མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་པཎ་རྗེས་སུ་དྲན་པ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་ཕྱི་ཚེས་ ༢༠ ཉིན་ཧི་མ་ཅཱལ་མངའ་ཁུལ་སྤོན་ཊ་ས་སྐྱ་བོད་མིའི་གཞིས་ཆགས་ཀྱི་༼ ས་སྐྱ་མ་དགོན་བཤད་གྲྭ་ཐུབ་བསྟན་རྣམ་རྒྱལ་གླིང་ ༽ དུ། མཚན་སྙན་སྲིད་པ་གསུམ་ན་གྲགས་ཆེ་པའི་བོད་སྔ་རབས་པའི་མཁས་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་སྟེ། ལོ་ཡི་བགྲང་བྱ་ཧྲིལ་བོ་ ༧༦༠ ཙམ་འཁོར་བའི་བཀའ་དྲིན་རྗེས་སུ་དྲན་པའི་བྱེད་སྒོ་ཞིག་སྤེལ་ཡོད་འདུག

ཉིན་དེའི་སྔ་དྲོར་བཤད་གྲྭའི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག འཇམ་དབྱངས་བླ་མ་མཆོད་པའི་ཆོ་ག་ཚོགས་ཤིང་འཛིན་གྲྭ་གོང་འོག་གི་སློབ་མ་རྣམས་ཀྱིས་ས་པཎ་མཆོག་གི་མཛད་རྣམ་བགྲོ་གླེང་དང་། སོག་ཡུལ་ནས་ཕེབས་པའི་སློབ་གཉེར་བ་ཞིག་གིས་པཎྜི་ཏ་མཆོག་ནས་ཆེན་པོ་ཧོར་གྱི་ཡུལ་དུ་རླབས་ཆེན་གྱི་མཛད་པ་འཕྲིན་ལས་ཇི་ལྟར་བསྐྱངས་པའི་ཚུལ་ངོ་སྤྲོད་གནང་ཞིང་། དེ་དང་མཉམ་དུ་སློབ་གཉེར་བ་རྣམས་ཀྱིས་ས་པཎ་གྱིས་མཛད་པའི་༼ ཚད་མ་རིགས་གཏེར ༽ དམ་འཇོག་གི་རྩོད་འགྲན་གནང་ཡོད་འདུག

ཉིན་དེའི་ཕྱི་དྲོར་དགོན་པའི་ཁོར་ཡུག་ཀུན་དུ་སྣང་གསལ་མར་མེ་དང་གདུག་སྤོས་མེ་ཏོག དཀར་དམར་གློག་སྒྲོན་སོགས་མཆོད་པ་རྒྱ་ཆེན་པོ་དང་ལྷན་དུ་དགེ་འདུན་པ་རྣམས་ཀྱིས་པཎ་ཆེན་གྱི་བསྟོད་པ་ཤེས་བྱ་མ་དང་ཆོས་རྒྱལ་མ་གཉིས་འུར་འདོན་གནང་བ་དང་སྦྲགས་དམ་བཅའ་ཆེན་པོ་དབུ་འཛུགས་གནང་ཡོད་འདུག དུས་དྲན་དེ་ཁ་སང་དེ་རིང་ཉིན་གཉིས་རིང་སྲུང་གཙི་བྱས་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༧ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༩ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 13

  1. བཙན་པོའི་ཕོ་ཉ། says:
    ལོ་ 16 སྔོན།

    ལྔ་ཟུང་རིག་གནས་སྦྱོང་བ་ཅུང་ཟད་ཙམ་གྱིས་མངའ་བརྙེས་ཤིང་།།
    རིགས་པའི་ཞལ་ལྕེ་འདར་ཙམ་བྱས་པས་མཁས་ཀུན་ཞུམ་པར་བྱེད།།
    ཕྱག་ཟུང་སྨྱུ་གུ་འཁྱུག་ཙམ་གསུང་རབ་རི་བོའི་གཏོས་ལ་མཉམ།།
    གངས་ཅན་ལྗོངས་སུ་གཉིས་མེད་ས་སྐྱའི་མགོན་ཉིད་ཡང་ཡང་འདུད།།

    Reply
  2. སྤང་མདའ་སྟོབས་རྒྱས། says:
    ལོ་ 16 སྔོན།

    ས་སྟེང་འདི་ན་ས་སྐྱ་པཎ་ཆེན་གྲགས་ཤིག་པའི་ཚིག་དུམ་འདིར་བསམ་དུས་བོད་གངས་ཅན་གྱི་ལྗོངས་སུ་རྣམ་དཔྱོད་ཆེ་བ་ཁོང་ལས་ལྷག་པ་ཞིག་མེད་པ་ལྟ་བུ་མངོན།

    Reply
  3. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    དེ་འདྲའི་རྗེས་དྲན་མཛད་སྒོ་དེ་བྱེ་བྲག་ས་སྐྱ་པ་གཅིག་པུ་མ་ཡིན་པར་བོད་མི་ཡོངས་ནས་སྲུངས་རྩི་བྱེད་དགོས་ངེས་ཞིག་རེད། གང་ཡིན་ཟེར་ན་བོད་རང་ལ་ཆོས་དང་སྲིད་གཉིས་ཀྱི་ཐད་ནས་དཀའ་དྲིན་ཆེན་པོ་ཡིན་ལ་ཕྱི་ཕྱོགས་སུ་ངོམ་རྒྱུ་ཡོད་པ་ཞིག་ཀྱང་ཡིན་

    Reply
  4. མཚོ་པདྨ། says:
    ལོ་ 16 སྔོན།

    རྗེ་བཙུན་འཇམ་དཔལ་དབྱངས་དང་གཉིས་སུ་མ་མཆིས་པའི་བླ་མ་དམ་པ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་སྒོ་གསུམ་གུས་པའི་ཕྱག་འཚལ་ཞིང་སྐྱབས་སུ་མཆིས་སོ།།
    ས་པཎ་གྱི་འདས་མཆོད་སྲུང་བརྩི་ཞུ་བ་ནི་ས་སྐྱ་མ་དགོན་ཙམ་མ་ཟད་བོད་ཕྱི་ནང་དུ་ཆགས་པའི་ས་སྐྱ་པའི་བཤད་གྲུབ་མགོན་པ་མཐོ་སློབ་ལྷ་ཁང་གང་སར་བཀའ་དྲིན་རྗེས་དྲན་གྱི་བྱ་གཞག་ཟབ་རྒྱས་ཞུས་ཡོད་པ་གདོན་མི་ཟ། རྗེས་སུ་ཡི་རངས་ཞུ།

    Reply
  5. Tenzing dorjee says:
    ལོ་ 16 སྔོན།

    ས་སྐྱ་པན་ཆེན་མཆོག་ལ་གུས་པའི་ཐལ་མོ་སྙིང་ཁར་སྦྱར་ཏེ་ཕྱག་གསུམ་འཚལ། གསར་འགྱུར་འདི་བཙན་བྱོལ་ནང་གི་གསར་ལམ་ཁག་གཞན་དུ་ཡང་སྤེལ་འདུག་ཀྱང་། བོད་ཀྱི་དུས་བབ་གསར་འགྱུར་འབྲི་ཐབས་ལ་འགྲན་ཟླ་མེད་འདུག ང་གི་གསར་འགྱུར་འདི་ལ་ཀློག་སྤྲོ་བ་དང་། ཁ་གསལ་བ་དོན་འདུ་བ་སོགས་ཀྱི་ཁྱད་ཡོན་འདུག

    Reply
  6. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    དུས་ཆེན་འདི་ལྟ་བུ་རིན་ཐང་ཅན་འདི་མ་དགོན་བཤད་གྲྭར་སྲུང་བརྩི་ཞུ་གནང་བར་སྙིང་ནས་དགའ་བསུ་ཞུ། མ་ཟད་འདི་གར་གསར་འགོད་པར་གནས་ཚུལ་འབུལ་ཐུབ་པ་དེ་ཡང་དགོས་ངེས་ཀྱི་གསར་འགྱུར་ཞིག་རེད་འདུག
    མུ་འཐུད་འདི་ལྟར་ཡོང་བའི་རེ་བ་ཡོད། གནས་ཚུལ་གཏང་མཁན་གྱི་མཚན་གསལ་པོ་ཡོད་ན་ད་དུང་དེ་ལས་ཡག་བ་མངོན།

    Reply
  7. དོན་འགྲུབ་ says:
    ལོ་ 16 སྔོན།

    ༄༅། གང་ཞིག་གུས་པ་ཆེན་པོས་ཉེར་བསྟེན་ན།
    གནས་སྐབས་མཐར་ཐུག་དགོས་འདོད་མ་ལུས་པ།
    འབད་རྩོལ་མེད་པར་མྱུར་དུ་སྩོལ་མཛད་པའི།
    ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས།
    གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ།
    གསོལ་བ་འདེབས་སོ་རྗེ་བཙུན་ས་སྐྱ་པ།།

    Reply
  8. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    ཁ་བ་གངས་ཅན་གྱི་ལྗོངས་འདིར་ཐོན་མི་གཉིས་པ་ལྟར་བཀའ་དྲིན་ལྷག་ཏུ་ཆེ་བའི་གནས་ལྔ་རིག་པའི་སློབ་དཔོན་ཆེ་མོ་བ་ས་པཎ་ཆེན་པོའི་བཀའ་དྲིན་ཏེ་གསོལ་འདེབས་སོགས་ཞུ་དགོས།

    Reply
  9. ཤག་སྒང་པ། says:
    ལོ་ 16 སྔོན།

    ས་སྟེང་འདི་རུ་ཆེས་སྙན་གྲགས་ཆེ་ཞིང་། ཁ་བ་ཅན་པར་ཧ་ཅང་བཀའ་དྲིན་ཆེ་བའི་མཁས་པའི་དཔང་པོ་ས་སྐྱ་པཎ་ཆེན་མཆོག་ལ་གུས་ཕྱག་འཚལ། རྗེས་བཞུགས་པ་རྣམས་ནས་ཁོང་གི་མཁས་པའི་གསུང་དང་། ཕྱག་རྗེས་རྣམས་མ་བརྗེད་པ་ཞིག་དགོས་གལ།

    Reply
  10. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་པ།།
    འགྲོ་ཀུན་དགེ་ལེགས་སྒྲུབ་པའི་ཐུགས་རྗེ་ཅན།།
    བསམ་ཡས་འཕྲིན་ལས་མཛད་པའི་སྟོབས་མངའ་བ།།
    འཇམ་མགོན་བླ་མའི་ཞབས་ལ་གསོལ་བ་འདེབས།།

    Reply
  11. ཤྰ་རིའི་བུ། says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས།
    ད་རིང་ས་སྐྱ་པའི་མ་དགོན་ཞིག་ནས་འདྲ་གོ་སྒྲིག་གནང་བ་ནི་དགའ་བ་ཆེ།
    ཆོས་རྗེ་ཁོང་མཛད་པ་ལ་ལྟོས་བོད་མི་ཡོངས་ནས་གནང་དགོས་པ་མཐོང་གི་འདུག

    Reply
  12. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    ས་སྐྱ་པན་ཆེན་བོད་ལ་བཀའ་དྲིན་ཆེ། བཀའ་དྲིན་སྙིང་ནས་དྲན་ཡོད་དྲིན་ཅན་རྗེ།

    Reply
  13. བསེ་རུ། says:
    ལོ་ 16 སྔོན།

    འཇམ་མགོན་ཙོང་ཁ་པ་ཆེན་པོས།

    རིག་གནས་རྒྱ་མཚོའི་ཕ་རོལ་སོན་གྱུར་པས། །
    གསུང་རབ་ནོར་བུའི་གླིང་ལ་མངའ་སྒྱུར་ཞིང་། །
    སྙན་གྲགས་ཀུན་གྱི་རྣ་བའི་རྒྱན་གྱུར་པས། །
    ངོ་མཚར་བསྔགས་པའི་གནས་གྱུར་ས་སྐྱ་པ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese