མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྤྱི་སྐད་མཐུན་ཚོཊ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

 ཁ་སང་ཕྱི་ཚེས་ ༩ ཉིན་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་སྐོར་ཞིག་གི་སྣེ་ཁྲིད་འོག སློབ་གྲྭ་དེ་གའི་བོད་སྐད་ཡིག་རིག་གནས་སློབ་གླིང་དུ། ༼ བོད་ཀྱི་སྤྱི་སྐད་མཐུན་ཚོགས ༽ ཞེས་པའི་སྐད་རིགས་གཅིག་གྱུར་ཐད་ཀྱི་མཐུན་ཚོགས་ཤིག་གསར་འཛུགས་གནང་ཡོད་འདུག

མཐུན་ཚོགས་འདི་ནི་སློབ་གྲྭའི་འཛིན་སྐྱོང་ལ་སྙན་ཞུ་ཕུལ་དོན་ལྟར་ཆོག་མཆན་ཐོབ་སྟེ། ཐེངས་འདིར་དངོས་སུ་ཚོགས་མི་བསྡུ་བའི་ལས་འགུལ་མགོ་བརྩམས་པ་ཞིག་ཡིན་ཞིང་། མཐུན་ཚོགས་འདིའི་དམིགས་ཡུལ་སྐོར་ངོ་སྤྲོད་བྱས་པའི་ནང་། ད་ལྟའི་བོད་ཆོལ་ཁ་གསུམ་དུ་མི་རིགས་གཅིག་གྱུར་ལ་སྐད་རིགས་གཅིག་གྱུར་མ་ཡོང་བའི་དབང་གིས་བོད་ཆོལ་ཁ་གསུམ་གྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ལ་འགོག་རྐྱེན་འཕྲད་ཀྱི་ཡོད་པ་མ་ཟད། ཐ་ན་མཐོ་རིམ་སློབ་གྲྭ་ཁག་ཏུ་སློབ་གྲོགས་ཕན་ཚུན་བར་དང་། དགེ་རྒན་དང་སློབ་མའི་བར་བཅས་སུའང་གོ་བརྡ་མ་འཕྲོད་པའི་དཀའ་ངལ་མང་པོ་ཞིག་ལྷག་ཡོད་པར་གཞིགས་ཏེ། བོད་ཀྱི་སྤྱི་སྐད་མཐུན་ཚོགས་འདི་གསར་འཛུགས་བྱས་ཤིང་། མཐུན་ཚོགས་འདི་ལ་སློབ་གླིང་གི་འཛིན་སྐྱོང་དང་དགེ་ལས་སློབ་མ་ཡོངས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་ལ། མཐུན་ཚོགས་འདི་དང་བསྟུན་ཏེ་འབྱུང་འགྱུར་བོད་ཆོལ་ཁ་གསུམ་ནས་ཡོང་བའི་སློབ་གྲོགས་ཕན་ཚུན་བར་འབྲེལ་འདྲིས་སྟབས་བདེ་དང་། རིམ་གྱིས་བོད་དུ་སྤྱི་སྐད་ཅིག་ཆགས་ཐུབ་པར་སྟ་གོན་བྱས་པ་ཡིན་སྐོར་སོགས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༢ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 19

  1. ཨ་འཕྲིན། says:
    ལོ་ 16 སྔོན།

    བོད་ལ་སྤྱི་སྐད་དགོས་དོན་ཡོད་པ་མ་རེད། སྔོན་ཆོས་རྒྱལ་རྣམས་དང་ཕྱིས་ཀྱི་མཁས་གྲུབ་དག་གི་སྐབས་སུ་ཡང་སྤྱི་ལ་འཁོར་བའི་སྐད་ཅིག་མེད་པ་ད་ལྟའི་གནས་བབ་འདིས་གསལ་བཤད་བྱས་ཡོད་ཚོད་རེད། རང་རང་གི་སྐད་ཀྱི་ཁྱད་ཆོས་བཟུང་ནས་སོང་ན་དེ་གས་དགེ་མཚན་ཆེན་པོ་ཞིག་གྲུབ་པ་མ་རེད་དམ། དོན་མེད་དཀའ་ལས་དགུ་བརྩེགས།

    Reply
  2. ནེ་ཤོད་གྲུ་ཁ། says:
    ལོ་ 16 སྔོན།

    གང་ལྟར་བོད་ཀྱི་སྤྱི་སྐད་མཐུན་ཚོགས་ཤིག་གསར་འཛུགས་གནང་བར་རྒྱབ་སྐྱོར་དང་སྙིང་ནས་ཐུགས་རྗེ་ཆེ་ཞུ་འོས།
    མ་ཚད་གཞིས་བཞུགས་ཀྱི་སྤུན་ཟླ་རྣམས་ཀྱི་སེམས་ཤུགས་དང་སྙིང་སྟོབས་ལ་ཡི་རང་དང་བསྔགས་བརྗོད་ཡོད།

    Reply
  3. མྱི་ལྟིག says:
    ལོ་ 16 སྔོན།

    ཡག་པོ་རེད་དངོས་གནས་ཡག་པོ་རེད
    འདི་ཕྱོགས་ནས་ཡང་ང་ཚོར་འདི་ལྟ་བུའི་སེམས་ཤུགས་རེ་ཡོད་ན་ཅི་མ་རུང་།
    གང་ལྟར་ཁོ་ཚོས་ང་ཚོ་ངོ་ཚ་དགོས་པའི་གནས་སུ་བསྐྱལ་ཐལ

    Reply
  4. ཞག་སྒྲོན། says:
    ལོ་ 16 སྔོན།

    རེད་ཡ། ངས་བསམ་ན་ཨ་མདོ་བས་ཁམས་དང་དབུས་བའི་སྐད་ལ་སྦྱང་བ་དང་དེ་བཞིན་དུ་ཆོལ་ཁ་གཞན་གཉིས་ཀྱིས་ཡང་སྦྱང་ན་ད་བཟོད་ངེད་ཅག་གིས་དུང་ལྷང་ལྷང་གི་སྤྱི་སྐད་ཞིག་ལ་ངལ་བ་བརྟེན་མི་དགོས་སྙམ། བརྡ་སྤྲོད་གཞུང་ལུགས་ཀྱི་ཐད་ནས་ཆོལ་གསུམ་གཅིག་གྱུར་ཡིན་པས་ཕན་ཚུན་གྱི་སྐད་སྦྱང་བ་དེ་ཙམ་གྱི་དཀའ་ངལ་མེད་སྙམ། ངར་མཚོན་ན་ཡང་ཆོལ་གསུམ་གྱི་མི་སུ་འདྲ་ཞིག་སྐད་ཆ་བཤད་དགོས་ན་དཀའ་ངལ་དེ་ཙམ་མེད་པས་ད་ཡོད་ཀྱི་ཆོལ་གསུམ་ཁ་སྐད་ལ་སྦྱང་བ་ལས་སྤྱི་སྐད་རང་མཚན་པ་ཞིག་ལ་ངལ་བརྟེན་པ་ལ་དགོས་སྐྱོན་ལས་སྐྱོན་མང་བས་སོ། གལ་ཏེ། དེ་འདྲའི་སྐད་བྱུང་བའི་དབང་དུ་བཏང་ན་ཡང་ཆོལ་གསུམ་སྤྱི་ལ་ཁྱབ་ལ་ཇི་ལྟར་བྱེད་རྒྱུ་ཡིན་ནམ་ད་དུང་དེ་འདྲའི་རིགས་ཀྱི་དྲི་བ་མང་པོས་ངེད་ཅག་སྒུག་ནས་བཞུགས་ཡོད་པས་ཁྱོད་ཚོས་དེ་རིགས་བསམ་བློ་བཏང་མྱོང་ངམ།

    Reply
  5. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 16 སྔོན།

    བསྟོད་བསྔགས་ཡོད། ལས་དོན་འདི་འདྲའི་རིགས་དེ་གེགས་མེད་བདེ་ལགས་འགྲུབས་པའི་སྨོན་ལམ་ཡོད། སྤྱི་སྐད་གཅིག་འགྱུར་ཞིག་གཏན་ལ་ཕེབས་པ་ལ་ཐོག་མ་ཅ་དངོས་རྣམས་ཀྱི་ཐ་སྙད་གཅིག་བསྒྱུར་ཞིག་གཏན་ལ་ཕེབས་དགོས་པ་དེ་གལ་ཆེན་པོ་ཡིན།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་རིགས་སྤྱི་སྐད་ཀྱི་གོ་དོན་ནི། བོད་ཀྱི་ཁ་སྐད་ཡིན་ལ་གནས་ཚད་མཐོ་ཤོས་ཞིག་ལ་འཇོག་དགོས། དཔེར་ན། ལྷ་སའི་སྐད་རྙིང་ནང་གི ཡོག་རེད། དང་། ཡིན་ནའང་ལ་ཡིན་ནའི་སོགས་ཀྱི་མ་དག་རྒྱུན་འཇགས་གཙང་སེལ་སྟེང་། དེང་གི་རྡ་སའི་སྐད་ནང་། བྱ་ཚིག བྱེད་དང་བྱེད་གནང་། གཏོང་དང་གཏོང་གནང་། བརྒྱབ་དང་བརྒྱབ་གནང་ཙམ་ལ་མགོ་མ་འཁོར་བར། བོད་སྐད་ནང་གི་བྱ་ཚིག་ཁྱད་པར་བ་ཁ་ཤས་ཡོད་པ་རྣམས་གསར་བསྣན་གྱིས་ཀུན་གྱིས་ཞལ་ནས་ཐོན་ཐབས་མཛད་གལ་ཆེ་བ་མི་འདུག་གམ།

    Reply
  7. འ་རོགས says:
    ལོ་ 16 སྔོན།

    ཚོགས་པ་འདི་དངོས་གནས་ཡག་པོ་འདུག། དེང་སངརེས་གཟའ་ལྷ་པ་དང་པ་སངས་ཀྱི་བོད་ཀྱི་གསར་འགྱུར་བལྟ་དུས་གོ་་བརྡ་མི་འཕྲོད་པའི་དཀའ་ངལ་མི་ཆུང་བ་ཞིག་ཡོད་པ་དེ་ཡང་མི་རིགས་སྤྱི་ལ་དབང་བའི་སྐད་ཅིག་མེད་པའི་ཞན་ཆ་ཞིག་ཡིན་འདུག་པས་ངེས་པར་དུ་གཅིག་ཅར་གྱི་སྤྱི་སྐད་ཅིག་དགོས།

    Reply
  8. རིགས་བཟང་། says:
    ལོ་ 16 སྔོན།

    བོད་མི་ཚོའི་ཡིག་རྨོངས་བརྒྱ་ཆའི་བདུན་ཅུ་ཡན་སེལ་མ་ཐུབ་ཚེ་སྤྱི་སྐད་ཡོང་མི་ཐུབ། ཕན་ཚུན་སྐད་བརྡ་སྤྲོད་ཐུབ་པ་ཙམ་གྱིས་སྤྱི་སྐད་ཡོང་ཐུབ་བྲལ། ༸རྒྱལ་བསྟན་གཞིར་བཞག་ཐོག་སྤྱི་སྐད་ལ་གླེང་མོལ་བྱས་ན་ཅུང་ལེགས་པར་སེམས།
    ལམ་གཞན་ཞིག་ཡོད་པ་ནི་རྒྱ་ནག་དང་རྒྱ་གར། དབྱིན་སྐད་། བོད་སྐད་སོགས་འདྲེས་མིའི་སྐད་བེད་སྤྱོད་གཏོང་མཁན་གྱི་འཇུ་ཆེན་དང་བློ་བཟང་སེང་གེ ད་དུང་ཁོང་ཚོའི་རྗེས་འབྲངས་བ་མི་རབས་གསར་བ་ཚོའི་ལམ་ཁ་དེ་ཡག་ཤོས་རེད།

    Reply
  9. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    སྐད་གཅིག་གྱུར་ཡོང་བ་ལ་སོ་སོའི་ལྟ་བ་རེ་འཛིན་ནས་མ་སྡོད་པར་མི་མང་ཕན་ཚུན་འབྲེལ་བ་མང་ཙམ་བྱས་ན་་དཀའ་ངལ་ཡོང་གི་མ་རེད།གང་ལ་ཞེ་ན་མི་ང་བོད་ཆོལ་གསུམ་གྱི་མི་དང་འབྲེལ་བ་ཆེ་པོ་ཡོད་པའི་སྐད་ལ་དཀའ་ངལ་གང་ཡང་མི་འདུག།
    མི་མང་པོ་ཞིག་ལ་དཀའ་ངལ་ཡོང་ས་གཙོ་བོ་དེ་མདོ་ཁམས་པ་དང་དབུས་པའི་བར་རེད།དེ་ཡི་དཀའ་ངལ་སེལ་ཐབས་ནི་མི་དང་མི་ཡི་བར་ལ་འབྲེལ་བ་བྱ་རྒྱུ་དང་དེང་དུས་བོད་ཆོལ་གསུམ་གྱི་སྐད་ཀྱི་ཐོག་བརྙན་འཕྲིན་མང་པོ་ལྟ་རྒྱུ་ཡོད་པའི་སོ་སོས་ལྟ་བ་རྭ་ཅོ་ལྟ་བུ་ཞིག་བཟུང་ནས་མ་བསྡད་པར་མི་ཤེས་པའི་སྐད་དེ་ལ་དོ་སྣང་བཟོས་ན་དཀའ་ངལ་དེ་སེལ་མི་ཐུབ་པ་གང་ཡང་མེད།
    ཁྱེད་རང་ཚོས་ལས་འགུལ་དེ་ཡག་པོ་རེད་ཀྱང་སྐད་བརྡ་གོ་དགོས་ན་མི་སྒེར་སོ་སོས་དོ་སྣང་བཟོ་དགོས་པ་ཞིག་རེད་མ་གཏོགས།ཚོགས་པ་ཞིག་འཛུགས་ནས་ལས་འགུལ་སྤེལ་ས་སླེབས་དུས་ང་ཚོའི་སྐད་དེར་རྔ་མ་ལ་འཛིན་ནས་སྡོད་ཡོད་ཟེར་བ་དང་གཅིག་པ་མ་རེད་དམ།བོད་གཅིག་གྱུར་སྐད་ཟེར་བ་དེ་ཕར་ཙམ་བཞག་ཞོག་དེ་ལས་བཙན་བྱོལ་བོད་མི་མང་པོས་བོད་སྐད་ཡག་པོ་ཤེས་ཀྱི་མེད་ལ་ཤེས་པ་དེ་ཡང་གཙང་མ་དང་ཕྱུགས་པོ་ཞིག་མི་འདུག་པས།དེར་ཡར་རྒྱས་རེ་གཏང་ཐུབ་ན་ངས་སེམས་གཏིང་ནས་ཐུགས་ཆེ་ཞུ་རྒྱུ་ཡིན།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་ཀྱི་སྤྱི་སྐད་འདི་ཐུ་མིའི་སུམ་རྟགས་ནང་གི་རྣམ་དབྱེ་བདུན་དང་གང་མཐུན་མཐུན་བྱེད་གལ་ཆེ་བ་འདུག

    Reply
  11. རྡོ་རྗེ་གྲོ་ལོད། says:
    ལོ་ 16 སྔོན།

    ལོ་འགས་ནང་ཚུད་ལ་བཞེས་བཞུགས་བོད་རིགས་སྤུན་ཟླ་ཁྱོན་ཡོངས་ཀྱིས་ལྷག་འགན་མཉམ་བཞེས་ཀྱིས་བོད་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་གོང་སྤེལ་དང་གཅིག་འགྱུར་ཡོངས་བ་ལ་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་པས་ན་དེ་ལ་ཁ་ཁོག་གཉིས་ནས་བཀའ་དྲིན་ཆེ་ཞུ་ཞུ།།

    Reply
  12. ཨ་གཙང་གནས་རྒྱམ། says:
    ལོ་ 16 སྔོན།

    འོ་གླག་རྒོད་འདི་ཚོས་ཚོད་ཏག་ཏག་འདུག་ག དེ་ནི་སེམས་དགའ་འོས་པ་ཞིག་རེད། རྒྱལ་བའི་ཐུགས་ལ་མཆོད་པ་ཟེར་ན་འདི་ཡིན་རྒྱུ་རེད།

    Reply
  13. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་དེབ་ཐེར་དཀར་པོ་ལས།

    དེ་མིན་དེང་སང་མཐར་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་ལ་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེབས་བམ་སྡེབ་པ་འདིའི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྤྱི་སྐད་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རྒྱལ་ཁབ་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས་ཞེས་ལུང་བསྟན་སྔོན་ནས་བརྒྱབས་ཡོད་ཀྱང་།
    བཟང་ངན་དབྱེ་བ་མ་ཤེས། དཀར་ནག་མིག་གིས་མ་མཐོང་བ་མ་ཟད་མཁས་དབང་ཁོང་ཉེས་མེད་བཙོན་བཅུག་བྱས་མྱོང་ཡོད་པ་འདིར་བསམ་བློ་འཁོར་དུས་བཟོད་ཐབས་མེད་པའི་སྡུག་བསྔལ་རེ་དང་ཁོང་ཁྲོ་རེ་སྐྱེས་ཡོང་བ་ནི་ང་ཅོ་རིའི་སྒེར་སྡུག་ཤིག་ཡིན་ས་རེད།

    Reply
  14. བཀྲ་ཤིས། says:
    ལོ་ 16 སྔོན།

    དྲ་བདག་ལགས།་ངའི་མཆན་བུ་ངེས་པར་དུ་གཏོང་རོགས།

    Reply
  15. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 16 སྔོན།

    གནད་དོན་འདིའི་ཐད་དུ་ཁོ་བོས་རིག་པའི་གཞུང་ལུགས་ཤིག་བརྩམས་ཡོད་སྟབས་ཞབས་འདེགས་ཆེ་ཤོས་དེ་ངས་འབུལ་ཐུབ་དགོས་ཚོད་ཡིན་ཡང་། ཁོ་བོ་མཁོས་འབྱོར་ཞན་པའི་དབང་གིས་ལོ་བཞི་ལྔ་ཞིག་ཚུན་ཆད་ནས་བསྟན་བཅོས་དེ་འོད་སྡེར་གྱི་ནང་དུ་བཟིམ་ནས་བཞུགས་པ་ལས་ཕྱིར་འདོན་མ་ཐུབ་པར་ལུས་ཡོད་དོ།

    Reply
  16. བཀྲ་ཤིས། says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས་ཡོད། རྗེས་སུ་ཡི་རིང་ཡོད། ངའི་ཡུན་རིང་པོའི་བར་རེ་སྒུགས་བྱས་པའི་དམིགས་འདུན་གཅིག་པུ་དེ་བོད་པའི་སྐད་ཡིག་གཅིག་གྱུར་བྱེད་ཀྱི་དེ་ཡིན། དངོས་གནས་བྱ་བ་འདི་ལ་རྒྱབ་སྐྱོར་ཡོད། ལྷག་དོན་མདོ་སྨད་ནས་ལས་འགུལ་འདི་འདྲ་བརྩམས་གནང་མཛད་པ་དེ་ཡག་རྟགས་ཞེ་དྲག་རེད། དེང་སང་ཨ་མདོའི་རྩོམ་པ་པོ་གང་ཞིག་གིས། རྟག་པར་སོ་སོའི་ཡུལ་སྐད་དང་། ལུང་ཚན་གྱི་སྐད་བེད་སྤྱོད་བྱས་ཏེ་རྩོམ་གང་མང་སྦེལ་བར་བརྟེན། བོད་པའི་སྤྱི་སྐད་འཕྲོ་བརླག་གཏོང་རྒྱུའི་ཉེན་ཁ་ཞིག་ཏུ་གཐོང་གི་ཡོད། བྱེས་སུ་འབྱོར་བའི་ཨ་མདོའི་རྩོམ་པ་པོ་སྨྱུག་ཐོག་རྣམ་པས་ཀྱང་བོད་ཀྱི་སྤྱི་སྐད་མཐུན་ཚོགས་ཀྱི་རྗེས་སུ་སློབ་སྟེ་བོད་སྤྱི་པའི་སྐད་ཡིག་སྲུ་སྐྱོབ་གནང་རོགས། ཞེས་རེ་སྐུ་ལན་བརྒྱར་ཞུ་བ་ཡིན།
    བཀའ་བློན་ཁྲི་ཟུར་སྐུ་ངོ་འཇུ་ཆེན་ཐུབ་བསྟན་གྱིས་བོད་ནང་གི་ཨ་མདོ་དེ་ཚོ་ཧ་ལས་པའི་ཡག་པོ་འདུག རྒྱ་གར་གྱི་ཨ་མདོ་འདི་ཚོ་ཁེ་མཚར་ཞིག་འདུག ཅེས་གསུངས་མྱོང་ཡོད་པ་བཞིན་དགོས་གནས་རེད།

    Reply
  17. རིག་པའི་རལ་གྲི། says:
    ལོ་ 16 སྔོན།

    ངས་ལྷག་བསམ་དང་ཤེས་ཡོན་གྱི་ཕྱུག་པའི་གཞི་ལུས་བོད་ཀྱི་སློབ་ཆེན་དེ་རྣམས་ལ་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ་དང་། ངས་ལྟ་བ་དང་ལང་ཕྱོགས། མ་འོང་པའི་བོད་ཀྱི་འཐུན་འབྲེལ་བྱེད་ཕྱོགས་སྐོར་འདི་དང་འདི་འདྲ་བ་ལ་ཞབས་འདེགས་གང་ཐུབ་ཞུ་ངེས་ཡིན།

    Reply
  18. རས་པ། says:
    ལོ་ 16 སྔོན།

    འདི་འདྲ་བའི་ལས་འགུལ་ཞིག་སློབ་གླིང་འདིར་དེ་སྔ་ཕྱི་ལོ་༢༠༠༤ལོ་ནས་ཡོད། དེ་དུས་གཟའ་པ་སངས་ཉིན་འཛིན་གྲྭ་རེའམ་སློབ་མ་ཚོས་རེས་མོས་ཀྱིས་གོ་སྒྲིག་བྱེད་བཞིན་ཡོད། དེ་ཡང་འཛིན་ཁང་སྒོ་ཁར་ཤོག་བུ་བཀྲམ་པར་ཡོང་གི་ཡོད།

    Reply
  19. མཁས་མཁས། says:
    ལོ་ 16 སྔོན།

    གཅིག་འགྱུར་གྱི་སྤྱི་སྐད་ཡོང་མིན་ནི་ནང་ཕན་ཚུན་འབྲེལ་འདྲུས་མང་ཙམ་བྱེད་རྒྱུ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese