མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མའི་སྐུ་ཚབ་དང་འབྲེལ་བ་རྒྱུན་འཁྱོངས་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

མ་འོངས་པར་རྒྱ་ནག་གིས་མུ་མཐུད་མི་དམངས་ཀྱི་འཚོ་བ་ཡར་རྒྱས་དང་། ཁྲིམས་སྲིད་དམངས་གཙོའི་ལམ་སྲོལ་ལག་བསྟར་ཡོང་གི་རེད། རྒྱ་ནག་གཞུང་ངོས་ནས་འབྱུང་འགྱུར་ཨ་རྒྱ་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་བྱས་ཏེ། ཕན་ཚུན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ཐད་གྲོས་མོལ་བྱ་རྒྱུ་ཡིན་ཟེར།

ཁ་སང་ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྣམ་གཉིས་ཀྱིས་ཨ་རིའི་ཕོ་བྲང་དཀར་པའི་ཤར་ཕྱོགས་ཚོམས་ཁང་དུ་མཉམ་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ལ། སྐབས་དེར་ཐེངས་འདིའི་གྲོས་མོལ་གྱི་ནང་དོན་ཐོག་བསྒྲགས་གཏམ་སྤེལ་རྗེས། གསར་འགོད་པའི་དྲི་བ་ཁག་ཅིག་ལ་ལན་འདེབས་བྱས་ཡོད།  

ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཐེངས་འདིའི་སྤྱི་བསྒྲགས་གཏམ་བཤད་སྐབས་བརྗོད་རྒྱུར། ངས་འདིར་ནན་སྐུལ་ཞུ་རྒྱུ་ཞིག་ནི། ཨ་རིས་འགྲོ་བ་མི་སྤྱི་ཡོངས་ཀྱི་གཞི་རྩའི་ཁེ་དབང་མངོན་འགྱུར་བྱ་རྒྱུ་ཡིན། དེའི་ཁྲོད་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་། འདུ་འཛོམ་རང་དབང་། མཉམ་འབྲེལ་རང་དབང་། ཁྲོམ་སྐོར་ངོ་རྒོལ་རང་དབང་། ཆོས་ལུགས་དད་མོས་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ཚུད་ཡོད་པར་མ་ཟད། ཁེ་དབང་འདི་དག་རྒྱ་ནག་གི་རྩ་ཁྲིམས་ནང་དུ་ཡང་བཀོད་ཡོད། ཨ་རིས་ཁེ་དབང་དེ་དག་དང་འགྲོ་བ་མི་རེ་རེའི་མཚན་མཐོང་གི་ཆེད་དུ་དུས་རྒྱུན་འབོད་སྒྲ་སྒྲོག་གི་ཡོད་ལ། དེ་ནི་ང་ཚོ་ཨ་རི་བ་ཡིན་པའི་གལ་ཆེའི་རྒྱུ་མཚན་རེད་ལ། མ་འོངས་པར་རྒྱ་ནག་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཡོངས་མཚར་སྡུག་ལྡན་པ་ཞིག་ཏུ་མངོན་འགྱུར་ཡོང་ཐུབ་པར་ཡིད་ཆེས་བཅངས་ཡོད། ཅེས་དང་། ཨོ་བྷ་མས་བོད་རྒྱའི་གནད་དོན་ཐད་གསུངས་དོན། བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་ལེན་ཐོག ཨ་རིའི་ངོས་ནས་ཏཱ་ལའི་བླ་མའི་སྐུ་ཚབ་དང་རྒྱ་ནག་གཞུང་བར་གྱི་འབྲེལ་ལམ་རྒྱུན་འཁྱོངས་ཀྱིས་གྲོས་མོལ་གནང་སྟེ། བོད་མི་རིགས་ཀྱི་ཐུན་མིན་ཆོས་ལུགས་དང་རིག་གནས་སོགས་ཕྱོགས་གཉིས་ཀྱིས་དོ་སྣང་བྱ་ཡུལ་གྱི་གནད་དོན་ཁག་ཐག་གཅོད་ཡོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞེས་བརྗོད་འདུག  

 

དེ་རྗེས་ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་མཉམ་འབྲེལ་གསར་འགོད་མཐུན་ཚོགས་ཀྱི་གསར་འགོད་པས་ཨོ་བ་མ་དང་ཧུའུ་ཅིན་ཐའོ་གཉིས་ལ་དྲི་བ་རེ་རེ་བཀོད་དོན། “སྲིད་འཛིན་ཨོ་བྷ་མ་ལགས། ཨ་རིས་ཅི་ལྟར་གསར་འགོད་རང་དབང་ལ་བཀག་སྡོམ་བྱེད་བཞིན་པའི་རྒྱལ་ཁབ་ཅིག་དང་མཛའ་འབྲེལ་བཙུགས་པ་ཡིན་ནམ” ཞེས་དང་། “སྲིད་འཛིན་ཧུའུ་ཅིན་ཐའོ་ལགས། ཁྱོད་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་བྱུང་འཕེལ་ལ་ཇི་ལྟར་ངོས་འཛིན་དང་འགྲེལ་བཤད་རྒྱག་རྒྱུ་ཡིན་ནམ” ཞེས་དྲིས་པའི་ལན་དུ་ཨོ་བྷ་མས། རྒྱ་ནག་གི་ཆབ་སྲིད་ངོ་བོ་དེ་ཨ་རི་དང་མི་འདྲ་ཞིང་།  སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ཀྱང་མི་འདྲ་བ་གཉིས་རེད། ད་དུང་རྒྱལ་ཁབ་གཉིས་ཀྱི་རིག་གནས་ལོ་རྒྱུས་ཀྱང་མི་འདྲ། འོན་ཀྱང་ཨ་རིའི་ངོས་ནས་སྨྲ་བརྗོད་རང་དབང་དང་། འདུ་འཛོམ་རང་དབང་།  མཉམ་འབྲེལ་རང་དབང་བཅས་ལ་ཧ་ཅང་གཙིགས་འཛིན་བྱེད་ཀྱི་ཡོད་པར་མ་ཟད། རང་དབང་དེ་དག་ནི་རྒྱལ་ཁབ་སོ་སོའི་རིག་གནས་ཀྱི་ངོ་བོ་ལས་ཆེས་ཆེར་བརྒལ་ཡོད་སྟབས། ངས་ཧུའུ་ཅིན་ཐའོ་དང་ཐུག་འཕྲད་ཀྱི་སྐབས་སུའང་གནད་དོན་དེའི་ཐད་གླེང་མོལ་བྱས་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་མུ་མཐུད་གྲོས་མོལ་གནང་རྒྱུར་ཧུའུ་ཡིས་ཀྱང་མོས་མཐུན་གནང་ཡོད། ཨ་རྒྱ་གཉིས་བར་འབྲེལ་བ་བྱུང་བ་ནས་ད་ལྟའི་བར་རྒྱ་ནག་ལ་འགྱུར་བ་བྱུང་ཡོད། ཅེས་ལན་འདེབས་བྱས་འདུག

 སྐབས་དེར་ཧུའུ་ཅིན་ཐའོ་ཡིས་ཁོང་ལ་བཏོན་པའི་དྲི་བ་དེར་ལན་འདེབས་བྱས་མེད་སྟབས། ཨ་རིའི་བྷོ་ལིམ་བྷིར་Bloomberg གསར་འགོད་པས་ཧུའུ་ལ་གོང་གི་དྲི་བར་ལན་འདེབས་ཡོང་བའི་གསལ་འདེབས་དང་འབྲེལ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་གྱི་དབང་གིས་ཐེངས་འདིར་མཛད་སྒོའི་སྟེང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་ཕེབས་མེད་པའི་ཐད་བསམ་ཚུལ་གང་ཡོད་དྲིས་པའི་ལན་དུ་ཧུའུ་ཅིན་ཐའོ་ཡིས། སྐད་སྒྱུར་བའི་གནད་དོན་གྱི་དབང་གིས་དྲི་བ་དེ་ང་ལ་བཏོན་པ་ཤེས་མ་བྱུང་། ང་དང་ཨོ་བྷ་མ་གཉིས་ཐེངས་ ༨ ལ་མཇལ་འཕྲད་བྱས་མྱོང་ཞིང་།  སྐབས་དེ་དག་ཏུའང་འགྲོ་བ་མིའི་ཐོབ་ཐང་སོགས་གནད་དོན་མང་པོའི་ཐོག་བཀའ་བསྡུར་བྱུང་། རྒྱ་ནག་གིས་ད་ལྟའི་བར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ནུས་བ་བཏོན་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་སོགས་ཡོངས་ཁྱབ་རང་བཞིན་གྱི་ལམ་ཕྱོགས་ལ་བརྩི་འཇོག་བྱ་དགོས་པར་ཡང་ངོས་ལེན་བྱེད་ཀྱི་ཡོད། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་རྒྱལ་ཁབ་སོ་སོའི་གནས་སྟངས་དང་འཚམ་དགོས་ཤིང་། རྒྱ་ནག་ནི་མི་གྲངས་ཧ་ཅང་མང་བ་དང་ཕྱོགས་མང་པོ་ཞིག་ལ་བཅོས་བསྒྱུར་བྱ་རྒྱུར་གདོང་གཏད་ནས་ཡོད། མ་འོངས་པར་རྒྱ་ནག་གིས་མུ་མཐུད་མི་དམངས་ཀྱི་འཚོ་བ་ཡར་རྒྱས་དང་། ཁྲིམས་སྲིད་དམངས་གཙོའི་ལམ་སྲོལ་ལག་བསྟར་ཡོང་གི་རེད། རྒྱ་ནག་གཞུང་ངོས་ནས་འབྱུང་འགྱུར་ཨ་རྒྱ་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་བྱས་ཏེ། ཕན་ཚུན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ཐད་གྲོས་མོལ་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

 

ཨ་རིའི་དཔོན་རིགས་ཚོས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། ཁོ་ཚོས་འབད་བརྩོན་ལ་བརྟེན་ཏེ་ཐེངས་འདིར་ཧུའུ་ཅིན་ཐའོ་ཡིས་ཨ་རིར་འཚམས་འདྲིའི་སྐབས། ཡོངས་ཁྱབ་ཀྱི་སྒོ་ནས་ཨ་རིའི་གསར་འགོད་པའི་དྲི་བ་གཉིས་དང་རྒྱ་ནག་གི་གསར་འགོད་པའི་དྲི་བ་གཉིས་བཅས་ལ་ལན་འདེབས་བྱ་རྒྱུ་མོས་མཐུན་བྱུང་བ་ཞིག་ཡིན་སྐོར་དང་། ཧུའུ་ཅིན་ཐའོ་ཡི་ཡོངས་ཁྱབ་གསལ་བསྒྲགས་དེ་ནི་སྔར་ནས་གྲ་སྒྲིག་ཡོད་པའི་ཡིག་ཐོག་གཏམ་བཤད་ཡིན་སྐོར་བརྗོད་འདུག་ལ། ད་དུང་། མིང་འདོན་འདོད་མེད་པའི་ཨ་རིའི་དཔོན་རིགས་ཤིག་གིས། ཐེངས་འདིར་སྲིད་འཛིན་ཨོ་བྷ་མས་ཧུའུ་ཅིན་ཐའོ་ལ་ཐད་ཀར་སྐུ་ཞབས་ལིག་ཞོ་པའོ་ཡི་གནད་དོན་སྐོར་གླེང་སློང་བྱས་ཡོད་ཚུལ་བརྗོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

ཆུ་ཚོད་ ༡༡ སྔོན་ལ།
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧
Mobile App

སེར་བྱེས་མཁས་སྙན་གྲྭ་ཚང་གིས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་གཙི་ཞུས།

༢༠༢༥/༡༠/༡༧
Mobile App

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

༢༠༢༥/༡༠/༡༦

མཆན། 9

  1. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    ཕོ་བྲང་དཀར་པོའི་དཔོན་རིགས་ཤིག་གིས་བཤད་པ་ལྟར་ན། ཕོ་བྲང་ཤར་ཕྱོགས་ཚོགས་ཁང་ནང་གསར་འགོད་གསལ་བསྒྲགས་ཚར་ཏེ་ཕྱིར་ལོག་རྗེས། ཧོ་ཅིན་ཐའོ་ཡིས་ཨོ་བྷ་མར་རྒྱ་ནང་དམངས་གཙོ་བཅོས་བསྒྱུར་ཐད་ད་དུང་ལས་དོན་མང་པོ་ཞིག་ཡར་རྒྱས་སུ་གཏོང་དགོས་མོད། ཁོས་ཕྱིའི་རྒྱལ་ཁབ་ནས་དེ་ལྟར་བསྒྲགས་ན་ཁེན་ཚ་བོ་ཞིག་འདུག་ཅེས་བརྗོད་སོང་ཟེར། ད་དུང་ཉིན་དེར། རྒྱ་ནག་སི་སི་ཌིས་ཝེ་བརྙན་འཕྲིན་གྱི་སྐར་མ་༣༠ རིང་གི་གསར་འགྱུར་མཉམ་བསྒྲགས་ལེ་ཚན་ནང། སྐར་མ་ ༢༦ རིང་ཧོ་ཅིན་ཐའོ་དང་སྲིད་འཛིན་ཨོ་བྷ་མའི་གྲོས་མོལ་དང་གསར་འགོད་གསལ་བསྒྲགས་སྐོར་བསྟན་ཡོད་པ་རེད། ཡིན་ནའང་། ཧོ་ཅིན་ཐའོ་ཡིས་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལན་འདེབས་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྲིད་འཛིན་ཨོ་བྷ་མའི་གཏམ་བཤད་སོགས་ཚིག་གཅིག་ཀྱང་གླེང་མེད་པ་རེད། ད་དུང་། ཧོ་ཡིས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཐད་ཀར་ལན་འདེབས་མ་བྱས་པར། རྗེས་ནས་བསྐྱར་འདེབས་བྱེད་དུས་ཡིག་ཐོག་ལ་བལྟས་ཏེ་ལན་འདེབས་བྱས་ཡོད་པ་དང་། ཧོ་ཁོ་རང་གི་ངོ་མདངས་ཡང་འགྱུར་ཡོད་པ་རེད། ཐེངས་ཧོ་ཡི་བྱ་སྤྱོད་འདི་དག་གིས་རྒྱ་ནག་གི་སྲིད་སྟེགས་སུ་ཧོ་ལ་དབང་ཤུགས་ག་ཚོད་ཅིག་ལྷག་ཡོད་མེད་མཐོང་ཐུབ་པ་མ་ཡིན་ནམ།

    Reply
  2. གཡག་རྒོད། says:
    ལོ་ 15 སྔོན།

    སྐབས་འདིར་སྲིད་འཛིན་ཧའུ་ཇིན་ཐའོ་ཡིས་ཁྲིམས་སྲིད་དམངས་གཙོའི་ལམ་སྲོལ་གསར་བཏོད་བྱ་རྒྱུ་ཡིན་སྐོར་བཤད་པ་དེ་སྐད་ཆ་གསར་པ་ཞིག་དང།་
    འཛམ་གླིང་མི་མང་ལ་མགོ་སྐོར་གཏོང་རྒྱུའི་གཡུ་བྱུས་བའི་གཏམ་ཞིག་ལས་མ་འདས།་
    སྔར་མེད་པའི་ཁྲིམས་སྲིད་དམངས་གཙོའི་ལམ་སྲོལ་ཟེར་བ་གང་ཡིན།
    ལམ་སྲོལ་དེ་སུས་གསར་བཏོད་བྱས་པ་རེད།
    འཛམ་གླིང་འདིའི་ནང་རྒྱལ་ཁབ་སུས་ལག་བསྟར་བྱེད་ཀྱི་ཡོད།
    འོ་མ་རྒྱ་རྒན་འདི་ཚོས་ཁ་སྟོང་ནང་གོ་ཚིག་སྟོང་དང།་
    ཚིག་གི་མེ་ཏོག་དང་དོན་གྱི་ཆུ་རྐྱང་ཁོ་ན་བཤད་ཀྱི་འདུག་
    ང་ཚོ་ནམ་ཡང་མགོ་སྐོར་ཐེབས་མི་ཉེན་གི

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཅི་བཤད་ལ་མ་བལྟ། ཅི་ལས་ལ་ལྟོས།་ཞེས་པ་འདི་རང་ལ་བཤད་བསྡད་པ་ཞིག་ཡིན་མི་སྲིད་དོ།།།།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    1.རྒྱ་དཔོན་ཧུའུ་ཡིས་འགོ་ཁྲིད་པའི་རྒྱ་ནག་དམར་ཕྱོགས་པའི་སྲིད་གཞུང་གིས་ཁ་ནས་མི་རིགས་མཐུན་སྒྲིལ་གླེང་བཞིན་དོན་དུ་མི་རིགས་དབྱེ་འབྱེད་ཀྱི་ཐོག་ནས་བོད་མི་རིགས་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད།

    2.ཁ་ནས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སུ་གསལ་བ་ལྟར་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཡར་རྒྱས་གཏོང་དགོས་བཤད་བཞིན་དོན་ཐོག་ཏུ་གྲངས་ཉུང་མི་རིགས་ཀྱི་ཤེས་ཡོན་ཅན་དང་དགེ་རྒན་རྩོམ་པ་པོ་བཅས་སུ་ཉེས་མེད་བཙོན་འཇུག་དང་སྲོག་ཁྲིམས་བཅད་དང་གཅོད་བཞིན་པ་རེད།

    3.ཁ་ནས་ས་གནས་རང་སྐྱོང་གི་ཁྲིམས་ལུགས་ལྟར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཡར་རྒྱས་དང་བེད་སྤྱོད་གཏོང་དགོས་ཟེར་ཞོར་དོན་དངོས་ཐོག་ཏུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད།

    4.ཁ་ནས་ས་གནས་རང་སྐྱོང་གི་ཁྲིམས་ལུགས་སུ་གསལ་བ་ལྟར་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་དགོས་ཞེས་ལབ་ཀྱི་ཡོད་ཀྱང་དོན་དངོས་ཐོག་ཏུ་བོད་གྲངས་ཉུང་མི་རིགས་ཀྱི་འཚོ་བ་རང་སྐྱོང་ཐུབ་མཁན་འབྲོག་པ་ཚོའི་འཚོ་རྟེན་རྩ་མེད་གཏོང་བཞིན་ཡོད།

    ཁ་བཤད་ལག་ལེན་མེད་པའི་རྒྱ་ནག་འདིར།
    གྲངས་ཉུང་མི་རིགས་བསད་པའི་ཤན་པ་རེད།
    རྒྱུ་ནོར་ཧམ་འཕྲོག་བྱེད་མཁན་ཇག་པ་རེད།
    མི་རིགས་ཉམ་ཐག་སྟོང་གི་གཉའ་གནོན་རེད།

    དགྲ་ངོ་ཤེས་པ་བྱོས། བོད་མི་ཚོ། རྒྱ་རྐུབ་མ་ལྡག རྒྱ་མི་ཚོས་དགའ་ས་བོད་མི་མ་རེད། བོད་མིའི་རྒྱུ་ནོར་རེད། རྒྱ་མི་ཚོས་དད་ས་༧གོང་མཆོག་མ་རེད། མའོ་རེད།

    Reply
  5. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཐེངས་འདིར་རྒྱ་ནག་གི་སྲིད་འཇིན་གྱིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་ལ་ཁས་ལེན་འདྲ་ཞིག་བྱས་ཚུལ་འདུག སྐབས་འདིར་སྲིད་འཛིན་ནག་པོ་ཆེན་པོས་ཀྱང་ཏཱ་ལའི་བླ་མའི་སྐུ་ཚབ་ལ་འབྲེལ་བ་བྱེད་དགོས་པའི་སྐད་ཆ་འདྲ་ཞིག་བཤད་ཚུལ་ཞིག་ཤོད་ཀྱིན་འདུག ཡག་པོ་རེད

    Reply
  6. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    ཨ་རིའི་སྟག་ཤར་ཨོ་པ་མས། རྒྱ་ནག་རྒྱ་རྒན་ཧུའུ་ལགས་ལ།
    ཆེ་བའི་གཟི་བརྗིད་ངོམ་ཚུལ་འདི། དོན་གྱི་དཔའ་རྒོད་རང་མདངས་ལགས།

    སྲིད་དོན་ཟློས་གར་སྨུག་ལུང་དུ། ཟུར་ཟའི་མདའ་མོ་འཕེན་ཚུལ་འདིས།
    མ་བསམ་ས་ནས་རི་སྤྱང་གི མཇུག་མ་བཅད་པ་ཅིས་མི་མཚར།

    གཅིག་ནས་བོད་ནི་རྒྱ་ཁོངས་དང་། གཉིས་ནས་བོད་དོན་ཐག་གཅོད་ཀྱི།
    ཐབས་མཁས་དབུ་མའི་གསུང་འདི་འདྲ། ཀུན་ཕན་ཞི་བདེའི་སྨན་མཆོག་ཉིད།

    ༸གོང་ས་མཆོག་གི་བཀའ་དགོངས་དང། སྲིད་འཛིན་ཁྱེད་ཀྱི་ཕྱག་ལས་དག
    གཅིག་ཕན་གཅིག་གྲོགས་ཞི་བདེ་ཡི། ལམ་བཟང་ཉིད་དུ་ངེས་པ་རྙེད།

    ཨ་རི་ཤོག་བུའི་སྟག་ཡིན་ན། སྟག་ཤར་འདི་འདྲ་ག་ལ་སྐྱེ།
    རྒྱ་ནག་རྒྱ་མཚོའི་ཆུ་སྲིན་ཡང། འདི་ཡི་མདུན་ན་བེམ་པོ་བཞིན།

    རྒྱལ་ཁབ་གཞན་དང་གཞན་དག་གི གཙོ་འཛིན་ཆེ་དྲག་གང་དག་གིས།
    འདི་ལྟར་དྲང་བདེན་སྐྱོང་རྒྱུ་ན། འཛམ་གླིང་ཞི་བདེ་ཉིན་ཤས་ཙམ།།

    Reply
  7. འཇམ་དབྱངས། says:
    ལོ་ 15 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གཙོས་གཞུང་སྒེར་གྱི་ཚོགས་པ་ཅི་འདྲ་ཞིག་ཡིན་ཡང་རང་གི་བྱས་པའམ་རྒྱ་ནག་གི་དབུ་ཁྲིད་ཚོར་ངོ་རྒོལ་སྐད་འབོད་བྱས་རབས་ཤིག་གསར་འགྱུར་ཁག་ཏུ་ཐོན་པ་ན། ཚོགས་པ་སོ་སོའི་ཅི་འདྲ་འཇོན་རབས་དང་ཅི་འདྲའི་བྱས་པ་ཆེ་རབས་ཀྱི་གཏམ་རྫིག་པོ་རེ་སྤེལ་གསོལ་ཡོད་པ་དེ་བས། བོད་ནང་དང་ལྷག་པར་ས་ཆ་གང་སར་ཡོད་པའི་རྒྱ་རིགས་རྣམས་ཀྱིས་ཆབ་སྲིད་ཐོག་བཟུང་བའི་དྭོགས་པ་སེལ་རྒྱུ་དེ་ཧ་ཅང་གལ་ཆེའོ།།

    Reply
  8. འཇམ་དབྱངས། says:
    ལོ་ 15 སྔོན།

    མི་མང་པོ་ཞིག་གིས་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཐུག་འཕྲད་བྱུང་སྐབས་ཨ་རིའི་དབུ་ཁྲིད་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྣ་ཚོགས་དང་ལྷག་པར་བོད་ཀྱི་གནད་དོན་ཐད་ནས་རྒྱ་ནག་གི་སྲིད་འཛིན་ཁ་སྐྱེངས་པ་ཞིག་གམ་གང་ལྟར་སྟབས་མི་བདེ་བ་ཞིག་བཟོ་རྒྱུའི་རེ་བ་མང་དུ་བཅངས། ཡིན་ན་ཡང་དཔོན་པོ་གཉིས་ཀྱི་ལྕེ་རྩེ་ན་བོད་ནི་སྔར་མུས་བཞིན་ཁ་ཡི་མེ་ཏོག་ཙམ་དུ་ལྷག་ཡོད་པས་བོད་དོན་རྒྱབ་སྐྱོར་བ་དང་ལྷག་པར་བོད་མི་རྣམས་ཀྱིས་དཔོན་པོ་དེའི་ཚོའི་ཁ་སྟོང་ནང་གི་ཚིག་སྟོང་ལ་རེ་བ་རྒྱག་མི་ཉན། དེ་བས་རང་རེའི་དབུ་ཁྲིད་ཀྱི་བཀའ་གསུང་དང་སྲིད་ཇུས་བཞིན་རྒྱ་ནག་གི་མི་དཀྱུས་མ་ཚུན་ཆད་ནས་བོད་རྒྱའི་གནད་དོན་ཐད་ཕན་ཚུན་དྭོགས་སེལ་དང་གུ་ཡངས་པོའི་ལམ་བུ་ཞིག་རེག་ཐབས་ལ་འབད་འབུངས་བྱེད་རྒྱུ་འདི་མ་འོངས་པའི་བོད་རྒྱའི་གནད་དོན་ཡག་ས་ནས་སེལ་བའི་ལྡེ་མིག་ཡིན།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་གཞུང་གིས། འུ་ཐུག་ཐབས་ཟད། ཚིག་གྲུབ་དེ་ནི། ༼ཕན་ཚུན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་་་༽འདི་མ་ཎི་འདོན་འདོན་བྱ་རྒྱུ་ལས་ལྷག་མི་འདུག མ་རབས་པ་ལ་ཨང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese