མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༠ ལོའི་རྒྱ་ནག་གི་གནས་ཚུལ་ཆེ་ཁག་ཕྱོཊ་བསྡུས།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

འདི་ག་གསར་ཁང་གིས་ལོ་རེ་རེའི་ལོ་མཇུག་ཙམ་ལ་༧གོང་ས་མཆོག་གི་མཛད་འཕྲིན་དང་བོད་ནང་གི་གནས་ཚུལ། བཙན་བྱོལ། དེ་བཞིན་རྒྱལ་སྤྱི་བཅས་ཀྱི་གསར་འགྱུར་ཆེ་ཁག་ཕྱོགས་བསྡུས་ཀྱིས་བསྐྱར་སྤེལ་བྱེད་སྲོལ་ཡོད་པ་ལྟར། འདི་ལོའི་ ༼ རྒྱ་ནག་གི་གནས་ཚུལ་ཆེ་ཁག་ཕྱོཊ་བསྡུས། ༽བྱས་ཡོད།

 

ཕྱི་ཟླ་ ༡ ཚེས་ ༡༢  ཉིན། གྷོ་གྷིལ་དྲ་རྒྱའི་ལག་རྩལ་བཟོ་གྲྭ་ ༣༣ གྱི་རྨང་གཞིའི་སྒྲིག་བཀོལ་ལ་རྒྱ་ནག་གི་དྲ་འབུས་སིམ་འཛུལ་གཏོར་རྒོལ་བྱུང་བའི་རྗེས། གྷོ་གྷོལ་དྲ་བ་རྒྱ་ནག་ནང་ཕྱིར་འཕེན་བྱེད་མིན་ཐད་རྩོད་རྙོག་བྱུང་སྟེ་རྒྱལ་སྤྱིའི་བརྡ་འཕྲིན་དྲ་བའི་ཚོང་དོན་ཐད་ཤུགས་རྐྱེན་ཆེན་པོ་བྱུང་བར་མ་ཟད། ཨ་རྒྱ་གཉིས་ཀྱི་ཆབ་སྲིད་འབྲེལ་བའི་ཐད་ལའང་རྩོད་གླེང་བྱུང་།  དེའི་འབྱུང་རྐྱེན་ནི། རྒྱ་ནག་གི་དཔོན་རིགས་ཚོའི་ནག་ཉེས་དང་།  རྒྱ་ནག་གིས་བཀག་སྡོམ་བྱེད་བཞིན་པའི་གནས་ཚུལ་རིགས་གྷོ་གྷོལ་དྲ་བའི་ནང་འཚོལ་བཤེར་བྱུང་བས་ཡིན་འདུག

 

ཕྱི་ཟླ་ ༢ པ་ནས་བཟུང་། ཡུན་ནན་ཞིང་ཆེན་གཙོས་པའི། སི་ཁྲོན་དང་ཁྲུང་ཆིན། ཀོས་ཀྲུག  ཀོང་ཞི་བཅས་རྒྱ་ནག་ལྷོ་ནུབ་ས་ཁུལ་གྱི་ཞིང་ཆེན་ལྔའི་ནང་ཆར་ཆུ་མ་བབས་པར་རྒྱུགས་ཆུ་སྐམ་པ་དང་། ས་གཞིར་ཚ་དྲོད་རྒྱས་ཏེ་འདས་པའི་ལོ་ ༥༠ ནང་གི་ཐན་སྐྱོན་ཆེ་ཤོས་བྱུང་ཞིང་། མི་གྲངས་ཁྲི་ ༥༡༠༤་༩  ལྷག་གི་འཚོ་བར་གནོད་འཚེ་དང་། མི་ཁྲི་ ༡༦༠༩ དང་ཕྱུགས་རིགས་ཁྲི་ ༡༡༠༥་༥ ལ་འཐུང་ཆུའི་དཀའ་ངལ་བྱུང་པ་དང་། ས་ཞིང་མུའུ་ཁྲི་ ༤༣༤༨༦ ལྷག་ཐན་པས་བསྐམས་ཏེ་ཁྱོན་བསྡོམས་རྒྱ་སྒོར་དུར་ཕྱིར་ ༡༩༠་༢ ལྷག་གི་གྱོང་གུད་ཐེབས་ཡོད།

 

ཕྱི་ཟླ་ ༡ ཚེས་ ༡༨ ནས་ ༢༠ ཉིན་བར། པེ་ཅིན་དུ་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་ཚོགས་ཏེ། རྒྱ་ནག་དབུས་བོད་ལྗོངས་ལས་དོན་ཚོགས་ཆུང་ཟེར་བ་དེ་རྒྱ་ནག་དབུས་བོད་ཁུལ་ལས་དོན་ཚོགས་ཆུང་དུ་བསྒྱུར་ཞིང་།  བོད་རང་སྐྱོང་ལྗོངས་དང་མཚོ་སྔོན། ཡུན་ནན། སི་ཁྲོན། ཀན་སུའུ་བཅས་ཀྱི་བོད་ཁུལ་ཡོངས་ཀྱི་ལས་དོན་ཐད་བསྐྱར་དུ་སྲིད་ཇུས་གཏན་འབེབས་བྱས་ཏེ། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་རིམ་པ་མཐོ་བའི་གཞུང་ལམ་དང་ཆུ་རགས། གནམ་ཐང་དང་མེ་འཁོར་ལྕགས་ལམ་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་མང་པོ་འཆར་འགོད་བྱས།

 

ཕྱི་ཟླ་ ༣ ཚེས་ ༢༣ ཉིན་ནས་བཟུང་། ཉིན་ ༣༩ ནང་ལ་རྒྱ་ནག་གི་སློབ་ཆུང་ཁག་ཅིག་ནང་མི་གསོད་ཀྱི་དོན་རྐྱེན་བྱུང་ཡོད། དེ་ནི་ཧྥུའུ་ཅན་ནན་ཕེན་སློབ་ཆུང་དང་། ཀུང་ཞི་ཧི་ཕའོ་གྲོང་བརྡལ་སློབ་ཆུང་། ཀུང་ཏུང་ལོའུ་ཧྲིན་སློབ་ཆུང་དང་པོ། ཅང་སུའུ་ཐེ་ཞིན་གྲོང་བརྡལ་བྱིས་གཉོར་ཁང་། ཧྲན་ཏུང་ཧྲང་ཀྲུང་སློབ་ཆུང་བཅས་སུ་བསྟུད་མར་ཐེངས་ ༥ ལ་བྱིས་པ་དམར་གསོད་ཀྱི་དོན་རྐྱེན་བྱུང་སྟེ། ཁྱོན་བསྡོམས་བྱིས་པ་ ༨ དང་དགེ་རྒན་ ༡ བཅས་དམར་གསོད་དང་། བྱིས་པ་ ༧༣ ལ་རྨས་སྐྱོན་བཟོས་ཏེ། འཇིགས་སྐུལ་རིང་ལུགས་པའི་བྱེད་སྟངས་གསར་པ་ཞིག་སྲོལ་བཏོད།

 

ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་མགོ་འཛུགས་ཀྱིས། ཟླ་ངོ་ ༦ རིང་འཛམ་གླིང་དངོས་མང་ཚོང་འགྲེམས་ཐེངས་ ༤༡ པ་དེ་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་ཚོགས་ཤིང་།  དེར་འཛམ་གླིང་ཡུལ་ཕྱོགས་སོ་སོའི་དངོས་ཚོང་འགྲེམས་སྟོན་བྱས་མཐར་ ༡༠ ཚེས་ ༣༡ ཉིན་མཇུག་བསྡུས་ཡོད། ཐེངས་འདིའི་ཚོང་འགྲེམས་ལ་གཟིགས་སྐོར་དུ་ཡོང་མཁན་མི་བྱེ་བ་བདུན་ ༧༠༠༠༠༠༠༠ ལས་བརྒལ་ཏེ་འཛམ་གླིང་དངོས་མང་ཚོང་འགྲེམས་ཀྱི་ཟིན་ཐོར་བཀོད་སྐོར་བསྒྲགས་ཀྱང་། དེ་ནི་རྒྱ་ནག་ནང་ཁུལ་གྱི་ལྟ་སྐོར་བ་ལས་ཕྱི་མི་བརྒྱ་ཆ་ ༥ ཙམ་ལས་ཟིན་མེད་ལ། ཚོང་འགྲེམས་དེ་དབུ་འབྱེད་མཛད་སྒོའི་ཐོག་འཛམ་གླིང་རྒྱལ་ཁབ་དག་གི་དབུ་ཁྲིད་བཅར་མིན་ཐད་རྒྱལ་སྤྱིའི་ནང་གླེང་སློང་ཤུགས་ཆེན་བྱུང་ཡོད།

 

 ཕྱི་ཟླ་ ༥ ཚེས་ ༡༧ ནས་ ༢༠ ཉིན། རྒྱ་ནག་པེ་ཅིན་དུ་ཤིན་ཅང་ལས་དོན་བཞུགས་མོལ་ཚོགས་འདུ་ཚོགས་ཏེ། ཤིན་ཅང་ས་ཁུལ་ཏུ་ལས་དོན་བྱེད་ཕྱོགས་ཀྱི་སྲིད་ཇུས་གཏན་འབེབས་བྱས། འདི་ནི་རྒྱ་ནག་དབུས་གཞུང་གིས་ཤིན་ཅང་ས་ཁུལ་ལ་ཆེད་དུ་དམིགས་ཏེ་ཚོགས་འདུ་བསྐངས་བ་ཐོག་མ་དེ་ཡང་ཆགས་ཡོད།

 

ཕྱི་ཟླ་ ༥ པ་ནས་བཟུང་། རྒྱ་ནག་གི་ཧྭོ་ནན་དང་ཀུང་ཏུང་། ཅང་ཞི། ཀྲེ་ཅང་གཙོས་པའི་ཞིང་ཆེན་ཁག་ ༢༨ ནང་བསྟུན་མར་ཆུ་ལོག་གི་གནོད་པ་བྱུང་སྟེ། ཁྱོན་བསྡོམས་མི་ ༡༤༥༤ རྐྱེན་འདས་སོང་བ་དང་། མི་ ༦༦༩ གར་སོང་ཆ་མེད་དུ་གྱུར་བ། ས་ཞིང་མུའུ་ཁྲི་ ༡༣༤༧༡༠ ལྷག་ཆུ་ལོག་གིས་བསྣུབས་ཏེ། མི་མང་དུང་ཕྱུར་ ༢ ལྷག་གི་འཚོ་བར་གནོད་འཚེ་ཐེབས་པ་དང་། གྱོང་གུད་རྒྱ་སྒོར་དུང་ཕྱིར་ ༢༧༥༡་༦ ལ་སླེབས་ཡོད།

 

ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན། རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅུ་བདུན་པའི་རྒྱུན་ལས་ཚོགས་འདུ་ཐེངས་ལྔ་པའི་སྟེང་། རྒྱ་ནག་གི་སྲིད་བློན་གཞོན་པ་ཞི་ཅིན་ཕེན་རྒྱ་ནག་དམག་ཁུལ་གྱི་དམག་སྤྱི་གཞོན་པར་དམིགས་འཛུགས་བྱས་ཤིང་། སྐབས་བདུན་པའི་མི་མང་འཐུས་མིའི་རྒྱུན་ལས་ཚོགས་འདུ་ཐེངས་ ༡༧ པའི་སྟེང་དངོས་སུ་བསྐོ་བཞག་བྱས་ཏེ། ཕྱི་ལོ་ ༢༠༡༢  ལོའི་རྒྱ་ནག་གི་སྲིད་འཛིན་གསར་འདེམས་ཀྱི་གོམ་པ་དང་པོ་སྤོས་ཟིན་པར་བཤད། 

 

ཕྱི་ཟླ་ ༡༡ ཚེས་ ༡༢ ནས་ ༡༦ རིང་། རྒྱ་ནག་ཀུང་ཀྲིག་གྲོང་ཁྱེར་དུ། ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཐེངས་ ༡༦ པ་དེ་འཛོམས་ཤིང་།  འགྲན་ཚོགས་དེའི་སྟེང་ཨེ་ཤ་ཡའི་རྒྱལ་ཁབ་ ༤༥ ཙམ་མཉམ་ཞུགས་བྱས་ཡོད་ཅིང་། ཐེངས་འདིའི་འགྲན་རྩེད་ཁྲོད་རྒྱ་ནག་ལ་ཨང་དང་པོ་དང་། ལྷོ་ཀོ་རི་ཡར་ཨང་གཉིས་པ། ཉི་ཧོང་ལ་ཨང་གསུམ་པ་བཅས་ཐོབ་ཡོད།

 

ཕྱི་ཟླ་ ༡༠ ཚེས་ ༨ ཉིན། ༢༠༡༠ ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་དེ་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་སྐུ་ཞབས་ལིག་ཞོ་པོ་ལ་འབུལ་རྒྱུའི་ཐག་གཅོད་བྱུང་མ་ཐག རྒྱ་ནག་ནང་ལོགས་གཙོས་པའི་འཛམ་གླིང་ཡུལ་གྲུ་གང་ས་ནས་ཁོང་ཉིད་ཀློད་གྲོལ་དགོས་པའི་འབོད་སྐུལ་དང་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་ཡོད།  ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ཨོ་སི་ལཱོ་རུ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དངོས་གཞིའི་སྟེང་། སྐུ་ཞབས་ལིག་ཞོ་པོ་ཕེབས་མ་ཐུབ་པར་བཙོན་འོག་ཏུ་ཡོད་པའི་གནས་ཚུལ་དེས་རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་ངོས་འཛིན་གསར་པ་ཞིག་བྱུང་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese