མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐ་སྙད་གསར་བའི་འགྲན་བསྡུར།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གངས་ལྗོངས་ཤེས་རིག་ཡར་སྐུལ་ཚོགས་པས་གོ་སྒྲིག་འོག ༼ མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་བོད་ཀྱི་ཐ་སྙད་གསར་བའི་འགྲན་བསྡུར ༽ ཞུ་བ་དེ་ཟི་ལིང་གྲོང་ཁྱེར་དུ་བསྡུས་ཡོད་འདུག་ལ། ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམས་པ་དང་སྐུ་མགྲོན་དུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་སངས་རྒྱས་དང་སྦྲང་ཆར་རྩོམ་སྒྲིག་ཁང་གི་ཟླ་བ་བློ་གྲོས། རྩོམ་པ་པོ་འཇུ་སྐལ་བཟང་ལགས་བཅས་གཙོས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་གཙོ་འཇིགས་མེད་རྒྱལ་མཚན་ལགས་བཅས་དང་།  གཞན། ཞིང་ཆེན་དང་ཁུལ་གཞན་གྱི་བོད་རིགས་མཁས་དབང་དང་བསམ་བློ་བ། དགོན་སྡེ་ཁག་ཅིག་གི་བླ་མ་དང་དགེ་བཤེས། དབུ་ཁྲིད་ལས་བྱེད། བོད་རང་འབྲོག་མང་ཚོགས་ཀྱི་འཐུས་ཚབ་མི་སྣ་བཅས་ཀྱང་མཉམ་ཞུགས་གནང་ཡོད་འདུག

 

ཐེངས་འདིའི་འགྲན་བསྡུར་དེ་འདི་ལོའི་ཟླ་ ༣ གྱི་སྔོན་ནས་བཟུང་གངས་ལྗོངས་ཤེས་རིག་ཡར་སྐུལ་ཚོགས་པས་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་སློབ་ཆེན་དང་སློབ་འབྲིང་བར་གྱི་སློབ་གྲྭ་ཁག་ལ་གསལ་བསྒྲགས་བཏང་སྟེ། བོད་ཆོལ་ཁ་གསུམ་གྱི་མཁས་དབང་དང་ལོ་ཙཱ་བ་མཉམ་རུབ་ཀྱིས་བསྡུ་སྒྲིག་བྱས་པའི་༼ རིས་འབྲེལ་མིང་མཛོད ༽ དང༌༼ རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད ༽ ནང་གི་ཐ་སྙད་དང་ཚིག་གྲུབ་ལ་རྐང་བཙུགས་ཏེ། ཕ་སྐད་འགྲན་བསྡུར་གྱི་བྱ་འགུལ་སྤེལ་ཡོད་འདུག་ལ། འགྲན་བསྡུར་རྒྱུགས་གཞི་ནི། དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་བརྙན་ཡོལ་ནས་འགྲན་ཞུགས་སློབ་མ་གསུམ་རེ་བདམས་ཏེ། ཡིག་འབྲི་གང་བབས་ལྟར་ཐ་སྙད་ངོས་འཛིན་ཐུབ་མིན་གྱི་བྱེད་ཐབས་དང་དྲི་བ་བཏང་ཡོད་ཅིང་།  དེ་བཞིན་མེ་ཏོག་འདབ་དྲུག་དང༌བཀྲ་ཤིས་རྟགས་བརྒྱད། གློག་འཕྲུལ་འཐེབ་གནོན་སོགས་སྔོན་མེད་གསར་གཏོད་ཀྱི་ཐ་སྙད་ལ་ཁ་གཏད་དེ། རྒྱུགས་ལེན་ནམ་འགྲན་བསྡུར་གྱི་བྱེད་ཐབས་འདྲ་མིན་གྱི་ལམ་ནས་དྲི་བ་བཏོན་མཐར། ཐེངས་འདིའི་ཕ་སྐད་ཐ་སྙད་འགྲན་བསྡུར་ཁྲོད་མགོ་ལོག་ཁུལ་བོད་ཡིག་སློབ་འབྲིང་གི་འཐུས་ཚབ་སློབ་མར་ཨང་དང་པོ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་དགེ་ཐོན་སློབ་འབྲིང་གི་འཐུས་ཚབ་སློབ་མར་ཨང་གཉིས་པ། མཚོ་ལྷོ་ཁུལ་གྱི་སློབ་མའི་འཐུས་ཚབ་སློབ་མར་ཨང་གསུམ་པ་བཅས་ཐོབ་འདུག་ལ། དཔའ་ལུང་བོད་ཡིག་སློབ་འབྲིང་ལ་རྟིང་སྐུལ་གྱི་བྱ་དགའ་ཡང་གནང་ཡོད་པ་རེད། 

 

ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་གཙོ་བོ། རྒྱ་ནག་རྒྱལ་ཡོངས་ཀྱི་གཏན་འབེབས་དང་མཐུན་པའི་འོག་ནས་མི་རིགས་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་གལ་གནད་དུ་བཟུང་སྟེ། འཛམ་གླིང་གི་ཐ་སྙད་གསར་བའི་འཕེལ་རྒྱས་རང་སྐད་དུ་ནང་འདྲེན་དང་བེད་སྤྱོད་བྱེད་ཐུབ་དགོས་པའི་སྐུལ་ལྕག་གཏོང་ཆེད་ཡིན་འདུག་ལ། ཐེངས་འདིར་གངས་ལྗོངས་ཤེས་རིག་ཡར་སྐུལ་ཚོགས་པས་མགོ་བོད་ཁུལ་གྱི་ས་གནས་ཁག་གི་མཁས་པ་དང་དབུ་ཁྲིད། རོང་འབྲོག་མང་ཚོགས་ཀྱི་སྐུ་ཚབ། མདོ་འཛིན་པ་དང་བརྙན་གཏོང་བ། གཞས་བ་གཞས་མ་བཅས་མི་ ༤༠༠ ལྷག་གདན་ཞུ་གནང་སྟེ་གསུང་བཤད་དང་དྲི་བ་དྲིས་ལན། ལོ་ཙཱའི་སྐོར་གྱི་འཆད་ཁྲིད་སོགས་ཀྱང་གོ་སྒྲིག་གནང་ཡོད་འདུག  

 

གསར་འགོད་པ། དོན་གོ   

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༡༤ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༡༤ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

མཆན། 7

  1. མི་རབས་གསར་པ་ says:
    ལོ་ 16 སྔོན།

    ཡག་པོ་ཞེ་དྲགས་འདུག་རྒྱབ་སྐྱོར་ཡོད།

    Reply
  2. དགེའོ says:
    ལོ་ 16 སྔོན།

    བོད་སྐད་གཙང་མ་བཤད་རྒྱུ་དང་བོད་ཡིག་ལ་གཅེས་སྐྱོང་བྱེད་རྒྱུ་ང་ཚོ་ཚང་མའི་ཕྲག་ཏུ་བབས་པའིལས་འགན་ཡིན་པས་ང་ཚོ་སོ་སོ་རང་ངོས་ནས་ཀྱང་བོད་སྐད་
    གཙང་མ་དང་བོད་ཡིག་སྦྱོང་བརྡར་བྱེད་རྒྱུའི་དུས་ལ་བབས་འདུག་པས་འདི་
    འདྲའི་ལས་སྤེལ་བ་ཧ་ཅང་ཡག་པོ་འདུག

    Reply
  3. དགེའོ says:
    ལོ་ 16 སྔོན།

    ཧ་ཧ་ཐེངས་འདིའི་གོ་བསྒྲིགས་ཚོགས་མི་རྣམས་ལ་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་
    མ་འོངས་པ་ནའང་རྒྱུན་སྲིངས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་འདུག

    Reply
  4. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    བོད་སྐད་གཙང་མ་བཤད་རྒྱུ་དང་བོད་ཡིག་ལ་གཅེས་སྲུང་བྱེད་པ་བོད་ནང་ཁུལ་གྱི་གཞོན་སྐྱེས་ཚོས་འགན་འཁྲི་རེད། ཕྱི་སྡོད་བོད་པ་ཚོས་བོད་ཀྱི་སྲོལ་རྒྱུན་བཟང་རབ་དང་ང་ཚོ་ལ་ཐུན་མོང་མིན་རིགས་གཞུང་ཁྱད་འཕགས་ཅན་ཡོད་ཅེས་འཛམ་བུ་གླིང་ལ་སྒོར་མོ་སྤྲང་སྐབས་བསྟོད་བསྔགས་ཁོ་ན་བྱས་ན་ལས་འགན་ཡོངས་འགྲུབ་སོང་རེད།

    Reply
  5. ཇ་མ་ says:
    ལོ་ 16 སྔོན།

    དེ་ཧ་ཅང་ཡག་པོ་རེད། ལོ་ལྟར་འདི་འདྲར་ཡོང་ན་ཧྲ་གི ཡིན་ནའང་ཨ་རིའི་ནང་ལོ་ལྟར་ཡོད་པ་རེད། དེ་སློབ་མ་ཚོ་ཕན་ཐོག་ཆེན་པོ་འདུག

    Reply
  6. དམག་ལོག་ says:
    ལོ་ 16 སྔོན།

    འཇིག་ལ་ཉེ་བའི་བོད་ཀྱི་ཐ་སྙད་རྣམས་འདི་འདྲའི་ལས་འགུལ་ཁ་ཤས་སྤེལ་ན་སྐྱོབས་ཐུབ་པའི་རེ་བ་ཕྲན་ཙམ་འདུག ལས་འགུལ་འདི་ལྟ་བུ་རྡ་རམ་ས་ལའི་ཀླད་པ་ནང་ལ་དུས་ནམ་ཡང་དྲན་ཐུབ་གི་མ་རེད། ཨ་ཤི་རེ་ཁོ།།

    Reply
  7. འཕྲིན་ལས says:
    ལོ་ 16 སྔོན།

    ཡག་པོ་འདུག རྒྱབ་སྐྱོར་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese