསུམ་གྱི་སློབ་ཚན་གཅིག་འགྱུར་བཟོས་ཡོད་ཅིང་། ལོ་གཅིག་ལ་ཡིག་རྒྱུགས་ཐེངས་གཉིས་བཏང་སྟེ་གྲུབ་འབྲས་སློབ་གྲྭའི་མཛད་སྒོའི་ཉིན་གསལ་བསྒྲགས་བྱ་རྒྱུ་བྱས་ཡོད་འདུག

གནས་ཚུལ་མཁོ་གཏོང་བ་ལྷག་པ་ཚེ་རིང་།

 

འབྲེལ་ཡོད་གསར་འགྱུར།

China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༢ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩

མཆན། 3

  1. ཁ་བའི་མེ་ཏོག says:
    ལོ་ 16 སྔོན།

    གནས་ཚུལ་གཏོང་མཁན་དྲ་གྲོགས་ལྷག་པ་ཚེ་རིང་ལགས། བསེ་རུ་གི་ཁྱེད་ལ་དམིགས་གསལ་གྱིས་བཀྲ་ཤིས་བདེ་ལེགས་ཞུ་འདུག ཁོ་རང་སྦེལ་ཇམ་ལ་འགྲོ་འདོད་ཡོད་པ་འདྲ། སྐྱབས་བཅོལ་སྐོར་ཁོ་རང་ལ་གསལ་བོ་ཞིག་གསུངས་རོགས་གནང་། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  2. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    ལྷག་པ་ཚེ་རིང་ལགས་ཀྱིས་ས་གནས་ཚུལ་གང་བྱུང་བ་རྣམས་ལ་དྲ་ཐོག་ལ་སྤེལ་གྱིན་འདུག་དེར་བརྟེན་ཁོང་ལ་དམིགས་བསལ་གྱི་བཀྲིས་བདེ་ལེགས་ཞུ།

    Reply
  3. བསེ་རུ། says:
    ལོ་ 16 སྔོན།

    དེང་སྐབས་སྦེལ་ཇམ་ནང་གི་གནས་ཚུལ་ཁ་གསལ་གོ་བདེར་གཏོང་མཁན་ལྷག་པ་ཚེ་རིང་ལགས་སུ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

    ད་དུང་བོད་མི་འདུས་སྡོད་ཀྱི་ས་གནས་གཞན་དང་གཞན་ནས་ཀྱང་རང་རང་གི་ཁོར་ཡུག་གི་གནས་ཚུལ་གསར་པའི་རིགས་གང་མང་དུས་བབ་དྲ་རྒྱ་སོགས་སུ་ངེས་གཏོང་གནང་ན། བོད་མི་ཕན་ཚུན་བར་གྱི་འབྲེལ་ལམ་དང་སྤྱི་ཚོགས་ཀྱི་ཕྱོགས་མང་པོ་ཞིག་ནས་རྒྱུས་ལོན་ཡོང་བར་ཕན་ཐོགས་ཧ་ཅང་ཆེ། དེ་དོན་ཐུགས་ལ་འདོགས་རོགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese