དབུས་འོས་བསྡུ་ལྷན་ཁང་གིས་སྐབས་བཅུ་བཞི་བའི་བཀའ་ཁྲིའི་དངོས་གཞིའི་འོས་མི་གསུམ་དང་། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མིར་ཆོལ་ཁ་རེར་ཉི་ཤུ་རེ་དང་། ཆོས་བརྒྱུད་ཁག་དང་བྱང་ཨ་རི ཡུ་རོབ་བཅས་ཀྱི་དངོས་གཞིའི་འོས་མི་བཞི་རེ་བཅས་ཀྱི་མིང་གཞུང་གསལ་བསྒྲགས་གནང་ཡོད།
དེ་རིང་ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་པར་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དབུས་འོས་བསྡུ་ལྷན་ཁང་གིས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་ཁག་གསལ་བསྒྲགས་བསྐྱངས་ཡོད། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མི་ ༣ དང་། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མིའི་ཁོངས་སུ་ཆོལ་ཁ་རེར་འོས་མི་ ༢༠ རེ་དང་། ཆོས་བརྒྱུད་རེར་འོས་མི་ ༤ རེ། དེ་བཞིན་བྱང་ཨ་རི་དང་ཡུ་རོབ་བཅས་སུའང་འོས་མི་ ༤ རེ་བཅས་བཀོད་འདུག
སྐབས་དེར་དབུས་འོས་བསྡུའི་ལས་འཕར་དགེ་བཤེས་རིག་འཛིན་ཆོས་གྲགས་ལགས་ཀྱིས། ཆོས་བརྒྱུད་ཁག་དང་བྱང་ཨ་རི། ཡུ་རོབ་བཅས་ཀྱི་འོས་མི་རྣམས་ཀྱི་མཚན་གཞུང་བསྒྲགས་པ་ལས་ས་སྐྱའི་འོས་མི་དག་ནི། ནོར་བུ་ཚེ་རིང་། ཆོས་གྲགས་རྒྱ་མཚོ། དགེ་བཤེས་ག་ཟེ་ཚེ་རིང་པོ། ཐུབ་བསྟན་རྒྱལ་མཚན་བཅས་དང་། དགེ་ལུགས་པའི་འོས་མི་དག་ནི། རོང་བོ་བློ་བཟང་སྙན་གྲགས། ཨ་ཀྲུག་ཚེ་བརྟན། དགེ་བཤེས་བློ་བཟང། འཁྲུངས་གསར་རིན་པོ་ཆེ་བསྟན་འཛིན་དཔལ་ལྡན། རྙིང་མའི་འོས་མི་དག་ནི། སློབ་དཔོན་བསོད་ནམས་བསྟན་འཕེལ། རྒྱ་རི་བུ་ཕྲུག སློབ་དཔོན་དྲི་མེད་རྒྱལ་མཚན། མཁན་པོ་ཆོས་དབྱིངས། བཀའ་བརྒྱུད་ཀྱི་འོས་མི་དག་ནི། བསྟན་པ་ཡར་འཕེལ། ཀ་རྨ་ཆོས་འཕེལ། ཁང་དཀར་དབང་ཕྱུག་རྡོ་རྗེ། བླ་མ་འཕྲིན་ལས། བོན་པོའི་འོས་མི་དག་ནི། དགེ་བཤེས་སྨོན་ལམ་མཐར་ཕྱིན། བ་ར་ཚེ་དབང་བཀྲིས། དགེ་བཤེས་རྣམ་དག་གཙུག་ཕུད། བློ་བཟང་རྒྱ་མཚོ་བཅས་ཡིན་ཞིང་། དེ་བཞིན་བྱང་ཨ་རིའི་འོས་མི་དག་ནི། བཀྲ་ཤིས་རྣམ་རྒྱལ། ནོར་བུ་ཚེ་རིང་། ཀུན་དགའ་འཕྲིན་ལས། བཀྲ་ཤིས་ཕུན་ཚོགས་བཅས་དང་། དང་བླངས་འོས་མི་གཅིག་ནི། བདེ་སྐྱིད་ཆོས་དབྱིངས་བཅས་རེད།
ཡུ་རོབ་ཁུལ་འོས་མི་དག་ནི། ཐུབ་བསྟན་དབང་ཆེན། དབང་པོ་བཀྲས་མཐོང་། ཆུང་བདག་ཀོ་རིན། བསམ་མདོ་བྱམས་པ་ཚེ་རིང་བཅས་དང་། དང་བླངས་འོས་མི་གཅིག་ནི་སྨོན་མཁན་བསོད་ནམས་ཕུན་ཚོགས་བཅས་རེད།
དེའི་རྗེས་དབུས་འོས་བསྡུ་ལས་འཕར་འགན་འཛིན་ལས་རོགས་གཡང་མཁོ་རྒྱལ་ལགས་ཀྱིས་ཆོལ་ཁ་གསུམ་གྱི་སྤྱི་འཐུས་དངོས་གཞིའི་འོས་མི་རྣམས་གསལ་བསྒྲགས་གནང་བ་ལས། དབུས་གཙང་གི་འོས་མི་དག་ནི། ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས། པདྨ་འབྱུང་གནས། སྒྲོལ་མ་ཚེ་རིང་། ཀརྨ་ཡེ་ཤེས། ཟླ་བ་ཚེ་རིང་། བུ་མོ་ཚེ་རིང་། ཟླ་བ་ཕུན་སྐྱིད། ཚེ་བརྟན་ནོར་བུ། འཇིགས་མེད་འབྱུང་གནས། ཨོ་རྒྱན་བསྟན་འཛིན། འཇམ་དབྱངས་རྡོ་རྗེ། ངག་དབང་ལྷ་མོ། སྒོ་དྲུག་སྐལ་བཟང་ཕུན་ཚོགས། དགེ་བཤེས་སྐལ་བཟང་དགྲ་འདུལ། ཤར་གླིང་བསྟན་འཛིན་ཟླ་སྒྲོན། ཚེ་རིང་སྒྲོལ་མ། འཆི་མེད་གཡུང་དྲུང་། བསོད་ནམས་བཟང་པོ། བྱ་ཉང་ཚེ་རིང་ལྷ་སྐྱབས། སྨན་རམས་པ་པདྨ་རྡོ་རྗེ་བཅས་དང་། དྭང་བླངས་འོས་གསུམ་ནི། ཕུན་རབ་ཆོས་བཟང་དང་ལུང་རིགས་བསོད་ནམས། དཀོན་མཆོག་ཚེ་རིང་བཅས་རེད།
མདོ་སྟོད་ཀྱི་འོས་མི་དག་ནི། འབའ་བ་སྐལ་བཟང་རྒྱལ་མཚན། འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། གསེར་རྟ་ཚུལ་ཁྲིམས། ཚུལ་ཁྲིམས་བསྟན་འཛིན། དགེ་བཤེས་གཡུང་དྲུང་རྒྱལ་མཚན། དབུ་དཀར་ཚང་གཡུ་སྒྲོན། གངས་ལྷ་མོ། ཆོས་སྐྱོང་དབང་ཕྱུག བློ་བཟང་ཡེ་ཤེས། རྡོ་རྗེ་དབང་འདུས། འཇམ་དབྱངས་བཟོད་པ། སྒ་པ་ལྷ་མོ། ཆོས་འཕེལ་ཐུབ་བསྟན། པདྨ་བདེ་ལེགས། དབྱངས་ཅན་སྒྲོལ་དཀར། གྲའུ་ཚེ་བརྟན། ཟླ་བ་སྒྲོལ་མ། ཀརྨ་མཁས་གྲུབ། གོ་བོ་བློ་བཟང་ཕན་བདེ། ངག་དབང་བསྟན་པ་བཅས་དང་། དྭང་བླངས་འོས་མི་གཅིག་ནི། བཀྲིས་ཕུན་ཚོགས་བཅས་རེད།
མདོ་སྨད་ཀྱི་འོས་མི་དག་ནི། སྤེན་པ་ཚེ་རིང་། རྒྱལ་རོང་ཟླ་བ་ཚེ་རིང་། ཐུབ་བསྟན་ལུང་རིགས། འཕེལ་རྒྱས་སྒྲོལ་མ་མཚོ་མོ། བསོད་ནམས་རྒྱལ་མཚན། ཀིརྟི་སྒྲོལ་དཀར་ལྷ་མོ། སྒྲོལ་དཀར་སྐྱབས། ཚེ་རིང་གཡུ་སྒྲོན། ཡེ་ཤེས་སྒྲོལ་མ། སྨན་པ་མཁྱེན་རབ། རྨོག་རུ་བསྟན་པ། རྒྱ་རིགས་ཐར། ཀུན་ཐར་དོན་འགྲུབ། བློ་བཟང་དཔལ་ལྡན། ཀརྨ་དགེ་ལེགས། ཆབ་བྲག་ལྷ་མོ་སྐྱབས། ཀླུ་མཁར་བྱམས། བཀྲ་ཤིས་དོན་འགྲུབ། ཚངས་དབྱངས་རྒྱ་མཚོ། ཚེ་རིང་རྡོ་རྗེ་བཅས་རེད།
མཐའ་མར་དབུས་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་ཐེངས་འདིའི་བཀའ་ཁྲིའི་དངོས་གཞིའི་འོས་མི་གསུམ་སྟེ། བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བཀྲ་ཤིས་དབང་འདུས་བཅས་ཀྱི་མཚན་གཞུང་གསལ་བསྒྲགས་དང་འབྲེལ། ཁོང་གིས་འོས་བསྡུའི་ལས་རིམ་དང་འབྲེལ་གནད་དོན་དོན་ཁག་ཅིག་གི་ཐད་གསུངས་དོན། ཐེངས་འདིར་དབུས་འོས་བསྡུ་ལྷན་ཁང་གིས་བཀའ་ཁྲིའི་དངོས་གཞིའི་འོས་མི་གསལ་བསྒྲགས་མ་བྱས་སྔོན་ལ། བཀའ་ཁྲིའི་འོས་མི་གསུམ་གྱིས་སོ་སོ་དངོས་གཞིའི་འོས་མིར་བཞེངས་རྒྱུ་ཡིན་སྐོར་ཁྱབ་བསྒྲགས་བྱས་པ་དེ་ནི། འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད། གལ་སྲིད་དབུས་འོས་བསྡུ་ལས་ཁུངས་ནས་དངོས་གཞིའི་འོས་མི་གཉིས་ལས་མི་ཉུང་བའི་སྒྲིག་གཞི་གཞིར་བཟུང་མི་གཅིག་ཕྱིར་འཐེན་བྱེད་ཆོག་གི་རེད། ཡིན་ནའང་། འོས་བསྡུ་ལྷན་ཁང་གི་ངོས་ནས་ཁོང་ཚོ་ཐོག་མ་ནས་བཀའ་ཁྲིའི་འོས་མིར་བཞེངས་ཡོད་པ་དེ་གཞི་རྩར་བཟུང་སྟེ་ཁོང་གསུམ་དངོས་གཞིའི་འོས་མིར་བཞག་པ་ཡིན། ཞེས་གསུངས་བྱུང་།
ཡང་ཁོང་གིས་བལ་ཡུལ་དང་འབྲུག་ཡུལ་གྱི་འོས་བསྡུའི་དཀའ་རྙོག་སྐོར་ལ་གསུངས་དོན། ང་ཚོས་ངོས་ནས་ཐེངས་འདིའི་འོས་བསྡུ་དང་འབྲེལ་བའི་བལ་འབྲུག་གཉིས་ཀྱི་གནས་ཆུལ་དེ། རྒྱལ་ཁབ་གཉིས་ཀྱི་གཞུང་དང་མི་མང་གི་ངོས་ནས་རྒྱ་མིས་ང་ཚོར་སྡང་སེམས་བྱས་པ་བཞིན་དམིགས་བསལ་སྡང་སེམས་བྱས་པ་ཞིག་ལ་ང་ཚོའི་ངོས་ནས་ངོས་འཛིན་བྱེད་ཀྱི་མེད། བལ་ཡུལ་ལ་མཚོན་ན། དཔལ་འབྱོར་གྱི་གནས་སྟངས་དང་ཆགས་ཡུལ་སོགས་ཕྱོགས་མང་པའི་ཐད་ནས་དུས་རབས་འདིའི་ནང་གནས་པ་ལ་རྒྱ་མི་དང་རྒྱ་གར་གཉིས་ལ་བསྟེན་དགོས་སྟབས། སྔོན་འགྲོའི་འོས་བསྡུའི་སྐབས་གནས་ཚུལ་དེ་འདྲ་ཞིག་ལྷག་པ་རེད། ད་ལྟའི་ཆར་བལ་འབྲུག་གཉིས་ཀྱི་དངོས་གཞིའི་ཐད་ཀྱི་གནས་ཚུལ་འདི་ཡིན་ཞེས་གསལ་བསྒྲགས་བྱེད་དཀའ་ཡང་། ང་ཚོས་ངོས་ནས་སྔོན་འགྲོའི་འོས་བསྡུའི་སྐབས་སུ་ཐབས་ཤེས་འདྲ་མིན་བྱས་པ་ཡིན་ལ། དངོས་གཞིར་ཡང་ཐབས་ཤེས་བྱ་རྒྱུ་ཡིན། ད་ལྟའི་འོས་གཞིའི་སྒྲིག་གཞིའི་ནང་མི་གསལ་བའི་རིགས་ང་ཚོ་འོས་བསྡུ་ལས་ཁུངས་ཀྱིས་ལག་ལེན་བསྟར་དགོས་ཀྱིན་ཡོད་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཀའ་འཁྲོལ་ཞུ་དགོས་པ་རེད། ང་ཚོས་འཆར་གཞི་མང་པོ་ཞིག་སྤྱི་འཐུས་ལྷན་ཚོགས་ལ་ཕུལ་ཡོད་པའི་ཁྲོད་ཀྱི་ཁག་ཅིག་ལ་བཀའ་ལན་ཕེབས་ཡོད་ཀྱང་། ཁག་ཅིག་ཕེབས་ཡོང་རྒྱུར་སྒུག་བསྡད་ཡོད། ད་ཆར་ང་ཚོར་བལ་འབྲུག་གཉིས་ལ་དམིགས་བསལ་འགྲོ་སྟངས་འདི་ཡིན་ཟེར་བ་ཞིག་བཤད་རྒྱུ་མེད། ཅེས་གསུངས་བྱུང་།
ཐེངས་འདིའི་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཁྲོད་དེབ་སྐྱེལ་ཟིན་པའི་མི་ ༧༩༤༤༩ དང་འོས་བསྡུའི་ཆ་ཤས་ལེན་མཁན་གྱི་མི་ ༤༧༩༩༨ བྱུང་ཡོད་ལ། དེ་ནི་སྐབས་སྔོན་མ་དང་བསྡུར་ན་མི་ ༦༦༧༨ ཙམ་ཇེ་མང་དུ་ཕྱིན་ཡོད་འདུག ཉེ་བའི་ཆར་གོ་སྐབས་གཉིས་པ་སྤྲད་རྗེས་བཞུགས་སྒར་ཁུལ་དུ་བོད་མི་ ༡༢༠༠ ལྷག་དེབ་སྐྱེལ་བྱས་ཡོད་འདུག་ལ། ཟླ་འདིའི་ཕྱིེ་ཚེས་ ༢༤ བར་ད་དུང་ཕྱོགས་མཐའ་ཁག་དང་ཁྱོན་བསྡོམས་མི་ ༥༠༠༠ ལྷག་གིས་དེབ་སྐྱེལ་ཡོང་བའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག
གསར་འགོད་པ། དོན་གོ




![AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]](https://tibettimes.net/wp-content/uploads/2026/09/WhatsApp-Image-2026-09-11-at-4.20.04-PM-360x180.jpeg)

གནས་ཚུལ་རྙོག་འཛིང་རྒྱུན་མ་ཆད་པ་རེད་ཤག
བོད་ཀྱི་སྐད་ཆའི་སྒྱུ་རྩལ་པ་ཆེན་མོ་མགོ་ལོག་ཟླ་བྷེ་ལགས་གིས་ནམ་ཡིན་ན་
རྔ་བ་བཟང་རབས་དང་ཚེ་རྒྱམ་གྱིས་འཇོན་རབས་རྐྱང་བཤད་ཀྱིན་འདུག་པ་
དེ་ཆོལ་ཁའི་ཕྱོགས་ཞེན་མིན་པར་སྨོན ། བོད་ནང་ནས་རེ་བ་གང་འཚམས་
ཡོད་སའི་མི་འདི་དག་བཙན་བྱོལ་ནང་ནས་རང་གཤིས་ཤོར་ཏེ་ཆགས་སྡང་
འབར་མ་འོང་ན་བཟང་གི་ཡ།
རྒྱ་ཡི་རྙི་ལགས
ཁྱེད་ཀྱི་གཞན་སྐྱོན་ལ་དམོད་རྒྱུ་ལས་རང་སྐྱོན་དངོས་ཟིན་ན་ལེགས
མང་བ་བཤད་ན་མི་འདོད་གི།
ཡ་མཚར་དགོས་པ་ཞིག་ལ་རྨོག་རུའི་ཆེད་དུ་ཁ་མ་ཁོམས་ལུས་མ་དལ་བ་དང་དགོས་མཁོ་བྱུང་ན་ལག་པ་ཡང་བཀྱག་རྒྱུའི་ཐེ་མི་ཚོམས་པའི་མི་བུ་ཁྱོད་ལྟ་བུའི་གླེན་པ་རེ་ཡོད་པ་རྨོག་རུ་ཚང་གི་གཟི་བརྗིད་རེད། ་ཧ་ཧ་ཧ་ཁྱི་ལའངལྟོ་སྤྲད་ན་སྦྱིན་བདག་གི་སྒོ་སྲུང་ཁུལ་བྱེད་པ་རེད།
སྤྲོ་ཚིགས་དགེ་འདུན་ཞེས་རང་གི་ས་མིང་སྦྱར་ཏེ་དངོས་མིན་བྲིས་ཀྱིན་འདུག ང་ཡིན་ན་ལྷ་སྡེ་ལུག་འདྲ་བོ་འདི་ར་མ་ཞིག་གིས་མགོ་ལ་སྦྱར་རྒྱུར་ངོ་ཚ་ས་རེད།
ད་དུང་གཞན་ལ་རང་གི་དངོས་མིང་འབོད་མི་ཐུབ་པའི་སྐྱོན་བརྗོད་བྱེད་ཀྱིན་འདུག་ན་དངོས་འབྲེལ་ང་སུ་ཡིན་མིན་ཤེས་འདོད་ཡོད་ན་ཐུག་ཆོག་གི་རེད།ཁ་པར་ཨང་གྲངས་དགོས་ན་སྤྲད་ཆོག་གི་རེད།
ཀླུ་དང་རྨོག་གཉིས་ལ་རྙོག་གླེང་ཡོད་ཚུལ་གླེང་ཁུལ་བྱེད།ཁྱེད་ཀྱི་ཉེ་འཁྲིས་དང་འུ་ཚང་གི་ཆེ་རུ་ཆེ་ཚུལ་མང་པོ་ཞིག་ལ་སྤྱི་ཚོགས་ནང་གླེང་རྙོག་མེད་མཁན་ཉུང་ཉུང་ཡིན་པ་ཧ་མ་གོའམ།
རེ་རེ་བཞིན་བཤད་དགོས་ན་ངས་ཁྱོད་ལ་གསལ་བཤད་བྱས་ཆོག
ཤེས་ཡོན་པ་ཚོར་མིག་ཚ་མཁན་ནི་ལུག་ལས་སྐྱོ་བ་རེད།
ལུག་གིས་རྩ་ཟོས།ཆུ་ཐུང་།བྲོ་ཁོག་རྒྱག་ན་ཉལ་བསྡད་ཀྱིན་རེད།
དྲ་འབུ་ཚོ་གྲོད་ཁོག་རྒྱག་ན་ངར་ནས་འགྲོ་བ་རེད།
གཞན་ཚང་མ་ཡག་པོ་འདུག ཟླ་བ་ཚེ་རིང་དང་རྨོག་རུ་བསྟན་པ་སོགས་གླེང་གཞི་ཅན་ཚོ་སྤྱི་འཐུས་ནང་ལྡུག་ན་གཏན་ནས་མི་འགྲིག མ་གཞི་རྨོག་རུ་མིག་ཚ་དགོས་པའི་བལྟས་སོ་གང་ཡང་མེད། རྨོག་རུ་ལ་མིག་ཚ་ནི་ཚོ་ནི་ཤེས་འཇོན་མེད་པའི་ལུག་རྒན་ཁ་ཤེ་རེདཞཧཧཧ
ཁྱད་མཚར། ད་ལོ་བོད་གཞུང་གིས་སྲིད་བྱུས་འདི་གུ་ཡངས་ཕྱིན་པ་རེད་དམ། ཤུགས་ལྡན་བསྟེན་མཁན་དག་ཀྱང་། འོས་ཁོངས་སུ་བཅུག་འདུག
ཡིད་མ་ཆེས་ན་ལྟོས་དང་། གླིང་ཚང་པདྨ་བདེ་ལེགས། ཁོང་གིས། དེ་སྔོན་སེ་རའི་སྤམ་ར་ཁང་ཚན་དང་། ངན་འབྲེལ་བྱས་ནས། དངུལ་ཟོས་ཤིང་། དོལ་ཚོགས་ཀྱི་སྒྲིག་སྲོལ་ལྟར་དངུལ་ཟོས་ན་དོལ་རྒྱལ་བསྟེན་དགོས་ཀྱི་ཡོད་པ་རེད།
ཁོས་དངུལ་ཟོས་པས་མ་ཚད། མི་གཞན་དག་སྦེལ་ཀོཔ་ཕྱོགས་ཀྱི་ཁྱིམ་ཚང་མང་པོ་ཞིག་ལ་དོལ་ཚོགས་དང་འབྲེལ་བ་བྱེད་བཅུགས་ནས། དངུལ་བར་ཟོས་བྱས་ཡོད་པ་དང་། ཁོ་རང་མི་དངོས་ཀྱིས་དེ་འདྲ་བཤད་ཡོད།
ཡིད་མ་ཆེས་ན་ལྷོ་ཕྱོགས་ཀྱི་མི་དག་ལ་དྲིས་དང་།
ད་དུང་ཁོང་གིས་མཉམ་འབྲེལ་གྱི་ཤེལ་བདག་ཟོས་ནས་ད་ལྟ་ཁོ་རང་སྡོད་ཁང་ཐོག་བརྩེགས་གསུམ་བྱས་པ་ཞིག་རྒྱག་ཟིན་ཡོད།
ཁོས་གཞུང་དངུལ་ཟོས་དང་། དོལ་རྒྱལ་གྱི་དངུལ་ཟོས་པ་ལས། དེ་མིན་ཁོ་ལ་ཚོང་དང་། མ་དངུལ་གྱི་ཡོང་སྒོ་གཏན་ནས་མེད། ཁོའི་སྐྱེས་དམན་ཀྱང་ལས་མེད་ཡིན།
ཁོས་དེ་སྔོན་སྐྱེས་ན་མང་པོ་ལ་ཕྲུ་གུ་བཟོས་ནས་གཡུག་ཡོད། ད་ལྟ་ཁོས་སྐྱེས་དམན་ལོ་ཆུང་ཞིག་ཉར་ནས་སྡོད་ཡོད།
ཁོ་ཚོ་ལ་དངུལ་ཡོད་ན། མང་ཚོགས་ལ་བཙན་འདེད་གཏོང་གིན་ཡོད། དཔེར་ན་སྦེལ་ཀོབ་ཀྱི་གྲོང་སྡེ་བཞི་བའི་སྤྱི་ཟུར་དཀོན་ནོར་དང་གཅིག་པ་རེད།
ཁོ་ཚོས་དངུལ་སྤྲད་ནས་བོད་པའི་བུ་མོ་ལོ་ཆུང་དག་ལྐོག་ཉར་དང་། བཙན་ཁྲིད་བྱེད་ཀྱིན་ཡོད།
གནས་ཚང་།
༢༠༡༡/༠༡/༢༡ ཉིན་འདོན་སྤེལ་བྱས། གོ་ཐོས་སུ་ཤར་ཕྱོགས་ཁུག་རྟ་དང་ཀརྨ་རྡོ་རྗེ། རེབ་ཀོང་ཆོས་འཕེལ་གསུམ་མི་གཅིག་མིང་གསུམ་རེད་ཟེར་བས། དེ་དོན་ཧ་གོ་མཁན་ག་ཚད་ཅིག་ཡོད། འདིར་འགོད་རོགས།
ང་ནི་མི་གཅིག་ལ་མིང་གཅིག་ཡོད་པ་ནི། ཀརྨ་རྡོ་རྗེ་ཡིན། དེ་མིན་གནས་ཚང་ཁྱོདརང་་མི་ཡོད་ཚད་གནས་ཚང་གཡར་དྲགས་ནས་ང་ཚོར་ཡིད་མ་ཆེས་པ་རེད་སྙམ།
རྒྱ་རྙི་ལ་བཤད་རྒྱུར
དམིགས་བསལ་གྱི་རྨོག་རུ་ལ་གདངས་དགོས་དོན་ཡེ་ནས་མེད།་ངའི་མང་པོ་ཞིག་མི་ཤེས་མོད། འོན་ཀྱང་ཀླུ་མཁར་དང་ཁོང་གཉིས་མི་གླེང་གཞི་ཅན་ཞིག་ཡིན་པ་ཚང་མ་ལ་གསལ་ཐང་ངེར་རེད། དེར་བརྟན་གླེང་གཞི་ཅན་སུ་ཞིག་ཡིན་ཀྱང་སྤྱི་འཐུས་ལ་མི་འདོད་ཁོ་ཐག་ཡིན། ངའི་རྨོག་རུ་ངོ་མི་ཤེས་པ་དང་ང་དང་འབྲེལ་མེད་ཡིན་པའི་ཆ་ནས་འདི་བཤད་པ་མིན་ལ་ལྷག་དོན་དུ་ཁོ་བ་ལ་མིག་ཚ་དགོས་དོན་མེད་ཨེ་གི་ཐ།
ད་དུང་བཤད་རྒྱུ་ཞིག་ལ། ངའི་གནས་བབ་བཟང་རྒྱུ་གཏད་ནས་མེད།་ཁྱེད་ཀྱི་བཤད་པ་བདེན་པ་རང་རེད། འོན་ཀྱང་ང་ཁྱེད་ལས་ཅུང་བཟང་ཚོད་རེད། མ་མཐའ་ཡང་མིང་རྫིན་ཞིག་གི་ཕག་ཏུ་ཡིབས་སྟེ།ཁྱིའི་ཟུག་སྐད་རྒྱག་གིན་མེད། སྤྲོ་ཚིགས་ནི་ང་སྐྱེ་ཡུལ་ཡིན་ལ་དགེ་འདུན་ནི་ངའི་མིང་ངོ་མ་དེ་ཡིན།
མདུང་རྩེ་ཟེར་བ་དང་སྤྲོ་ཚིགས་དགེ་འདུན་ནས་རྨོག་བསྟན་ལ་མིག་ཚ་གིན་འདུག་་ང་ཚོས་གཞན་ལ་བཤད་རྒྱུ་རེ་ལྷག་འེ་ཡོད་དམ།སོ་སོའི་གནས་བབ་ལ་ལྟོས་ན་ངོ་མ་ཡ་མཚར་རེད།
དགེ་བཤེས་ཚང་གི་གསུང་ཞིག་དྲན་ཡོང་གིན་འདུག
ནགས་ཀྱི་གར་མཁན་འབའ་ལུ་དེ།།ཁྲོས་པའི་མཆེ་བ་བརྒྱ་གཙིགས་ཀྱང་།།
གངས་ཀྱི་འཕྲོག་བྱེད་རྒྱལ་པོ་དེས།།གངས་རིའི་རྩེ་ནས་བག་ཡངས་བྱེད་ཀྱིན་འདུག་་
དྲ་གྲོགས་ཚོར།མདུང་རྩེ་མིང་ཅན་ནས་བརྙས་བཅོས་བྱེད་ན་ཁོའི་ལོ་རྒྱུས་དངོས་མིང་སོགས་རྩིས་སྤྲོད་བྱེད་ཆོག
དགོས་མཁོ་ཅན་ཡོད་ན་འབྲེལ་བ་བྱོས།
དེ་རིང་ཞོགས་པ་རྒྱལ་ས་ལྡི་ལི་ནས་ནང་ཇ་འཐུང་སྐབས། གནས་ཚང་ལགས་ཀྱིས་ང་ཤར་ཕྱོགས་ཁུག་རྟ་མིང་གསུམ་འདུག་གསུངས་ཤག མཆན་ལ་ཞིབ་བཤེར་ཅིག་ཞུས་པ་ཡིན། རེབ་གོང་ཆོས་འཕེལ་ཟེར་བ་ཞིག་རྙེད་མ་སོང། ཀརྨ་རྡོ་རྗེ་ཟེར་བ་ཞིག་འདུག གད་མོ་ཅིག་ཤོར་སོང།
ཡིན་ནའང། དགོངས་དག ཡིན་དང་མིན་ལབ་དགོས་དོན་མི་འདུག ག་རེ་གསུངས་ན་གསུངས།
གོ་ཐོས་སུ་ཤར་ཕྱོགས་ཁུག་རྟ་དང་ཀརྨ་རྡོ་རྗེ། རེབ་ཀོང་ཆོས་འཕེལ་གསུམ་མི་གཅིག་མིང་གསུམ་རེད་ཟེར་བས། དེ་དོན་ཧ་གོ་མཁན་ག་ཚད་ཅིག་ཡོད། འདིར་འགོད་རོགས།
བཀའ་ཁྲིའི་འོད་མི་གསུམ་ནས་ཁྱེད་པར་མི་འདུག་། འོང་ཀྱང་གནད་ཆེ་ཤོས་ནི་སྤྱི་འཐུན་རྣམས་རེད།། ཨ་མདོ་དང་མདོ་སྟོད་ཀྱི་སྤྱི་འཐུན་དག་ཡག་པོ་འདུག་། དབུས་གཙང་གི་སྤྱི་འཐུན་རྣམས་གང་བྱེད་ཧཧཧཧཧཧ
ཡང་། བདེ་སྲུང་འབྲོང་ཆུང་གཅིག་བསྲུབ་རྒྱུ་བརྗེད་འདུག ད་མ་འཇོན་པའི་མཆན་མ་བྲིས་ཟེར་བ་དང་མཚུངས་འདུག དགོངས་འགལ་མེད་པ་ཅིག
ཕྱི་དྲིལ་བཀའ་བློན་ལས་རོགས། བློ་བཟང་སེང་གེ་ལགས།
འདི།
ཕྱི་དྲིལ་བཀའ་བློན། བློ་བཟང་སེང་གེ་ལགས།
ལ་བཅོས་ནས་ཀློག་རོགས།
སྤྱིར་ཚང་མ་ག་ལ་གང་གང་འཚམ་འགྲིག་འདུག་ཀྱང་། ཆོལ་ཁའི་སྤྱི་འཐུས་ཟེར་བ་འདི་རྩ་བ་ནས་འདོད་ཀྱི་མིན་འདུག་ལ་དེ་ལས་དགེ་འདུན་པ་ལ་འོས་གཉིས་ལྡུག་ཆོག་པ་ནི་བོད་མིའི་སྤྱི་ཚོགས་ནང་འདྲ་མཉམ་ཀྱི་ཁེ་དབང་མེད་པ་མངོན་གསལ་དོད་པོས་མཚོན་གྱི་འདུག ཆོས་རིག་ལྷན་ཁང་དེ་དགེ་འདུན་པ་བཙུན་མ་རྣམས་ལ་ལྟ་རྟོགས་བྱ་མཁན་རེད་ལ་ཆོས་དང་འབྲེལ་བའི་གནད་དོན་ཚང་མ་ཆོས་རིག་ལྷན་ཁང་གི་འགན་འཁུར་དགོས་པ་རེད། ཁོང་ཚོར་ལྷན་ཁང་དང་བཀའ་བློན་ཡོད་བཞིན་དུ་སྤྱི་འཐུས་ཐོད་པ་འདེམས་པའི་ལུགས་སྲོལ་འདི་ཐལ་དྲགས་འདུག རབས་བྱུང་ན་ཆོལ་ཁའི་སྤྱི་འཐུས་དེ་དག་མེད་པ་བཟོས་ན་རྙོག་ཁྲ་ཆུང་ཤོས་དང་དུས་རབས་དང་འཚམ་པའི་མང་གཙོ་ཚད་ལྡན་ཅིག་ཡོང་རྒྱུ་རེད།
ད་ཡག་པོ་བལྟ་ཡོང་དུས་ཟླ་བ་ཚེ་རིང་དེ་བུ་ལོན་སྒྲུབ་འཇལ་མ་ཐུབ་པ་ངོ་མ་རེད་འདུག་བ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་ནང་ཞུ་སྦྱོར་བ་ཕག་རི་ཤོ་ཟུར་པ་སངས་ཚེ་དབང་ལ་ཁ་མཆུའི་འགྲོ་གྲོན་གྱི་གུན་གསབ་མཚོན་བྱེད་ཧིན་སྒོར་ ༢༠༠༠༠ དེ་ད་དུང་བུ་ལོན་སྒྲུབ་འཇལ་ཐུབ་ཡོད་མི་འདུག་པས་བཅའ་ཁྲིམས་དང་འགལ་བ་ལོས་ཡིན།
བཀའ་བློན་ཁྲི་པ་། བཀྲ་ཤིས་དབང་འདུས་ལགས།
ཆོས་རིགས་བཀའ་བློན་། བློ་བཟང་སྙན་གྲགས་ལགས་།
བདེ་སྲུང་བཀའ་བློན་། འབྲོང་ཆུང་དངོས་གྲུབ་ལགས་།
ནང་སྲིད་བཀའ་བློན་། རྒྱལ་རི་སྒྲོལ་མ་ལགས་།
ཤེས་རིག་བཀའ་བློན། ཀརྨ་དགེ་ལེགས་ལགས།
བདེ་སྲུང་བཀའ་བློན། འབྲོང་ཆུང་དངོས་གྲུབ་ལགས།
འཕྲོད་བསྟེན་བཀའ་བློན། བླ་སྨན་ཚེ་བརྟན་ལགས།
ཕྱི་དྲིལ་བཀའ་བློན་ལས་རོགས། བློ་བཟང་སེང་གེ་ལགས།
དཔལ་འབྱོར་བཀའ་བློན། བསྟན་འཛིན་རྣམ་རྒྱལ་ལགས།
བཀའ་ཁྲི་དང་སྤྱི་མཐུས་ཀྱི་འོས་མི་དག་གི་ལོ་རྒྱུས་ལ་རྒྱུས་ལོན་དང་ཞིབ་འཇུག་ལེགས་པོ་བྱ་རྒྱུ་ལས་དེར་རང་སྣང་གང་དྲན་གྱིས་སྐྱོན་བརྗོད་མི་བྱ་རྒྱུ་གལ་ཆེ་བར་མཐོང་། གལ་སྲིད་རང་ཉིད་ལ་འདོད་པ་མེད་ས་ཞིག་ཡིན་ན་དེ་གཡུགས་རྒྱུ་ལས་དེར་སྐྱོན་བརྗོད་འབའ་ཞིག་བྱས་ན་རང་ཉིད་བཟང་སྤྱོད་དང་འགལ་ཞིང་སྤྱི་ཚོགས་ལའང་ཕན་ལས་གནོད་ཚབ་ཆེ་བས་གཟབ་པར་འཚལ་ལོ།།
ཡཡ་་་ཚང་མའི་ཅི་བཤད་ཡོང་ན་ངའི་ཡང་འདི་ན་རང་གི་འདོད་པ་ལྟར་འདེམས་རྒྱུ་ཡིན།
བཀའ་ཁྲིར(༠)
སྤྱི་འཐུས།
སྤེན་པ་ཚེ་རིང་། ཐུབ་བསྟན་ལུང་རིགས། འཕེལ་རྒྱས་སྒྲོལ་མ་མཚོ་མོ། བསོད་ནམས་རྒྱལ་མཚན། སྒྲོལ་དཀར་སྐྱབས། ཚེ་རིང་གཡུ་སྒྲོན། ཡེ་ཤེས་སྒྲོལ་མ། རྒྱ་རིགས་ཐར། ལྷག་མ་དག་གཏད་ནས་མི་འདོད་པ་མིན་་་་འོན་ཀྱང་མི་དང་ལོ་རྒྱུས་སོགས་གང་ལ་ཡང་ཆར་རྒྱུས་མེད། རྨོག་རུ་དང་ཀླུ་གཉིས་གཏན་ནས་མི་འདོད
བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་།
ཤེས་རིགས་བཀའ་བློན་། ཆུང་ཚེ་རིང་ལགས་།
ཆོས་རིགས་བཀའ་བློན་། རོང་པོ་བློ་བཟང་སྙན་གྲགས་ལགས་།
བདེ་སྲུང་བཀའ་བློན་། འབྲོང་ཆུང་དངོས་གྲུབ་ལགས་།
ནང་སྲིད་བཀའ་བློན་། རྒྱལ་རི་སྒྲོལ་མ་ལགས་།
འཕྲོད་བསྟེན་བཀའ་བློན་། སྐུའི་བླ་སྨན་འབུམ་པ་རྟ་མགྲིན་ལགས་།
ཕྱི་དྲིལ་བཀའ་བློན་། བློ་བཟང་སེང་གེ་ལགས་།
དཔལ་འབྱོར་བཀའ་བློན་། རྔ་བ་ཚེ་རྒྱམ་ལགས་།
མདོ་སྨད་ཀྱི་འོས་མི་དག་ལས་རྒྱ་རིགས་ཐར། ཀུན་ཐར་དོན་འགྲུབ། བློ་བཟང་དཔལ་ལྡན། ཀརྨ་དགེ་ལེགས། བཀྲ་ཤིས་དོན་འགྲུབ། ཚེ་རིང་རྡོ་རྗེ་འདི་དག་ཆ་རྒྱུས་མེད་པ་རྐྱང་རེད། ཚངས་དབྱངས་རྒྱ་མཚོ་ཟེར་བ་འདི་གོ་ཚོད་ལ་མདོ་སྨད་སྤྱི་འཐུས་ཀྱི་ས་དམིགས་ཁོང་ནས་ཅོ་ནང་ཆོས་བརྒྱུད་ཀྱི་སྤྱི་འཐུས་སུ་ཡོང་བར་ཐབས་ཤེས་བྱས་པ་ཞིག་རེད་ཟེར་བ་གོ་བྱུང་།
གཞན་ཆབ་བྲག་ལྷ་མོ་སྐྱབས་ལགས་ཡོ་རོབ་ཏུ་བཞུགས་ཡོད་པས་ཆོལ་ཁའི་སྤྱི་འཐུས་སུ་ཡོང་ཆོག་པ་དེ་ཡ་མཚན་རེད། འདི་མགོ་ཚོས་མ་སོང་། ད་དུང་འོས་བསྡུ་འགན་འཛིན་ལགས་ཀྱི་སྒྲིག་འགལ་གྱི་བཀའ་ཁྲིའི་འོས་གཞི་གསུམ་ལ་གོ་སྐབས་གནང་བ་འདི་ཡང་དཔེ་མི་སྲིད་པའི་གུ་ཡངས་ཅན་ཡིན་པའི་རྟགས་ཡིན་རྒྱུ་རེད།
ད་དུང་བཀའ་ཁྲིའི་འོས་མི་གསུམ་དང་། ཆོལ་ཁ་རེ་ཉི་ཤུ་རེ་ཡོད་པ་འདི་འོས་མི་ངོ་འདྲ་བའི་ཐད་འདྲ་མཉམ་བྱུང་མི་འདུག་བསམ་སོང་།
དྲ་གྲོགས་རྣམས་ཀྱིས་སྤྱི་དོན་དང་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དང་མཐུན་པར་བགྲོ་གླེང་གནང་བ་དེར་མོས་མཐུན་་བསྔགས་བརྗོད་ཞུ་བཞིན་ཡོད།
ང་ཚོས་དྲ་ངོས་སུ་བརྒྱ་བཤད་སྟོང་བཤད་བྱས་ཀྱང་བདག་པོ་རྒྱག་མཁན་ཡོད་མ་རེད།
ད་རེས་དབུས་འོས་བསྡུ་ལས་ཁུངས་སུ་སྙན་ཞུ་འབུལ་དགོས། རྨོག་རུ་བསྟན་པ་དང་ཟླ་བ་ཚེ་རིང་གཉིས་སྤྱི་འཐུས་ཀྱི་འོས་ཆོས་མ་ཚང་བ་མངོན་གསལ་དོད་པོ་རེད།
སྙན་ཞུ་དེ་ཡང་དྲ་གྲོགས་རྣམས་ཀྱིས་སོ་སོའི་ས་གནས་ཀྱི་དྲང་བདེན་ཅན་གྱི་གང་ཟག་མང་པོར་ས་རྟགས་བཀོད་རོགས་ཞུས་ཏེ་ས་རྟགས་བཅས་འོས་བསྡུ་ལས་ཁུངས་སུ་འབུལ་རྒྱུ་དང་། ངོ་བཤུས་བཀའ་ཤག་དང་སྤྱི་འཐུས་གྲོས་ཚོགས། ཁྲིམས་ཞིབ་ཁང་དང་། གཞན་ཡང་ས་གནས་འགན་འཛིན་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཐུབ་པ་བྱེད་དགོས། དེ་ལྟར་བྱས་པ་ཡིན་ན་གྲུབ་འབྲས་ཡོང་བའི་རེ་བ་ཡོད།
ངའི་བཀའ་ཁྲིའི་འོས་མི་བློང་སེང་ཡིན།
སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་ཁོངས་ནས་མདོ་སྟོད་ཀྱི་སྤྱི་འཐུས་འོས་མི་རྩེ་ཏོག་བཅུ་དྲག་འདེམས་ཀྱིས་རྒྱ་ཆེ་མང་ཚོགས་ལ་གསལ་བཏོན་བྱ་རྒྱུ་འདོད་བྱུང༌།
༡ སྐལ་བཟང་རྒྱལ་མཚན།
༢ ཚུལ་ཁྲིམས་བསྟན་འཛིན།
༣ ཆོས་སྐྱོང་དབང་ཕྱུག
༤ བློ་བཟང་ཡེ་ཤེས།
༥ འབའ་པ་ཆོས་འཕེལ་ཐུབ་བསྟན།
༦ པདྨ་བདེ་ལེགས།
༧ བདེ་བ་ཚང་རྡོ་རྗེ་དབང་འདུས།
༨ དང་བླངས་འོས་མིར་བཞེངས་མཁན་བཀྲིས་ཕུན་ཚོགས་དང༌།
བུད་མེད་ཁོངས་ནས་
༩ མཛེས་མ་དབྱངས་ཅན་སྒྲོལ་དཀར་དང༌།
༡༠ དཀར་མཛེས་ཟླ་བ་སྒྲོལ་མ་བཅས་ཡིན།
བཀའ་བློན་ཁྲི་པ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
ཆོས་རིག་བཀའ་བློན། ༼ཆོས་དོན་ལྷན་ཚོགས་ལག་བསྟར་དབུ་འབྱེད་བྱས་ན་འཐུས་རྒྱུ༽
ཤེས་རིག་བཀའ་བློན། གཡུ་ཐོག་ཀརྨ་དགེ་ལེགས།
བདེ་སྲུང་བཀའ་བློན། འབྲོང་ཆུང་དངོས་གྲུབ།
ནང་སྲིད་བཀའ་བློན། བཀྲ་ཤིས་དབང་འདུད།
འཕྲོད་བསྟེན་བཀའ་བློན། སྐུའི་བླ་སྨན་ཌོག་ཏྲར་ཚེ་བརྟན།
ཕྱི་དྲིལ་བཀའ་བློན། རྔ་བ་ཚེ་རྒྱམ། དང་རྒྱ་རི་བློ་གྲོས་རྒྱལ་མཚན།་གང་རུང།༼གཙོ་ཆེར་རྒྱ་ནག་ལ་དམིགས་པ་ཡིན།༽
ཕྱི་དྲིལ་བཀའ་བློན་ལས་རོགས། བློ་བཟང་སེང་གེ།
དཔལ་འབྱོར་བཀའ་བློན། ཚེ་རིང་དོན་གྲུབ་དང་རྒྱ་རི་སྒྲོལ་མ་གང་རུང།
ད་དུང་བཤད་རྒྱུ་ཞིག་ལ་མདོ་སྨད་ཚང་གི་་་ལྷག་བསམ་ཅན་མི་ཤེས་མཇོན་གཉིས་ལྡན་གྱི་གཞོན་རབ་པ་ཞིག་ལྷག་འདུག སྐབས་༡༥་བར་ཐབས་ལམ་མེད་མོད་་་་འོན་ཀྱང་རྗེས་སོར་བརྗེད་མི་ཉན་ཡ
ཁོང་ནི་ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་རེད ད་ལྟ་ཧོན་སུར་དུ་སློབ་དགེ་བྱེད་བཞིན་འདུག
ཡ་ཡ་་ཨ་རོགས་ཚོ། ད་ཡིན་ན་གཟབ་རེན་རེད་ཡ
གཞན་དག་ངའི་མི་ཤེས་་་་་ཤེས་ཀྱང་དགོས་པཆེར་མི་འདུག
བཀའ་ཁྲིའི་འོས་གཞི་གསུམ་མི་བཟང་རྒྱུ་མེད་མོད་་་་་་་ འོན་ཀྱང་ང་ལ་འདོད་པ་མེད
དེར་བརྟན་འོས་བླུག་རྒྱུ་མིན
ཀླུ་མཁར་དང་སྒོ་མང་བསྟན་པ་གཉིས་ལ་ཤེས་མཇོན་ཡོད་དུ་ཆིག་ཀྱང་མི་གླེང་གཞི་ཅན་ཡིན་པས་མི་དགའ། འགའ་ཞིག་རྙིང་རུལ་ཏུ་སོང་འདུག
ང་གོས་རྙིང་བ་གྱོན་པ་མི་དགའ།
ད་ལན་ཀླུ་མཁར་བྱམས་སླེབས་པ་འདི་ཅུང་ཟིང་ཚ་བོ་འདྲ་ཞིག་བྱུང་། ཡང་མི་མང་པོས་འུར་ཟིང་སློང་གི་རེད། འོན་ཀྱང་ཁོང་ཐོབ་མདོག་ཁ་བོ་མེད། གལ་སྲིད་ཐོབ་པ་ཡིན་ན་ལ་མ་གཞི་ནས་མདོ་སྨད་མི་མང་གིས་ཁོང་ལ་ཇི་འདོད་དུ་ཁ་གྲགས་འཇུག་ཚོད་མི་འདུག་མོད། ཁོང་སྤྱི་འཐུས་སུ་ཞུགས་ན་ལྷག་པར་དུ་ཚད་ངེས་ཅན་ཞིག་གི་བར་དུ་ཁོང་གི་ཞལ་འདན་པ་དང་གྲེ་བ་འགག་པར་འགྱུར་བས་འདི་ནི་ཁོང་རང་ཉིད་དམ་ཡང་ན་དམངས་གཙོའི་སྤྱི་ཚོགས་ཤིག་ལ་གྱོང་ལྟ་བུ་ཞིག་ཡིན་སྙམ། ཁོང་གིས་ཁོང་རང་ལ་འཚམས་པའི་བྱ་བ་དེ་བྱེད་བཞིན་བཞུགས་ན་བཟང་པར་སྙམ།
དམངས་ཀྱིས་བསྐོས་པའི་སྐྱེས་བུ་དག །ཅི་ཙམ་ངན་ཡང་དགྲ་ལས་ལྷག །
ཀུན་གྱིས་བཀུར་མཁན་དཀོན་ན་ཡང། །ཕལ་ཆེས་ངན་བཤད་མེད་ན་འོས།
རྒན་པ་རྣམ་པའི་ཉམས་མྱོང་དང། །གཞོན་པའི་ཤེས་ཡོན་མཉམ་སྤུངས་ན།
གྲོས་ཚོགས་ར་བའི་གྲོས་ཆོད་རྣམས། །དོན་ལྡན་ཡོང་ལ་རེ་བ་ཆེ།
དེ་བས་རྒན་གཞོན་གཉིས་ཆ་ནས། ལེགས་ཤོས་གང་ལགས་གདམ་པ་གལ།
གཞན་པ་ཅང་བཤད་མི་ཤེས་ཀི མདོ་སྨད་སྤྱི་འཐུས་ནང་གི་བརྒྱ་ཆ་མང་ཤོས་རྙིང་པ་ཡིན་པ་འདྲ། ད་ཡིན་ན། སྤེན་པ་ཚེ་རིང་། རྒྱལ་རོང་ཟླ་བ་ཚེ་རིང་། ཐུབ་བསྟན་ལུང་རིགས། འཕེལ་རྒྱས་སྒྲོལ་མ་མཚོ་མོ། ཀིརྟི་སྒྲོལ་དཀར་ལྷ་མོ། ཚེ་རིང་གཡུ་སྒྲོན། ཡེ་ཤེས་སྒྲོལ་མ། སོགས་ལ་བཀའ་དྲིན་ཆེ་ཆེ་ཞུ་བ་དང་མཉམ་དུ་སྤྱི་འཐུས་ནས་རྒན་གཡོལ་ཞུ་རྒྱུའི་གསོལ་བ་བཏབ་ན་རེད། ཁོང་རྣམ་པ་ཚོ་ཡང་ཐང་ཆད་ཡོད་རྒྱུ་རེད་ལ། འདི་ལྟར་མུ་མཐུད་ནས་སོང་ན་མདོ་སྨད་ལ་མི་མེད་པའི་དོན་དངོས་འདི་གཞན་གྱིས་ཤེས་ན་ཐང་། ཧ ཧ ཧ ཧ ཧ
ཤར་ཕྱོགས་ཁུག་རྟ་ཟེར་ནི་འདིས། སྤྱི་འཐུས་འདེམས་སྟངས་ལ་བལྟས་ན་ཁོས་ཤེས་མདོག་བྱས་བ་ལས་དོན་དངོས་ཅི་ཡང་ཤེས་ཀྱི་མེད་ཚོད་སྣང་། མདོ་སྟོད་ནང་བུད་མེད་གཅིག་མ་གཏོགས་བདམས་མི་འདུག ཧཧཧཧ
སྤྱིར་བཏང་འོས་ཡག་པོ་བླུག་འདུག འོན་ཀྱང་ཆོལ་ཁ་ལ་ཞེན་ཁོག་ཅན་ཚོ་འོས་གྲངས་མཐོ་ཤོས་བསླེབས་པ་དེ་ངོ་མ་བློ་ཕམ་ཆེ།
ལྷག་པར་དུ་ཟླ་བ་ཚེ་རིང་གིས་བོད་ཀྱི་བཅའ་ཁྲིམས་རྡོག་རྩིས་བཏང་ན་ཡང་ད་དུང་འོས་མི་རུ་བཏོན་པ་ངོ་མ་བློ་ཕམ་གྱི་རང་བཞིན་རེད།
ངའི་བཀའ་ཁྲི་
བློ་བཟང་སེང་གེ་མཆོག་རྒྱུས་གྱུར་ཅིག་།
སྤྱི་འཐུས་
འབའ་པ་སྐལ་བཟང་རྒྱལ་མཚན་།
གསེར་རྟ་ཚུལ་ཁྲིམས་།
ལི་ཐང་འཇམ་དབྱངས་བཟོད་པ་།
གསུམ་ཡིན་
ང་ཚོ་ཆབ་སྲིད་བཙོན་འབྲེལ་ཆགས་པ་མང་པོ་ཞིག་གིས ། སྐབས་གསུམ་པའི་
བཀའ་ཁྲིའི་འོས་མི་ལ ། རྒྱ་རི་སྒྲོལ་མ་ལགས་དང་། རྔ་བ་ཚེ་རྒྱམ །
སྤེན་པ་ཚེ་རིང་། འབྲོང་ཆུང་དངོས་གྲུབ་བཅས་རྣམ་པ་བཞིའི་གང་རུང་ལ་རེ་
བ་ཆེན་པོ་བཅང་ཡོད་ན་ཡང་། རྔ་བ་ཚེ་རྒྱམ་དང་འབྲོང་ཆུང་དངོས་གྲུབ་
རྣམ་གཉིས་འོས་མིར་མ་བཞེངས་བ་དང་།སྤེན་པ་ཚེ་རིང་དང་རྒྱ་རི་སྒྲོལ་མ་
རྣམ་གཉིས་རིམ་བཞིན་དགོངས་པ་ཞུས་སོང་བའི་བློ་ཕམ་ཆེན་པོ་བྱུང་ཡོད །
ཡིན་ན་ཡང་ཁོ་བོ་ཅག་གིས་འོས་འཕེན་གྱི་ཆ་ཤས་མ་བླང་ན།སྤྱིའི་འོས་ཞུགས་གྲངས་འབོར་ལ་གནོད་སྲིད་པས ། རང་རང་གང་མོས་ཀྱིས་ཁོང་གསུམ་ལ་
འོས་འཕེན་ཆ་ཤས་ལེན་རྩིས་ཡོད ། འདིར་རེ་བ་ནི །ཁོང་གསུམ་གྱི་སུ་བཀའ་
ཁྲི་ལ་ཐོན་ན །ངེད་ཚོའི་རེ་བ་ཡོད་ཚད་བཞག་ཡོད་པའི་རྒྱ་རི་སྒྲོལ་མ་
སོགས་རྣམ་པ་བཞི་བོ་བཀའ་བློན་རེ་ལ་འཇོག་རྒྱུ་དེ་ཡིན ། གཞན་ཐེངས་
འདིར་བསྒྲགས་པའི་བཀའ་སྤྱིའི་འོས་མི་ཀུན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ །
བཀྲ་ཤིས་དབང་འདུས། ལུང་ཚན་སྦྲ་ཆེན། ད་ལྟའི་སྡོད་གནས་སྦེལ་ཀོབ།
ཕྱི་ལོ་༢༠༡༠ཟླ་༡༠ཚེས་༡༢ཉིན། སྔ་དྲོ་ཆུ་ཚོད་༡༠པའི་ཐོག་བཞུགས་སྒར་དྷ་རམ་ས་ལའི་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཙན་བྱོལ་བོད་གཞུང་དབུས་འོས་བསྡུ་ལྷན་ཁང་གིས། སྐབས་༣ པའི་བཀའ་བློན་ཁྲི་པ་དང༌། སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོ་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་སྐབས་སུ་བཀྲ་ཤིས་དབང་འདུས་མདོ་སྟོད་སྤྱི་འཐུས་ཀྱི་འོས་མིར་བཏོན་འདུག་མོད། ད་ལྟ་མེད་དོན་ཅི།
གསར་འགོད་པ་དོན་གོ་ལགས་འོག་གི་དག་ཆ་དག་ལ་ཐུགས་བསམ་བཞེས་རོགས།
བལ་འབྲུག་གཉིས་ཀྱི་གནས་ཆུལ། གནས་ཚུལ།
ཕྱོགས་མང་པའི་ཐད། མང་པོའི་ཐད།
ང་ཚོས་ངོས་ནས། ང་ཚོའི་ངོས་ནས།
སྒུག་བསྡད་ཡོད། སྒུག་སྡོད་ཡོད།
ད་སང་ད་་་་་་ཚང་མའི་མ་ནོར་བ་ཞིག་་་་་ཁ་སྔོན་ཟམ་གདོང་གི་བཤད་པ་དེ་གོ་སོང་ང་་་་
ལྕགས་གི་བཟོས་པའི་མི་ཞིག་ཡིན་ཀྱང་ཕར་ཆེར་ཟད་དེ་ཅིག་ལ་ཐུག་ཡོད་ཚོད་ཡིན
ཆོས་འཆད་ཉན་གལ་ཆེན་ཡིན་ཀྱང་གསུངས་པ་པོ་སྲོག་ལྡན་ཡིན་པས་ན་་་་ཁྱེད་ཞུ་བ་པོ་ཚོའི་དགོངས་བཞེས་གནང་རོགས།
ཚང་མ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
བཀའ་སྤྱི་གང་ཐད་ནས་འོས་མིར་སླེབས་མཁན་ཚོ་མི་མང་གི་ཡིད་ཆེས་ཤིག་གི་ངོས་ནས་འོས་བླུགས་ཡོད་པས་ཚང་མས་དེ་ལུགས་བོད་སྤྱི་བའི་དོན་ལ་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་རྒྱུ་མཁྱེན། མཐའ་མའི་བཅུའི་ནང་དུ་སླེབས་མ་སླེབས་ཚང་མ་འདིར་མི་མང་གིས་འོས་མི་ཉི་ཤུའི་ནང་དུ་འདེམས་པ་གཟི་བརྗིད་དུ་ངོས་འཛིན་བྱ་འོས་སོ།། ཚང་མ་ཡག་པོ་འདྲ་བོ་འདུག་སྙམ།
གནས་ཚང་ལགས། རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་མཁན་དེ་ཚོར་ཁྱོད་གནས་ཚང་གིས་གནས་ཚང་གཡོར་ཨ། ་་་་
འོས་བསྡུ་འགན་འཛིན། དྲག་འདེམས་བྱེད་པ།
རྩིས་ཞིབ་འགན་འཛིན། བསྟན་འཛིན་མགོན་པོ།
གཞུང་ཞབས་འདེམས་ལྷན་འགན་འཛིན། དྲག་འདེམས་བྱེད་པ།
འཆར་འགོད་ལྷན་ཁང་འགན་འཛིན། རྙེད་མ་སོང་།
༡༣་བསྟན་འཛིན་ནོར་བུ། ཏྲེ་ཧོར། རྡ་ས། ༡༩༢༦
༡༥ སྨར་ཁམས་ཆོས་འཕེལ། སྨར་ཁམས། སྦེལ་ཀོབ། ༡༦༦༡
ཕྱི་ལོ་༢༠༡༠ཟླ་༡༠ཚེས་༡༢ཉིན། སྔ་དྲོ་ཆུ་ཚོད་༡༠པའི་ཐོག་བཞུགས་སྒར་དྷ་རམ་ས་ལའི་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཙན་བྱོལ་བོད་གཞུང་དབུས་འོས་བསྡུ་ལྷན་ཁང་གིས། སྐབས་༣ པའི་བཀའ་བློན་ཁྲི་པ་དང༌། སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོ་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་སྐབས་སུ་བསྟན་འཛིན་ནོར་བུ་དང་སྨར་ཁམས་ཆོས་འཕེལ་གཉིས་བཏོན་འདུག་ཀྱང་དེ་རིང་གསལ་བསྒྲགས་ནང་དུ་མི་འདུག
དབུས་འོས་བསྡུ་ལང་ཁུངས་ཀྱིས་གསལ་བཤད་ཤིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཁོང་རྣམ་པ་གཉིས་སྤྱིའི་ཆ་ནས་མི་ཆུང་ཆུང་ཡིན་ནའང་མདོ་སྟོད་མི་དམངས་སྟོང་གི་རྒྱབ་སྐྱོར་ཡོད་པའི་མི་ཡིན། ང་ཚོ་མདོ་སྟོད་མི་དམངས་ཀྱིས་ངོས་ནས་ཁོང་གཉིས་སུ་གུས་བཀུར་བྱས་ཀྱི་ཡོད།
ཅི་ཡིན་འདི་ཡིན་མེད་མ་ཤེས་ན་དོགས་པ་སྣ་ཚོགས་ཤིག་སླེབས་ངེས་ཡིན་པས་འོས་བསྡུ་ལང་ཁུངས་ཀྱིས་གསལ་བཤད་གནང་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན།
བཀའ་ཁྲི། བློ་བཟང་སེངྒེ།
ཆོས་རིག་བཀའ་བློན། ཨ་ཀྱཱ་རིན་པོ་ཆེ།
ནང་སྲིད་བཀའ་བློན། བཀྲ་ཤིས་དབང་འདུད།
ཕྱི་དྲིལ་བཀའ་བློན། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
དཔལ་འབྱོར་བཀའ་བློན། རྒྱ་རི་སྒྲོལ་མ།
ཤེས་རིག་བཀའ་བློན། ཀརྨ་ཆོས་འཕེལ།
འཕྲོད་བསྟེན་བཀའ་བློན། ཟླ་བ་ཕུན་སྐྱིད།
བདེ་སྲུང་བཀའ་བློན། འབྲོང་ཆུང་དངོས་གྲུབ།
དབུས་གཙང་གི་འོས་མི་དག་ནི། བུ་མོ་ཚེ་རིང་། སྒོ་དྲུག་སྐལ་བཟང་ཕུན་ཚོགས། དགེ་བཤེས་སྐལ་བཟང་དགྲ་འདུལ། ཤར་གླིང་བསྟན་འཛིན་ཟླ་སྒྲོན། ཚེ་རིང་སྒྲོལ་མ། འཆི་མེད་གཡུང་དྲུང་། བསོད་ནམས་བཟང་པོ། བྱ་ཉང་ཚེ་རིང་ལྷ་སྐྱབས། སྨན་རམས་པ་པདྨ་རྡོ་རྗེ་བཅས་དང་། དྭང་བླངས་འོས་གསུམ་ནི། དཀོན་མཆོག་ཚེ་རིང་བཅས་དང་།
མདོ་སྟོད་ཀྱི་འོས་མི་དག་ནི། འབའ་བ་སྐལ་བཟང་རྒྱལ་མཚན། འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། གསེར་རྟ་ཚུལ་ཁྲིམས། ཚུལ་ཁྲིམས་བསྟན་འཛིན། དགེ་བཤེས་གཡུང་དྲུང་རྒྱལ་མཚན། དབུ་དཀར་ཚང་གཡུ་སྒྲོན། གངས་ལྷ་མོ། ཆོས་སྐྱོང་དབང་ཕྱུག བློ་བཟང་ཡེ་ཤེས། དྭང་བླངས་འོས་མི་གཅིག་ནི། བཀྲིས་ཕུན་ཚོགས་བཅས་དང་།
མདོ་སྨད་ཀྱི་འོས་མི་དག་ནི། རྒྱལ་རོང་ཟླ་བ་ཚེ་རིང་། ཐུབ་བསྟན་ལུང་རིགས། བསོད་ནམས་རྒྱལ་མཚན། ཀིརྟི་སྒྲོལ་དཀར་ལྷ་མོ། སྒྲོལ་དཀར་སྐྱབས། རྒྱ་རིགས་ཐར། ཀུན་ཐར་དོན་འགྲུབ། ཆབ་བྲག་ལྷ་མོ་སྐྱབས། ཀླུ་མཁར་བྱམས། ཚེ་རིང་རྡོ་རྗེ་བཅས་དང་།
སྤྱི་འཐུས་ཚོགས་གཙོ། འབའ་བ་སྐལ་བཟང་རྒྱལ་མཚན།
སྤྱི་འཐུས་ཚོགས་གཞོན། ཀིརྟི་སྒྲོལ་དཀར་ལྷ་མོ།
འདི་ནི་པཱ་ལེ་བ་ཞིག་གི་གྲོས་གཞི་ཡིན། དགོངས་ཚུལ་གསུངས་རོགས།
དབུས་གཙང་གི་སྤྱི་འཐུས་འོས་མི་ཟླ་བ་ཚེ་རིང་ཟེར་བ་དེས་བོད་གཞུངགི་བཅའ་ཁྲིུམས་རྩིས་མེད་གཏོང་ཡོད་པས་ཁོ་ཡང་བསྐྱར་སྤྱི་འཐུས་སུ་ལངས་ཆོག་གི་མ་རེད། དངོས་གནས་བྱས་ན་འོས་བསྡུ་ལས་ཁུངས་ཀྱི་བཀག་དགོས་ངེས་རེད།
དབུས་གཙང།
པདྨ་འབྱུང་གནས། སྒྲོལ་མ་ཚེ་རིང་། བུ་མོ་ཚེ་རིང་། ཟླ་བ་ཕུན་སྐྱིད། ཚེ་བརྟན་ནོར་བུ། འཇིགས་མེད་འབྱུང་གནས། ཨོ་རྒྱན་བསྟན་འཛིན། འཇམ་དབྱངས་རྡོ་རྗེ། ངག་དབང་ལྷ་མོ། ཚེ་རིང་སྒྲོལ་མ།
མདོ་སྟོད།
འབའ་བ་སྐལ་བཟང་རྒྱལ་མཚན། ཚུལ་ཁྲིམས་བསྟན་འཛིན། ཆོས་སྐྱོང་དབང་ཕྱུག བློ་བཟང་ཡེ་ཤེས། རྡོ་རྗེ་དབང་འདུས། འཇམ་དབྱངས་བཟོད་པ། སྒ་པ་ལྷ་མོ། ཆོས་འཕེལ་ཐུབ་བསྟན། པདྨ་བདེ་ལེགས། གོ་བོ་བློ་བཟང་ཕན་བདེ།
མདོ་སྨད།
སྤེན་པ་ཚེ་རིང་། ཐུབ་བསྟན་ལུང་རིགས། བསོད་ནམས་རྒྱལ་མཚན། ཚེ་རིང་གཡུ་སྒྲོན། ཡེ་ཤེས་སྒྲོལ་མ། རྒྱ་རིགས་ཐར། བློ་བཟང་དཔལ་ལྡན། ཀརྨ་དགེ་ལེགས། ཆབ་བྲག་ལྷ་མོ་སྐྱབས། ཚེ་རིང་རྡོ་རྗེས་བཅས་རེད།
བཅས་གསལ་བསྒྲགས་སུ། ཧཧཧཧ
ཧཧཧཧཧ། ད་ནི་བཀའ་སྤྱི་གཉིས་གཏན་འཁེལ་བྱ་རྒྱུ་ཡིན།
བཀའ་ཁྲི། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
དགེ་ལུགས། དགེ་བཤེས་བློ་བཟང། རོང་བོ་བློ་བཟང་སྙན་གྲགས།
རྙིང་མ། སློབ་དཔོན་དྲི་མེད་རྒྱལ་མཚན། མཁན་པོ་ཆོས་དབྱིངས།
བཀའ་བརྒྱུད། ཁང་དཀར་དབང་ཕྱུག་རྡོ་རྗེ། བླ་མ་འཕྲིན་ལས།
ས་སྐྱ། ནོར་བུ་ཚེ་རིང་། ཆོས་གྲགས་རྒྱ་མཚོ།
བོན་པོ། དགེ་བཤེས་རྣམ་དག་གཙུག་ཕུད། བློ་བཟང་རྒྱ་མཚོ།
ཡུ་རོབ། ཐུབ་བསྟན་དབང་ཆེན། སྨོན་མཁར་བསོད་ནམས་ཕུན་ཚོགས།
ཨ་རི། བདེ་སྐྱིད་ཆོས་དབྱིངས། བཀྲ་ཤིས་ཕུན་ཚོགས།
དྲ་མཁན་ཀརྨ་རྡོ་རྗེ་ཞུ་བ་འདི་ཕྱོགས་ལྷུང་བའི་གྲས་ཀྱི་གཅིག་ཡིན་ཤག་རེད། དེ་མ་གཏོགས་ཀླུ་མཁར་བྱམས་ལགས་ལས་གོང་ས་མཆོག་གི་དགོངས་གཞི་བགྲེས་ཡོལ་ལ་རྒྱབ་བསྐྱོར་ཆ་ཚང་རྒྱག་ཐུབ་མཁན་མེད་དོན་ཅི་ཡིན་ནམ། བཀྲ་མི་ཤིས་པ་ངོ་མ་དེ་ད་ཁྱོད་ཚོ་རེད་ཡ།
ཀླུ་མཁར་བྱམས་ལྟ་བུ་ཞིག སྤྱི་འཐུས་ལ་འཁོད་ན། སྤྱི་འཐུས་བཀྲ་མི་ཤིས་པའི་འགོ ཉིན་དང་པོ་ཚུགས་ཚར་པ་རེད།
བཀྲ་ཤིས་བདེ་ལེགས་ཡོད།
༡ དབུས་གཙང་འོས་མིའི་ཁུངས་སུ་རྙིང་པ་ཞེ་དྲག་མང་པོ་འདུག འདི་བསྒྱུར་བཅོས་གཏོང་དགོས་པ་གསལ་པོ་རེད།
༢ མདོ་སྟོད་འོས་མི་གཞོན་སྐྱེས་རེད་ལ། མི་རབས་རྒན་པས་གསར་བར་རྩིས་སྤྲོད་བྱེད་སྟངས་ལ་མིག་དཔེ་བསྐྲུན་འདུག འདི་ཆེས་ཡ་རབས་དང་གོང་ས་མཆོག་གི་དགོངས་གཞི་དང་ཡོངས་སུ་མཐུན་པ་ཞིག་རེད།
༣ མདོ་སྨད་འོས་མིའི་ཁུངས་སུ་ཀླུ་མཁར་བྱམས་ལགས་སླེབས་ཟིན་པ་འདི་མདོ་སྨད་མི་མང་ལ་གོ་རྟོགས་ཡོད་པ་དང་གོང་སའི་བཀའ་ལ་བརྩི་མཁན་ཡང་གང་འཚམས་ཤིག་ཡོད་པའི་རྟགས་གཙོ་བོ་ཞིག་རེད་མོད། རྙིང་པ་མང་པོ་ཞིག་གིས་འཚང་ཁ་རྒྱག་ཀྱིན་པའང་གཟབ་གཟབ་བྱེད་ས་ཆགས་འདུག
གཞན་ཆོས་རྒྱུད་ཁག་ནས་རེད། གསར་རྙིང་མཉམ་བསྲེས་འདྲ་བོ་ཆགས་ཤག ཡར་རྒྱས་ཀྱི་རྣམ་པ་ཞིག་རེད་ཅེས་ཞུ་མ་ཆོག་པའང་མི་འདུག