མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་འགོད་པ་ཚོས་གནས་ཚུལ་གྱི་རྒྱབ་ལྗོངས་ཡག་པོ་མཁྱེན་དགོས།

བོད་ཀྱི་དུས་བབ།
༢༠༡༠/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

སྤྱིར་གསར་འགོད་པ་ཟེར་བ་དེ་དཀྱིལ་དུ་སྡོད་རྒྱུ་གལ་ཆེན་ཡིན་ཡང་། ང་ཚོ་བོད་པ་ཞིག་ཡིན་དུས་བོད་མི་དང་བོད་པའི་རྩ་དོན་ཐོག་ཕན་ཐོགས་པ་ཞིག་ལ་ཡིན་དགོས་ལ། བོད་པའི་རྒྱལ་རབས་ལོ་རྒྱུས་དང་ཆབ་སྲིད། ཆོས་དང་རིག་གཞུང་སོགས་ལ་ཡང་རྒྱུས་མངའ་གང་འཚམ་དགོས་པ་མ་ཟད། གསར་འགོད་པ་ཟེར་དུས་གནས་ཚུལ་གང་ཞིག་ཡིན་རུང་རྒྱབ་ལྗོངས་ཡག་པོ་མཁྱེན་མཁན་ཞིག་ངེས་པར་དུ་ཡིན་དགོས་ཟེར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གོ་སྒྲིག་འོག བཞུགས་སྒར་ངྷ་རམ་ས་ལའི་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་བོད་པའི་གསར་འགོད་པའི་ཚོགས་འདུ་ཞིག་བསྐངས་ཡོད་ཅིང་། ཚོགས་འདུ་དེའི་སྐུ་མགྲོན་བཙོ་བོར་བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་དང་། ཚོགས་བཅར་བ་བཞུགས་སྒར་ཁུལ་དང་ལྡི་ལི་བཅས་ཀྱི་བོད་པའི་གསར་འགོད་པ་མང་པོ་ཞིག་ཕེབས་འདུག ཐེངས་འདིའི་ཚོགས་འདུ་དེ་ནི་ཕྱི་ཚེས་ ༢ ནས་ ༣ བར་གྱི་ཉིན་གཉིས་རིང་ཡོད་པ་དང་། གོ་སྐབས་འདི་དང་བསྟུན་ཏེ་བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་༼ བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལོ་ངོ་ལྔ་བཅུ་འཁོར་བ་དང་གསར་འགོད་པའི་ལས་འགན ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུ་དང་། བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་༼ བོད་མིའི་གསར་འགྱུར་བརྒྱུད་ལམ་གྱི་འཕེལ་རིམ ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད། སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་ཀྱིས་༼ རྒྱ་གཞུང་གི་གསར་འགྱུར་ནུས་སྟོབས་སྐོར ༽ ཞེས་པའི་བརྗོད་བཅས་གཏམ་བཤད་སོགས་གོ་སྒྲིག་བྱས་འདུག

 

ཚོགས་འདུའི་ཐོག་མར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཀརྨ་ཡེ་ཤེས་ལགས་ཀྱིས་ངོ་སྤྲོད་གནང་དོན། དེ་རིང་ང་ཚོས་འདིར་ཟབ་སྦྱོང་གོ་སྒྲིག་ཞུ་དོན། ༢༠༠༦ ལོར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་དབུ་བརྙེས་ཏེ་ལོ་ ༡༠ འཁོར་བའི་དུས་དྲན་སྐབས་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད། སྐབས་དེར་ཕྱི་རྒྱལ་དང་རྒྱ་གར་གྱི་ཟབ་ཁྲིད་པ་མང་པོ་ཞིག་གདན་ཞུ་གནང་བ་ཡིན། ཐེངས་འདིར་དེ་འདྲ་མ་ཡིན་པར་བོད་པའི་གསར་འགྱུར་བརྒྱུད་ལམ་མཚོན་ན་རྩ་བའི་ཞེ་དྲག་རྙིང་པ་མིན་ཡང་། ང་ཚོར་འབབ་པའི་གང་འཚམ་གྱི་ལོ་རྒྱུས་དང་ཉམས་མྱོང་ཡོད་པ་ཞིག་ཆགས་ཡོད་སྟབས། ཐེངས་འདིའི་ཟབ་ཁྲིད་གནང་མཁན་ཚང་མ་བོད་པའི་གསར་ཁང་ཁག་ཏུ་ཕྱག་ལས་གནང་མཁན་ཚོ་ཡིན། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་ལས་ཀ་གཙོ་བོ། བོད་ནང་ལ་རླུང་འཕྲིན་རྒྱང་སྲིང་བྱེད་པ་དང་། བོད་དོན་གནས་ཚུལ་འཛམ་གླིང་ཁྱོན་ཡོངས་ལ་དྲིལ་བསྒྲགས་བྱ་རྒྱུ། བོད་ཕྱི་ནང་གཉིས་བར་ཕན་ཚུན་འབྲེལ་མཐུད་བྱེད་པ་སོགས་རེད། ཅེས་དང་།

བོད་པར་ཆོས་དང་རིག་གཞུང་གི་ལོ་རྒྱུས་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཡོད་ཀྱང་། གསར་འགྱུར་བརྒྱུད་ལམ་གྱི་ལོ་རྒྱུས་དེ་འདྲའི་གཏིང་ཟབ་པོ་དང་རྒྱུན་རིང་པོ་ཞིག་མ་རེད། གསར་འགྱུར་བརྒྱུད་ལམ་དེ་དམངས་གཙོའི་ཀ་བ་བཞི་བ་ཆགས་ཡོད་སྟབས། བོད་པའི་དམངས་གཙོ་དབུ་བརྙེས་ལོ་ ༥༠ ཕྱིན་པ་དང་བསྟུན་ཏེ། གསར་འགྱུར་བརྒྱུད་ལམ་བེད་སྤྱད་དེ་བོད་པ་ཚོ་མཉམ་རུབ་དང་རྩ་དོན་ལ་ནུས་པ་འདོན་པ་སོགས་གནང་དགོས་པ་རེད། རྒྱ་ནག་ལ་མཚོན་ན་གསར་ལམ་བེད་སྤྱད་དེ། བོད་སྐད་ཀྱིས་བོད་ནང་ལ་དྲིལ་བསྒྲགས་དང་དབྱིན་སྐད་ཀྱིས་ཕྱི་རྒྱལ་ལ་དྲིལ་བསྒྲགས། དེ་བཞིན་རྒྱ་སྐད་ཀྱིས་རྒྱ་ནག་མི་མང་ལ་དྲིལ་བསྒྲགས་བྱེད་པ་སོགས་རྒྱ་ཆེན་པོ་ཞེ་དྲག་རེད། ང་ཚོས་དེ་འདྲ་ཞིག་ལ་བསྙབ་ཐབས་མེད་ཀྱང་། བོད་པ་བཙན་བྱོལ་བའི་གནས་སྟངས་ལ་འབབ་པའི་གསར་ལམ་ཁག་ཡར་རྒྱས་སུ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་རེད། ཅེས་ངོ་སྤྲོད་གནང་སོང་།

 

དེའི་རྗེས་སྐུ་མགྲོན་གཙོ་བོ་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་གསུང་བཤད་གནང་དོན། ད་བར་གསར་འགྱུར་དང་ཚགས་པར་སོགས་བརྒྱུད་ལམ་རིགས་ཀྱི་སྐད་ཆ་ཞིག་བཤད་ཡོང་དུས་རྒྱ་གར་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་གསར་ལམ་ཁག་ཡིད་ལ་འཁོར་ཡོང་བ་ལས། བོད་པ་རང་གི་གསར་འགོད་པ་དང་གསར་འགྱུར་བརྒྱུད་ལམ་ཡིན་སྙམ་པའི་ཚོར་བ་དེ་ཙམ་མི་འདུག ད་ལྟའི་དུས་ཚོད་ལ་ཕྱོགས་ཡོངས་ནས་བོད་པའི་གསར་འགོད་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་ཡག་པོ་ཆགས་ཡོང་གི་ཡོད། དེང་སྐབས་གནས་ཚུལ་གང་འདྲ་ཞིག་བྱུང་ཡང་། ཁ་གསལ་བོ་ཡོད་མེད་ལ་་མ་ལྟོས་པར། དྲ་རྒྱ་སོགས་བརྒྱུད་ལམ་ཁག་ཏུ་དུས་ཚོད་སྐར་མ་གཅིག་གཉིས་ནང་འཐོན་ཡོང་གི་ཡོད། ང་ཚོའི་སྤྱི་ཚོགས་ཀྱིས་ཀྱང་ག་ཚོད་ཐུབ་ཐུབ་ཀྱིས་བསྙབ་ཐུབ་པ་བྱ་རྒྱུ་གལ་ཆེན་རེད། ཅེས་དང་།

བོད་པའི་གནས་ཚུལ་ལ་མཚོན་ན་ཛ་དྲག་པོའི་གནས་སྟངས་འོག་ཡོད། བཙན་བྱོལ་བོད་མི་ཚང་མས་འཇོན་ཚོད་ཀྱིས་སྐུ་ངལ་བསྐྱོན་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། བོད་པའི་རྩ་དོན་རྩོད་རྒྱུ་དེ་བོད་པ་མི་རེ་ངོ་རེའི་ཕྲག་ཏུ་བབས་ཡོད་པ་ངོས་ཟིན་ཐོག་དཀའ་ལས་རྒྱག་གི་ཡོད། དེ་དག་ཚང་མ་ལ་བསྙབ་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། ངས་འདི་ལྟར་བལྟས་པ་ཡིན་ན། ཚགས་པར་སྟེང་ཕྱག་ལས་གནང་མཁན་ཚོས་སྐབས་སྐབས་ཀྱི་གནས་ཚུལ་ཙམ་མ་ཡིན་པར་གནས་ཚུལ་དེའི་རྒྱབ་ལྗོངས་ལ་དོ་སྣང་བྱས་ཏེ་མཁྱེན་དགོས་པ་གལ་ཆེན་པོ་རེད་བསམ་ཡོད། གང་ཡིན་ཟེར་ན། གནས་ཚུལ་གང་ཞིག་བཏོན་ཡང་རྒྱབ་ལྗོངས་མཁྱེན་པའི་ཐོག་ནས་བཏོན་པ་ཡིན་ན། གསར་འགྱུར་དེ་ལ་རིན་ཐང་ཡོད་པ་དང་གཞན་པས་བརྩི་མཐོང་ཡོང་གི་རེད། ཅེས་གསུངས་སོང་།

ཁོང་མོས་མུ་མཐུད་དུ་བོད་པའི་གསར་འགོད་པ་ཚོས་དོ་སྣང་སྤྲོད་དགོས་པའི་གནད་དོན་ཐོག་གསུངས་དོན། གློ་བར་བའི་གནས་ཚུལ་གང་འདྲ་ཞིག་བྱུང་ཡང་། གནས་ཚུལ་དེ་ཁ་གསལ་བོ་དང་ཁུངས་དག་པོ་ཞིག་ཡོང་ཐུབ་པ་བྱ་དགོས། སྤྱིར་གསར་འགོད་པ་ཟེར་བ་དེ་དཀྱིལ་དུ་སྡོད་རྒྱུ་གལ་ཆེན་ཡིན་ཡང་། ང་ཚོ་བོད་པ་ཞིག་ཡིན་དུས་བོད་མི་དང་བོད་པའི་རྩ་དོན་ཐོག་ཕན་ཐོགས་པ་ཞིག་ཡིན་དགོས་ལ། དེ་དྲ་ཞིག་ཡོང་བར་བོད་པའི་རྒྱལ་རབས་ལོ་རྒྱུས་དང་ཆབ་སྲིད། ཆོས་དང་རིག་གཞུང་སོགས་ལ་ཡང་རྒྱུས་མངའ་གང་འཚམ་དགོས་པ་མ་ཟད། གསར་འགོད་པ་ཟེར་དུས་གནས་ཚུལ་གང་ཞིག་ཡིན་རུང་རྒྱབ་ལྗོངས་ཡག་པོ་མཁྱེན་མཁན་ཞིག་ངེས་པར་དུ་ཡིན་དགོས། ཞེས་གསུངས་སོང་། 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 11

  1. འཇིག་རྟེན་ says:
    ལོ་ 15 སྔོན།

    བོད་ཡིག་གསར་འགོད་དག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ལྷག་པར་ཏུ་དུས་བབ་དང་བང་ཆེན་རྩོམ་བསྒྲུགས་པ་ཡོངས་ལ་བཀའ་དྲིན་ཞུ་བ་དང་ཆབ་ཅིག་དུ་ལོ་གསར་བ་བཀྲིས་བདེ་ལེགས་ཞུ

    Reply
  2. Tenzin Jigmey says:
    ལོ་ 15 སྔོན།

    ཡག་པོ་ཞེ་དྲག་རེད་

    Reply
  3. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    བཙན་བྱོལ་བོད་མིའི་གསར་འགོད་དང་ཆ་འཕྲིན་འཕེལ་རྒྱས་སུ་གཏོང་འདོད་ན་བོད་ཀྱི་དུས་བབ་དང་བང་ཆེན། འོད་དཀར་དྲ་ཚིགས། གཡུ་བྱིན་སོགས་དང་དབྱིན་ཡིག་གི་ཕ་ཡུལ་སོགས་གཞི་གཅིག་ཏུ་བཏང་ནས་གསར་འགོད་པའི་དཔུང་སྡེ་ཆེན་པོ་ཞིག་འཛུགས་རྒྱུ་ཧ་ཅང་གལ་ཆེ་བར་མཐོང་། དེ་མིན་དྲ་ཚིགས་སོ་སོའི་ཕར་བཤུ་ཚུར་བཤུ་བྱས་ནས་བསྡད་ན་འཕེལ་རྒྱས་ཅིག་ག་ལ་ཡོད། གྲངས་ཀ་མང་པོ་ཡོད་རྒྱུ་ལས་རྒྱུ་སྤུས་བཟང་བའི་དྲི་ཚིགས་ཡོད་ན་ཅི་མ་རུང་སྙམ།
    ད་ལྟ་གནས་བབ་ལྟར་ན་དུས་བབ་ཚང་ལའང་ཉིན་རེར་ཆ་སྙོམས་ཀྱི་གསར་འགྱུར་གསུམ་ཡང་མི་འདུག

    Reply
  4. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཡག་པོ་བྱུང་འདུག་
    རྒྱལ་ཁབ་ཁག་གི་གསར་འགོད་པ་ཚོ་བརྒྱ་ཆ་དགུ་བཅུ་ཞིག་ན་གཞོན་རེད
    བོད་ཀྱི་གསར་འགོད་འམ་བཤད་མཁན་བརྒྱ་ཆ་དགུ་བཅུ་སྤོ་སྤོ་དང་སྨོ་སྨོ་རེད་འདུག
    ངའི་བསམ་ན་འདི་ཡང་རྗེས་ལུས་རེད

    Reply
  5. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ངོ་མ་ཟབ་སྦྱོང་སྤྲད་དགོས་པ་གལ་ཆེན་པོ་རེད་ གང་ཡིན་ཟེར་ན་བོད་པའི་གསར་འགོད་པ་མང་ཆེ་བ་ནི་གསར་འགོད་དང་འབྲེལ་བའི་ཐོག་ལ་སློབ་སྦྱོང་སྣ་གཅིག་ཀྱང་རག་མ་མྱོང་མཁན་ཤ་སྟག་རེད་ བོད་ཡིག་ཡག་པོ་ཡོད་ཟེར་བ་དང་ གསར་འགོད་པའི་ས་མིག་ཁོངས་སུ་འཛུལ་ཆོག་གི་ཡོད་ འདི་ནི་ང་ཚོ་བོད་པ་ཚང་རྗེས་ལུས་ཡིན་པའི་རྟགས་མཚན་རེད་ རྒྱལ་ཁབ་གང་དུ་ཡིན་ན་ཡང་གསར་འགོད་པ་ཞིག་དགོས་པའི་གསལ་བསྒྲགས་སྤེལ་སྐབས་ཆ་རྐྱེན་ནང་གསར་འགོད་དང་འབྲེལ་བའི་ཤེས་ཡོན་གྱི་ཆུ་ཚད་དེ་དང་ལྡན་པ་ཞིག་དགོས་ཟེར་བ་ཡོད་ ང་ཚོ་ལ་དེ་འདྲ་གང་ཡང་མེད་ གང་ཡོད་ཟེར་ན་ བོད་ཡིག་ཚགས་ཤོག་ཡིན་ན་བོད་ཡིག་རང་སྐྱ་འཕེར་བ་དང་ དབྱིན་ཡིག་གི་ཚགས་ཤོག་དང་ཕ་ཡུལ་གྱི་དྲ་ཚིགས་ལྟ་བུ་ཡིན་ན་དབྱིན་ཡིག་གི་ཤེས་ཚད་རང་སྐྱ་འཕེར་བ་དགོས་ཟེར་བ་ཡིན་ འདི་ནི་མི་འགྲིག་ གསར་འགྱུར་སྤེལ་སྐབས་ཁོང་ལ་འགྲོ་ལུགས་ཞིག་ཡོད་ དེ་མེད་ན་ཤེས་ཡོན་སྡེ་ཚན་གྱི་ཁོངས་སུ་ Journalism and Media གསར་འགྱུར་དང་འབྲེལ་བ་དེ་ཅིའི་ཕྱིར་སློབ་ཀྱིན་ཡོད་དམ་

    Reply
  6. ལྷག་པ་ཚེ་རིང༌། says:
    ལོ་ 15 སྔོན།

    ཐོག་མར་གསར་འགོད་པ་ལྷན་རྒྱས་ལ་བཀྲ་ཤིས་བདེ་ལེགས་ཞུའོ༎
    ཁྱེད་གསར་འགོད་པ་རྣམས་ལ་རེ་སྐུལ་ཞུ་རྒྱུ་གལ་ཆེ་བ་ཞིག་ལ། གསར་འགྱུར་འགོད་སྐབས་རྗོད་བྱེད་ཀྱི་ཚིག་སྦྱོར་རྣམས་ཡིག་སྐད་གཙང་མར་མི་འབྲི་བ་ནི་བོད་ཡིག་གི་ཤེས་ཚད་ཞན་པའི་ཀློག་པ་པོ་རྣམས་ལ་དཀའ་ཚེགས་མི་འཕྲད་པའི་སླད་དུ་ཡིན་ངེས་ཀྱང༌། དེ་སྔོན་གང་དུ་མ་གྲགས་ཤིང་དགོས་མེད་ཀྱི་མིང་ཚིག་གསར་པ་དང༌། བོད་སྐད་ཀྱི་བརྡ་སྤྲོད་ཀྱི་གཤིས་དང་མི་མཐུན་པའི་བརྗོད་པ་སྡེབ་ཚུལ་སོགས་ཡང་ཡང་འབྱུང་བཞིན་འདུག་པ་རྣམས་ལ་ཐུགས་གཟབ་གནང་རོགས། དེ་མིན་དེང་བོད་ཀྱི་སྐད་ཡིག་ཉམས་བཞིན་པའི་སྟེང་ལ་འདི་འདྲ་བྱེད་ན་འགྱེལ་བའི་སྒང་ལ་རྡོག་བརྫིས་ཀྱི་དཔེར་འགྲོ་ཉེན་འདུག་གོ།
    བཤད་སྟངས་ལ་ནོངས་པ་ཡོད་ན་བཟོད་པ་མཛོད།

    Reply
  7. གཟི་མིག་༣པ says:
    ལོ་ 15 སྔོན།

    གོང་གཉིས་ནས་བདེན་པ་བསུངས་འདུག་།་
    གཟིགས་དང་བཙན་བྱོལ་ནང་གི་གསར་ཤོག་ཁག་དང་གཞུང་འབྲེལ་བསལ་བསྒྲགས་ཁག་ཅིག་ལ་ཡིག་ནོར་མང་ལ་མིང་ཚིགས་བསྡུ་ས་མེད་རུང་བསྡུ་བ་མི་མང་གི་ཤེས་ཚད་དང་མཉམ་པ་རྩ་་བ་ནས་མིན་འདུག་།
    གསར་ཤོག་ཀློག་སྐབས་ཀློག་དཀའ་བ་རིག་གཞུང་ཉམས་གུས་ཀྱི་རྐྱེན་གཙོ་བོ་ཞིག་འདི་ཡིན་།
    དགོངས་པ་ཡག་པོ་ཞེས་རོག་གནང་གསར་ཤོག་གི་ལས་སྣེ་ཚོ་།
    རླུང་འཕྲིན་ནི་དུས་དང་བསྟུན་ན་ལེགས་ཆ་རེད་

    Reply
  8. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    རྡོ་རྗེ་ཚེ་རིང་ལགས།ཁྱོད་རང་གིས་བྲིས་པ་དེ་ལའང་ངོམ་རིན་གང་ཅི་ཡང་མི་འདུག།

    Reply
  9. དྲང་བདེན་གི་གཏམ་ says:
    ལོ་ 15 སྔོན།

    གོ་རིམ་བཞིན་ཡར་རྒྱས་བཏང་ཐུབ་ན་ཡག་པོ་ཡོད་རེད་དགའ་བསུ་ཡོད།།། ཡིན་ན་ཡང་གནས་ཚུལ་ལེགས་པ་རྣམས་གཅིག་པོ་མ་ཡིན་པར་ཡག་སྡུག་ཚང་མ་འདོན་རྒྱུ་དང་དྲང་པོ་དྲང་མདེན་བཀོད་རྒྱུ་ནི་གནད་ཆེན་ཡིན།དེ་ནི་དམངས་གཙོའི་ངོ་བོ་ཞིག་མངོན་ཐུབ། དེ་མིན་ན་རྒྱ་མིའི་གསར་འགྱུར་བཞིན་ལེགས་པ་དང་ཡར་རྒྱས་འགྲོ་བ་གཅིག་པོ་བཏོན་ན་མི་དམངས་གི་བཤད་པ་བཞིན་ good news ཞེས་ཁྱད་གསོད་བྱེད་པ་དང་ཡིད་ཆེས་ཡོང་གི་མ་རེད།

    Reply
  10. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    ཆོ་ག་རེ་ཡོ་རེ། ཡིག་ནོར་གྱི་བཀང་བའི་དྲྭ་ངོས་ཚགས་ཤོག་ཁ་ཤས་དང་གོ་བརྡ་ཡང་འཕྲོད་མི་ཐུབ་པའི་རླུང་འཕྲིན་དང་བརྙན་འཕྲིན་གསར་འགྱུར་འགའ་ལ་ངོམ་རིང་ཅི་ཡང་མིན་འདུག

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་ཡིག་གསར་འགོད་པས་བོད་ཡིག་བརྡ་དག་ལ་སྣང་ཆུང་ཤོར་བགྱིད་འདུག འབྲེལ་ཡོད་དྲན་གསོའི་ཚུལ་དུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese