མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟླ་འདིའི་བོད་ཡིག་གི་འཕོ་འགྱུར་གཉིས་པ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་ཀྲུང་གོའི་བོད་ལྗོངས་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན།  བོད་རིག་པའི་ཇོ་མོ་གླང་མའི་གླེང་སྟེགས་སྐབས་དང་པོ་ཞེས་པ་ཟླ་འདིའི་ཚེས་ ༢༣ ཉིན་གྱི་སྔ་དྲོར། པེ་ཅིན་གྱི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཟེར་བ་རུ་ཚོགས་ཡོད་པ་དང་། ཚོགས་ཐོག་དེར་རྒྱལ་ནང་གི་ཞིབ་འཇུག་སྡེ་ཁག་དང་མཐོ་རིམ་སློབ་ཆེན་བཅུ་ཕྲག་ཁ་ཤས་ནས་ཕེབས་པའི་ཆེད་ལས་མཁས་པ་བརྒྱ་ལ་ཉེ་བ་ཚོགས་འདུར་ཞུགས་ཏེ། ཆེད་ལས་མཁས་པ་ ༤༠ ཡིས་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་དང་། དེང་རབས་ཆབ་སྲིད་ཞིབ་འཇུག  ལོ་རྒྱུས་ཞིབ་འཇུག  ཆོས་ལུགས་ཞིབ་འཇུག  བོད་ཀྱི་གསོ་རིག་ཞིབ་འཇུག་བཅས་དང་འབྲེལ་ཏེ་གཏམ་བཤད་གནང་རྒྱུ་རེད་ཟེར།

ཚོགས་འདུའི་ཉིན་གསུམ་པ་སྟེ། དེ་རིང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་སྟེ། ཉེ་ལམ་གསར་དུ་དུ་བཟོ་སྐྲུན་ལེགས་འགྲུབ་བྱུང་བའི་ཀུ་ཤུ་གློག་ཀླད་པར་གཞིའི་“ཇོ་མོ་གླང་མ”ཞེས་པའི་བོད་ཡིག་གི་ཡིག་གཟུགས་མ་ལག་ཅིག་དབུ་འབྱེད་དང་ཕྱིར་བསྒྲགས་བྱས་འདུག་ལ། དེ་ནི་“ཇོ་མོ་གླང་མ”ཞེས་པའི་བོད་ཡིག་གི་ཡིག་གཟུགས་ཞིབ་འཇུག་སྐོར་གྱི་ཐོད་བརྒལ་གསར་བ་ཞིག་ཡིན་ཟེར།

 

ཡིན་ནའང་། གསར་དུ་བཟོ་སྐྲུན་ལེགས་འགྲུབ་བྱུང་བའི་ཇོ་མོ་གླང་མ་ཞེས་པའི་བོད་ཡིག་ཡིག་གཟུགས་ཀྱི་ཁྱད་ཆོས་དང་བཀོལ་སྤྱོད། ནང་འཇུག་བྱེད་སྟངས་བཅས་ཀྱི་ཐད་དུ་འགྲེལ་བརྗོད་གང་ཡང་བྱས་མི་འདུག་མོད། འདི་ནི་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་ཚིག་མཛོད་དང་སྨོན་ལམ་བོད་ཡིག་ ༣.༡ སྤྱི་ཚོགས་ཁྲོད་རིན་མེད་འགྲེལ་སྤེལ་གནང་རྗེས་ཏེ། ཟླ་འདིའི་ནང་གི་བོད་སྐད་ཡིག་གི་འཕོ་འགྱུར་གཉིས་པ་དེ་ཡིན་འདུག

བོད་རིག་པའི་ཇོ་མོ་གླང་མའི་གླེང་སྟེགས་ཞེས་པ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ལོ་བཞིའི་ནང་ཐེངས་གཅིག་འཚོགས་པའི་པེ་ཅིང་བོད་རིག་པའི་བགྲོ་གླེང་ཚོགས་འདུ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་དཔྱད་བསྡུར་གྱི་བྱ་འགུལ། རྒྱལ་ཡོངས་བོད་རིག་པའི་ལས་དོན་མཐུན་སྦྱོར་ཚོགས་འདུ་བཅས་ཀྱི་གཞུག་ནས་སྤེལ་བའི་བོད་རིག་པའི་ཁྱབ་ཁོངས་ཀྱི་བྱ་འགུལ་གཙོ་བོ་ཞིག་ཡིན་འདུག

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༣ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༥ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

མཆན། 7

  1. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 16 སྔོན།

    མཁྱེན་རླབས་མཚུངས་མེད་རྒན་བཀྲ་ཤིས་ཚེ་ིརང་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་སྐུ་ཉིད་ཀྱིས་བོད་ནང་བོད་ཡིག་གཉེན་ཆས་ཇོ་མོ་གླང་མ་ཙམ་མིན་པར་མང་དག་ཞིག་འདོན་སྤེལ་གནང་བཞིན་སྤྱི་ཚོགས་ནང་ཕན་རླབས་ཆེན་པོ་ཡིང་བཞིན་པས་བོད་ཀྱི་ཞབས་ཞུ་རང་རེད།

    Reply
  2. དུར་ཁྲོད། says:
    ལོ་ 16 སྔོན།

    རྣམ་དཔྱོད་ཀྱི་ལང་ཚོ་དར་ལ་བབས་པའི་སྐུ་ཞོགས་བློ་བཟང་སྨོན་ལམ་ལགས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཆབས་ཅིག ཁྱེད་སྐུ་བདེ་ཐང་ཡོང་བའི་སྨོན་ལམ་དང་གཅིག ཁྱེད་ཀྱིས་ལག་འགྲུབ་བྱུང་བའི་སྨོན་ལམ་ཡིག་གཟུགས་སོ་ཀྱི་རང་ལུགས་ཕྱོགས་གྱུར་རྒྱུས་བར་ཤོག

    Reply
  3. ཁྲ་གླག་སྤྱང་གསུམ། says:
    ལོ་ 16 སྔོན།

    ངས་བཤད་སྟངས་མ་འགྲིག་པ་ཡིན་ནམ། གང་ལྟར་མི་འགའ་ཞིག་ནས་བློ་བཟང་སྨོན་ལམ་དང་འབྲེལ་བ་ཞིག་བཙུགས་འདུག སེར་སྨད་སྐུ་ཞབས་བློ་བཟང་སྨོན་ལམ་ཀློག་ཀླད་ལ་མཁས་པ་ཡོངས་གྲགས་རེད། ང་རང་ཁོང་ལ་དངོས་གནས་ཧང་སང་ཡོད། བཀྲ་ཤིས་ཚེ་རིང་ཡིན་ན་རྒྱ་ནག་གཞུང་གིས་འགྲོ་གྲོན་ཕོན་ཆེར་གཏོང་གིན་ཡོད་རེད། སྐུ་ཞབས་སྨོན་ལམ་གྲྭ་པ་གྲྭ་རྐྱང་གཅིག་གིས་སྙིང་རུས་ལ་ཧང་སང་བྱུང༌། ཁོང་གི་ཡིག་གཟུགས་དང་ཚིག་མཛོད་དེ་ཚོ་ངའི་གཅེས་ནོར་ཡིན།

    འོ་རེད། ཀུ་ཤུ་རྟགས་ཅན་ཅན་གྱི་ཁ་པར་ནང་བོད་ཡིག་བཅུག་མཁན་དེ་བོད་ཕྱི་ནང་གང་གི་སྐུ་ཞབས་བློ་བཟང་སྨོན་ལམ་ཡིན་ནམ། ད་ང་ངོ་མ་འཁྲུགས་སོང༌། གསལ་བཤད་ཅིག་གནང་རོགས།

    Reply
  4. བྱང་ཆུབ་སེམས་དཔལ། says:
    ལོ་ 16 སྔོན།

    སྐུ་ཞབས་བཀྲ་ཤིས་ཚེ་རིང་དང་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རྗེ་སུ་ཡང་སྐུ་ཞབས་བློ་བཟང་སྨོན་ལམ་སོགས་དང་མཉམ་འབྲེལ་གྱིས་ལེགས་ཆ་སྤེལ་བར་སྨོན།

    Reply
  5. སྒྲོན་འོད ། says:
    ལོ་ 16 སྔོན།

    ༆ རྣམ་དཔྱོད་ཀྱི་ལང་ཚོ་དར་ལ་བབས་པའི་སྐུ་ཞོགས་བློ་བཟང་སྨོན་ལམ་ལགས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཆབས་ཅིག
    དེང་དུས་ཕ་གཞིའི་དྲོད་མོའི་ཕ་སྐད་དེ་འཇིགས་ལ་ཉེ་བའི་སྐབས་འདིར་ཁྱེད་ཉིད་ཀྱིས་མ་སྐུལ་དང་དུ་བླངས་དེ་ཆོལ་གསུམ་གཞི་བྱེས་བོད་མི་ཡོངས་ལ་མུན་འཇོམས་ཀྱི་སྒྲོན་མེ་བཏེགས་པ་ཕྲན་ངས་སྙིང་ཐེགས་པ་ནས་ཐུགས་རྗེ་ཆེ་ཞུ ། ད་དུང་་་་་ ཉིད་ཀྱིས་མཁྱེན་དཔྱོད་ཀྱི་རྩལ་ལས་བཏོན་པའི་གསེར་མདོག་གི་ཉི་མ་དེ་་་་ རྒན་དར་གཞོན་གསུམ་གྱི་བོད་མི་ཡོངས་ནས་གངས་རིའི་ལྗོངས་སུ་ཤར་བར་སྒུག་ཡོད །
    སླད་མར ། ཁྱེད་ཉིད་ཀྱིིིིིིི་སྐུ་ལུས་བདེ་ཞིང་བསམ་དོན་ཡིད་ཞིན་འགྲུབ་པར་སྨོན །།
    སྨོན་ལམ་རྒྱ་མཚོ་ནས་གུས་ཕུལ །།

    Reply
  6. ཨུ་ཚུགས་ཅན། says:
    ལོ་ 16 སྔོན།

    ད་བཀྲ་ཤིས་ཚེ་རིང་ཡིན་ན་ཆོག་གི་བློ་བཟང་སྨོན་ལམ་ཡིན་ན་ཆོག་གང་ལྟར་ཚེ་རིང་རྒྱུ་གཉིས་རེད། རང་གི་རིག་གཞུང་ཕྱོགས་ནས་བློས་གཏོང་གི་མི་འདུག

    Reply
  7. ཁྲ་གླག་སྤྱང་གསུམ། says:
    ལོ་ 16 སྔོན།

    མིག་ཤེལ་རྒྱག་མཁན་དེ་བཀྲ་ཤིས་ཚེ་རིང་རེད། ཕ་ཡུལ་རྒྱལ་ཐང་པ། ངེད་གཉིས་ཆུང་དུས་ནས་སློབ་གྲོགས་ཡིན། ཁོང་དེང་སང་ཀློག་ཀླད་ཐོག་མཁས་ཤོས་སུ་བརྩི་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese