མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ན་གཞོན་རྣམས་དེང་རབས་བཟོ་བཀོད་ལ་དགའ་མོས་འདུག

བོད་ཀྱི་དུས་བབ།
༢༠༡༠/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ནས་གསར་དུ་འབྱོར་བའི་བོད་རིགས་ན་གཞོན་གཉིས་ཀྱིས་གནའ་དེང་ཟུང་འབྲེལ་གྱི་བཟོ་ཚང་ཁང་ཞིག་བཙུགས་ཏེ། བོད་ཀྱི་སྲོལ་རྒྱུན་གྱོན་གོས་བཟོ་བཀོད་རྨང་གཞིར་བྱས་ཏེ་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་བཀོད་སྣ་ཁ་ལྔ་བཅུ་ལྷག་གསར་བཏོད་བྱས་པས། ཉོ་མཁན་གྱིས་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད་འདུག

བོད་མི་རིགས་རང་གི་ཁྱད་ཆོས་མངོན་གསལ་ལྡན་པ་དང་བལྟས་ན་མིག་ལ་མཛེས་ཤིང་གྱོན་ན་ལུས་ལ་བདེ་བའི་བོད་ཀྱི་སྲོལ་རྒྱུན་གྱོན་གོས་ནི། གནའ་ནས་ད་ལྟའི་བར་དུ་བོད་མིའི་ཡབ་མེས་ཡང་མེས་རྣམས་ཀྱིས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས་གོང་འཕེལ་དུ་བཏང་སྟེ་ཡོང་བ་ཞིག་ཡིན་ལ། འདི་ལྟ་བུའི་མི་རིགས་གཞན་ལ་ངོམ་དུ་རུང་བའི་བོད་ཀྱི་སྲོལ་རྒྱུན་གྱོན་གོས་ཀྱི་བཟོ་རིག་ལག་རྩལ་འདི་མ་ཉམས་རྒྱུན་འཛིན་དང་། མ་འོངས་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་རྣམས་ཀྱིས་མུ་མཐུད་དེ་ལོངས་སུ་སྤྱོད་པ་དང་། ཉིན་རེའི་འཚོ་བ་དངོས་དང་ཁ་མ་འབྲལ་བར་བྱེད་པར། སྲོལ་རྒྱུན་གྱི་གྱོན་གོས་བཟོ་རྩལ་གཅིག་པུ་རྒྱུན་འཛིན་བྱས་པས་མི་ཆོག་པར་དེ་ལ་ཁ་སྣོན་དང་། གསར་བཏོད། ན་གཞོན་གྱི་བློ་ཁ་དང་དུས་རབས་ཀྱི་འཕེལ་འགྱུར་དང་བསྟུན་ཏེ་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་པ་ཡིན།

 

དེ་ལྟར་ན་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་ཆེན་གཤམ་འོག་གི་དེང་རབས་བོད་ཀྱི་མཛེས་བཟོའི་གྱོན་ཆས་བཟོ་ཚོང་ཁང་ནི། བོད་ཀྱི་སྲོལ་རྒྱུན་གྱི་གྱོན་གོས་བཟོ་རིག་ལག་རྩལ་རྨང་གཞིར་བྱས་ཏེ་ན་གཞོན་གྱི་ཁམས་དང་མོས་པ། དུས་རབས་ཀྱི་འགྲོས་དང་བསྟུན་ནས་གསར་བཏོད་ཀྱི་ལམ་སྣེ་འཚོལ་བཞིན་པའི་བཟོ་ཚོང་ཁང་ཞིག་ཡིན་ལ། བཟོ་ཚོང་ཁང་འདི་བཙུགས་ནས་ད་ལྟའི་བར་དུ་ལོ་གཅིག་དང་ཟླ་བརྒྱད་ཙམ་ལས་ཕྱིན་མེད་ཀྱང་། གནའ་དེང་གི་གྱོན་གོས་སྣ་ཁ་ ༥༠ ལྷག་གསར་བཏོད་བྱས་ཤིང་། ད་དུང་དཔལ་འབྱོར་དང་ཐོན་རྫས་རྒྱུ་ཆའི་ཕྱོགས་ནས་དཀའ་སེལ་བ་ཡིན་ན། གྱོན་ཆས་རིགས་འདྲ་མིན་བརྒྱ་ལྷག་ལས་བརྒལ་བ་གསར་བཏོད་ཐུབ་པའི་གདེང་སྤོབས་ཡོད་ཟེར།  

འདི་གའི་གསར་འགོད་པས་བཟོ་ཚོང་ཁང་དེ་གའི་སྦྱིན་བདག་གམ་ཇུས་འགོད་པ་ཕུར་བུ་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་བཟོ་ཚོང་ཁང་འདི་ཐོག་མར་འཛུགས་པའི་དམིགས་ཡུལ་ནས་མགོ་བརྩམས་ཏེ་ངོ་སྤྲོད་གནང་དོན། སྤྱིར་ངས་རྡོ་བརྐོས་དང་ཤིང་བརྐོས་སོགས་ལག་ཤེས་མང་བོ་ཤེས་ཀྱི་ཡོད་ཀྱང་། དེ་དག་ལས་བོད་ཀྱི་གྱོན་གོས་ཐོག་བཟོ་ཚོང་ཁང་ཞིག་བཙུགས་ཤིང་། བོད་མིའི་རིག་གཞུང་གི་ཆ་ཤས་སུ་གྱུར་བའི་སྲོལ་རྒྱུན་གྱི་གྱོན་གོས་བཟོ་རྩལ་རྨང་གཞིར་བྱས་ཏེ། དེང་རབས་དང་མཐུན་པར་བྱས་ཏེ་གསར་བཏོད་ཅུང་ཙམ་བྱ་ཐུབ་ན་སྙམ་པ་དང་། མ་འོངས་པར་བོད་ཀྱི་གཞོན་སྐྱེས་རེ་ཟུང་ལ་གནའ་དེང་ཟུང་འབྲེལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་བཟོ་རྩལ་སློབ་ཐུབ་ཀྱི་རེད་སྙམ་པས་ཡིན། དེ་ནི་བཟོ་ཚོང་ཁང་འདི་ལྟ་བུ་ཞིག་སྒོ་འབྱེད་བྱེད་དགོས་པའི་དམིགས་འདུན་གཙོ་བོ་ཡིན་ཟེར།

 

བཟོ་ཚོང་ཁང་འདི་བཙུགས་ཏེ་ད་ལྟའི་བར་ལོ་གཅིག་དང་ཟླ་བ་བརྒྱད་ལྷག་ཕྱིན་པའི་རིང་། དང་ཐོག་དཔལ་འབྱོར་གྱི་ཐོག་ནས་དཀའ་ངལ་མང་དག་ཅིག་འཕྲད་སྟབས་ཚོང་ཁང་ཆུང་ཆུང་ཞིག་གཉེར་ཏེ། རིམ་གྱིས་རྒྱ་ཆེ་རུ་བསྐྱེད་པ་ཡིན། འདས་པའི་ལོ་གཅིག་དང་ཟླ་བརྒྱད་རིང་ཕྱིར་ཚོང་ཡག་པོ་བྱུང་ཞེས་དང་། དེང་སྐབས་བཟོ་ཚོང་ཁང་འདི་ནས་གྱོན་གོས་ཉོ་མཁན་བོད་མི་ཙམ་མ་ཟད། ཕྱི་གླིང་ཡུལ་སྐོར་སྤྲོ་འཆམ་པ་ཡང་མང་བོ་ཡོང་གི་འདུག དེ་དག་ལས་བོད་མི་རྒན་རབས་པ་རྣམས་ཀྱིས་སྲོལ་རྒྱུན་གྱི་བཟོ་བཀོད་ལྟར་བཟོས་པ་ལེགས་པོར་མཐོང་གི་འདུག་ལ། གཞོན་སྐྱེས་རྣམས་ཀྱིས་དེང་དུས་ཀྱི་བཟོ་བཀོད་ལྟར་བཟོས་པར་དགའ་མོས་བྱེད་ཅིང་། གྱོན་ན་སྟབས་བདེ་བར་མ་ཟད་མཛེས་བཟོ་བྱས་པ་ཧ་ཅང་ལེགས་པོ་རེད་ཟེར་ནས་དགའ་མོས་ཆེན་པོ་བྱེད་ཀྱིན་འདུག་ཟེར།

ཡང་ཁོང་གིས་ད་ལྟ་ངེད་གཉིས་ལ་དཔལ་འབྱོར་དང་རས་ཀྱི་རྒྱུ་ཆའི་ཕྱོགས་ནས་འདང་གི་མེད་པ་མ་གཏོགས། བསམ་བློའི་ནང་དུ་གྲ་སྒྲིག་ཟིན་པ་ལྟར་ན་དེང་རབས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་། གསར་བཏོད་རང་བཞིན་གྱི་བཟོ་སྟངས་མ་འདྲ་བ་སྣ་ཁ་བརྒྱ་ལྷག་བཟོ་རྒྱུ་ཡོད། ཡིན་ནའང་། ད་ལྟའི་བར་དུ་སྔར་ན་མེད་པའི་བཟོ་རྩལ་མ་འདྲ་བ་ལྔ་བཅུ་ལྷག་གསར་བཏོད་བྱས་པ་དང་། དེང་རབས་ཀྱི་གྱོན་གོས་བཟོ་སྐབས་སྔོན་གྱི་རྨིང་གཞིའི་ཐོག དེ་ལ་གོང་བ་དང་ཕུ་ཐུང་སོགས་བཟོ་བཀོད་བྱེད་སྟངས་མ་འདྲ་བ་བྱས་པ་ཡིན་ཟེར།

གང་ལྟར་བཟོ་ཚོང་ཁང་འདིས་བོད་མདོ་དབུས་ཁམས་གསུམ་གྱི་གནའ་དེང་ཟུང་གི་གྱོན་གོས་ཕྱུ་པ་དང་འོག་འཇུག སྟོད་ཁེབས་སོགས་སྣ་ཁ་མ་འདྲ་བ་མང་བོ་འཚེམ་བཟོ་བྱེད་ཀྱིན་ཡོད་པ་མ་ཟད། ཉོ་མཁན་གྱི་འདོད་མོས་ལྟར་མངགས་བཟོ་བྱེད་ཀྱི་འདུག་ལ། གྲྭ་བཙུན་ཚོའི་གཟན་དང་ཤམ་ཐབས། སྟོད་འགག སྨད་གཡོག་སོགས་ཀྱང་འཚེམ་བཟོ་བྱེད་ཀྱིན་ཡོད་འདུག

ཡང་ཇུས་འགོད་པ་བརྩོན་འགྲུས་ལྷ་རྒྱལ་ལགས་ཀྱིས། ད་ལྟའི་ཆར་སེམས་ལ་དྲན་པ་ལྟར་བཟོ་ཐུབ་ཀྱི་མི་འདུག་མོད། གཞུག་ཕྱོགས་དཔལ་འབྱོར་དང་མཐུན་རྐྱེན། གོ་སྐབས་སོགས་རག་ཚེ་བོད་མདོ་དབུས་ཁམས་གསུམ་གྱི་ཐུན་མོང་མ་ཡིན་པའི་གནའ་དེང་ཟུང་འབྲེལ་གྱི་གྱོན་གོས་བཟོ་རྩལ་ཕྱོགས་ནས་བཟོ་གྲྭ་ཆེན་པོ་ཞིག་བཙུགས་ཏེ། ན་གཞོན་རྣམས་ལ་ལག་ཤེས་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྲོད་པ་དང་ལས་ཀ་སྤྲོད་རྒྱུ་སོགས། ད་ལྟ་གཉེར་བཞིན་པའི་བཟོ་ཚོང་ཁང་ཆུང་ཆུང་འདི་དེང་རབས་ཀྱི་དཔལ་འབྱོར་ཁེ་ལས་ཅན་ལ་ཁ་ཕྱོགས་རྒྱུའི་དམིགས་འདུན་བཅངས་ཡོད་ཟེར།

 

ཡང་ཁོང་གིས། འདི་དང་འདི་ལྟ་བུའི་ལག་ཤེས་བཟོ་ཚོང་ཁང་མང་དུ་བྱུང་ན། དེང་སྐབས་སློབ་གྲྭར་འགྲོ་མ་ཐུབ་པ་དང་དམག་ཁོངས་སུ་འཛུལ་མ་ཐུབ་པ། ཡང་ན་གཞུང་གི་བྱ་བའི་ནང་དུ་ལས་ཀ་གཉེར་མ་ཐུབ་པར་ཁྲོམ་སྲང་ལ་དོན་མེད་དུ་འཁྱམ་ཉུལ་བྱེད་མཁན་གྱི་བོད་རིགས་ན་གཞོན་མང་བོ་ཡོད་སྟབས། དེ་དག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ལག་ཤེས་བཟོ་རྩལ་གྱི་ཕྱོགས་ལ་སློབ་སྦྱོང་བྱེད་ཐུབ་ཅིང་། ལག་ཤེས་ཀྱི་ཕྱོགས་ནས་ཤིང་བཟོ་དང་རྡོ་རྐོས། ལྷ་བཟོ། འཚེམ་བཟོ། དེ་མ་ཡིན་པའི་ལག་ཤེས་གཞན་མང་བོ་སྦྱོང་རྒྱུ་ཡོད་སྟབས། གཞོན་སྐྱེས་རྣམས་ཀྱིས་རང་རང་གི་ས་ནས་དེ་དང་དེ་ལྟ་བུའི་ལག་ཤེས་རིགས་ལ་འབད་བརྩོན་བྱས་ན་ཡག་པོ་རེད་བསམ་གྱིན་འདུག་ཟེར།

བཟོ་ཚོང་ཁང་འདིས་འདི་ལོའི་ཟླ་ ༡༠ ཚེས་ ༣༠ ཉིན་གྱི་དགོང་མོར་བོད་གཞུང་ཟློ་གར་ཁང་དུ་ཐེངས་དང་པོའི་ ༼ གནའ་དེང་བོད་ཀྱི་གྱོན་ཆས་འཁྲབ་སྟོན་དང་གླུ་གཞས་དགོང་ཚོགས་ཆེན་མོ་ ༽ ཞེས་པ་བསྡུས་ཡོད་འདུག

གསར་འགོད་པ། ཨ་རིག་འགྱུར་མེད།

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 8

  1. Dawai Shonu says:
    ལོ་ 15 སྔོན།

    གོས་ལོག་འདི་འདྲ་ཁྲབ་སྟོན་དེ་འདྲ་ལ་གྱོན་ན་མ་གཏོགས་རྒྱུན་དུ་གྱོན་ཐུབ་ཡས་མ་རེད། གཟུགས་པོའི་དབྱིབས་ཚང་མ་བཀག་གི་འདུག་ གཟུགས་བྱད་ཡག་པོ་ཡོད་ན་གྱོང་རང་ས་རེད།

    Reply
  2. ལྷག་པ་ཚེ་རིང༌། says:
    ལོ་ 15 སྔོན།

    འོ་ཡག་ཡག ཕ་བཟང་གི་བུ། སྲོལ་རྒྱུན་ལོ་གྱི་ལུས་པོར་དེང་དུས་ཀྱི་སྲོག་ཞུགས་པ་དངོས་གནས་དེ་འདི་འདྲ་བ་ཞིག་ལ་ཟེར་བས་ན། དཔྱོད་ལྡན་བོད་རིགས་གཞོན་སྐྱེས་ཟུང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་དང་བཀྲི་ཤིས་བདེ་ལེགས་ཞུ་བཞིན་ཡོད༎
    དེ་མིན་ང་ཚོའི་དེང་དུས་ཀྱི་གཞོན་ནུ་རྣམས་མི་རིགས་གཞན་གྱི་དུས་ཚོད་དང་འཚམས་པའི་གྱོན་གོས་ཀྱི་རྗེས་སུ་ཤོར་བ་དེ་འགོག་མི་ཐུབ་ལ། རང་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་པའི་རྒྱུན་དེ་ཁྱོང་མི་ནུས་སོ༎ དེས་ན་སླར་ཡང་བཀྲིས་བདེ་ལེགས་དང་ཐུགས་རྗེ་ཆེའོ། ལེགས་སོ། ལེགས་སོ། ཞེས་སྨྲའོ༎

    Reply
  3. དཔའ་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    ཕོ་གོས་ཕུ་ཐུང་རིང་བ་འདི་ལས་ཀ་བྱེད་མི་དགོས་པའི་རྟགས་རེད་དམ། ལས་ཀ་མེད་པའི་རྟགས་རེད།

    Reply
  4. ལྷ་ལུང་ says:
    ལོ་ 15 སྔོན།

    རྣམ་པ་གཉིས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་བཀྲིས་བདེ་ལེགས་ཞུ།།

    Reply
  5. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    རྣམ་པ་གཉིས་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  6. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    མཛེས་སྡུག་ལྡན་པའི་གཞོན་སྐྱེས། གང་འདོད་ལས་ལ་བརྩོན་ན།
    མཐའ་མའི་རེ་མདུན་བཟང་པོ། སྟོང་པ་ཉིད་དུ་འགྱུར་ཡུང་།

    Reply
  7. བློ་བཟང་མཐུ་སྟོབས། says:
    ལོ་ 15 སྔོན།

    བྱ་བ་ལམ་འགྲོ་ཡོང་བའི་སྨོམ་འདུན་ཞུ།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སྲོལ་རྒྱུན་གྱི་གྱོན་གོས་གནའ་དེང་གཉིས་མཐུན་གྱི་སྲོལ་གཏོད་པ་ནི། གནའ་སྲོལ་མ་ཉམས་པར་གནས་ཐབས་ཅིག་ཡིན་པས། དགའ་བསུ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese