མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དང་བླངས་འོས་མི་དྲུག

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་ཁོངས་སུ་དང་བླངས་ཀྱིས་ཞུགས་མཁན་མི་ ༦ བྱུང་ཡོད་པ་དང་། དེ་དག་ནི་དབུས་གཙང་ཆོལ་ཁོངས་ཀྱི་མོན་གྷོ་ཊི་ས་གནས་ནས་ཕུན་རབ་ཆོས་བཟང་དང་སྤོན་ཌ་ཆོལ་གསུམ་ས་གནས་ནས་རྒན་དཀོན་མཆོག་ཚེ་རིང་། ཌེ་ར་ལྡུན་ས་གནས་ནས་ལུང་རིགས་བསོད་ནམས་བཅས་ཡིན་ཞིང་། མདོ་སྟོད་ཆོལ་ཁོངས་སུ་སྒང་ཏོག་ས་གནས་ཀྱི་ཚང་གྲགས་བཀྲ་ཤིས་ཕུན་ཚོགས། སུད་སི་ནས་སྨོན་མཁར་བསོད་ནམས་ཕུན་ཚོགས། བྱང་ཨ་རི་ནས་བདེ་སྐྱིད་ཆོས་དབྱིངས་བཅས་ཡིན་འདུག

སྤྱི་ཁྱབ་འོས་བསྡུ་ལྷན་ཁང་གི་ལས་འཕར་འགན་འཛིན་བཅུད་པར་གཡང་མཁོ་རྒྱལ་ལགས་ཀྱིས་འདིའི་སྐོར་ངོ་སྤྲོད་གནང་དོན། དང་བླངས་ཐོག་དངོས་གཞིའི་འོས་ཁོངས་སུ་ཞུགས་རྒྱུའི་ལམ་ཁ་ཞིག་ཡོད་པ་རེད། དེ་ལ་ཆ་རྐྱེན་གང་དག་ཚང་དགོས་པ་རེད་ཟེར་ན། དང་བླངས་བྱེད་མཁན་དེས་ས་གནས་འོས་བསྡུ་ལས་ཁང་ལ་མ་དངུལ་ཧིན་སྒོར་ ༣༠༠༠ སྤྲོད་དགོས་པ་དང་། རང་བཙན་ལག་དེབ་ཡོད་མཁན་གྱི་མི་ ༢༥ ཙམ་གྱི་རྒྱབ་ཉེར་ཡི་གེ་བཅས་ས་གནས་འོས་བསྡུའི་འགན་འཛིན་ལ་སྙན་ཞུ་འབུལ་དགོས་ལ། དེ་དང་མཉམ་དུ་འགེངས་ཤོག་ཁ་ཤས་ཤིག་ཀྱང་བསྐང་དགོས་པ་རེད།  

ལས་དོན་དེ་དག་གྲུབ་རྗེས་ས་གནས་འོས་བསྡུ་ལས་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད། དང་བླངས་སྤྱི་འཐུས་འོས་མི་དེར་འོས་ཆོས་ཚང་ཚེ་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་ལ་གཏོང་གི་ཡོད་ལ། དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་གིས་མཐའ་མའི་གཏན་འབེབས་བྱས་ཏེ། ཆོལ་ཁོངས་ཀྱི་འོས་མི་ ༢༠ ཡོད་པའི་སྟེང་དུ་བསྣན་ཏེ་འགྲེམ་གྱི་ཡོད། དེར་བརྟེན། ཐེངས་འདིའི་དང་བླངས་པ་དྲུག་ལ་འོས་ཆོས་ཚང་འདུག དབུས་གཙང་ཆོལ་ཁ་ལྟ་བུར་མཚོན་ན། ཐེངས་འདིར་དང་བླངས་པ་ ༣ བྱུང་ཡོད་སྟབས། དངོས་གཞིའི་འོས་བསྡུའི་སྐབས་ཁྱོན་འོས་མི་ ༢༣ ཆགས་ཀྱི་ཡོད་པ་རེད། ཅེས་ངོ་སྤྲོད་གནང་བྱུང་།  

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤

མཆན། 5

  1. དགེའོ says:
    ལོ་ 15 སྔོན།

    ཁོང་རྣམ་པ་ཚོར་འཚམས་འདྲི་ཞུ། སྤྱིར་དེང་སང་གི་དུས་འདིར་སྤྱི་འཐུས་ཞེས་པ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཆགས་ཡོད་དུས་ཚང་མས་ལྷག་བསམ་བཟང་བོ་ཞིག་ལ་ལོངས་སུ་སྤྱོད་རྒྱུ་ནི་ང་ཚོ་བོད་མི་ཡོད་དོ་ཅོག་གི་འགན་འཁུར་རེད་འདུག

    Reply
  2. སྐར་མདའ། says:
    ལོ་ 15 སྔོན།

    ཕྱོགས་གཅིག་ནས་བསམ་བློ་བཏང་ན་ཧ་ཅང་གི་ཡག་པོ་རེད་བསམ་གྱིན་འདུག
    གང་ཡིན་ཟེར་ན་རང་སྒེར་གྱི་དང་བླངས་བྱེད་པ་འདི་ནི་མི་རིགས་ཤིག་གི་འགན་གཙང་མ་རང་ཉིད་ཀྱི་ཕྲག་པར་འཁུར་འདོད་ཀྱི་བསམ་བའི་ཀུན་སློང་ཡང་དག་པ་ཞིག་ཡིན་པ་འང་མཚོན་གྱིན་ཡོད།

    ཕྱོགས་གཞན་ཞིག་ནས་ལྟོས་འོང་དུས་ཡོང་ན། འདི་གཡོ་སྒྱུའི་ལྐོགས་མདའ་རེ་མེད་ན་བསམ་བའི་ཞེད་སྣང་དང་འཇིགས་སྣང་གིས་དོགས་ཟོན་གང་ལེགས་གནང་དགོས་པ་དི་ནི་ཤིན་ཏུ་ལས་ཀྱང་གལ་ཆེན་དུ་མཐོང་བྱུང་།

    འདས་ཟིན་གྱི་ལོ་རྒྱུས་མང་པོ་ཞིག་གི་ཀྱོག་མཚམས་ལ་གཞིགས་ཏེ་དང་བླང་བ་འདི་ཚོར་གཟབ་འདྲི་གང་ལེགས་གནང་སྟེ་དགོས་མཚན་དང་། དང་བླང་འོས་མིའི་ཁོངས་སུ་ཞུགས་འདོད་པའི་དམིགས་ཡུལ་སོགས་ཕྱོགས་གང་ཅིའི་ཐད་ནས་བརྟག་དཔྱད་ནན་ཏན་རེ་མ་གནང་ན།
    མ་འོངས་པར་ང་ཚོ་གཞི་རིམ་བོད་རིགས་མི་དམངས་ཀྱི་དཀའ་ངལ་མྱངས་ཀྱིན་ཡིན་པ་ལས་མཐོ་རིམ་མི་སྣས་དུས་ནམ་ཡང་དཀའ་ངམ་མྱོང་མི་སྲིད།

    གང་ཡིན་ཟེར་ན། འདས་པའི་ལོ་ངོ་ལྔ་བཅུའི་ཡར་སྔོན་དུ་བོད་ཀྱི་འགན་དབང་ཁྱེར་བའི་གཞུང་གི་སྐུ་དྲག་ཚོས་གཞི་རིམ་མི་དམངས་སྡུག་ལ་སྦྱར་བ་རེད་མ་གཏོགས་སུས་སྡུག་ལ་སྦྱར་བ་རེད་གསལ་གཞན་གང་ཡང་ཡོད་པ་མ་རེད།

    དེ་འདྲ་སོང་ཙང་སྐྱག་གཟན་སྐུ་དྲག་དེ་ཚོས་བོད་མི་སྡུག་ལ་སྦྱར་ཏེ་བོད་ས་དགྱ་ལ་སྤྲད་པ་རེད། ཁོང་ཚོར་དཀའ་ངལ་ཅི་ཡང་མེད་པར་བདེ་བའི་མལ་ལ་གཟིམ་གནས་བསྡད་ཡོད་པ་ལོ་རྒྱུས་ཀྱི་ཡོངས་གྲགས་རེད། དཔེར་མཚོན་གཅིག་བགྲང་ན།
    དེང་གི་བཀའ་ཟུར་བཀྲ་ ས་མཐོང་བསྟན་འཛིན་རྣམ་རྒྱལ་ལྟ་བུ་རེད།

    སྤྱིར་བཏང་དམངས་གཙོ་ཚད་ལྡན་གྱི་ལམ་ཁ་དེད་ན་དང་བླང་འོས་མི་ཞེས་པ་དེ་ནི་ཤིན་ཏུ་ལས་ཀྱང་གལ་ཆེན་རེད། འོན་ཀྱང་དེང་སྐབས་དགྱའི་སྲིད་ཇུས་འདྲ་མིན་སྣ་ཚོགས་ཤིག་བེད་སྤྱོད་གཏོང་བཞིན་པའི་སྐབས་འདིར་དོན་མེད་དུ་དང་བླང་བ་མང་པོ་ཞིག་འཐོན་པ་དེ་ནི་ཡག་རྟགས་ཤིག་མ་ཡིན་པ་གསལ་བོ་རེད།

    དང་བླང་བ་འདི་ཚོར་གཟབ་ནན་གྱིས་སྒོ་ནས་བརྟག་དཔྱད་བྱས་ཏེ་ཐག་གཅོད་རྒྱུ་ཞིག་ལས། འཚབ་འཚུབ་འུར་འུར་གྱི་ཡག་པོ་ཡོད་ཚད་བྱས་ཏེ་འོས་མིར་སྐོས་བཞག་བྱས་པ་ཡིན་ན། མ་འོངས་པར་འགྱོད་པ་སྐྱེས་དགོས་ཚེ་འཕྱི་དྲགས་པ་རེད། ད་ལྟ་ནས་བསམ་བློ་གང་གཟབ་བཏང་སྟེ་ཐག་གཅོད་གནང་ན་ཧ་ཅང་ལེགས་ཚོད་དུ་མཐོང་།

    བོད་མིའི་གཏམ་དཔེར།
    བསམ་བློ་སྔོན་ལ་བཏང་ན་མཁས་པ་ཡིན༎
    འགྱོད་པ་རྗེས་ནས་སྐྱེས་ན་བླུན་པོ་ཡིན༎
    ཞེས་པའི་མན་ངག་ཟབ་མོ་འདི་བསམ་གཞིགས་ཡང་ཡང་གནང་རོགས་ཞུ་རྒྱ྄ུ་ཡོད།

    Reply
  3. འཁེར་སྐྱ། says:
    ལོ་ 15 སྔོན།

    ཚང་མས་་འདིའི་སྐོར་ལ་གཟབ་གཟབ་བྱེད་དགོས་ཡ་་་་འདིའི་རིགས་ལ་ཡིད་ཆེས་མེད་དོ་་་་

    Reply
  4. གཡག་རྒོད། says:
    ལོ་ 15 སྔོན།

    དངུལ་སྤྲོད་ནས་སྤྱི་འཐུས་ཀྱི་སྐུ་སྟེགས་ཉོ་ཆོག་པའི་ལམ་ལུགས་སྲོལ་ཞིག་ཡོད་པ་ད་རེས་མ་གཏོགས་གོ་མ་མྱོང།
    དངོས་གནས་ཡ་མཚན་སྐྱེས་དགོས་པ་རང་རེད།
    དེང་སང་དོན་དག་ཚང་མ་དངུལ་གྱིས་བསྒྲུབ་ཐུབ་པའི་གོ་སྐབས་ཤིག་ཡོད་པ་ཉིན་རེ་བཞིན་ཇི་གསལ་དུ་འགྲོ་གི་འདུག
    དངུལ་གྱིས་མ་འགྲུབ་པའི་བྱ་བ་གང་ཡང་མེད་པ་བདེན་པ་རེད་སྙམ།
    དེ་རིང་སང་ཉིན་གྱི་མི་ཚོས་ལབ་ཡག་ལ།
    ཨ་མའི་བུ་ལ་ཡོན་ཏན་ཡོད་ན།་བཀའ་སྤྱིའི་སྐུ་ལྕགས་བདག་པོ་མེད་ཟེར་བའི་ལེའུ་དེ་མཇུག་རྫོགས་ཚར་པ་རེད།་དེང་ཨ་མའི་བུ་ལ་པད་ཤག་ཡོད་ན།་བཀའ་སྤྱིའི་སྐུ་སྟེགས་བདག་པོ་མེད་ཅེས་པའི་ལེའུ་གསར་པ་བསླེབས་ཡོད་རབས་བཤད་ཀྱི་འདུག
    དེ་བདེན་པ་ཡིན་པ་ར་འཕྲོད་བྱུང་བ་རེད།་

    Reply
  5. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    སྨོན་མཁར་བསོད་ཕུན་སྙིང་རྗེ་ཡོ་རུ་སྤྱི་འཐུས་ལ་རེ་བ་ཤུགས་ཆེ་སྐྱོང་བཞིན་པའི་སྐབས་མི་མང་ནས་ཁོང་གི་བྱ་སྤྱོད་སྔར་ས་ནས་ཤེས་པ་ཡིན་ཙམ་འོས་ཤོག་འདོད་བློ་ཚིམས་པ་ཞིག་སྤྲོད་མེད། དེ་ནས་འུ་ཐུག་ནས་མདོ་སྟོད་ནང་འཛུལ་ཡང་རྒྱལ་ཁ་ནམ་ཡང་འཐོབ་མི་སྲིད། གང་ཡིན་ཞེ་ན་ཚོགས་དུས་དགུ་པའི་སྐབས་ཀྱི་ཁོང་གི་སྐད་ཆ་མདོ་སྟོད་ནང་ལོག་ལ་ཡོངས་གྲགས་སུ་གྱུར་ཟིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese