མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་གསར་ཤོག་ནང་བདེན་པ་ཟླ་ཚེས་གཅིག་པུ་རེད།

བོད་ཀྱི་དུས་བབ།
༢༠༡༠/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་གསར་ལམ་ལ་ཡིད་ཆེས་དང་གྲུབ་འབྲས་གང་འདྲ་ཡོད་མེད་ཐད། རྒྱ་ནག་དཔར་སྐྲུན་སྤྱི་ཁྱབ་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་ཞིག་གིས། རྒྱ་ནག་ལ་གསར་ཤོག་དང་རླུང་འཕྲིན། བརྙན་འཕྲིན། དྲ་རྒྱ་འདི་འདྲ་མང་པོ་ཞིག་ཡོད་ཀྱང་། རྒྱལ་སྤྱིའི་གླེང་ཕྱོགས་ལ་ཤུགས་རྐྱེན་ཐེབས་པ་བརྒྱ་ཆར་བཀུག་ན་ ༡ ཙམ་ཡང་ཟིན་ཐུབ་ཀྱི་མེད་ཟེར།

ཉེ་ཆར་བཞུགས་སྒར་ངྷ་རམ་ས་ལར་བསྐངས་པའི་བོད་ཀྱི་གསར་འགོད་པའི་ལྷན་ཚོགས་ཐོག སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས་༼ རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་གྱི་སྟོབས་ཤུགས ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད། ཁོང་གིས་བོད་པའི་གསར་འགོད་པ་ཚོ་ནི། སྤྱི་ཚོགས་ནང་ལས་རིགས་སྣ་ཚོགས་ཤིག་ཡོད་པའི་ནང་གི་གལ་ཆེ་ཤོས་དེ་ཡིན་པ་མ་ཟད། དམག་འཁྲུག་གི་གཡུལ་ས་ན་ཡོད་པའི་པའི་འཐབ་མོ་བ་ལྟ་བུ་ཡིན་སྐོར་ནས་མགོ་བཙུགས་ཏེ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ལ་དབྱེ་ཞིབ་ཀྱིས་གཏམ་བཤད་གནང་དོན། རྒྱ་ནག་ཅེས་པ་དེ་གང་འདྲ་ཞིག་ཡིན་པ་རགས་ཙམ་བློ་ངོར་འཆར་ཡོད་ན། ད་གཟོད་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ལ་ཡང་ཤེས་རྟོགས་བྱ་སླ་བོ་ཡིན། རྒྱ་ནག་ནི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཅིག་དང་། ཕྱི་ལོ་ ༡༩༤༩ ལོར་དམར་པོའི་སྲིད་གཞུང་དབུ་བརྙས་པ་ནས་ད་བར་དམར་ཤོག་ཚོགས་པ་གཅིག་པུ་ལས་སྲིད་དོན་ཚོགས་པ་གང་ལའང་སྲིད་གཞུང་འཛིན་པའི་དབང་ཚད་རག་མེད། འོན་ཀྱང་རྒྱ་ནག་གི་སྲིད་གཞུང་དེ་ད་བར་བརྟན་པོར་གནས་ཐུབ་པ་དེ་རྒྱ་ནག་ལ་རྒྱལ་ཁབ་གཞན་དང་མ་འདྲ་བའི་སྒྲིག་འཛུགས་ཚགས་ཆུད་པོ་དང་ཡག་པོ་ཡོད་པས་རེད། དེ་ལྟ་བུའི་སྒྲིག་འཛུགས་ལ་གྲུབ་ཆའི་ལས་ཁུངས་མང་པོ་ཡོད་ཀྱང་། གལ་ཆེ་ཤོས་གསུམ་ཡོད་པ་ནི།  རྒྱ་ནག་རྩ་འཛུགས་ལས་ཁུངས་དང་། དྲིལ་བསྒྲགས་ལས་ཁུངས། དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་བཅས་རེད།

 

སྒྲིག་འཛུགས་དེ་དག་ནང་གི་གལ་ཆེ་ཤོས་ནི་དབུས་རྩ་འཛུགས་ལས་ཁུངས་རེད། རྒྱ་ནག་གཞུང་གི་ལས་བྱེད་བསྐོ་བཞག་རིགས་ཚུད་པའི་སྲིད་གཞུང་གི་ལས་དོན་གལ་ཆེན་རིགས་ལས་ཁུངས་འདིའི་ཁོངས་སུ་གཏོགས་ཡོད། གཉིས་པ་དྲིལ་བསྒྲགས་ལས་ཁུངས་ཀྱི་ལས་འགན་གཙོ་བོ་དྲང་བདེན་ཡིན་མིན་ལ་མ་ལྟོས་པར་དམར་པོའི་སྲིད་གཞུང་གི་ལྟ་གྲུབ་བཙན་གྱིས་ཕ་རོལ་བོའི་བསམ་བློའི་ནང་ལྡུག་པའམ། དྲིལ་བསྒྲགས་བྱས་ཏེ་མི་མང་གི་བསམ་བློར་སྒྱུར་བཅོས་གཏོང་རྒྱུ་དེ་རེད། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་བརྒྱ་ཆ་ ༩༩ དང་ཚེག་ ༩ གཞུང་འབྲེལ་རྐྱང་ཆགས་ཡོད་སྟབས། རྒྱ་ནག་གི་གསར་ཤོག་དང་རླུང་འཕྲིན། བརྙན་འཕྲིན་སོགས་རྒྱལ་ཁབ་གཞན་ཚོ་དང་མི་འདྲ་བར། གཞུང་གི་ལྟ་གྲུབ་དང་སྲིད་བྱུས་དྲིལ་བསྒྲགས་བྱེད་སའི་བརྒྱུད་ལམ་ཙམ་རེད།

རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དང་འབྲེལ་བའི་ལས་ཁུངས་ཆེན་པོ་གཉིས་ཡོད། གཅིག་ནི་རྒྱ་ནག་དཔར་སྐྲུན་སྤྱི་ཁྱབ་ལས་ཁུངས་དང་། དེའི་དབང་ཚད་གཙོ་བོ་རྒྱ་ནག་ནང་གསར་ཁང་གསར་འཛུག་དང་དཔར་སྐྲུན་རིགས་ཀྱི་དེབ་སྐྱེལ་ལ་སྟངས་འཛིན་བྱེད་པ། ཕྱི་ཕྱོགས་ཀྱི་དཔེ་དེབ་དང་གསར་འགྱུར་བརྒྱུད་ལམ་ཁག་རྒྱ་ནག་ནང་ཡོང་ཆོག་མིན་ལ་སྟངས་འཛིན་བྱེད་པ་བཅས་རེད། གཉིས་པ་རྒྱ་ནག་སྤྱི་ཁྱབ་གསར་འགྱུར་གཞུང་ལས་ཁང་རེད། དེས་གཞུང་འབྲེལ་གནས་ཚུལ་དང་གསར་འགྱུར་རིགས་རྒྱ་ནག་ནང་ཁུལ་ལ་མཁོ་གཏོང་དྲིལ་བསྒྲགས་བྱེད་ཀྱི་ཡོད། ལས་ཁུངས་འདི་གཉིས་དྲིལ་བསྒྲགས་ལས་ཁུངས་ཀྱི་སྟངས་འཛིན་འོག་ཡོད།

 

རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་གྱི་ཁ་ཕྱོགས་ས་གཙོ་བོ་བསམ་བློ་གཅིག་གྱུར་བཟོ་རྒྱུ་དང་། མི་མང་གི་ཀླད་པ་བཅོས་སྒྱུར་བྱེད་རྒྱུ། གཞུང་གི་ལྟ་གྲུབ་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་རྒྱུ་བཅས་རེད། རྒྱ་ནག་ལ་གསར་ཁང་ཟེར་ན་འདྲ། གསར་འགྱུར་བརྒྱུད་ལམ་ཟེར་ནའང་འདྲ་གཙོ་བོ་གསུམ་ཡོད། དེ་ལ་རྒྱ་ནག་གི་མགྲིན་ཚབ་པ་གསུམ་ཟེར་གྱི་ཡོད། གཅིག་མི་མང་ཉིན་རེའི་ཚགས་པར་རེད། དེའི་དཔར་སྐྲུན་གྲངས་ཚད་འཛམ་གླིང་ནང་གི་གསར་ཤོག་ཨང་དང་པོར་སླེབས་ཀྱི་ཡོད། གསར་ཤོག་འདི་ཀློག་ཐུབ་མིན་གང་ལྟར་ཡང་། ཚོགས་སྡེ་ཁག་ཡོད་ཚད་ཀྱིས་མངགས་ཉོ་བྱ་དགོས་པ་རེད། གཉིས་པ་ཞཱིན་ཧ་གསར་འགྱུར་ཁང་རེད། དེས་རྒྱ་ནག་གི་གསར་འགྱུར་ཕྱི་ཕྱོགས་སུ་མཁོ་གཏོང་དང་ཕྱི་ཕྱོགས་ཀྱི་གསར་འགྱུར་མཁོ་སྒྲུབ་བྱེད་ཀྱི་ཡོད། རྒྱ་ནག་ཕྱི་ལོགས་ན་དེ་ལ་ཡན་ལག་གསར་ཁང་ ༢༠ ལྷག་ཡོད། གསར་ཁང་དེ་ཚོས་བཏང་ཡོང་པའི་གསར་འགྱུར་རིགས་རྒྱ་ནག་གིས་དབྱེ་ཞིབ་བྱས་ཏེ། རིགས་གཅིག་ཐད་ཀར་གསར་ལམ་ཁག་བརྒྱུད་མང་ཚོགས་ལ་གཏོང་གི་ཡོད་པ་དང་། རིགས་གཅིག་དཔྱད་ཞིབ་ཡིག་ཆ་རུ་ཉར་གྱི་ཡོད། དཔྱད་ཞིབ་ཡིག་ཆ་དེ་རྒྱ་ནག་མཐོ་རིམ་མི་སྣ་དང་གསང་བའི་ལས་ཁུངས་ཁག་གི་ཉམས་ཞིབ་ཚན་པར་འགྲོ་བཞིན་ཡོད། གསུམ་པ་རྒྱ་ནག་སི་སི་བརྙན་འཕྲིན་(CCTV)ནང་ལེ་ཚན་ ༢༡ ཡོད་པ་ཚང་མ་གཞུང་འབྲེལ་ལེ་ཚན་རེད། འདིའི་ཐད། རྒྱ་ནག་ཁོ་རང་ཚོར་བཤད་སྲོལ་ཞིག་ཡོད་པ་ནི། མི་མང་ཉིན་རེ་ཚགས་པར་ནང་བདེན་པ་གཅིག་ཡོད། དེ་ཚགས་པར་སྟེང་གི་ཟླ་ཚེས་གཅིག་པོ་རེད། དེ་བཞིན་སི་སི་བརྙན་འཕྲིན་ནང་བདེན་པ་གཅིག་ཡོད། དེ་གནམ་གཤིས་སྔོན་བརྡའི་ལེ་ཚན་གཅིག་པོ་རེད་ཟེར།

 

“>www.youtube.com/v/ULb8ABYLjowརྒྱ་ནག་རྒྱལ་ཡོངས་ལ་རླུང་འཕྲིན་ཁང་ ༢༥༡ དང་བརྙན་འཕྲིན་ཁང་ ༢༧༢ ཡོད་ལ། སྒེར་དབང་འོག་ཚགས་ཤོག་དང་རླུང་འཕྲིན། བརྙན་འཕྲིན་སོགས་འཛུགས་ཆོག་གི་མེད། ཡིན་ནའང་དྲ་རྒྱ་འམ་དྲ་གནས་བརྒྱུད་ལམ་རིགས་གཞུང་འབྲེལ་མ་ཡིན་པ་ཤུགས་ཆེན་པོ་ཡོང་གི་ཡོད་ཅིང་། རྒྱ་ནག་གིས་སྟངས་འཛིན་བྱ་རྒྱུར་དཀའ་ངལ་ཞིག་ཀྱང་འཕྲད་བཞིན་པ་རེད། ད་ལྟའི་ཆར་རྒྱ་ནག་མི་གྲངས་དུང་ཕྱུར་བཅུ་གསུམ་ལས་དུང་ཕྱུར་ ༤ ལྷག་གིས་དྲ་རྒྱ་བེད་སྤྱོད་གཏོང་གི་ཡོད་ལ། ཧྲང་ཧེ་ས་ཁོངས་གཅིག་པོར་མཚོན་ན། རྒྱ་ནག་གི་དྲ་རྒྱའི་སྟངས་འཛིན་ལས་བརྒལ་པའི་མཉེན་ཆས་བེད་སྤྱོད་བྱེད་མཁན་མི་ས་ཡ་གཉིས་ལྷག་ཡོད། དྲ་རྒྱ་བེད་སྤྱོད་གཏོང་མཁན་དུང་ཕྱུར་བཞི་ལས་དུང་ཕྱུར་ ༢ ཙམ་གྱིས་ཟིན་བྲིས་སམ་བེད་སྤྱོད་བྱེད་ཀྱི་ཡོད་པར་བརྟེན། ང་ཚོས་དྲ་རྒྱ་བརྒྱུད་ནས་བོད་དོན་གླེང་སློང་བྱ་རྒྱུ་དེ་ལམ་ཁ་ཡག་ཤོས་གཅིག་ཆགས་ཡོད། དྲ་རྒྱ་མ་ཡིན་པའི་བརྒྱུད་ལམ་གཞན་པ་དམངས་ཁྲོད་ནས་འདོན་སྤེལ་བྱ་རྒྱུ་ཧ་ཅང་ཁག་པོ་རེད།

དེང་སང་གསར་འགྱུར་ལས་རིགས་དེ་ཚོང་གི་ངོ་བོར་འགྲོ་བཞིན་ཡོད་སྟབས། གསར་འགྱུར་ནི་ཚོང་ལས་ཁྲོམ་རའི་ནང་གི་ཚོང་རྫས་ཤིག་ཆགས་ཡོད་དུས། རྒྱ་ནག་གིས་སོ་སོའི་གསར་འགྱུར་ཕར་བཙོང་ཐུབ་ཀྱི་མེད་ནའང་། མི་གཞན་གྱི་གསར་འགྱུར་ཉོ་སྒྲུབ་བྱེད་པ་དང་། ཧོང་ཀོང་དང་ཐེ་ཝན་སོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་མ་རྐང་ཆེན་པོ་བཞག་སྟེ། ཕྱི་ཕྱོགས་ཀྱི་གསར་ཁང་དང་བརྒྱུད་ལམ་ཁག་མང་པོ་རྒྱ་ནག་གིས་བེད་སྤྱོད་གཏོང་ཐབས་བྱེད་ཀྱི་ཡོད།

 

རྒྱ་ནག་གིས་ད་ལྟའི་བར་གསར་འགྱུར་བརྒྱུད་ལམ་ཐད། སྒྱུར་བཅོས་ཐེངས་གཉིས་གཏོང་དགོས་བྱུང་ཡོད། དང་པོ། དྲུག་བཞིའི་ལས་འགུལ་བྱུང་རྗེས་ཀྱི་ལོ་རབས་དགུ་བཅུ་བའི་ནང་སྒྱུར་བཅོས་ཤིག་བཏང་ཡོད་པ་དང་། ཐེངས་གཉིས་པ་ནི་ཉིས་སྟོང་བརྒྱད་ལོར་རྒྱ་ནག་གིས་ཨོ་ལིམ་པིག་དབལ་འབར་རྒྱལ་སྤྱིའི་སྟེང་ཁྱེར་སྐབས་ངོ་རྒོལ་ཤུགས་ཆེན་བྱུང་པ་དང་བོད་ནང་གི་ཞི་རྒོལ་ཆེན་མོ་བྱུང་པ་བཅས་ཀྱིས་རྐྱེན་པས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་ནས་གླེང་བརྗོད་ཀྱི་དབང་ཚད་ཅིག་ལེན་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། དེའི་ལས་གཞི་གཅིག་ནི་ད་ལོའི་ཕྱི་ཟླ་ ༧ པའི་ནང་ནས་རྒྱ་སྒོར་དུང་ཕྱུར་ ༤༥ ལྷག་གི་འགྲོ་གྲོན་བཏང་སྟེ། རྒྱལ་སྤྱི་རང་བཞིན་གྱི་བརྙན་འཕྲིན་ཞིག་མགོ་འཛུགས་བྱེད་མུས་ཡིན་ལ། བརྙན་འཕྲིན་དེ་བྷི་བྷི་སི་དང་སི་ཨན་ཨན་ལྟ་བུ་ཞིག་ཡོང་རྒྱུར་དམིགས་འབེན་བཟུང་ཡོད་པ་མ་ཟད། དེའི་གསར་འགོད་པ་དག་ཀྱང་ཕྱི་རྒྱལ་ཁག་ནས་གླ་ཕོག་མཐོ་བོ་སྤྲད་དེ་འཚོལ་བསྡུ་བྱེད་མུས་རེད།  

ཉེ་ཆར་ཕྱི་ཟླ་ ༡༢ པའི་ཚེས་གཅིག་ནས་རྒྱ་ནག་མི་མང་ཀུན་ཁྱབ་རླུང་འཕྲིན་ནང་། ཆུ་ཚོད་གཅིག་རིང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་བོད་སྐད་གཏོང་གཏན་འཁེལ་འདུག དེ་དགོང་མོའི་ཆུད་ཚོ་ ༡༠ ནས་ ༡༡ བར་ཡིན་ཞིང་། དུས་ཚོད་དེ་ནི་ཏག་ཏག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་ཨམ་སྐད་དང་ཁམས་སྐད་ལེ་ཚན་གཏོང་པའི་དུས་ཚོད་ལ་འཁེལ་བ་བཟོས་ཡོད། དེ་ནི་ཐད་ཀར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ལ་འགོག་རྐྱེན་བཟོ་ཆེད་རེད། དེ་བཞིན་ཉེ་ཆར་ཨ་རིའི་བརྙན་འཕྲིན་དུ་སྨོན་ལམ་ཡིག་གཟིགས་དང་སྨོན་ལམ་ཚིག་མཛོད་ངོ་སྤྲོད་བྱས་པའི་ཁ་གཏད་དུ། ཉིན་ཤས་རིང་ནས་ལྷ་སའི་བརྙན་འཕྲིན་དུ་བློ་བཟང་བོད་རྒྱ་དབྱིན་གསུམ་ཚིག་མཛོད་ཅེས་པའི་འཕྲུལ་ཆས་ཤིག་ངོ་སྤྲོད་བྱེད་མགོ་བརྩམས་སོང་།

 

རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་གྱི་སྟོབས་ཤུགས་དེ་འདྲའི་ཆེན་པོ་ཞིག་ཡིན་རུང་། དེ་ལ་ཡིད་ཆེས་དང་གྲུབ་འབྲས་གང་འདྲ་ཡོད་མེད་ཐད་ནས་བཤད་ན། རྒྱ་ནག་དཔར་སྐྲུན་སྤྱི་ཁྱབ་ལས་ཁུངས་ཀྱི་འགན་འཛིན་བྱས་མྱོང་མཁན་ཞིག་གིས། རྒྱ་ནག་ལ་གསར་ཤོག་དང་རླུང་འཕྲིན། བརྙན་འཕྲིན། དྲ་རྒྱ་འདི་འདྲ་མང་པོ་ཞིག་ཡོད་ཀྱང་། རྒྱལ་སྤྱིའི་གླེང་ཕྱོགས་ལ་ཤུགས་རྐྱེན་ཐེབས་པ་ཧ་ཅང་ཉུང་ཉུང་རེད། བརྒྱ་ཆ་ ༡ ཙམ་ཡང་ཟིན་ཐུབ་ཀྱི་མི་འདུག ཅེས་ཉིས་སྟོང་བརྒྱད་ཀྱི་ཕྱི་ཟླ་ ༡༢ ནང་བཤད་འདུག དེ་བཞིན་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་ཞེ་ཡོ་ཝེ་ཞེས་པའི་མཁས་པ་ཞིག་གིས། རྒྱ་ནག་ལ་གསར་འགྱུར་བརྒྱུད་ལམ་ཁག་ཧ་ཅང་མང་པོ་ཞིག་ཡོད་ཀྱང་། དོན་དངོས་ཐོག་དེ་ཚོ་ད་ལྟ་མུན་ནག་གི་དུས་སྐབས་ཤིག་ཏུ་གྱུར་ཡོད་རེད་ལ། རྒྱ་ནག་གཞུང་གིས་མུ་ནག་དེ་རྒྱ་ཇེ་ཆེར་གཏོང་གི་ཡོད་པ་རེད། ཅེས་བརྗོད་འདུག འོན་ཀྱང་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཐེབས་མེད་ཀྱང་། རྒྱ་ནག་ནང་ཁུལ་ལ་ནུས་པ་གང་འཚམ་ཐོན་ཡོད། ཅེས་བརྗོད་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༦ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༨ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

མཆན། 3

  1. ནོར་འཛིན་དོན་འགྲུབ། says:
    ལོ་ 16 སྔོན།

    ད་ཡིན་ན་དྲ་རྒྱ་བོད་བྱེད་ཚུལ་གཅིག་ཧ་གོ་སོང་བས་ཐུགས་རྗེས་ཆེ་ཞུ་་་་་་་་་་་་་

    Reply
  2. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    གསར་འགྱུར་གྱི་མགོ་བརྗོད་དེ་མིང་དོན་དང་མཚུངས་པ་ཞིག་འདུག
    དངོས་གནས་དེ་རང་རེད།

    Reply
  3. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 16 སྔོན།

    སྐུ་སྒེར་དྲུང་ཆེ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་རྒྱ་དམར་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ནང་བདེན་པ་ཟླ་ཚེས་ལས་མེད་ཟེར་བ་དངོས་གནས་ཡིན་ནམ། ཁཽ་བོས་གསར་འགྱུར་དཔྱད་བརྗོད་ཀློག་སྐབས་མཚར་གཏམ་མིན་འགྲོ་ཡང་དྲན་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese