མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞིས་མགོ་ ༡༤ ཡི་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཕྱི་ཚེས་ ༢ ཉིན་བོད་གཞུང་ནང་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་འོག བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བཀའ་བློན་ཁྲི་པ་དང་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་རྡོ་རྗེ་རྣམ་གཉིས་ཀྱིས་གཙོ་སྐྱོང་འོག ཨུ་ཏར་ཁན་དང་ཧི་མ་ཅལ་ཁུལ་ས་གནས་མགོ་འཛིན་ ༡༤ དང་མཉམ་དུ་ས་གནས་ཁག་གི་མང་ཚོགས་ཀྱི་དཀའ་ངལ་ཁག་ཅིག་ཐད་བགྲོ་གླེང་གནང་སྟེ། མཇུག་མཐར་གནད་དོན་མང་དག་ཅིག་ཐག་གཅོད་བྱུང་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་བོད་གཞུང་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། ཚེས་ ༢ ཉིན་བསྐོངས་པའི་ཚོགས་འདུ་དེ་ནི་ཉེ་ཆར་བཀའ་བློན་ཁྲི་པ་མཆོག་ཕྱོགས་མཐའ་ཁག་གི་གཞས་ཆགས་ཁག་ཚང་མར་བསྐོར་སྐྱོད་གནང་སྐབས། ཧི་མ་ཅལ་ས་ཁུལ་གྱི་གཞིས་ཆགས་ཁག་བཅུ་གསུམ་དང་། ཨུ་ཏར་ཁན་གཞིས་ཆགས་བཅས་ཀྱི་ས་གནས་མང་ཚོགས་རྣམས་ཀྱིས་ད་དུང་འཛུགས་སྐྲུན་གྱི་འཆར་གཞི་དང་། སྤྱི་ཡོངས་ཀྱི་དཀའ་ངལ་སོགས་བདེ་སྡུག་གི་གནས་སྟངས་མང་དག་ཅིག་སྙན་གསན་ཞུས་སྟབས། ང་ཚོས་ནམ་རྒྱུན་ལྟར་གཞིས་ཆགས་ཁག་རེ་རེ་བཞིན་འབྲེལ་བ་བྱས་ཏེ། གསལ་བཤད་དང་ལམ་སྟོན་བྱས་ན་མ་འགྲིག་པ་མེད་ཀྱང་། དེ་ལྟར་བྱེད་པར་དུས་ཚོད་ཅུང་ཙམ་འགོར་གྱིན་ཡོད་སྟབས། ཐེངས་འདིར་ས་གནས་ཁག་བཅུ་བཞིའི་གཞིས་མགོ་རྣམས་འདིར་སྐད་བཏང་སྟེ། བཀའ་བློན་ཁྲི་པ་མཆོག་དབུ་བཞུགས་ཐོག་ཉིན་གཅིག་རིང་ཚོགས་འདུ་ཚོགས་པ་རེད། ཚོགས་ཐོག་ཏུ་དཔེར་ན། འཆར་གཞི་ཁ་ཤས་ས་གནས་རང་ནས་ཐག་གཅོད་ཐུབ་པ་དེ་འདྲ་ཡོད་སྟབས། དེ་ཚོ་ས་གནས་རང་དུ་ཐག་གཅོད་བྱ་རྒྱུ་དང་། ཡང་འཆར་གཞི་རེ་ཟུང་རོགས་དངུལ་ཕོན་ཆེན་པོ་དང་ལས་གཞི་རྒྱ་ཆེན་པོ་ཡིན་སྟབས། དུས་ཚོད་འགོར་བ་དང་། ལམ་སེང་ཐག་གཅོད་བྱེད་མི་ཐུབ་པ་དེ་འདྲ་ཕྱིར་འགྱངས་གནང་བ། ཡང་ལམ་སེང་མགོ་འཛུགས་དགོས་པའི་འཆར་གཞི་ཁག་ཅིག་དུས་ལྟར་ལག་བསྟར་བྱས་ཏེ་ཟླ་གཅིག་གཉིས་ནང་འགྲུབ་པར་བྱ་རྒྱུ་སོགས་ཐག་གཅོད་བྱས་ཡོད། ཅེས་གསུངས།

ཁོང་གིས་ཐེངས་འདིར་ཐག་གཅོད་བྱུང་བའི་དོན་དག་ཁག་ཅིག་གསལ་འགྲེལ་གནང་དོན། ཐེངས་འདིར་དཔེར་ན། གཞིས་ཆགས་ཁག་ཅིག་ནང་བགྲོད་ལམ་ཡག་པོ་མེད་དང་གཞིས་ཆགས་ཁག་ཅིག་ནང་འཐུང་ཆུའི་དཀའ་ངལ་ཡོད་པ། ཡང་གཞིས་ཆགས་ཁག་ཅིག་ནང་གློག་ཡག་པོ་མེད་སྟབས་སྲང་ལམ་ཁག་ཏུ་ཉི་གློག་འཛུགས་སྐྲུན། གཞིས་ཆགས་ཁག་ཅིག་ནང་རྒས་འཁོགས་སོགས་ལ་ཆ་རྐྱེན་ཡག་པོ་མེད་པར་འཚོ་བའི་མཐུན་རྐྱེན་སྦྱོར་དགོས་རིགས་ལག་བསྟར་བྱ་རྒྱུ་ཐག་གཅོད་བྱུང་བ་དང་། ཡང་གཞིས་ཆགས་ཁག་ཅིག་ནང་ཆུ་རགས་རྒྱག་པ་དང་། གཞིས་ཆགས་ཁག་ཅིག་ནང་ཚོགས་ཁང་རྒྱག་པ། གཞིས་ཆགས་ཁག་ཅིག་ནང་སྡོད་ཁང་བསྐྱར་གསོ་བྱེད་པ་སོགས་ཀྱི་ལས་འཆར་འདུག་ཀྱང་། དེའི་རིགས་དུས་ལྟར་ཐག་གཅོད་མི་ཐུབ་པ་དང་དུས་ཚོད་འགོར་འགྱངས་འགྲོ་བ། འཆར་གཞི་བསྐྱར་དུ་བསྒྲིག་དགོས་པ་སོགས་ཡིན་སྟབས་ལམ་སེང་ལག་བསྟར་བྱ་ཐུབ་ཀྱི་མེད། དེ་བཞིན་གནས་ཚུལ་ཁག་ཅིག་ས་གནས་ཀྱི་གནས་སྟངས་དང་འཚམ་པོ་མེད་སྟབས། ས་གནས་མང་ཚོགས་ལ་རེ་བ་སྟོང་པ་ཙམ་དུ་མ་བཞག་པར་མཐའ་གཅིག་ཏུ་ངོས་ལེན་ཞུ་མི་ཐུབ་པའི་རྒྱུ་མཚན་གསལ་བཤད་གནང་ཐོག དགོངས་བཞེས་གནང་མི་ཐུབ་པ་ཐག་གཅོད་གཙང་མ་བྱུང་ཡོད་ཅེས་གསུངས།

ཚེས་ ༢ ཉིན་གྱི་ཚོགས་འདིའི་སྟེང་བཀའ་ཁྲི་མཆོག་གིས། འཇིག་རྟེན་སྤྱི་ཡོངས་ཀྱི་འགྲོ་སྟངས་དང་དངོས་ཡོད་ཀྱི་གནས་ཚུལ་ཐོག ང་ཚོ་རྒྱ་གར་དུ་བསླེབས་ནས་ལོ་ ༥༡ འཁོར་ཟིན་པ་དང་། གཞིས་ཆགས་ཁག་ནི་དྲུག་ཅུ་རེ་གྲངས་དང་བདུན་ཅུ་དོན་གྲངས་ནང་ཆགས་པ་ཤ་སྟག་ཡིན་པས་གཞིས་ཆགས་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་ལོ་ ༣༥ མ་འཁོར་བ་ཧ་ལམ་མེད། ལོ་གྲངས་དེ་ལྟ་བུའི་རིང་ལ་སྤྱི་ཚོགས་སུ་དང་སུ་ཡིན་རུང་ལྷིང་འཇགས་པ་དང་རང་མགོ་ཐོན་པ། ལྷག་པར་ཕྱི་ཕྱོགས་ཀྱི་རོགས་རམ་ལ་རྟེན་མ་དགོས་པ་ཞིག་ངེས་པར་དུ་ཡོང་དགོས་པ་ལྟ་བུ་ཡིན། ཐོག་མར་གཞིས་ཆགས་ཚུགས་སྐབས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་དང་། ད་ལྟའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་གཉིས་བསྡུར་ན། ཧ་ཅང་ཡག་ཏུ་ཕྱིན་ཡོད་ཀྱང་ད་ལྟ་ཡིན་ནའང་ལྷིང་འཇགས་ཐོག་ནས་འཚོ་བའི་མདུན་ལམ་དང་སྤྱི་ཚོགས་ཀྱི་གནས་བབས་ཐད་འདོད་པ་ཁེངས་སོང་བསམ་པ་ཞིག་ས་ཕྱོགས་གང་དུའང་མེད་པ་དེ་ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཞན་ཆ་རེད་སྙམ་གྱི་ཡོད། ཅེས་གསུངས་ཡོད།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

སྐར་མ ༣༣ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. བཙན་བྱོལ་བ་ says:
    ལོ་ 16 སྔོན།

    ཁོ་བོའི་བསམ་པར་གཞིས་ཆགས་ཁག་ནང་ཡར་རྒྱས་མ་འགྲོ་བའི་རྒྱུ་མཚན་གཙོ་བོ་ནི་ གཞིས་འགོ་དང་མཉམ་འབྲེལ་ལ་རག་ལས་ཡོད་ འོན་ཀྱང་གཞིས་འགོ་རྣམས་ནི་གཞུང་གིས་ཚོད་ལྟ་བྱེད་པ་ལྟ་བུ་མ་གཏོགས་དོན་དངོས་པོའི་གནས་ཚུལ་ལ་འཇོན་ཐང་ཅན་ཞིག་དུས་ནམ་ཡང་ཡོད་གིན་མེད་ གལ་ཆེ་ཤོས་ནི་གཞིས་འགོ་རྣམས་ནི་གཞིས་ཆགས་དེའི་ནང་གནས་པའི་མི་མང་གིས་ཐད་ཀར་བསྐོ་ཐུབ་དགོས་པ་ནི་ཤིན་ཏུ་གནད་འགག་ཆེན་པོ་ཡིན་ གཞིས་ཆགས་དེའི་ནང་གནས་པའི་མི་མང་གིས་གང་ཟག་སུ་འདྲ་བ་ཞིག་འཇོན་པ་དང་ལྷག་བསམ་ཆེ་བ་ཡོད་པ་ཤེས་ཀྱིན་ཡོད་ ཡིན་ན་ཡང་གང་ཟག་དེ་འདྲ་བ་དེ་གཞིས་ཆགས་དེ་ནས་སྐྱེས་འཚར་དགོས་པ་ནི་མིན་ མདོར་ན་མི་མང་གིས་མངོན་འདོད་དང་མཐུན་པ་གཅིག་དགོས་པ་ཡིན་ དེ་ལྟར་བྱུང་ན་དམངས་གཙོའི་ཕྱོགས་སུ་གོམས་པ་མདུན་བསྐྱོད་ཕྱིན་པའི་རྟགས་མཚན་གཅིག་ཏུ་ཁུམས་སོ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese