མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷག་བསམ་གྱི་གདོང་ཐུག་ཆེན་མོ། – ཨ་འབྲུག་དཀོན་མཆོག

བོད་ཀྱི་དུས་བབ།
༢༠༡༠/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

༼ ༧གོང་ས་མཆོག་བགྲེས་ཡོལ་གནང་རྒྱུའི་དགོངས་བཞེས་དང་དེ་འབྲེལ་གྱི་བོད་མིའི་སེམས་ཚོར་ལས་འཕྲོས་པ ༽

 

༸གོང་ས་མཆོག་གིས་བགྲེས་ཡོལ་དང་ཕྱེད་བགྲེས་ཡོལ་གནང་རྒྱུའི་ཐུགས་རེ་བཀའ་མོལ་སྔ་ཕྱི་རིམ་པར་གནང་ནས་ལོ་ངོ་གང་འཚམས་འདས།  བོད་མི་སྤྱི་དང་ལྷག་པར་གཞུང་དང་སྤྱི་ཚོགས་ཁྲོད་ཀྱི་དབང་ཤུགས་ཅན་གྱི་མི་སྣ་མང་པོ་ཞིག་གིས་གནས་ཚུལ་དེ་དང་ལེན་མི་བྱེད་པའི་ རྣམ་འགྱུར་སྔ་རྗེས་སུ་བསྟན།  ཁོང་གི་ཐུགས་རེ་དེ་གནད་དོན་གང་ཞིག་དང་འབྲེལ་ཡོད་དམ། ཐུགས་འདུན་དེ་དང་ལེན་མ་བྱས་པ་དེ་གནད་དོན་གང་ཞིག་དང་ལེན་མ་བྱས་པར་གྱུར་ཡོད་དམ།

 

ཕྲན་གྱིས་ཉམས་ཞིབ་བྱས་དོན་ལྟར་ན། ལོ་ངོ་ལྔ་བཅུ་ལྷག་གི་དུས་ཡུན་རིང། ༸གོང་ས་མཆོག་གིས་བོད་མི་ཚོར་དམིགས་པའི་བཀའ་སློབ་གནང་བའི་ནང་དོན་གཙོ་གནད་ཅིག་ནི་བོད་མི་ཚོས་རང་འགན་རང་ཉིད་ཀྱིས་ཁུར་དགོས་པའི་ལམ་སྟོན་དང་སྐུལ་འདེད་ཡིན་ཞིང་། འགན་ཁུར་བསྒྲུབ་ཕྱོགས་ཀྱི་ཐབས་ལམ་གྱི་རྣམ་གྲངས་ལས་ཀྱང་། འགན་ཁུར་གྱི་འདུ་ཤེས་ངེས་པར་ཡོད་དགོས་པ་དེར་ཤུགས་སྣོན་བརྒྱབ་པའི་ཆ་དེ་ཧ་ཅང་ཤུགས་ཆེན་པོ་རེད།

 

དེང་སྐབས་རྒྱ་ནག་པ་སྐོར་ཞིག་ལ་༸གོང་ས་མཆོག་དང་འབྲེལ་བའི་གནད་གཙོ་བོ་གཉིས་ཡོད་པ་ལས། གཅིག་ནི་༸གོང་ས་ཏཱ་ལའི་བླ་མ་ནི་བོད་རྒྱའི་གནད་དོན་ཐག་གཅོད་ཀྱི་ལྡེ་མིག་ཡིན་པའི་ངོས་འཛིན་དང། གཞན་ཞིག་ནི་༸གོང་ས་ཏཱ་ལའི་བླ་མ་སྐུ་མ་བཞུགས་ཚེ་བོད་དོན་འཐབ་རྩོད་ཀྱི་རྒྱུན་ཆད་ངེས་ཡིན་པའི་འདོད་ཚུལ་དང་གླེང་ཕྱོགས་གཉིས་རེད།

 

ཁོང་ཉིད་བགྲེས་ཡོལ་གནད་འདུན་དེས་རྒྱ་ནག་གི་ལྟ་ཕྱོགས་དེ་གཉིས་ལ་སེམས་ཚབས་ཤིག་བསླངས་ཡོད།  གང་ཡིན་ཞེ་ན་བོད་ཀྱི་གནད་དོན་ཐག་གཅོད་བྱེད་གལ་ཆེ་བར་འདོད་མཁན་ཚོར་འགོར་འགྱང་བྱེད་མི་རུང་བའི་སེམས་ཚོར་ཞིག་བསླངས་ཡོད་ཅིང། བོད་ཀྱི་གནད་དོན་ཐག་གཅོད་བྱེད་མི་འདོད་མཁན་ཚོར་རྒྱང་རིང་གི་ཉེན་ཁ་ཞིག་གི་ཁུངས་སྣེ་བསྟན་ཡོད།

 

༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་ནི། འཛམ་གླིང་གི་མི་འབོར་དུང་ཕྱུར་མང་པའི་བསམ་བློ་ལ་ཤུགས་རྐྱེན་ཐེབས་པའི་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་རིན་ཐང་གོང་མཐོར་སྤེལ་བའི་མཛད་འགན་དང། མི་འབོར་ས་ཡ་མང་པོའི་དད་པ་བྱེད་ཡུལ་གྱི་ཆོས་ལུགས་ཁག་གི་མཛའ་འབྲེལ་སྣེ་ཁྲིད་ཀྱི་དཔེ་སྟོན་མི་སྣ། ནང་པ་ས་ཡ་བཞི་བཅུའི་དབུ་ཁྲིད་ཡིན།

 

ཁོང་གིས་འཛམ་གླིང་དང་འགྲོ་བ་མིའི་རིགས་སྤྱི་ལ་ཁྱབ་པའི་མཛད་འགན་དག་བསྒྲུབ་པའི་རླབས་ཆེན་གྱི་ཕྱག་ལས་གནང་བཞིན་པ་དེ་བཞིན་དུ་བྱེད་ནུས་མཁན་བོད་ཙམ་མ་ཟད་ཧ་ལམ་ད་ལྟའི་འཛམ་གླིང་ན་མེད་པ་རེད། ཁོང་གི་འཛམ་གླིང་རང་བཞིན་གྱི་མཛད་འགན་ལེགས་བསྒྲུབ་དང། འཛམ་གླིང་མི་མང་ལ་ཁོང་གི་དགོངས་དོན་དང་ལམ་སྟོན་མྱོང་བའི་གོ་སྐབས་མང་ཙམ་ཐོབ་རྒྱུ་རྒྱ་ཆེ་ནས་བཤད་ན་ད་ལྟ་དང་མ་འོངས་པའི་འཛམ་གླིང་གི་བདེ་དོན་དང་འབྲེལ་ཡོད།

 

འོན་ཀྱང་བོད་མི་ཚོས་ལོ་རྒྱུས་ཁྲོད་༸གོང་ས་མཆོག་གི་མཚན་གནས་ལ་སེམས་ཚབས་ཆེ་ཤོས་བྱེད་ཀྱི་ཡོད། ཕྱི་ལོ་ ༡༩༥༡ ལོར་རྒྱ་བོད་གཉིས་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པའི་ནང་དོན་གཙོ་གྲས་སུ་རྒྱལ་བ་ཡབ་སྲས་ཀྱི་ཆོས་སྲིད་ཀྱི་གོ་དབང་དེ་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་ཐོབ་ཐང་གཞན་དག་ལས་ཀྱང་གལ་ཆེན་དུ་རྒྱ་བོད་གཉིས་ཀྱིས་བལྟས་ཡོད་པ་དང། ༡༩༥༩ ལོར་༸གོང་ས་མཆོག་གི་སྐུ་ཕྱཱ་དང་འབྲེལ་བའི་གནས་ཚུལ་ལྷག་ཚེ་བོད་མི་ཚང་མས་་རང་སྲོག་བློས་གཏོང་གིས་འགེབ་སྲུང་འགོག་རྒོལ་བྱས་པ་གཉིས་ནི་༸གོང་ས་མཆོག་དང་བོད་སྤྱི་ཚོགས་ཀྱི་འབྲེལ་བ་མཚོན་པའི་ལོ་རྒྱུས་ཀྱི་བདེན་དཔང་གལ་ཆེན་གཉིས་རེད།

 

དེ་བཞིན་དུ་རྩ་ཁྲིམས་ཀྱིས་ཁོང་གི་སྐུ་དབང་ལ་ཐེ་བྱུས་བྱས་ཆོག་པའི་ལམ་ལུགས་ལ་མོས་མཐུན་མ་བྱས་པ་དང། ཁོང་གི་བགྲེས་ཡོལ་གྱི་གསུང་མོལ་ཙམ་ཡང་མི་གནང་བའི་རེ་འདུན་ཞུ་མཁན་གྱི་བོད་གཞུང་གི་བཀའ་ཟུར་ཚོ་དང། འཛིན་སྐྱོང་གི་མི་སྣ་རྒན་རབས་པ་སོགས་ཀྱིས་མཚོན་པའི་བོད་མི་མང་པོ་ཞིག་གིས་སེམས་ཚབས་གནང་བཞིན་པ་དང། དང་ལེན་བྱེད་ཀྱི་མེད་པ་དེ་ཡང་ལོ་རྒྱུས་ཀྱི་ཤུལ་རྒྱུན་དང་ད་ལྟའི་གནས་བབ་མང་པོ་ཞིག་ལ་གཟིགས་པའི་ལོ་རྒྱུས་རང་བཞིན་གྱི་སེམས་ཚབས་ཅིག་ཡིན་ངེས།

 

ཕྱོགས་གཞན་ཞིག་ནས་འདས་པའི་ལོ་ངོ་ལྔ་བཅུའི་རིང་༸གོང་ས་མཆོག་གིས་མི་རབས་གསར་པ་དང་སྤྱི་ཚོགས་འདི་ལ་ལམ་སྟོན་སྐུལ་འདེད་དང། གསོ་སྐྱོང་འགོ་འདོམས་གནང་བའི་གྲུབ་འབྲས་ལ། ༸གོང་ས་མཆོག་གིས་བློས་བཀལ་ཏེ་ལས་དོན་བསྒྲུབ་ཐུབ་པའི་སྤྱི་ཚོགས་ཤིག་ཏུ་འཕེལ་རྒྱས་བྱུང་བ་འདིས་བོད་ཕྱི་ནང་གི་ན་གཞོན་དག་ལ་སྤོབས་པ་གསར་པ་ཞིག་བསྐྲུན་ཡོད་པ་དང། ༸གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོས་ལོ་ངོ་ལྔ་བཅུའི་རིང་ནུས་ཤུགས་ལྡན་པའི་འཛིན་སྐྱོང་དང་། ཚད་ལྡན་གྱི་སྤྱི་ཚོགས་ཤིག་བསྐྲུན་པར་བསྐྱར་དུ་ངོས་འཛིན་ཐོབ་པའི་གདེང་སྤོབས་སྐྱེ་མཁན་ཡང་ཡོད་ངེས།

 

༸གོང་ས་མཆོག་གིས་ཐོག་མཐའ་བར་གསུམ་དུ་བཙན་བྱོལ་བོད་མི་ཚོར་ལས་འགན་ཆེན་པོ་གསུམ་ཡོད་པར་ངོས་འཛིན་དང་ལམ་སྟོན་གནང་ཡོད། དེ་ཡང་བཙན་བྱོལ་བོད་མི་ཚོས་རྒྱལ་སྤྱིའི་ནང་བཙན་འོག་གི་བོད་མི་ཚོའི་ངོ་ཚབ་བྱེད་ཐུབ་རྒྱུ་དང།  བོད་ཀྱི་ཆོས་དང་རིག་གཞུང་གི་རིན་ཐང་ཁྱབ་སྤེལ་དང་འཛིན་སྐྱོང། གནས་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཚགས་ཚུད་དང་སྤྱི་ཚོགས་སྲ་བརྟན་བཟོ་དགོས་པ་གསུམ་པོ་རེད།

 

ཁོང་གི་ཕྱེད་བགྲེས་ཡོལ་གནང་བའི་དགོངས་བཞེས་དེ་ནི་བཙན་བྱོལ་གཞུང་གི་ཉིེན་རེའི་བྱེད་སྒོ་དག་ལ་ཐེ་བྱུས་གནང་མི་དགོས་པ་ཡིན་པ་ལས། བོད་ཀྱི་ཆོས་དང་རིག་གཞུང་ཁྱབ་སྤེལ་དང། རྒྱལ་སྤྱིའི་ནང་བོད་མི་མང་གི་ངོ་ཚབ་གནང་རྒྱུའི་ལས་དོན་གཉིས་ཁོང་གིས་མཚམས་འཇོག་གི་མེད་ལ། ཚད་ངེས་ཅན་གྱི་ཐོག་ནས་བཤད་ན་དེ་གཉིས་ཚད་ལྡན་བསྒྲུབ་ཐུབ་པའི་ཆེད་དུའང་ཡིན་སྲིད། དེ་བས་ན་ཁོང་ཉིད་བགྲེས་ཡོལ་གནང་རྒྱུའི་ཐུགས་འདུན་དེ་ནི་ལས་དོན་དང་མཛད་འགན་ལ་དབྱེ་མཚམས་ཤིག་ཕྱེས་ཡོད།

 

ལོ་རྒྱུས་དང་སྤྱི་ཚོགས་ཀྱི་གནད་དོན་ལ་གཟུ་བོར་གནས་པའི་ལྟ་མཁན་ཞིག་ཡིན་ཕྱིན། ༸གོང་ས་མཆོག་ནི་བོད་ཀྱི་མང་གཙོའི་འབྱུང་ཁུངས་དང། བོད་ཀྱི་མང་གཙོ་འཕེལ་རྒྱས་ཀྱི་བསྐྱེད་བསྲིངས་པ། བོད་ཀྱི་མང་གཙོ་ཚད་ལྡན་དུ་སྒྱུར་བའི་སྣེ་ཤན་དང་དག་བཅོས་པ་བཅས་ཡིན་པ་ཧ་ཅང་གསལ་པོ་རེད།

 

འོན་ཀྱང་༸གོང་མཆོག་གིས་བོད་ཀྱི་མང་གཙོ་དེ་ཡང་དག་པ་དང། བརྒྱ་ཆ་བརྒྱ་འཛམ་གླིང་གི་ཡར་རྒྱས་ཀྱི་རྣམ་པ་ཚད་མཐོ་བའི་མང་གཙོ་ལྟར་ལག་བསྟར་བྱེད་དགོས་པར་དགོངས་བཞིན་ཡོད་ཅིང་། མང་གཙོ་ཡང་དག་པ་དང། ཁོང་གིས་ལས་དོན་ལ་ཐེ་བྱུས་བྱེད་རྒྱུ་གཉིས་ཀ་ཅུང་མ་བདེ་བ་ཞིག་ཏུ་ཁོང་ཉིད་ཀྱིས་གཟིགས་བཞིན་ཡོད།  དགོངས་ཚུལ་འདི་ཁོང་གི་བཀའ་སློབ་མང་དག་ཅིག་ཏུ་གསལ་འདོན་གནང་ཡོད།

 

བཙན་བྱོལ་ནང་གི་མཐོ་རིམ་མི་སྣ་མང་པོ་ཞིག་གིས། ༸གོང་ས་མཆོག་གིས་ཕྱེད་བགྲེས་ཡོལ་དང་བགྲེས་ཡོལ་སོགས་མི་གསུངས་པར་ཐུགས་འགན་མི་མཐུད་བཞེས་པ་དང་སྐུ་ཚེ་ཞབས་པད་བརྟན་པ་སོགས་ཀྱི་ཞུ་བ་འཐེན་གྱི་ཡོད་མོད། ཁོང་གིས་བགྲེས་ཡོལ་གསུང་བ་ནི་འགན་མ་ཁུར་བ་ཞིག་མིན་པར། དེ་ལས་ལྡོག་ཏེ་འགན་ཁུར་་བ་དང། རྒྱུ་མཚན་ལྡན་པ། བོད་སྤྱི་ལ་ཕན་པ། བོད་རྒྱ་ཆེའི་མི་མང་ལ་ཕན་པ་ཞིག་ཡིན་ཚུལ་ཁོང་གིས་གསུངས་བཞིན་ཡོད།

 

༸གོང་ས་མཆོག་གིས་རྒྱུ་མཚན་དང་རྒྱབ་ལྗོངས་མང་པོ་ཞིག་གི་འོག་ནས་དེ་ལྟར་གསུངས་ཡང། བོད་མིའི་སྤྱི་ཚོགས་ཀྱིས་དེ་དང་ལེན་བྱེད་མ་འདོད་པའམ། ལེན་མ་ཕོད་པར། དེ་ལས་ལྡོག་ཏེ་ཞུ་བ་མང་དུ་འཐེན་པས། མཐར་༸གོང་ས་མཆོག་གིས་བགྲེས་ཡོལ་ནི་ངའི་ཐོབ་ཐང་ཞིག་ཡིན་པ་དང་། ང་ཡང་འཛམ་གླིང་གི་མི་འབོར་དུང་ཕྱུར་བདུན་ཅུའི་ནང་གི་མི་གཅིག་ཡིན་པས་ང་ཡང་རང་ཉིད་ཀྱི་ཐོབ་ཐང་ཞིག་དགོས་ཞེས་གསུངས་དགོས་ཐུག་ཡོད།

 

ལྷག་དོན་ཉེ་བའི་ཆར་༸གོང་ས་མཆོག་གིས་འབྱུང་འགྱུར་ཟླ་དྲུག་ཙམ་གྱི་ནང་ཁོང་བགྲེས་ཡོལ་ཆ་ཚང་ལ་ཕེབས་འདུན་ཡོད་སྐོར་གསུངས་ཡོད་ཅིང་། གནད་དོན་དེ་འབྱུང་ངེས་པའི་བཀའ་ཁྲི་དང་སྤྱི་འཐུས་རྣམ་པར་བཀའ་མོལ་གནང་འདུན་ཡོད་ལུགས་གསུངས་ཡོད། འབྱུང་འགྱུར་གྱི་བཀའ་ཁྲི་དང་སྤྱི་འཐུས་ཚོས་ཁོང་གི་ཐུགས་འདུན་དེ་དང་ལེན་བྱེད་སྲིད་དམ། ཁོང་གི་ཐུགས་རེ་དེར་མོས་མཐུན་ཞུ་སྲིད་དམ།

 

ལོ་རྒྱུས་ལ་འགྱུར་ལྡོག་འགྲོ་བའི་སྐབས་དང།  ལོ་རྒྱུས་ལ་འགྱུར་ལྡོག་གཏོང་བའི་སྐབས་སུ་མི་མང་པོས་མོས་མཐུན་བྱེད་དཀའ་བ་འདི་ཡང་ལོ་རྒྱུས་ཀྱི་སྣང་ཚུལ་ཞིག་ཡིན་ངེས་མོད། ལོ་རྒྱུས་ཀྱི་དགོས་མཁོའི་དབང་གིས་ལོ་རྒྱུས་ལ་བཅོས་བསྒྱུར་བྱེད་སྐབས་ལོ་རྒྱུས་ཀྱི་མྱོང་བ་ལེན་ཤེས་མཁན་ཚོ་ད་གཟོད་ལོ་རྒྱུས་ཤེས་མཁན་གྱི་མི་དང་སྤྱི་ཚོགས་ཡིན་པས། འབྱུང་འགྱུར་གྱི་ཟླ་བ་དྲུག་གི་ནང་དུ་བོད་དང་བོད་ཀྱི་སྤྱི་ཚོགས་ལ་ལོ་རྒྱུས་ཀྱི་མཐོ་རྒྱུགས་ཆེན་པོ་ཞིག་ལེན་རྒྱུ་རེད། འབྱུང་ངེས་པའི་བཀའ་ཁྲི་དང་སྤྱི་འཐུས་ཚོ་བོད་མི་མང་གི་ཚབ་བྱས་ནས་རྒྱུགས་སྤྲོད་འདིར་ཞུགས་དགོས་པ་རེད།

 

འདས་པའི་ལོ་ཤས་རིང་བཀའ་ཤག་གི་སྲིད་བྱུས་དང་ལས་དོན་གང་ཞིག་ལ་མང་ཚོགས་ཁྲོད་བསམ་འཆར་དང་གླེང་སློང་སྣ་ཚོགས་བྱུང་སྐབས། བཀའ་ཤག་གིས་རང་གི་སྲིད་བྱུས་དེ་༸གོང་ས་མཆོག་གི་བཀའ་དགོངས་ཡིན་ཚུལ་མང་ཚོགས་ལ་འགྲེལ་བཤད་བྱེད་ཀྱི་ཡོད།  དེ་བས་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ལས་དོན་གང་ཞིག་བསྒྲུབ་པ་དེ་འགྲིག་མིན་ལས་ཀྱང་ལས་དོན་གང་ཞིག་སུ་ཞིག་གི་བཀོད་བྱུས་དང་འཆར་གཞི་ལྟར་བསྒྲུབ་ཀྱི་ཡོད་མེད་ལ་བློ་དོགས་ཆེ་བར་མངོན་ཡོད།

 

ད་དུང་བོད་མི་ཆེས་མང་པོ་ཞིག་གིས་༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་ཚེ། བཙན་བྱོལ་བོད་མིའི་འགོ་ཁྲིད་དང་སྒྲིག་འཛུགས་ཁག་གིས་ལས་དོན་ཐད་གནད་དོན་སྣ་ཚོགས་འབྱུང་ངེས་ཡིན་པ་དོགས་པ་བྱེད་ཀྱི་ཡོད་པ་བཤད་མ་དགོས་པ་ཞིག་རེད།  འདས་པའི་ལོ་ངོ་མང་པོའི་ནང་བོད་མི་ཚོས་༸གོང་ས་མཆོག་ལ་ཡིད་ཆེས་བྱེད་པ་དང་བོད་གཞུང་ལ་ཡིད་ཆེས་དེ་ཙམ་བྱེད་མ་ཐུབ་པའི་སྟོང་ཆ་དེ་གསབ་ཆེད་༸གོང་ས་མཆོག་གིས་སྐུལ་འདེད་དང་སློབ་སྟོན་གྱི་བཀའ་མོལ་མང་པོ་གནང་མིན་ལ་ལྟོས་པར། བོད་མིའི་འདུ་ཤེས་ཀྱི་གཏིང་རིམ་དུ་གནས་པའི་བསམ་འཁྱེར་གྱི་རྒྱུན་དེ་ད་དུང་ཡང་ལྷག་ཡོད།

 

དེ་ལས་ཀྱང་གནད་དོན་ཆེ་བ་ཞིག་ནི་གལ་སྲིད་འབྱུང་འགྱུར་གྱི་བཀའ་ཁྲི་གསར་པས་༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་རྒྱུའི་ཐུགས་འདུན་དེ་ཡོངས་སུ་དང་ལེན་བྱས་ཚེ། མི་ཧ་ཅང་མང་པོ་ཞིག་གིས་བཀའ་ཁྲི་སྒེར་ལ་དོགས་པ་ཆེན་པོ་བྱེད་ངེས་པ་དང། མི་ཧ་ཅང་མང་པོ་ཞིག་གིས་གླེང་ཕྱོགས་སྣ་ཚོགས་བཟོ་མི་སྲིད་པའང་གཏན་ནས་མིན། གལ་ཏེ་གླེང་གཞི་འདི་གྲོས་ཚོགས་ར་བའི་ནང་དུ་བསླེབས་ཚེ་དེ་ལས་ཀྱང་ཐག་གཅོད་དཀའ་བའི་རྩོད་གླེང་རིང་མོ་ཞིག་གི་ནང་དུ་འཁྲིད་སྲིད།

 

༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་རྒྱུའི་ཐུགས་འདུན་དེ་ཁོང་གི་ལྷག་བསམ་དང་འགན་འཁྲིའི་དགོངས་པ་ལས་བྱུང་ཞིང། འདས་པའི་དུས་ཡུན་ནང་བཙན་བྱོལ་བོད་མའི་མཐོ་རིམ་མི་སྣ་མང་པོས་གནད་དོན་དེ་དང་ལེན་མ་བྱས་པའང་ཁོོང་ཚོའི་ལྷག་བསམ་དང་འགན་འཁྲིའི་འདུ་ཤེས་དང་འབྲེལ་ཡོད་ངེས་ལ། ད་དུང་བོད་མི་མང་པོ་ཞིག་གིས་གནད་དོན་འདིར་ཚོར་སྣང་སྐྱེན་པོས་དོ་སྣང་དང་གླེང་སློང་བྱེད་བཞིན་པའང་དམངས་ཀྱི་ལྷག་བསམ་དང་འགན་ཁུར་ཞིག་མཚོན་ངེས་པས། ༸གོང་ས་མཆོག་གི་བགྲེས་ཡོལ་ལ་ཕེབས་རྒྱུའི་ཐུགས་འདུན་དང་དེ་འབྲེལ་གྱི་བོད་མིའི་སེམས་ཚོར་དེ་འདི་ལྟར་ལྷག་བསམ་གྱི་གདོང་ཐུག་ཆེན་པོ་ཞིག་ཏུ་གྱུར་ཡོད།

 

འདི་ནི་དབུ་ཁྲིད་དང་མང་ཚོགས་བར་བྱུང་བའི་ཐག་གཅོད་དང་སེམས་ཚོར་གྱི་བྱུང་རབས་ནང་སའི་གོ་ལའི་སྟེང་གི་ཡ་མཚན་དངོས་བྱུང་ཞིག་ཡིན་ངེས་ལ། བཙན་བྱོལ་བོད་མིའི་དམིགས་བསལ་གྱི་ལོ་རྒྱུས་གནས་བབ་འོག་གི་དམིགས་བསལ་གྱི་ལོ་རྒྱུས་ཤིག་དང། བོད་ཀྱི་ལོ་རྒྱུས་ནང་གི་མགོ་འཛུགས་དང་མཇུག་སྡོམ་གཉིས་ཀྱི་ཆ་ཡོད་པའི་ལོ་རྒྱུས་ཀྱི་དབྱེ་མཚམས་འབྱེད་བྱེད་ཀྱི་འགྱུར་ལྡོག་གི་མཚོན་རྟགས་ཤིག་ཀྱང་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༡༥ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༡༥ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༡༩ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༢༠ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 7

  1. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    དྲ་གྲོགས་རྣམ་པ་ཚོ། འདིའི་སྐོར་ལ་ངས་བདག་གི་བསམ་ཚུལ་ཞིག་རང་གི་ཟིན་བྲིས་ལ་བྲིས་ཡོད་པས་དུས་ཚོད་བྱུང་ན་དེར་ཕེབས་རོགས་ཞུ། དེའི་དྲ་འབྲེལ་ནི་འདི་ཡིན།
    http://njampel.blogspot.com/2010/12/blog-post.html ཡང་ན། https://tibettimes.net/wordpress/blogs.php?id=343&post_id=13021

    Reply
  2. གཅན་ཚ་དཔལ་ལྡན། says:
    ལོ་ 14 སྔོན།

    དཔྱད་པ་ཡག་པོ་གནང་འདུག ཡིན་ནའང་། ང་རྒན་ཨ་འབྲུག་ལ་དོགས་འདྲི་ཞིག་འདུག ནང་པ་ས་ཡ་ ༤༠ ཡི་དབུ་ཁྲིད་ཟེར་བའི་ནང་པ་དེ་ཚོ་གང་དག་རེད། དེ་གསལ་པོ་ཞིག་གསུང་རོགས། ཐུགས་རྗེ་ཆེ།

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    ཡ་ཡ་རྣམ་རྟོག་མང་དག་ཞིག་ཕྱོགས་སྡོམས་བྱས་སྟེ་་ཡིག་ཚད་ཞིག་བཏང་འདུག

    Reply
  4. གནས་ཚང་། says:
    ལོ་ 14 སྔོན།

    གསལ་བོར་ཞུས་ན་འདི་ནི་གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཡིན་པར་མ་ཟད། སྔ་རྗེས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོབ་ཐང་གོང་ས་མཆོག་ལ་ཕུལ་ཟིན་པས། འདིར་བཀའ་ཁྲི་གསར་བས་དང་ལེན་བྱེད་མིན་ལ་ཐུག་མེད་པར་གོང་ས་མཆོག་གིས་ཐུགས་ཐག་ཆོད་པོའི་ལམ་ནས་སྐུ་སྒེར་ལ་ཐག་གཅོད་དབང་ཆ་བརྒྱ་ཆའི་བརྒྱ་ཡོད་པ་འདི་ཇི་ལྟར་ཕྱག་བསྟར་གནང་མིན་ལ་ཐུག་ཡོད།

    གཞན་དག་ཨ་འབྲུག་ལགས་ཀྱིས་ཅུང་འཐུས་ཚང་ཞིག་དབྱེ་ཞིབ་གནང་འདུག་པས། གོང་གི་བསམ་ཚུལ་འདིའི་སྒོ་མོ་འབྱེད་སོང་།

    Reply
  5. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    ཨ་འབྲུག་མཆོག སྐུ་ཉིད་ཀྱིས་དེ་ལྟར་༸གོང་ས་མཆོག་གི་བཀའ་སློབ་ལ་ཉམས་ཞིབ་གནས་བའི་ནང་ནས་དུས་ཐོག་ཆར་བ་ལྟ་བུའི་གཟིགས་ཚུལ་གྱི་རྩོམ་ཡིག་ལེགས་པོ་འདི་འདྲ་སྤེལ་བར་ཐུགས་རྗེ་ཆེ་ཞུ། གུས་པ་ད་ལྟ་བདེ་འཚམས་ངང་སློབ་སྦྱོང་བྱེད་ཀྱིན་ཡོད་ལགས།
    ཡིན་ན་ཡང་༸ང་ལ་དོགས་པ་ཞིག་ཡོད་པ་ནི་༸མཆོག་གི་དགྲེས་ཡོལ་གནང་གསུངས་པའི་དགྲེས་ཡོལ་གྱི་ཚད་གཞི་དེ་གསལ་པོ་ཞིག་ངོས་ཟིན་གྱི་མེད་པ་འདྲ།
    སྐབས་རེར་ཇི་སྲིད་བོད་མིའི་སེམས་ནང་གི་རྒྱལ་བ་རིན་པོ་ཆེར་འཛིན་པའི་འཛིན་སྟངས་ཀྱི་བསམ་བློར་འགྱུར་བ་མ་སོང་གི་བར་དང་། སྐུ་མདུན་ནས་ཁ་བ་གངས་ཅན་པར་བརྩེ་བ་མ་དོར་གྱི་བར་དེ་སྲིད་དུ་དོན་གྱི་བདག་པོ་རང་ཡིན་པ་ལས་དགོངས་པ་ཞུ་མི་སྲིད་པ་ཞིག་རེད་སྙམ།
    འདི་དང་ཆ་འདྲ་ཞིག་སྔོན་སྐུ་མདུན་གྱིས་གནང་བའི་དགྲེས་ཡོལ་སྐོར་གྱི་གསལ་བཤད་བཀའ་མོལ་ཞིག་ཏུ་ཡོད་སྙམ།
    དཔེར་ན། ཐེ་ལན་ཌའི་རྒྱལ་པོ་དེ་ད་ཆ་གཞུང་འཛིན་གྱི་དབང་ཆ་མེད་པའི་སྤྱིར་བཏང་གི་མི་ཞིག་ཡིན་ཀྱང་། གཞུང་གིས་ཐག་མ་ཆོད་པའི་གལ་ཆེའི་ལས་དོན་མང་པོ་ཞིག་རྒྱལ་པོ་རང་གིས་ཆེ་མཐོང་སྤྱད་ནས་སྒྲུབ་ཐུབ་ཀྱི་ཡོད་སྐད། དེ་ཡང་ཡུལ་དེས་རྒྱལ་བོ་ཁོང་ལ་དད་གུས་དག་སྣང་ཆེན་པོ་བྱེད་ཀྱི་ཡོད་པས་རེད་འདུག། ལིམ་བྷི་ནིའི་ཐེ་ལན་ཌའི་ཆོས་ཀྱི་ལྟི་གནས་སུ་ཡང་རྒྱལ་བོ་ཁོང་ནི་ང་ཚོའི་རྒྱལ་བ་རིན་པོ་ཆེའི་སྐུ་དཔར་མཆོད་བཤམས་སུ་བསྒྲིགས་པའི་ཚོད་ཙམ་དུ་བཤམས་འདུག ཞོལ་འཕྲོས་སོ།

    Reply
  6. གསར་འབྱོར། says:
    ལོ་ 14 སྔོན།

    གྲོགས་པོ་ལགས་ཧ་ཅང་ཡག་པོ་ཞིག་བྲིས་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། བཙན་བྱོལ་བོད་མི་ཚོས་རྒྱུགས་སྤྲོད་ཆེན་མོ་འདིའི་ནང་དུ་ཐོབ་སྐར་མཐོ་ཙམ་ལེན་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད་པ་ལས་ཡིད་ཆེས་གང་ཡང་མེད།

    Reply
  7. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    ཨ་འབྲུག་དཀོན་མཆོག་ལ་དོན་སྙིང་ཡོད་ཀི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese