མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དམངས་གཙོར་འགྲོ་རྒྱུ་མིན།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༡ ཚེས་ ༢༤ ཉིན་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོ་ཟེར་བའི་ནང་། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་རྒྱུན་ལས་ལྷན་ཚོགས་ཀྱི་གོ་སྒྲིག་འོག ༼རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་གཞི་གྲུབ་པ། ༽ཞེས་པའི་ཚོགས་འདུ་ཞིག་བསྐངས་ཡོད་ཅིང་། ཚོགས་འདུ་དེར་རྒྱ་ནག་དབུས་གཞུང་གི་མཐོ་རིམ་དཔོན་རིགས་ཁག་ཅིག་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་དཔོན་རིགས། དེ་བཞིན་རྒྱ་ནག་གི་ཆེད་མཁས་པ་སོགས་མི་གྲངས་ ༤༠༠ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་ཝུའུ་པང་ཀོ་ཡིས། རྒྱ་ནག་དུས་ནམ་ཡང་ཀ་བ་གསུམ་དང་གྲོས་ཚོགས་གཉིས་ལྡན་གྱི་དམངས་གཙོའི་ལམ་སྲོལ་ཐོག་བསྐྱོད་རྒྱུ་མིན་པར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཐོག་མུ་མཐུད་མདུན་སྐྱོད་བྱ་རྒྱུ་ཡིན། ཞེས་ཚིག་ཐོག་ཆོད་པོས་བསྒྲགས་འདུག  

སྐབས་དེར་ཝུའུ་པང་ཀོ་ཡིས།  ཕྱི་ལོ་ ༡༩༨༢ ལོར་རྒྱ་ནག་གིས་ད་ལྟའི་རྩ་ཁྲིམས་འདི་ལག་སྟར་བྱས་པ་ནས་བཟུང་། སྔ་ཕྱིར་ཐེངས་བཞི་བྱེ་བྲག་གི་ནང་དོན་རེ་ཟུང་ལ་བསྒྱུར་བཅོས་བཏང་སྟེ། ༢༠༡༠ ལོའི་མཇུག་དུ་གཏན་འཁེལ་རང་བཞིན་གྱི་བཅའ་ཁྲིམས་དོན་ཚན་ ༢༣༦ དང་། སྲིད་འཛིན་ཁྲིམས་སྲོལ་ ༦༩༠ ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ ༨༦༠༠ ལྷག་ཕྱོགས་སྒྲིག་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་ཆ་ཚང་བ་ཞིག་དངོས་འབེབས་བྱུང་ཡོད། ད་ལྟ་རྒྱ་གཞུང་གིས་མ་ཁི་སི་རིང་ལུགས་ཀྱི་གཞི་རྩའི་ལྟ་གྲུབ་དང་རྒྱ་ནག་གི་དངོས་ཡོད་གནས་སྟངས་གཉིས་མཉམ་འབྲེལ་གྱིས་རང་ཉིད་ཀྱི་ལམ་ཁར་བསྐྱོད་དེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ལམ་ལུགས་ཤིག་འཛུགས་སྐྲུན་བྱ་རྒྱུ་ཡིན་ལ།  དེ་ནི་དམར་ཤོག་རིང་ལུགས་པའི་ཕྱོགས་ཡོངས་ཀྱི་ལོ་རྒྱུས་ཉམས་མྱོང་ལས་ཐོབ་པའི་མཇུག་སྡོམ་ཡིན་སྟབས། རྒྱ་ནག་དུས་ནམ་ཡང་ཀ་བ་གསུམ་དང་གྲོས་ཚོགས་གཉིས་ལྡན་གྱི་དམངས་གཙོའི་ལམ་ལུགས་དང་། ཆབ་སྲིད་ཤོག་ཁག་མང་པོའི་དམངས་གཙོའི་ལམ་ལུགས། རྒྱལ་ཕྲན་མཉམ་འབྲེལ་གྱི་དམངས་གཙོའི་ལམ་ལུགས། དེ་བཞིན་དཔལ་འབྱོར་སྒེར་བདག་དང་བསམ་བློའི་མཛུབ་སྟོན་སྣ་མང་ཅན་གྱི་ལམ་ཕྱོགས་བཅས་སུ་བསྐྱོད་རྒྱུ་མིན། ཞེས་བརྗོད་འདུག 

 

ལོ་སྔོན་མར་སྲིད་བློན་ཝུན་ཅ་པའོ་ཡིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་བྱ་དགོས་སྐོར་སྔ་ཕྱི་ཐེངས་ ༩ ལ་གླེང་སློང་བྱས་ཡོད་པར་མ་ཟད། རྒྱ་ནག་ཏུ་དམངས་གཙོས་བཅོས་བསྒྱུར་མ་བྱུང་ཚེ་སྔར་ཡོད་གྲུབ་འབྲས་མཐའ་དག་ཤུལ་མེད་དུ་འགྲོ་རྒྱུ་ཡིན་པ་ནན་བརྗོད་བྱས་ཡོད་ལ། ཐེངས་འདིར་ཝུའུ་པང་ཀོ་ཡིས་དེ་ལས་ལྡོག་སྟེ། རྒྱ་ནག་དུས་གཏན་དུ་དམར་ཤོག་པས་དབུ་འཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་མ་བསྐྱོད་ཚེ། གཞི་རྩའི་ལམ་ལུགས་ཀྱི་རྩ་དོན་ལ་གཡོ་འགུལ་ཐེབས་ཏེ་རྒྱ་ནག་ནང་ཁུལ་རྙོག་ཟིང་འབྱུང་རྒྱུ་ཡིན་པར་མ་ཟད། ད་ལྟའི་འཕེལ་རྒྱས་ཡོད་ཚད་ལྷག་མེད་དུ་འགྲོ་རྒྱུ་ཡིན་སྐོར་བརྗོད་ཡོད།  ཝུན་དང་ཝུའུ་གཉིས་ཀྱི་རྩ་བའི་ལྟ་གྲུབ་འགལ་ཟླར་གྱུར་ཡོད་ནའང་། ད་ལྟའི་རྒྱ་ནག་ནི་འཆི་གསོན་གྱི་དཀྱོགས་མཚམས་ཤིག་ལ་བསླེབས་ཡོད་པའི་སེམས་འཚབ་གཅིག་མཚུངས་སུ་ཐོན་ཡོད་པ་རེད། 

རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་མགོ་གཙོ་ལིས་ལེན་གྱིས། ཁྲིམས་ལུགས་ཀྱི་མ་ལག་གྲུབ་པ་ཙམ་གྱིས་ཁྲིམས་སྲིད་ལམ་ལུགས་ཀྱི་ཚད་གཞི་མཐོན་པོར་བསླེབས་པ་མཚོན་མི་ཐུབ་པ་དང་། ནམ་རྒྱུན་རྒྱ་ནག་གཅིག་ཅེས་བརྗོད་སྐབས་སྐམ་ས་ཆེན་པོ་གཙོས་པའི་ཧོང་ཀོང་དང་ཨོ་མིན། ཐེ་ཝན་བཅས་འདུས་ཡོད་པ་རེད། ཡིན་ནའང་། ཁྲིམས་ལུགས་མ་ལག་དེའི་ཁྲོད་ ༼རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས༽ཀྱི་དམིགས་བསལ་སྲིད་འཛིན་ལམ་ལུགས་ཚུད་མེད་པས།  རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་དེར་ད་དུང་བསྐྱར་ཞིབ་དང་བསམ་གཞིག་གཏོང་དགོས། ཞེས་བརྗོད་ཡོད་འདུག 

 གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་མགོ་འཛུགས་གནང་། ༢༠༢༦།༡།༢༡-༢༦  པར་ཚོགས་ཆུང་གིས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་འཚོག་གི་འདུག 

ཆུ་ཚོད་ ༡ སྔོན་ལ།
Mobile App

སྤེན་ཚེ་དང་སྐལ་རྡོར་གྱི་འགྲན་བསྡུར།

ཆུ་ཚོད་ ༤ སྔོན་ལ།
མོན་གྷོ་བོད་མི་སེར་སྐྱ་མི་མང་གིས་རྗེ་ཚེ་འཛིན་མའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༦།༡།༢༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

གདན་ས་ཆེན་མོ་དགའ་ལྡན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ས་གནས་སེར་སྐྱ་མི་མང་གིས་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

དགེ་ལུགས་སྤྱི་འཐུས་རྣམ་གཉིས་ཀྱིས་འགྱོད་བཤགས་དང་ཁས་ལེན་དམ་བཅའ་ཞུས་འདུག 

༢༠༢༦/༠༡/༢༠
Mobile App

མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།

༢༠༢༦/༠༡/༢༠
University students wearing graduation gowns take part in a photo-shooting session on the Potala Palace Square during a government-organised media tour to Lhasa, Tibet Autonomous Region, China June 1, 2021. Picture taken June 1, 2021. REUTERS/Martin Pollard/File Photo
Mobile App

རྒྱ་གཞུང་གིས་ ༢༠༢༥ ལོར་བོད་ཁུལ་ནས་སློབ་མ་ཁྲི་གཅིག་ལྷག་བསྡུས་ཏེ་རྒྱ་ནག་ནང་འཁྲིད་འདུག

༢༠༢༦/༠༡/༡༩

མཆན། 7

  1. yeshi samdup says:
    ལོ་ 15 སྔོན།

    རྒྱ་ནག་སྤྱི་ཚོགས་རིང་ལུགས་པ་མ་རེད་ལ་རྒྱ་ནག་དམངས་གཙོར་དུས་ཀྱི་གྱུར་བས་གཏོང་གི་རེད་།།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་ནག་དམར་པོའི་ལས་བྱེད་ཚོས། མའོའི་རོ་ཁོགས་དེ་མ་ཎི་རིལ་བུ་བཟོས་ནས་ཟས་ན། དམར་གཞུང་སྡུག་ཚེ་རིང་དུ་འགྲོ་ན་མ་གཏོགས་གཞན་ཐབས་ཤེས་ཅང་ཡོད་མ་རེད་དོ། །

    Reply
  3. དུག་མདའ། says:
    ལོ་ 15 སྔོན།

    རྒྱ་ནག་པས་ངོས་འཛིན་བྱེད་བཞིན་པ་ལྟར་ནུབ་ཕྱོགས་པས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་ཚིག་ནམ་སྤྱོད་ལ་བསམ་རྒྱུ་གཅིག་ལས་མེད་པ་ནི་རྒྱལ་ནག་ཕམ་པར་བཟོ་རྒྱུ་དེ་རེད། ཨ་རིའི་ཁྱིམ་ཁྱི་ལ་ཡོད་ཡོད་ཅིག་འབྲོག་པའི་སྒོ་ཁྱི་ལ་དགོས་ཟེར་ན་ཐུབ་ཚོད་མ་རེད་དམ། རྒྱ་ནག་མི་དམངས་ལ་དེ་ཙམ་བརྩེ་བ་ཡོད་ན་ཁོ་ཚོ་ལ་དགོས་པ་ནི་དངུལ་དང་འཚོ་གནས་ཀྱི་ས་བོད་ཡུལ་ལྟ་བུ་ཡིན་པས་ཨ་རི་གཞུང་ནས་ཀྱང་དེའི་སྐོར་ནས་རོགས་རམ་བྱེད་དགོས་ཀྱི་མི་འདུག་གམ།

    Reply
  4. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    ཞིང་པ་བཟོ་བ་ཚོང་བ་གསུམ། རྟ་བོང་མཛོ་ཡི་ཟླ་བོར་བསྒྱུར།
    གལ་ཏེ་ལྕག་ཚན་གཞུས་དྲགས་ན། ཤིང་རྟའི་སྟེང་འོག་སྒྱུར་བར་ངེས།

    ཝུན་ཝུའུ་ལྟ་བ་འགལ་ཟླ་རུ། མཐོང་འདི་ཕྱི་ཡི་སྣང་ཚུལ་ཏེ།
    དོན་ལ་རང་དང་རྒྱ་རིགས་ལས། བོད་སོགས་མི་རིགས་སུ་ཡིས་བརྩི།

    ཞིང་པའི་ཟོར་བ་ཞིང་པའི་སྐེ་ལ་འཇོག བཟོ་བའི་ཐོ་བ་བཟོ་བའི་མགོ་བོར་འཕྱར།
    འདི་ནི་དེང་གི་ཏང་ཡོན་དམར་པོ་སྟེ། རང་སྲོག་རང་གིས་ལེན་པའི་སྔ་ལྟས་ལགས།

    Reply
  5. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    མང་གཙོའི་ལམ་དུ་འགྲོ་མི་འདོད་ན་སྐྱག་ལམ་དུ་སོང་། རྒྱ་སྐོགས་སྐམ་པོ་དེ་ཚོ་མེ་མདས་མ་གཏོགས་གཞན་གྱིས་བསྒྱུར་ཐུབ་ནི་མ་རེད།

    Reply
  6. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    འོ་བྱ་རྩོག་དེ་ཚང་གི་ཁ་མར་ལ་ཞིག་སོངས།

    Reply
  7. བོད་པ་ཚོ་ says:
    ལོ་ 15 སྔོན།

    གལ་ཏེ་རྒྱ་ནག་དེ་དམངས་གཙོ་བཅོས་འགྱུར་མ་བྱུང་ཚེ་ད་ལྟ་ཨབ་རབ་ཀྱི་རྒྱལ་ཁབ་ནང་མི་དམངས་ཀྱི་གེང་ལོག་བྱ་བ་ནང་བཞིན་རྒྱ་ནག་མི་དམངས་ཀྱང་དེ་ལྟར་བྱ་སྲིད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese