མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་གི་བརྡ་དག་རོལ་རྩེད།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་དྲ་ཚིགས་ཁག་ཅིག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་བོད་ནང་གི་བོད་མི་རྫོང་ཁ་ཡོན་ཏན་དོན་གྲུབ་ཟེར་བ་ཞིག་གིས་བོད་ཡིག་གི་དབྱངས་གསལ་ལས་གྲུབ་ཅིང་། བོད་ཡིག་གི་བརྡ་སྤྲོད་སློབ་སྦྱོང་ལ་ཕན་པའི་རོལ་རྩེད་རྣམ་པ་ཅན་གྱི་བོད་ཡིག་གི་ཤོག་ཤོ་བརྡ་དག་གི་དཔར་གཞི་ཞིག་བསྒྲིགས་ཡོད་འདུག་ལ། མི་རིང་བར་བོད་པའི་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་བྱ་འཆར་ཡོད་འདུག

ཁོང་གིས་གསར་གཏོད་བྱས་པའི་ཤོག་ཤོ་རོལ་རྩེད་དེའི་ནང་། བོད་ཀྱི་ཡི་གེའི་སྲོག་དང་རྐྱེན། ཕ། མ། བུ་ཚའི་ཡི་གེ་ཞེས་སྡེ་ཚན་ལྔར་བསྡུས་ཡོད་ཅིང་། རོལ་རྩེད་འདིའི་དགོས་དབང་དང་བསྟུན་ཏེ་སྲོག་ཡིག་ལྔའི་ཚེག་དང་། རྐྱེན་གྱི་ཡི་གེ་དབུ་ཁྱུད། ཕུར་ཤད། སྦྲུལ་ཤད། རིན་ཆེན་སྤུངས་ཤད་བཅས་བསྡུས་མེད་ཀྱང་། དེ་མིན་གྱི་གསལ་བྱེད་སུམ་ཅུ། སྔོན་རྗེས་བཅོ་ལྔ། ཡང་འཇུག་གཉིས། གུག་ཀྱེད་བརྩེགས་འདོགས་ཀྱི་ཡི་གེ་བཅུ་གཅིག་བཅས་ཁྱོན་ཡི་གེ་ང་བརྒྱད་ཆ་ཚང་བ་བཀོད་ཡོད་པར་མ་ཟད། རྩེད་མོ་འདི་ཕོ་ཡིག་དང་མ་ནིང་གི་ཡི་གེ མོ་ཡིག ཤིན་ཏུ་མོའི་ཡི་གེ་བཅས་ཚན་པ་བཞིར་དབྱེ་སྟེ། དེ་དག་སོ་སོར་ཁ་དོག་མི་འདྲ་བ་བཞིས་མཚོན་པར་བྱས་ཡོད་འདུག་ལ། འཛམ་གླིང་ནང་རྒྱ་ཁྱབ་ཏུ་སྤྱོད་བཞིན་པའི་ཤོག་ཤོ་དང་གཅིག་མཚུངས་ཀྱི་རྩེ་སྟངས་ཐད་ཁག་གསུམ་ཙམ་ལས་གཞན་རྩེ་སྟངས་འདྲ་མིན་སྣ་ཚོགས་ཀྱི་ལམ་ནས་རྩེ་ཆོག་གི་ཡོད་འདུག

ཤོག་ཤོ་རོལ་རྩེད་འདི་གསར་གཏོད་ཀྱི་དམིགས་ཡུལ་གཙོ་བོ། བོད་ཡིག་འདི་ཉིད་འཛམ་གླིང་གི་སྔོན་ཐོན་འཕྲུལ་རིག་གི་སྟེང་དུ་གོམ་པ་སྤོས་ཏེ་བཀོལ་སྤྱོད་ཀྱི་ནུས་པ་ཆེ་རུ་འགྲོ་བཞིན་ཡོད་ཀྱང་། ད་དུང་རྩེད་རིགས་སོགས་ཀྱི་སྟེང་དུ་བོད་ཡིག་རྒྱུགས་ཆེ་བར་གཏོང་བ་དང་བཀོད་སྤྱོད་ཁྱབ་རྒྱ་ཆེ་རུ་གཏོང་ཆེད་ཡིན་འདུག་ལ། མི་རིང་བར་བོད་ཡིག་གི་ཤོག་ཤོ་བརྡ་དག་རོལ་རྩེད་དེ་སྤྱི་ཚོགས་ནང་པར་འགྲེམས་བྱ་རྒྱུ་ཡིན་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༢༢ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 10

  1. དཀྱིལ་བཀྲ་འཇམ་རྒྱན། says:
    ལོ་ 2 སྔོན།

    སྐད་ཡིག་སྦྱོང་ཐབས་གསར་གཏོད་བྱས་པ་སྙིང་ནས་བཀའ་དྲིན་ཆེ་ཞུ། ཡི་རངས་ཞུ། དེའི་རིགས་མང་ཙམ་བྱུང་ན་ལེགས། དེང་རབས་དང་མཐུན་པའི་འཕྲུལ་རིགས་དང་རོལ་རྩེད་ཡོད་ན་བྱིས་པ་ཆུང་ཆུང་རྣམས་ལ་དགེ་མཚན་ཤིན་ཏུ་ཆེ་སྙམ། རང་གི་སྐད་ཡིག་རིན་ཅན་བཀོལ་སྤྱོད་གང་མང་གནང་རོགས།

    Reply
  2. སྐར་མདའ། says:
    ལོ་ 15 སྔོན།

    བོད་ཀྱི་བླ་སྲོག་འཛིན་མཁན་ཡོད་ན་མེད་ན་བོད་ནང་ན་གནས་ཡོད་པའི་བོད་རིགས་དེ་ཚོ་རང་རེད་འདུག ངོ་མ་ད་རེའི་བོད་ཡིག་གི་བརྡ་དག་རོལ་རྩེད་ཅེས་པའི་ཤོག་ཤོ་འདི་བསམ་ན་སེམས་ནས་བཟོད་མ་ཐུབ་པའི་ཚོར་བ་ཞིག་དེད་འོང་འདུག

    Reply
  3. དགེའོ says:
    ལོ་ 15 སྔོན།

    བློ་མཐུན་དོན་འགྲུབ་ལགས་ལ་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ།
    ཁོང་གིས་བཟོ་བསྐྲུན་གནང་བའི་རྩེད་ཆས་ནི་དུས་དང་འཚམས་པ་ཞིག་ཡིན་འདུག་པས་མ་འོངས་པའང་ཡར་རྒྱས་དང་མུ་མཐུད་ནས་གནང་ཐུབ་ན་ལེགས།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    ཤི་རེ་གོ་ངའི་ལག་ཏུ་གཅིག་འབྱོར་ན།

    Reply
  5. ཤག་སྒང་པ། says:
    ལོ་ 15 སྔོན།

    གསར་བཏོད་ཀྱི་བྱ་བ་འདིར་བཀའ་དྲིན་ཤིན་ཏུ་ནས་ཆེ་ཞུ་སྤྲོ། པོད་ནི་བོད་ཡིག་དར་སའི་བསྟི་གནས་ངོ་མ་དེ་ཡིན་སྟབས་གསར་སྤེལ་གྱི་བྱ་བ་འདི་རིགས་གང་མང་གང་མགྱོགས་དགོས་གལ་མཐོང་། གནས་ཚུལ་སྤེལ་སྟངས་ཀྱི་གཤིས་ལ་བལྟས་ཚེ། ཤོག་ཤོ་འདི་ཆ་ལག་ཚང་ཞིང་བོད་ཀྱི་དབྱངས་གསལ་ཀུན་གྱི་འགྲོ་སྟངས་ཤིག་ཚང་ནས་ཡོད་བཟོ་མི་འདུག་པས་གང་ཟབ་སྤུས་དག་དགོས་པ་གལ་ཆེན་ཡིན། རྒྱུ་མཚན་ནི་ཐེངས་གཅིག་སློབ་ཕྲུག་གི་སྣང་བར་འཇགས་པ་དེ་ཡང་བསྐྱར་བཟོ་བཅོས་བྱེད་པའི་གོ་སྐབས་ཕྲ།

    Reply
  6. ལུང་རྟོགས། says:
    ལོ་ 15 སྔོན།

    བརྩན་བྱོལ་གྱི་བོད་མི་ཚོ་ནི་ཕྱི་རྒྱལ་ལ་འགྲོ་རྒྱུའི་ཚང་ཁ་དང་། ཕྱི་རྒྱལ་གྱི་མི་སེར་བྱེད་རྒྱུའི་བསམ་བློ་ལས་གཞན་མེད། བོད་ནང་གི་བོད་མི་ཚོས་བོད་ཀྱི་རིགས་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་དང་། བོད་ལ་རང་དབང་ཐོབ་རྒྱུའི་བསམ་བློ་ལས་གཞན་མེད། བསམ་བློ་འདི་གཉིས་ཀྱི་ཁྱད་པར་ལ་གཅིག་བསྟོས་དང་།

    Reply
  7. སེམས་པ་གཉོམ་པོ། says:
    ལོ་ 15 སྔོན།

    བོད་ནང་གི་བོད་མི་ཚོའི་སེམས་ཤུགས་དང་ལྷག་བསམ་ལ་ཡི་རངས་ཤོར།

    བཙན་བྱོལ་ནང་དུ་ཆོལ་ཁ་སོ་སོས་རང་གི་ཆོལ་ཁ་རྒྱལ་ཐབས་དང་དར་སྤེལ་གཏོང་བའི་ཞོར་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཆོལ་ཁ་གཞན་གྱི་མགོ་བོ་རྡོག་པས་གནོན་ཅི་ཐུབ་བྱེད་པའི་བྱེད་སྟངས་ལ་ཡི་མུག་ཤོར།

    Reply
  8. རིགས་བཟང་། says:
    ལོ་ 15 སྔོན།

    ཡོན་ཏན་དོན་འགྲུབ་མཆོག་ལ་གུས་པས་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། རང་དབང་ལུང་པར་བསྡད་ཡོད་པའི་བོད་མི་དག་གིས་མི་ཚོང་རྒྱག་པ་ལས་གཞན་གཅིག་ཀྱང་འཇོན་གྱི་མི་འདུག

    Reply
  9. འཁེར་སྐྱ། says:
    ལོ་ 15 སྔོན།

    བོད་ནང་ན་བོད་ཡིག་དང་བོད་སྐད་ལ་ཐབས་ཤེས་འདྲ་མིན་ཐོག་ནས་ཤིག་རྒྱག་གི་འདུག་་་རྗེས་སུ་ཡུ་རིང་ཡོད་་་བཙན་བྱོལ་ནང་ན་་་་་་་་་་

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་ཡིག་དང་། བོད་སྐད་སྐྱོབ་ཐབས་བཟང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese