མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལུཊ་རླུང་འཕྲིན་འཕྲུལ་ཆས།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོར་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ཀྱིས་ཟི་ལིང་དུ་བོད་ལུགས་ཀྱི་སྒྲ་སྡུད་གཏོང་འཕྲུལ་ཆས་ ༼ ཚངས་དབྱངས། ༽ ཞེས་པ་ཚོང་རར་འགྲེམ་སྤེལ་གྱི་མཛད་སྒོ་ཞིག་བསྡུས་ཡོད་པ་དང་། མཛད་སྒོའི་སྟེང་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་རྡོ་རྗེ་རིན་ཆེན་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་དང་སྤྱི་ཁྱབ་ལྟ་སྐུལ་བ་གཞོན་པ་ལྷ་བརྟན་དང་དབྱངས་ཅན། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་མཉམ་ལས་གནང་མཁན་ཏི་ཧྲིན་ཀུང་ཟིའི་ནུབ་བྱང་ས་ཁུལ་གྱི་ཚབ་འཚོང་པ་ཀྲིག་ལེང་། མཚོ་སྔོན་རླུང་འཕྲིན་ཚོང་རའི་མདོ་དབུས་ཁམས་གསུམ་གྱི་ཡན་ལག་ཚོང་ཁང་སོ་སོའི་སྦྱིན་བདག་ཁ་ཤས་བཅས་མཉམ་ཞུགས་བྱས་ཡོད་འདུག  

གསར་དུ་ཚོང་རར་ཐོན་པའི་རླུང་འཕྲིན་འཕྲུལ་ཆས་འདིའི་མིང་ལ་ཚངས་དབྱངས་ཞེས་བཏགས་འདུག་ལ། འདི་ནི་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གིས་ཇུས་འགོད་བྱས་ཤིང་། ཏི་ཧྲིན་སྒྲ་སྡུད་འཕྲས་ཆས་བཟོ་གྲྭ་དང་མཉམ་ལས་བྱས་ཏེ་བཟོས་པའི་བོད་ལུགས་ཀྱི་རླུང་འཕྲིན་འཕྲུལ་ཆས་ཐོག་མ་དེ་ཆགས་ཡོད་འདུག་ལ། འདི་ནི་འདས་པའི་ལོ་གསུམ་རིང་ཚོད་ལྟ་དང་ཇུས་འགོད་བྱས་པ་བརྒྱུད་ལེགས་འགྲུབ་བྱུང་བ་ཞིག་ཡིན་འདུག འདིའི་ཕྱི་དབྱིབས་གའུ་ལྟར་དུ་བཟོས་ཏེ་སྟེང་དུ་འཁོར་ལོའི་པ་ཏྲ་ཡོད་ཅིང་། གཡུ་དང་མུ་ཏིག་བཅས་ཀྱིས་ཕྲ་བརྒྱན་བཏབས་ཤིང་། ནང་དུ་ཆུ་ཤེལ་ལས་གྲུབ་པའི་མ་ཎི་འཁོར་ལོ་ཞིག་ཡོད་པར་བོད་ཀྱི་དད་མོས་ལྟར་དུ་གཟུངས་འཇུག་ཀྱང་དབུལ་ཆོག་པ་སོགས་བོད་ཀྱི་ཁྱད་ཆོས་འབུར་དུ་འཐོན་པ་བྱས་འདུག

འཕྲུལ་ཆས་དེར་འདར་སྙོམ་དང་རླབས་འབྲིང་། རླབས་ཐུང་། སློབ་རའི་རླུང་འཕྲིན་བཅས་ཀྱི་འཕྲིན་ལམ་བརྒྱུད་དེ་རླུང་འཕྲིན་ལ་ཉན་པའི་ནུས་པ་ཡོད་ཐོག ད་དུང་ MP3 དང་གསོག་སྡེར། གསོག་བྱང་སོགས་ལ་བརྟེན་ནས་སྒྲ་གཏོང་བའི་ནུས་པའང་ཡོད་ཟེར།

རླུང་འཕྲིན་འཕྲུལ་ཆེས་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་རྡོ་རྗེ་རིན་ཆེན་གྱིས་བཤད་རྒྱུར། ཚངས་དབྱངས་རྟགས་ཅན་གྱི་བོད་ལུགས་སྒྲ་སྡུད་གཏོང་འཕྲུལ་ཆས་ལ་ཕྱི་དབྱིབས་དང་བྱེད་ནུས་གཉིས་ཀྱི་ཆ་ནས་བོད་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ཞིང་། དེ་ཚོང་རར་བཀྲམས་པ་དེས་བོད་མི་རིགས་ཀྱི་རིག་གནས་ཡར་རྒྱས་གོང་འཕེལ་དུ་སོང་བ་མཚོན་ལ། དེས་བོད་རིགས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ནུས་པ་མི་དམན་པ་འདོན་ཐུབ་ངེས་རེད། ཅེས་བརྗོད་འདུག

 

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༢ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

མཆན། 11

  1. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    རྭ་བློ་ལགས། སྤྱི་ཚོགས་ནི་མི་མང་གི་རེད། སྤྱི་ཚོགས་ཀྱི་གནད་དང་ལེགས་མཐའ་དག་སྤྱི་ཚོགས་དེའི་མི་མང་གིས་གླེང་ཞིང་བརྡར་ཤ་གཅོད་པའི་ཐོབ་ཐང་ཡོད་ནི་རེད། གནད་དོན་ལ་མཛུབ་མོ་བཙུགས་ནས་སྐད་ཆ་བཤད་རོགས། གང་བྱུང་བྱོ་སྡིག་མ་བྱེད། སྒྲ་སྡུད་འཁོར་ལོ་ཞིག་གའུ་གཟུགས་སུ་བཟོས་ཤིང་། དེའི་ནང་ལ་གཟུངས་བཞུགས་ཕུལ་ཏེ་ཁྱོད་ཀྱི་ལག་ཏུ་བཞག་ན། ཁྱོས་དེ་དད་རྟེན་གྱི་དངོས་བོ་ཞིག་ལ་ངོས་འཛིན་བྱེད་དམ། ཡང་ན། ཅི་དགར་སྤྱོད་ཆོག་ལ་གང་སར་གཡུགས་ཆོག་པའི་ཅ་དངོས་ཕལ་བ་ཞིག་ཏུ་ངོས་འཛིན་བྱེད་རྒྱུ་ཡིན། མ་གཞི་མི་རིགས་ཤིག་རང་རྐྱ་ཐུབ་པའི་སྒོ་ནས་ཡར་རྒྱས་སུ་འགྲོ་ཐུབ་མིན་དེ། མི་རིགས་རང་ཉིད་ཀྱི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དེ་མི་རིགས་རང་གི་རྣམ་དཔྱོད་ལ་བརྟེན་རྒྱུ་དང་། མི་རིགས་སྤྱི་ཚོགས་ཀྱི་མཁོ་དངོས་རྣམས་རང་གི་ལག་པས་བཟོ་ཐུབ་པ་ཞིག་བྱུང་རྒྱུ་དེ་ཡིན་པས་ལས། མི་རིགས་རང་གི་དགའ་མོས་དང་དད་འདུན་སོགས་གཞན་གྱི་སྒོ་མོ་བསོགས་བྱེད་དུ་འགྱུར་རྒྱུ་དེ་མ་རེད་བསམ་གི།
    ད་དུང་། གསལ་བཤད་ཞུ་འདོད་པ་ཞིག་ལ། ངས་རེ་བར་རང་སྣང་གང་ཤར་གྱིས་གཞན་ལ་ཁ་རྡུང་གཏོང་འདོད་ཀྱི་སྣ་མགོའི་སྣང་བ་དག་གང་འདོད་མ་གཡུགས་རོགས་ཞུ།

    Reply
  2. གཟི་མིག་༣པ says:
    ལོ་ 15 སྔོན།

    ཐོག་མར་་མཚོ་སྔོན་རླུང་འཕྲིན་ལས་མི་ཡོངས་ལ་བཀྲིས་བདེ་ལེགས་ཞུ་།།།།།།།།།།
    ད་དུང་ཡང་འདི་དང་འདི་འདྲ་བ་མང་པོ་བཟོ་དབྱིབས་བསྒྱུར་རྒྱུ་ལྷག་ཡོད་པས་ཁྱེད་རྣམ་པས་གནང་རོགས་ཞུ་
    གོ་སྐབས་ཚང་མ་ཁྱེད་རྣམ་པར་ཡོད་པས་བློ་བརྩེ་འགྲིམས་རོགས་གནང་
    མདོ་དབུས་ཁམས་གསུམ་ནི་ཁྱིམ་གཞི་གཅིག་ཡིན་པས་སུས་བྱ་ཐུབ་ནས་ཁྱད་མེད་ཡིན་།

    Reply
  3. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    “རྨོངས་ཤིང་རྙིང་ཞེན་ཆེ་བའི་རྒན་པོ་རྒན་མོ་རེ་འགས་ནི། སྒྲ་སྡུད་འཕྲུལ་ཆས་དེའི་དབྱིབས་ཙམ་བཟུང་སྟེ་ཕྱག་འཚལ་བ་དང་། དེའི་ནང་ནས་ཅི་བཤད་ཚང་མ་བླ་མའི་གསུང་དུ་བརྩིས་ནས་དད་པའི་ཡུལ་དུ་མི་སྒོམ་པའི་ངེས་པའང་མེད་པས། ” ཞེས་ཟེར། འདི་ནི་ཧ་ཅང་ཐལ་མ་ཆེས་སམ། ང་ཚོའི་གཞོན་རབས་སམ་ཡང་ན་སྙུ་གུས་ཅི་ཞིག་འབྲི་བཞིན་པ་ཕལ་མོ་ཆེར་ཐུན་མོང་དུ་མངའ་བའི་ཁྱད་ཆོས་ཤིག་ནི། རང་ཉིད་ཀུན་མཁྱེན་དུ་རློམ་པ་དང་། གཞན་དག་གི་སྒོ་གསུམ་ནི་དོན་མེད་པ་ཞིག་ཏུ་སེམས་ཤིང་སྒྲོག་པ་འདི་རེད། ཐེངས་འདིའི་བོད་ལུགས་ཅ་ལག་འདིའི་ཐོག་ནས་ཀྱང་ཁ་མང་ལག་མེད་ཚོས་མང་པོ་ཞིག་བཤད་སོང་མོད། ཉལ་འདང་ལག་པ་བྲག་ཐོག་བཞག་ནས་རང་ལ་རྒྱུས་ཅུང་ཙམ་རེ་ཨེ་ལོན་ལྟོས་དང་ལེགས་ཉེས་ཀྱི་གསལ་ཁ་དེ་ནས་ཕྱེ་གི་རེད། སྤྱིར་བཏང་། ཅ་ལག་འདི་འདྲ་ཞིག་བྱུང་ན་འདྲ། མ་བྱུང་ན་འདྲ། སྐོར་ཞིག་ཧ་ཅང་རྨོངས་ཤིང་འཐོམ་ལ། སྐོར་ཞིག་ལྷག་ཏུ་སྤྱང་གྲུང་འཛོམས་ངེས་པ་ནི་ཆོས་ཉིད་ལྟ་བུ་ཞིག་རེད། དཔེར་ན། རང་རེའི་དྲ་ཐོག་དང་དེབ་ནང་གི་རྩོམ་འབྲི་བ་ཚོས་དུས་ནམ་ཡང་། རང་ལ་མི་ལྟ་རོགས་གཏམ་རྐྱང་རྐྱང་བཤད་པར་འཚེར་སྣང་ཙམ་ཡང་མེད་པ་ལྟ་བུ་རེད།

    Reply
  4. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    མ་ཎི་རླུང་འཕྲིན་འདི་ནི་ཆོས་སྲིད་ཟུང་འབྲེལ་དང་ཆོས་སྲིད་མཉམ་གནས་ཡོང་ཐུབ་པའི་དཔང་རྟགས་གསོན་པོ་ཞིག་རེད། ཡ་ད་ཚང་མས་དགའ་བསུ་ཞུས།
    ཚང་མས་མཉམ་དུ།
    ཆོས་སྲིད་ཟུང་འབྲེལ། མ་ཎི་རླུང་འཕྲིན།
    ཆོས་སྲིད་ཟུང་འབྲེལ། མ་ཎི་རླུང་འཕྲིན།
    ཆོས་སྲིད་ཟུང་འབྲེལ། མ་ཎི་རླུང་འཕྲིན།
    ཆོས་སྲིད་ཟུང་འབྲེལ། མ་ཎི་རླུང་འཕྲིན།
    ཆོས་སྲིད་ཟུང་འབྲེལ། མ་ཎི་རླུང་འཕྲིན།

    Reply
  5. མི་ says:
    ལོ་ 15 སྔོན།

    ཆོས་འཁོར་དང་མ་ཎིའི་ཁོག་ནས་རྒྱལ་གཅེས་ཆོས་དང་ཏང་གི་སློབ་གསོ་གྲགས་ན་དགོད་བགྱི་ཡོང་གི་ཡ། ཚོང་པ་ཧེ་སྐྱ་ཞིག་གི་བྱ་རེད།

    Reply
  6. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    མ་གཞི་ཕྱཽགས་ཡོངས་ནས་མི་རིགས་འདི་ཉམ་ང་ཉག་ཕྲ་བའི་དུས་སྐབས་འདིར། བོད་ལུགས་སུ་བཟོ་བ་དང་། བོད་མིང་འདོགས་པ་བཅས་ཀྱི་ལས་གཞི་ཆེ་ཕྲ་ཆུང་གསུམ་ལ་དགའ་འགུ་ཡི་རངས་བྱེད་དགོས་སུ་མཆིས་མོད། སྒྲ་སྡུད་འཁཽར་ལོ་གའུ་གཟུགས་སུ་བཟོས་པ་དང་གཟུངས་བཞུགས་ཕུལ་བ་དེ་ནི། ཕྱོགས་ངོས་གཞན་ཞིག་ནས་བལྟས་ན། དད་རྟེན་དང་འཚོ་བའི་ཡོ་བྱད་གཉིས་གཞི་གཅིག་ཏུ་བསྲེས་པ་འདིས། བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཞིས་ཅུང་ཙམ་མི་འཚམ་པར་འདོད་ལ། དེ་བཞིན། ཚོང་བ་དག་གིས་མི་རིགས་འདིའི་ཐུན་མིན་གྱི་དད་སྣང་དེ་བེད་སྤྱོད་བྱས་ཏེ་མགོ་སྐོར་གཏོང་བཞིན་པའི་བཟོ་ཞིག་ཀྱང་མངོན་འདུག ཡང་གཅིག་བཤད་ན། རྨོངས་ཤིང་རྙིང་ཞེན་ཆེ་བའི་རྒན་པོ་རྒན་མོ་རེ་འགས་ནི། སྒྲ་སྡུད་འཕྲུལ་ཆས་དེའི་དབྱིབས་ཙམ་བཟུང་སྟེ་ཕྱག་འཚལ་བ་དང་། དེའི་ནང་ནས་ཅི་བཤད་ཚང་མ་བླ་མའི་གསུང་དུ་བརྩིས་ནས་དད་པའི་ཡུལ་དུ་མི་སྒོམ་པའི་ངེས་པའང་མེད་པས། འདི་ནི་མཁས་པའི་ནོར་ན་འདོགས་གང་གི་རྗེས་སུ་སོང་བ་ཞིག་ཏུ་ཕྲན་མཐོང་ངོ།

    Reply
  7. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    དབྱིན་མིང་ཅན།
    བོད་ཡིག་དྲ་བ་འདིར་བོད་པ་ཞིག་གིས་རང་གི་མིང་དེ་བོད་ཡིག་ཐོག་མི་འབྲི་བ་དེ་ཡང་སེམས་པ་སྐྱོ་དགོས་པ་ཞིག་རེད་དྭ། གཞན་སྤྱི་མཐུས་ནས་བཟུང་སྟེ་མ་ཤེས་རབ་དང་མ་བྱུང་རབ་རྐྱང་རྐྱང་བཤད་ན་ཕན་པ་གང་ཡང་མེད་རང་ཉིད་ནས་མགོ་རྩམ་དགོས་རྒྱུ་ནི་དུས་ལ་བབ་པའི་འོས་འགན་ནོ།

    Reply
  8. རིགས་བཟང་། says:
    ལོ་ 15 སྔོན།

    མཚོ་སྔོན་རླུང་འཕྲིན་ཁང་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།
    ཡིན་ན་ཡང་རླུང་འཕྲིན་འཕྲུལ་ཆས་འདིའི་སྟེང་ན་་སྲོལ་རྒྱུན་གྱི་བག་ཆགས་སྟུག་དྲག་བྱ།

    Reply
  9. GYAMTSO says:
    ལོ་ 15 སྔོན།

    ང་ཚོ་རང་དབང་ལུང་བའི་ནང་ཡོད་པའི་བོད་མི་ཚོས་ལྟོས་དང་གཞིས་སྡོད་མི་མང་གིས་སེམས་ཤུགས་སྙིང་སྟོབས་སྤོབས་པ་འདིས་མི་ལོ་ལྔ་བཅུའའི་རིང་ལ་འཐབ་རྩོད་གནང་བའི་བཀའ་དྲིན་ལ་བོད་མི་རིགས་འདི་གནས་ཐུབ་བྱུང་ཡོད། ངོ་ཚ་དགོས་པ་ཞིག་ལ་རང་དབང་ལུང་བའི་ནང་གི་ང་ཚོའི་འགོ་སྤྱི་འཐུས་ནས་བཟུང་རང་དགའ་གཉེན་སྡུག་གི་ཕྱོགས་སུ་ལྷུང་ནས་དུས་ནས་དུས་སུ་ངའི་ཁ་་་་་ཁྱོའི་རྣ་་་་་་ཟེར་ནས་འཐབ་རྩོད་བྱེད་པ་ལས་ལྷག་བསམ་རྣམ་དག་གིས་་རྩ་དོན་ལ་ཕན་པའི་ལས་ཀ་བྱེད་མཁན་སུ་སུ་ཡོད། གཞན་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ཀྱི་ཕྱག་ལས་གོང་འཕེལ་ཡོང་བའི་སྨོན་འདུན་དང་ཐུགས་རྗེ་ཆེ་ཞུ།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་པས་བཟོ་དགོས་པ་ལས། བོད་ལུགས་བཟོས་པས་ཕན་ཐོགས་ཆེར་མེད།

    Reply
  11. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    དངོས་ཉིད་ཡག་པོ་འདུག བོད་ལུགས་ཀྱི་འཛམ་གླིང་དང་འགྲན་དགོས་པ་ཤེས་མཁན་དེ་མདོ་དབུས་ཁམས་གསུམ་ནང་ནས་ཨ་མདོ་ཆགས་སོང་། ལྷ་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese