མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝི་ཀེ་གསང་གྲོལ་དྲ་བ་དང་བོད།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

ས་དཀར་བཀྲ་ཤིས།

ཝི་ཀེ་གསང་གྲོལ་དྲ་བའི་ནང་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས་ཝ་ཤིན་ཊོན་ལ་བཏང་བའི་ཏར་འཕྲིན་ཁྲོད།  གསང་རིམ་ཨང་ ༠༡ ཅན་གྱི་ཡིག་ཆ་ཞིག་ཡོད་པའི་ནང་ ༢༠༠༨ ལོ་བོད་ནང་ཟིང་འཁྲུག་བྱུང་རྗེས་ཧུའུ་ཅིན་ཐའོ་ཡིས་བོད་ཀྱི་སྲིད་ཇུས་ཐད་དམ་དྲག་དང་། དམར་ཤོག་ནང་ཁུལ་དང་སྤྱི་ཚོགས་སྟེང་ནས་བོད་དོན་སྐོར་ལ་ལྟ་ཚུལ་ཅི་འདྲ་ཡོད་པ་བཅས་བརྗོད་ཡོད་འདུག  ཏར་འཕྲིན་འདི་ ༢༠༠༨ ཟླ་ ༤ ཚེས་ ༦ ཉིན་ཨ་རིའི་སྐུ་ཚབ་ Clark T. Randt་ཡིས་མིང་རྟགས་བཀོད་དེ་བཏང་བ་ཞིག་རེད་འདུག་ལ། ནང་དོན་ཁག་གཤམ་གསལ།

 

ཧུའུ་ཅི་ཐའོ་ཡིས་བོད་དོན་ཐག་གཅོད་ཀྱི་དབང་ཚད་ཆ་ཚང་བཟུང་ཡོད་པ།

༡། ཧུའུ་ཅིན་ཐོ་དང་དམར་ཤོག་འགོ་ཁྲིད་ཚང་མས་བོད་ཀྱི་གནད་དོན་ཐད་ལ་མུ་མཐུད་མཁྲེགས་པོའི་སྲིད་ཇུས་ལག་བསྟར་བྱ་རྒྱུ།  དམར་ཤོག་འགོ་ཁྲིད་ཚོའི་བོད་ཀྱི་གནད་དོན་ཐད་ལྟ་ཚུལ་མི་མཐུན་པ་ཡོད་མོད། ཡིན་ནའང་རྩ་བའི་ཆ་ནས་ཁྱད་པར་མེད་པ་རེད། དམར་ཤོག་ཚོགས་པ་ལ་ནུབ་ཕྱོགས་གསར་འགྱུར་བརྒྱུད་ལམ་ཁག་ཕྱོགས་ཞེན་ཅན་དང་ཨོ་ལིམ་རྩེད་འགྲན་དང་འབྲེལ་པའི་ངོ་རྒོལ་ལས་འགུལ་ཁག་གིས་རྒྱལ་ནང་གི་མི་རིགས་རིང་ལུགས་ཡར་འཕར་ཏེ། ཀུན་སྤྱོད་སྟེང་ནས་རྒྱབ་སྐྱོར་ཐོབ་པ་དང་། ཨོ་ལིམ་རྩེད་འགྲན་མཇུག་མ་རྫོགས་བར་ཏུ་དམར་ཤོག་འགོ་ཁྲིད་ཚོས་བོད་ཀྱི་སྲིད་ཇུས་ལ་འགྱུར་བ་གཏོང་མི་སྲིད་པ་རེད།

༢། བདུན་ཕྲག་སྔོན་མར་གཞུང་ཚབ་ཁང་དང་འབྲེལ་ཡོད་མི་སྣའི་བརྗོད་དོན། ཧུའུ་ཅིན་ཐའོ་ཡིས་བོད་ཀྱི་སྲིད་ཇུས་ཐད་རྣམ་འགྱུར་བརྟན་པོ་ཡིན་ལ། པེ་ཅིན་འགོ་ཁྲིད་ཚོའི་ལངས་ཕྱོགས་གཅིག་གྱུར་རེད། ཧུའུ་ཅིན་ཐའོ་རང་ཉིད་བོད་དུ་བསྡད་མྱོང་ཡོད་པ་༼ ལོ་རབས་༨༠ ནང་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་གནང་བ ༽དང་། དེའི་སྟེང་བོད་ཀྱི་གནད་དོན་ནི་ཤིན་ཏུ་གལ་ཆེན་དང་ཚོར་སྣང་སྐྱེན་པས་འགོ་ཁྲིད་སུ་ཞིག་གིས་ཀྱང་བོད་ཀྱི་གནད་དོན་ཐད་ནས་ཧུའུ་ཅིན་ཐའོ་ལ་ཁ་གཏད་གཅོག་མི་སྲིད།

གཞུང་ཚབ་དང་རྒྱུན་རིང་འབྲེལ་ཡོད་མི་སྣས་བརྗོད་དོན། བོད་དོན་ལྟ་བུའི་ཚོར་ཤུགས་ཆེ་བའི་གནད་དོན་ནི་མི་དགུ་ལས་གྲུབ་པའི་ཆབ་སྲིད་རྒྱུན་ལས་ཨུ་ཡོན་གྱིས་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། ཁོང་ཚོའི་ཅི་ལྟར་གྲོས་བསྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ནི་ཤེས་མི་ཐུབ་ལ། ཧུའུ་ཅིན་ཐའོ་ཡིས་བོད་ཀྱི་གནད་དོན་ཐག་གཅོད་ཀྱི་དབང་ཚད་བཟུང་ཡོད་པ་ནི་གསལ་བོ་ཡིན་པ་དང་། དམར་ཤོག་འགོ་ཁྲིད་ཚོའི་ཁྲོད་སུ་ཡིས་བོད་ཀྱི་གནད་དོན་ཐད་ནས་ཧུའུ་ཅིན་ཐའོ་ལ་ཁ་གཏད་བཅག་ཚེ་དེ་ནི་ཆབ་སྲིད་སྟེང་ནས་རང་ཉིད་ལ་ལྕེབ་ཐག་བསྐོན་པའམ་གཉོམ་དྲགས་པ། ཡང་ན་རྒྱལ་འཚོང་བ་རུ་ངོས་འཛིན་པ་དང་། ཐ་ན་ ༡༩༨༧ ལོ་ཧུའུ་ཡོ་པང་བཞིན་རྩ་མེད་བཟོ་སྲིད་པ་རེད།

༣། མི་སྣ་XXX༼འདི་གནས་ཚུལ་མཁོ་སྤྲོད་པ་འམ་གསང་ཉུལ་བའི་མིང་ཚབ་ཡིན༽ ཡིས་བརྗོད་དོན།  རྒྱ་ནག་གི་འགོ་ཁྲིད་ཚོར་མཚོན་ན་བོད་ནི་ཐེ་ཝན་ལས་ཀྱང་གལ་ཆེ།  བོད་ཀྱི་གནད་དོན་ཐད་ཆབ་སྲིད་རྒྱུན་ལས་ཨུ་ཡོན་མི་དགུའི་ཁྲོད་མི་སུ་ཡིན་ཡང་ཧུའུ་ཅིན་ཐོ་ནང་བཞིན་ཀྱི་བརྒྱུད་རིམ་ལྡན་པ་དང་དབང་ཤུགས་ཅན་མེད་པ་རེད།  ༡༩༨༧ ལོ་དང་ ༡༩༨༩ ལོ་ལ་བོད་ནང་གི་ངོ་རྒོལ་ལས་འགུལ་དྲག་གནོན་བྱས་རྐྱེན་ཧུའུ་ཅིན་ཐའོ་ལ་ཏུན་ཞོ་ཕིན་གྱིས་ཚད་མཐོའི་བསྔགས་བརྗོད་བྱས་བ་དང་། དེ་ནི་ཁོ་རང་ ༡༩༩༢ ལོར་ཆབ་སྲིད་རྒྱུན་ལས་ཨུ་ཡོན་ནང་ཚུད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་རེད། འགོ་ཁྲིད་གཞན་པ་ཚོས་ཐེ་ཝན་གནད་དོན་དང་དཔལ་འབྱོར་འཕེལ་རྒྱས། ཡང་ན་ཆབ་སྲིད་བཅོས་བསྒྱུར་གྱི་ཐད་ནས་ཧུའུ་ཅིན་ཐའོ་དང་ལྟ་ཚུལ་མི་མཐུན་པ་འདོན་ཆོག་མོད།  ཡིན་ནའང་གནས་ཚུལ་འདི་ལྟ་བུ་བོད་དོན་ཐོག་མི་རན་པ་རེད།

 

དམར་ཤོག་འགོ་ཁྲིད་ཚོའི་ལྟ་བ་གཅིག་གྱུར་རེད།

༤། XXX ཡིས་བརྗོད་དོན།  དམར་ཤོག་ནང་ཁུལ་དང་འབྲིང་རིམ་སྤྱི་ཚོགས་ཁྲོད་བོད་དོན་ལ་ལྟ་ཚུལ་མི་མཐུན་པ་ཡོད་མོད།  ཡིན་ནའང་སུ་ཡིས་ཀྱང་མཐོ་རིམ་འགོ་ཁྲིད་ཁྲོད་འགལ་ཟླའི་སྣང་ཚུལ་ཡོད་པ་བསམ་གྱི་མེད།   དམར་ཤོག་ནང་ཁུལ་ནས་གང་ཟག་ཞིག་གིས་བོད་དོན་ཐད་ཞི་འཇམ་གྱི་བསམ་འཆར་བཏོན་མོད། དེ་ནི་ཧུའུ་ཅིན་ཐའོ་རྩ་བ་ཉིད་ནས་མིན་ལ། ཧུའུ་ཡིས་བོད་ཀྱི་སྲིད་ཇུས་ཐད་རྦད་དེ་དབང་སྒྱུར་བྱས་ཡོད།  པེ་ཅིན་གྱིས་དོན་དངོས་ཐོག་ཨ་རིའི་ཐེ་ཝན་ལ་ཐེ་གཏོགས་བྱེད་བཞིན་པ་ངོས་ལེན་བྱེད་ཀྱི་ཡོད་མོད།  འོན་ཀྱང་ཕྱི་རོལ་སྟོབས་ཤུགས་ཀྱིས་བོད་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་པར་རྩ་བ་ཉིད་ནས་ངོས་ལེན་བྱེད་ཀྱི་མེད། 

ཧུའུ་ཅིན་ཐའོ་ཡིས་མཁྲེགས་འཛིན་སྲིད་ཇུས་ལ་སྐྱོན་བརྗོད་འགའ་རེ་བྱུང་ཡོད།  XXX ཡིས་བརྗོད་དོན། ཁོ་རང་ཉིད་ལ་མཚོན་ན་གོ་རིམ་ལྡན་པའི་ངང་བོད་དང་ཐག་ཉེ་སར་བཅར་རྒྱུའི་འདོད་ཚུལ་ཡོད་ལ། དེའི་ནང་ཏྰ་ལའི་བླ་མ་དང་ལྷན་གྲོས་མོལ་གནང་རྒྱུའང་ཚུད་ཡོད།  ཏྰ་ལའི་བླ་མས་ད་གཟོད་བོད་ཕྱི་ནང་གཉིས་ཀྱི་བོད་མི་མང་ཆེ་བ་ཆིག་སྒྲིལ་གནང་ཐུབ་ཟེར།  

༥ ༽༦།

XXX ཡིས་བརྗོད་དོན། འབྲིང་རིམ་མི་སྣ་མང་པོས་ཏྰ་ལའི་བླ་མར་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་བའི་འབོད་སྐུལ་བྱེད་ཀྱི་ཡོད་ལ། ཏྰ་ལའི་བླ་མ་གདོན་གཟུགས་ཅན་དུ་བསྒྱུར་བ་དང་ཁོང་མཉམ་དུ་གྲོས་མོལ་གནང་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད་པའི་ལངས་ཕྱོགས་ལ་དོགས་སློང་བྱེད་ཀྱི་ཡོད།  ཡིན་ནའང་འབྲིང་རིམ་མི་སྣ་དང་ཤེས་ལྡན་མི་སྣ་ཉུང་ཤས་མ་གཏོགས་གཞན་དམར་ཤོག་ཚོགས་མི་དཀྱུས་མ་མང་ཆེ་ཤོས་དང་། མང་ཚོགས་བརྒྱ་ཆའི་༩༨ ཙམ་གྱིས་དམར་ཤོག་གིས་ད་ལྟའི་བོད་ཐོག་འཛིན་པའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དམར་ཤོག་ནང་ཁུལ་དུ་བོད་ཀྱི་གནད་དོན་ཐད་འགལ་ཟླའི་ལྟ་ཚུལ་ཆེ་བ་ཞིག་རྩ་བ་ཉིད་ནས་མེད་པ་རེད།

དཔེར་ན།  XXX ཡིས་བརྗོད་དོན། ཁོང་ཉིད་ཧུའུ་ཅིན་ཐའོ་དང་ཝུན་ཅ་པོ་གཉིས་བོད་ཀྱི་གནད་དོན་ཐད་ལངས་ཕྱོགས་མི་མཐུན་པ་ཡོད་པར་ཡིད་མི་ཆེས།  མི་ཁ་ཤས་ཀྱིས་ཝུན་ཅ་པོ་ཡིས་དབྱིན་ཇིའི་སྲིད་བློན་ལ་ཞི་འཇམ་ཀྱིས་བརྗོད་སྟངས་དང་།  Laos རྒྱལ་ཁབ་ནས་གསར་འགོད་པ་ཚོར་བརྗོད་པའི་སྐད་ཆ་གཞི་ལ་བཞག་སྟེ། སྲིན་བློན་ཝུན་ཅ་པོ་ཁྱད་པར་ཅན་ཞིག་ཡིན་པར་འདོད།  ཁོང་གིས་ཧུའུ་དང་ཝུན་གཉིས་ནི་ཚོན་མདོག་གཉིས་ལྡན་གྱི་མངར་ཟས་ཤིག་དང་འདྲ་ལ།  ཕྱོགས་གཅིག་ནག་པོ་དང་ཕྱོགས་གཅིག་དཀར་པོ་ཡིན་མོད། ཡིན་ནའང་ཕྱོགས་གཉིས་དངོས་བོ་ཆ་ཚང་བ་ཞིག་རེད།  XXX ཡིས་བསམ་པར་ཝུན་ཅ་པོ་བོད་ཀྱི་གནད་དོན་ཐད་ཅུང་ཞི་འཇམ་ཅན་ཡིན་པ་ནི་ཝུན་གྱི་གཤིས་སྤྱོད་དེ་ལྟར་ཡིན་པ་ལས་དེ་ནི་གཞུང་གི་གཏན་འབེབས་སྲིད་ཇུས་ལ་ལྟ་ཚུལ་མི་མཐུན་པ་ཞིག་ཡིན་པར་མཚོན་མི་ཐུབ།  ཝུན་ཅ་པོ་ནི་མི་ཞི་འཇམ་ཅན་ཞིག་ཡིན་པའི་ཁོ་རང་གནད་དོན་ཕལ་ཆེ་པར་ཞི་འཇམ་གྱི་སྤྱོད་སྟངས་མངོན་ལ། ཁོང་གི་ལྟ་ཚུལ་དེ་གཞུང་འབྲེལ་གྱི་ལམ་ཐིག་དང་ཁྱད་པར་ཆེན་པོ་ཡོད་པ་མཐོང་མི་ཐུབ་པ་རེད། 

 

ལྷོ་ཕྱོགས་གསར་འགྱུར་སྟེང་གི་རྩོམ་ཡིག་དེའི་གཞུང་གི་སྲིད་ཇུས་ལ་རྒྱབ་འགལ་བྱེད་པ་མཚོན་མི་ཐུབ།

༧༽༡༠                                   

ཕྱི་ཟླ་ ༤ ཚེས་ ༣ ཉིན་རྒྱ་ནག་ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར་སྟེང་དམར་ཤོག་གིས་བོད་ཀྱི་གནད་དོན་ཐད་དམ་དྲག་ནན་མོ་བྱེད་བཞིན་པར་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཞིག་བཀོད་ཡོད་ལ།  ལྷོ་ཕྱོགས་གཟའ་འཇུག་ཚགས་པར་སྟེང་ཏྰ་ལའི་བླ་མ་དང་ལྷན་གྲོས་མོལ་གནང་དགོས་བའི་རྩོམ་ཡིག་ཞིག་ཀྱང་བཀོད་ཡོད། ཡིན་ནའང་ PolOffs༼འདི་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་དཔོན་རིགས་སམ་གསང་ཉུལ་བ་ཞིག་གི་བསྡུས་མིང་ཡིན་པ་འདྲ༽དང་གླེང་མོལ་གནང་མཁན་འབྲེལ་ཡོད་ཚང་མའི་བརྗོད་དོན། རྩོམ་ཡིག་དེ་གཉིས་བཀོད་པ་ཙམ་གྱིས་ལྷོ་ཕྱོགས་གསར་ཁང་དེ་གཉིས་ཀྱིས་བོད་ཀྱི་གནད་དོན་ཐད་ནས་ཀྲུང་དབྱང་དང་ལྡོག་ཕྱོགས་ཀྱི་བསམ་ཚུལ་གླེང་བ་མཚོན་མི་ཐུབ་ཟེར།

XXX ཡིས་རྩོམ་ཡིག་འདི་གཉིས་ཀྱིས་འབྲིང་རིམ་མི་སྣ་ཁག་ཅིག་གིས་བོད་ཀྱི་སྲིད་ཇུས་ལ་བསྐྱར་ཞིབ་བྱ་དགོས་བའི་རེ་འདུན་མཚོན་ཡོད་ལ།  རྩོམ་ཡིག་གཅིག་ལ་དམར་ཤོག་ནང་ཁུལ་གྱི་མི་སྣ་མང་པོའི་སྐྱོན་བརྗོད་བྱས་མྱོང་ཟེར།      རྩོམ་ཡིག་འདི་གཉིས་ནི་གསར་འགོད་ཁང་འདི་གཉིས་ཀྱིས་༼ སྲོལ་རྒྱུན་གྱི་རང་དབང་ཁྱད་ཆོས ༽མཚོན་པ་ཙམ་ལས་ཅི་ཡང་མ་རེད་ལ།  ཚགས་ཤོག་འདི་གཉིས་ལ་སྔོན་ཆད་དྲིལ་བསྒྲགས་དཔོན་རིགས་སར་ནས རྙོག་དྲ་ཅི་ཡང་འཕྲད་མེད་པ་རེད།  ཧང་སངས་དགོས་བ་ཞིག་ནི་ XXX ཡིས་ཀྱང་ཁོ་ཚོ་ཚོགས་པའི་ཚགས་པར་སྟེང་གི་རྩོམ་ཡིག་དེ་གཉིས་བཀླགས་མི་འདུག་ལ།   PolOffs ཀྱིས་རྩོམ་ཡིག་དེ་གཉིས་ཀྱི་ནང་དོན་ཁོ་ལ་ངོ་སྤྲོད་བྱས་རྗེས། ཁོང་གིས་རྩོམ་ཡིག་དེ་གཉིས་ལ་ཆབ་སྲིད་ཀྱི་གལ་ཆེན་རང་བཞིན་ཡོད་པར་ཐེ་ཚོམ་ཆེན་པོ་སྐྱེས་བ་དང་།  ཁོང་གིས་བརྗོད་དོན། རྩོམ་ཡིག་འདི་ཚོས་གཅིག་བྱས་ན་དམར་ཤོག་གིས་གསར་འགོད་ཐབས་ཇུས་ལ་ཞུ་དག་གཏོང་དགོས་བའི་རེ་འདུན་མཚོན་ཡོད་པ་རེད། ལྷོ་ཕྱོགས་གསར་ཁང་རྩོམ་སྒྲིག་པ་ལ་དམར་ཤོག་དྲིལ་བསྒྲགས་ལས་ཁུངས་ནས་ཆོག་མཆན་རག་རྗེས་རྩོམ་ཡིག་དེ་བཏོན་པ་ཡིན་པར་སྙམ་ལ།  དེ་ལྟར་མིན་ཚེ་རྩོམ་སྒྲིག་པ་ཞིག་གིས་རང་ཉིད་ཀྱི་འདོད་མོས་ལྟར་ཚོར་སྣང་ཆེ་བའི་བརྗོད་གཞི་ཅན་གྱི་རྩོམ་ཡིག་བཀོད་ཚེ་ལམ་སེང་གནས་དབྱུང་གཏོང་ངེས།  ཧུའུ་ཅིན་ཐའོ་ཡིས་བོད་ཀྱི་གནད་དོན་དྲིལ་བསྒྲགས་ཀྱི་གཙོ་འགན་འཁུར་ཡོད་པས་རྩོམ་སྒྲིག་པ་སུ་ཞིག་གིས་ཀྱང་གཞུང་གི་ལམ་ཕྱོགས་ལ་ཁ་གཏད་གཅོག་མི་སྲིད་ལ། ཐ་ན་གྲིབ་གཟུགས་ཙམ་ཡང་གླེང་ཕོད་ཀྱི་མ་རེད།  དམར་ཤོག་གིས་བོད་ཀྱི་གནད་དོན་ཁྱབ་བསྒྲགས་ཐད་༼ནོར་འཁྲུལ་ཅུང་ཙམ་ཤོར་༽བ་དང་། དེར་བརྟེན་ལྷོ་ཕྱོགས་གཟའ་མཇུག་ཚགས་པར་གྱིས་༼ཞིབ་ཕྲའི་ཁྱད་པར་༽ཙམ་སྤེལ་པར་ཆོག་མཆན་སྤྲད་པ་ཡིན་པར་སྙམ།  ཡིན་ནའང་བོད་དོན་འདི་༼ཚོར་ཤུགས་ཧ་ཅང་སྐྱེན་པའི༽ དྲིལ་བསྒྲགས་ཚན་པའི་གནས་ཚུལ་བརྒྱུད་སྒྲོག་ཐད་ལ་༼ཆེས་དམ་དྲག་༽ཆེ་བའི་སྒྲིག་གཞི་བཟོས་ཡོད་པ་རེད།

 

མི་རིགས་རིང་ལུགས་ཀྱི་བརྩེ་བས་དམར་ཤོག་གི་གོ་གནས་ཇེ་མཐོར་བཏང་བ།

༡༡།  XXX ཚང་མས་མི་རིགས་ཀྱི་བརྩེ་ཞེན་འཕར་བ་དེས་དམར་ཤོག་གི་གཤོག་སྒྲོ་རྒྱས་པར་ངོས་འཛིན་བྱས་པ་དང་།  ཁོ་ཚོ་ཚང་མས་ PolOffs ལ་རྒྱ་མིས་ནུབ་ཕྱོགས་པ་ཚོའི་བོད་ཀྱི་གནད་དོན་ཐད་༼ དོན་དངོས་འཁྱོག་བརྗོད ༽བྱེད་པར་ཁོང་ཁྲོ་ལངས་པ་ནི་བདེན་པ་དང་ཡོངས་ཁྱབ། རྒྱུན་རིང་ཤུགས་རྐྱེན་ཐེབས་ངེས་པ་ཞིག་ཡིན་པར་ནན་བརྗོད་བྱས།  XXX ཡིས་བརྗོད་དོན། ཁོང་གི་ངོ་ཤེས་ཚོ་རེ་རེ་ཡིས་ནུབ་ཕྱོགས་ཀྱི་གསར་འགྱུར་དང་ཨོ་ལིམ་མཛད་སྒོ་བཀག་འགོག་གི་འབོད་སྐུལ། ཁ་ཤས་ཀྱིས་བོད་རང་བཙན་དགོས་བའི་རེ་འདུན་རྗོད་བཞིན་པར་ཁོང་ཁྲོ་སྐྱེ་ཡི་ཡོད་པ་དང་། མང་ཚོགས་ཁྲོད་ནུབ་ཕྱོགས་ཀྱིས་རྒྱ་ནག་ས་ལ་བརྡབ་བཞིན་པའི་ཚོར་སྣང་སྐྱེ་མཁན་ཡང་ཡོད། མི་རིགས་རིང་ལུགས་དེ་འབར་བཞིན་ཡོད་ལ། གཙོ་ཆེར་ལོ་ ༢༥ དང་ ༣༥ ཅན་གྱི་ཁྲོད་རེད།

༡༢། འབྲེལ་ཡོད་ཚོས་བརྗོད་དོན།  མི་རིགས་རིང་ལུགས་འབར་བའི་རྒྱུ་རྐྱེན་ཅི་ཞིག་ཡིན་རུང་། དེས་དམར་ཤོག་གི་བོད་ཀྱི་སྲིད་ཇུས་ཐད་ལ་མང་ཚོགས་ནས་རྒྱབ་སྐྱོར་ཚད་མཐོ་རུ་ཕྱིནཔ་དང་།  XXX ཡིས་དེ་ནི་རང་བྱུང་གི་མཇུག་འབྲས་ཤིག་ཡིན་ལ་ཉེ་བའི་ལོ་ནས་རྒྱ་མིའི་མི་རིགས་རིང་ལུགས་དྲག་ཏུ་ཕྱིན་པ་དང་། དེ་ནི་རྒྱ་ནག་ཡར་རྒྱས་ཕྱིན་ཚད་མྱུར་པ་ལ་བརྟེན་ནས་བྱུང་བ་རེད།  XXX ཡིས་བརྗོད་དོན། དམར་ཤོག་གི་དྲིལ་སྒྲོག་ཡོ་བྱད་ཚང་མས་དམིགས་ཡུལ་ལྡན་པའི་སྒོ་ནས་རྒྱ་ནག་གི་མི་རིགས་རིང་ལུགས་སྐུལ་སློང་བྱས་ཏེ། མང་ཚོགས་ཀྱིས་ཀྲུང་དབྱང་གི་བོད་ཐོག་འཛིན་པའི་སྲིད་ཇུས་ལ་རྒྱབ་སྐྱོར་སྔར་ལས་ཆེ་བ་རག་ཐབས་གནང་བ་དང་།  ཕྱོགས་འདི་ལ་ཁོང་ཚོའི་གྲུབ་འབྲས་ཤིན་ཏུ་ཆེན་པོ་བླངས་ཡོད།  བོད་ཀྱི་གནད་དོན་གྱིས་རྒྱ་རིགས་མང་ཚོགས་དམར་ཤོག་སྲིད་གཞུང་གི་རྒྱབ་ཏུ་རྡོག་རྩ་གཅིག་སྒྲིལ་བྱུང་ཡོད་ལ།  གནས་ཚུལ་དེ་ལྟ་བུ་ནི་ལོ་རབས་༨༠ དང་༩༠ ནང་རྦད་དེ་བསམ་བློའི་ནང་འཁོར་མི་སྲིད་པ་ཞིག་རེད།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 1

  1. དུག་མདའ། says:
    ལོ་ 15 སྔོན།

    ས་དཀར་བཀྲ་ཤིས་ཟེར་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese