མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་དབང་རྩོད་ལེན་གྱི་འཐབ་བྱུས་༼ བདུན་པ༽ བོད་འབྱོར་རྩོམ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྡོ་རྗེ་དབང་རྒྱལ། ༼ བོད་འབྱོར་རྩོམ་ཡིག༽ འདོན་ཐེངས་སྔ་མའི་འཕྲོས།

ཁ། རྒྱལ་སྤྱི་བོད་དོན་ཚོགས་ཆུང་འཛུགས་དུ་འཇུག་པ།

 

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་ངོས་འཛིན་བྱས་པ་ཡིན་ན། བཙན་བྱོལ་གཞུང་དམངས་གཉིས་ཀྱིས་གོམ་གང་མདུན་དུ་སྤོས་ནས། ཨ་རི་དང་ཡུརོབ་མཉམ་འབྲེལ་ཚོགས་པ་གཙོ་བཅས་པའི་རྒྱལ་ཁབ་འགས་མཉམ་འབྲེལ་བྱས་ནས་བོད་དོན་ཐད་ཀྱི་དམིགས་བསལ་ཚོགས་ཆུང་ཞིག་བཙུགས་པ་ཡིན་ན་བོད་དོན་དེ་རྒྱལ་སྤྱི་ཐོག་ཤུགས་ཆེ་རུ་འགྲོ་པ་མ་ཟད། ཚོགས་ཆུང་དེ་གཞིས་བྱེས་བོད་མི་ཡོངས་ལ་སྙིང་སྟོབས་དང་རེ་འདུན་རྒྱས་བྱེད་ཀྱི་མཐུན་རྐྱེན་ཞིག་ཆགས་མཉམ་དུ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་བྱེད་ཀྱི་ལག་ཆ་གྲུབ་ཡོད།

 

ག ཕྱི་རྒྱལ་དོན་གཅོད་ཁང་ཁག་གི་ལས་དོན།

 

གལ་སྲིད་བོད་གཞུང་བཀའ་ཤག་ནས་རྒྱ ལ་ཁབ་སོ་སོའི་གནས་སྟངས་ལ་བསྟུན་ཏེ། སྐུ་ཚབ་དོན་གཅོད་ཁང་ཁག་ལ་ཕྲ་ཞིང་ཞིབ་པའི་ལས་འགན་བསྐོ་བཞག་གིས། ལས་འགན་དེ་དག་ལེགས་འགྲུབ་བྱུང་ཡོད་མེད་ཐད་བརྩད་ཞིབ་བྱེད་ཕྱོགས་ཀྱི་ཐབས་བཀོད་འཐེན་ཏེ། ལོ་ལྟར་རེ་བཞིན་སྐུ་ཚབ་དོན་གཅོད་ཁང་ཁག་གི་ལས་འགན་ཐད་བརྩད་ཞིབ་བྱས་པ་ཡིན་ན། བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ཁག་གིས་བོད་གཞུང་དང་བཙན་བྱོལ་སྤྱི་ཚོགས་ལ་དཔལ་འབྱོར་དང་ཆབ་སྲིད་ཐད། གཞན་དང་མི་འདྲ་བར་རྨད་དུ་བྱུང་པའི་གྲུབ་འབྲས་བསྐྲུན་སྲིད། དེའི་ཐད།

 

༡ བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གནས་སའི་རྒྱལ་ཁབ་དེ་ཉིད་ཀྱི་སྲིད་གཞུང་དང་བོད་གཞུང་བར་འབྲེལ་ལམ་འཛུགས་པ་དང་གཏིང་ཟབ་ཏུ་གཏོང་བ།ལས་འགན་དེ་འགྲུབ་ཡོད་མེད་ཐད་བརྩད་ཞིབ་བྱེད་པའི་ཐབས་ལམ་ནི། ལོ་དེའི་ནང་རྒྱལ་ཁབ་དེ་གའི་ཆབ་སྲིད་པ་ཚོས་བོད་དོན་ཐོག་རྒྱབ་སྐྱོར་གནང་པའི་ས་ཡིག་གི་གྲངས་འབོར་དང་རྒྱབ་སྐྱོར་ཡི་གེ རྒྱལ་ཁབ་དེའི་གྲོས་ཚོགས་ནང་བོད་དོན་ཐད་ཉན་ཞིབ་བྱས་པའི་གྲངས་ཀ་བཅས་ལ་སོགས་པར་ལྟ་བ། འདིར་དམིགས་བསལ་གྱིས་ཞུ་དགོས་པ་ཞིག་ནི། མིག་སྔར་བོད་དོན་ལ་མཚོན་ན་ཨུ་རུ་སུ་གཞུང་དམངས་གཉིས་ཀྱི་རྒྱབ་སྐྱོར་ནི་གསེར་ལས་རིན་ཐང་ཆེ་བ་དང་། ཁོ་ཚོའི་རྒྱབ་སྐྱོར་ཐོབ་ཕྱིར། རྒྱལ་ཁབ་དེ་ན་ཡོད་པའི་སོག་པོ་མི་དམངས་དང་བོད་མི་དམངས་བར་གྱི་མཛའ་བརྩེ་གཏིང་ཟབ་པོ་དང་སྙིང་ཉེ་བར་གཏོང་དགོས་པ་ནི། ཨུ་རུ་སུ་བོད་གཞུང་དོན་གཅོད་ཁང་གི་ལས་དོན་གཙོ་ཆེ་ཤོས་སུ་འཛིན་དགོས་སྙིམ།

 

༢ སྐུ་ཚབ་དོན་གཅོད་ཁག་གིས་ཧུར་བརྩོན་ཆེན་པོས་གནས་ཡུལ་རྒྱལ་ཁབ་དེ་ཉིད་གྱིས་བཙན་བྱོལ་བོད་གཞུང་དམངས་གཉིས་ལ་དཔལ་འབྱོར་སྐོར་གྱི་སྲིད་ཇུས་གཏན་འབེབས་གནང་དུ་འཇུག་པ། གཏན་འབེབས་གནང་དགོས་པའི་སྲིད་ཇུས་ཁག་ནི་ཚོང་ལས་དང་ཚོང་ཟོག་མངགས་ཉོ། སྦྱོང་བརྡར་སོགས་དཔལ་འབྱོར་ཐད་ཕྱོགས་གཉིས་ཀར་ཕན་པའི་མཉམ་ལས་ཀྱི་ལས་གཞི་ཁག་ཡིན།

 

༣ བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གནས་སའི་རྒྱལ་ཁབ་དེ་ཉིད་ཀྱི་ཚོང་པ་དང་བཟོ་གྲྭ་ཁག་གིས་ཚོང་ཟོག་བཟོ་སྐྲུན་དང་མངགས་ཉོ་སྐོར་གྱི་གན་རྒྱ་འཇོག་ཐུབ་པར་བྱེད་པ།

 

༤ བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གནས་སའི་རྒྱལ་ཁབ་དེ་ཉིད་ཀྱི་བོད་མིའི་ཕ་སྐད་དང་། བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་བོད་ཀྱི་ཤེས་རིག་སློབ་གཉེར་བསྟི་གནས་ཁང་འཛུགས་པ་དང་། ལས་འགན་དེ་འགྲུབ་ཡོད་མེད་ཐད་བརྩད་ཞིབ་བྱེད་པའི་ཐབས་ལམ་ནི། བོད་ཡིག་འཛིན་གྲྭའི་གྲངས་ཀ་དང་སློབ་མའི་གྲངས་ཀ བོད་ཀྱི་གཞས་སྣ་འཁྲབ་སྟོན་དང་གཏམ་ཚོགས་སོགས་རིག་གཞུང་བྱེད་ལས་ཀྱི་གྲངས་ཀ་ལ་སོགས་པར་ལྟ་བ།

 

༥ རོགས་དངུལ་སློང་པ། བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གནས་སའི་རྒྱལ་ཁབ་དེ་ཉིད་ནས་བོད་བཙན་བྱོལ་སྤྱི་ཚོགས་གཞུང་དམངས་གཉིས་ལ་ལོ་རེ་བཞིན་རོགས་དངུལ་གྲངས་ཀ་ངེས་ཅན་ཅིག་སློང་དགོས་པ། དཔེར་ན་ལོ་རེར་ཨ་སྒོར་ཁྲི་ ༢༠ སློང་བ་ལྟ་བུ།

 

༦ བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གནས་སའི་རྒྱལ་ཁབ་དེ་ཉིད་ཀྱི་མཐོ་འབྲིང་དམའ་གསུམ་གྱི་སློབ་གྲྭ་ཁག་ཏུ་ལོ་ལྟར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་བོད་ཀྱི་རིག་གཞུང་། བོད་ཀྱི་འཁོར་ཡུག་དང་ཆབ་སྲིད་སྐོར་གྱི་གཏམ་བཤད་ཐེངས་བཅུ་ལ་གནང་རྒྱུ།

 

༧ བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གནས་སའི་རྒྱལ་ཁབ་དེ་ཉིད་དུ་ལོ་ལྟར་གསུམ་བཅུའི་དུས་དྲན་དང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་རྩིས་ཀྱི་ལས་རིམ་བཀོད་སྒྲིག་གནང་རྒྱུ།

 

༨ བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གོ་སྒྲིག་འོག་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ཁག་གནས་སའི་རྒྱལ་ཁབ་ཁག་ལ་ལོ་རེར་རེས་མོས་ཀྱིས་རྒྱལ་ཁབ་དེའི་ནང་བོད་ཀྱི་ལོ་སྲུང་བརྩི་གནང་སྟེ། བོད་དོན་སྐོར་གྱི་འགྲེམས་སྟོན་དང་བོད་ཀྱི་ཤེས་རིག་དང་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཞབས་བྲོ། གློག་བརྙན་སོགས་འཁྲབ་སྟོན། བོད་ཕྱི་ནང་གཉིས་ཀྱི་རིག་གཞུང་དང་གནས་སྟངས་སོགས་ཀྱི་སྐོར་ལ་གཏམ་བཤད་དང་བགྲོ་གླེང་བཀོད་སྒྲིག་གནང་སྟེ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཡུལ་མི་ཚོར་བོད་ཀྱི་གནས་ཚུལ་ངོ་སྤྲོད་དང་བོད་དོན་ཐད་རྒྱབ་སྐྱོར་ཡོང་པའི་ལས་འགུལ་སྤེལ་བ།    

 

ང་། བོད་དང་སོག་པོ། ཡུ་གུར་བཅས་ཀྱི་རིག་གཞུང་སྲུང་སྐྱོབ།

 

བོད་མི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱབས་བཅོལ་ལ་ཕེབས་ཀྱི་ཡོད་པ་ལྟར། ནང་སོག་དང་ཡུ་གུར་མི་རིགས་ཚོ་ཡང་སྐྱབས་བཅོལ་དུ་ཕེབས་ཏེ། བོད་མི་ལ་འཕྲད་པའི་དཀའ་ངལ་ནང་བཞིན་དང་ནང་སྒོས་ཁྱད་པར་ཅན་གྱི་སོ་སོའི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཐད་ཡང་དཀའ་ངལ་འཕྲད་བཞིན་ཡོད་པ་རེད། དཀའ་ངལ་དེ་དག་སེལ་བའི་ཆེད་དུ་བོད་དང་སོག་པོ། ཡུ་གུར་གསུམ་འཛོམས་གྱིས་རིག་གཞུང་ཚོགས་པ་ཞིག་བཙུགས་ཏེ། ལོ་ལྟར་རེ་བཞིན་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་རོགས་རམ་བྱེད་རྒྱུ་ཡིན་པ། རབ་ལ་བྱུང་ན་ཚོགས་པའི་མིང་ཐོག་ནས་དབྱིན་ཡིག་དང་བོད་ཡིག སོག་ཡིག ཡུ་གུར་ཡི་གེ་བཅས་ཀྱི་སྟེང་དྲ་རྒྱའི་ཟིན་བྲིས་ཞིག་བཙུགས་ཏེ། གནས་ཚུལ་ཁྱབ་སྤེལ་བྱེད་རྒྱུ་བྱུང་ན་ཕན་ནུས་དང་དགེ་མཚན་ཧ་ཅང་ཆེ།

 

ཆོས་ལུགས། རིག་གཞུང་། སྐད་ཡིག ཁྱེར་པར་དུ་ལོ་རྒྱས་ཐོག་གི་གནས་བབ་དང་ད་ལྟའི་རྒྱལ་སྤྱིའི་སྟེང་གི་མཐོང་སྣང་སོགས་ཀྱི་རྐྱེན་གྱིས་བོད་དང་ཡུ་གུར། སོག་པོ་མི་དམངས་བར་གྱི་མཉམ་འབྲེལ་དང་རྩ་འཛུགས་ཞིག་མིག་སྔར་བྱུང་མེད་ན་ཡང་། བོད་དང་ཡུ་གུར། སོག་པོ་མི་དམངས་གཙོ་བྱས་པའི་རྒྱལ་ཁབ་བསྐྱར་གསོ་དང་རྒྱལ་ཁབ་སྒྲེར་ལངས་ནི་འཛམ་གླིང་སྟེང་གི་མི་སེར་སྤེལ་ཡུལ་རིང་ལུགས་ལ་ངོ་ལོག་དང་མི་རིགས་བཅིངས་འགྲོལ་རིང་ལུགས་ཀྱི་ལས་འགུལ་ནི་ལྡོག་ཐུབ་མེད་པའི་རླབས་ཕྲེང་གསར་བ་ཞིག་ཡིན། གཉའ་གནོན་འོག་གི་མི་རིགས་དེ་ཚོའི་རང་དབང་དང་ཐོབ་ཐང་བརྩོན་ལེན་བྱ་ཆེད་མི་རིགས་འདི་དག་བར་གྱི་མཐུན་སྒྲིལ་དང་མཉམ་འབྲེལ་ནི་གཡོལ་ཐབས་མེད་པ་དང་། སུས་ཀྱང་བཀག་འགོག་བྱེད་མི་ཐུབ་པའི་འབྱུང་འགྱུར་གྱི་ཁ་ཕྱོགས་རེད། འབྱུང་འགྱུར་དེ་འོངས་པ་ལ་གྲ་སྒྲིག་དང་སྔོན་བསུ་བྱ་ཆེད་བོད་དང་སོག་པོ། ཡུ་གུར་གསུམ་འཛོམས་གྱི་རིག་གཞུང་ཚོགས་པ་ཞིག་གསར་འཛུགས་བྱ་རྒྱུ་ནི་བོད་མི་རང་དབང་ལས་འགུལ་གྱི་དགོས་མཁོ་ཙམ་མ་ཡིན་པར་འགྲོ་བ་མིའི་ལོ་རྒྱུས་དང་། འཛམ་གླིང་མི་རིགས་བཅིངས་འགྲོལ་ལས་འགུལ་གསར་བའི་དགོས་མཁོ་ཡང་རེད།

 ༼ མུ་འགོད། ༽

འབྲེལ་ཡོད་གསར་འགྱུར།

TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese