མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གེ་སར་འཁྲུངས་ལོ། – རྨེ་སྲིབ་ནོར།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

གླིང་གེ་སར་འཁྲུངས་ལོ་དང་མདོ་སྨད་ལོ་རྒྱུས་ཆེན་མོ།

གེ་སར་ཞིབ་འཇུག་པ་རྨེ་སྲིབ་ནོར།

སྤྱིར་གནའ་དེང་བོད་ཀྱི་དཔྱད་ཞིབ་པའི་ཁྲོད་དུ་གླིང་གེ་སར་ནི་ལོ་རྒྱུས་མི་སྣ་རུ་བཞེད་མིན་གཉིས་ཡོད་ཅིང་། ལོ་རྒྱུས་མི་སྣར་འདོད་མཁན་རྣམས་ལ་ཡང་གེ་སར་གྱི་འཁྲུངས་འདས་སྐོར་ལ་བཞེད་ཚུལ་མི་མཐུན་པ་སྣ་ཚོགས་ཤིག་ཡོད། འགའ་ཞིག་གིས་གླིང་སྒྲུང་སྒྱུ་རྩོམ་དང་གླིང་སྒྲུང་ལོ་རྒྱུས་གཉིས་སོ་སོར་དབྱེ་ཞིབ་མ་བྱས་པར། ཇི་ལྟར་སྒྱུ་རྩལ་རྩོམ་རིག་གིས་ཡིད་སྤྲུལ་བྱས་པ་དེ་ལྟར་ཚད་འཛིན་བྱས་ཏེ། གླིང་དུས་ནི་ཡ་ཐོག་བསྐལ་བའི་ཀློང་རིང་ཞིག་ཏུ་འདོད། ཡང་ཁག་ཅིག་གིས་གླིང་སྒྲུང་ལ་ལོ་རྒྱུས་རིག་པའི་ལྟ་ཚུལ་སྤྱད་དེ། གེ་སར་བྱོན་དུས་རླངས་ཀྱི་པོ་ཏི་བསེ་རུ་རྩ་འཛིན་ཐོག་རླངས་བྱང་ཆུབ་ཨ་མི་འདྲེ་བཀོལ་དང་དུས་མཉམ་ཡིན་པར་འདོད། འོན་ཀྱང་རླངས་ཀྱི་པོ་ཏི་བསེ་རུར་གེ་སར་གྱི་ཚེ་ཚད་ ༨༨ ཅེས་ལུང་ཚིག་ལྟར་རྩིས་ལུགས་ཤིག་དང་། ཡང་གྱ་གཅིག་ཐོག་འདས་ཚུལ་བཤད་ལུགས་གཉིས་མི་མཐུན་པའི་དབང་གིས་གེ་སར་འཁྲུངས་ལོའི་ཐད་ལོ་བཅུ་སྐོར་ཡས་མས་ཤིག་གི་མི་མཐུན་པའི་ཁྱད་པར་བྱུང་ཡོད། གསར་དར་གླིང་སྒྲུང་ཞིབ་འཇུག་པ་དག་གིས་གེ་སར་འཁྲུངས་འདས་ནི་བདུད་འཇོམས་ཆོས་འབྱུང་ཀྱི་བཞེད་ལུགས་ལྟར་འདོད་བཞིན་ཡོད། བཞེད་དོན་དེ་ནི་རླངས་ཀྱི་པོ་ཏི་བསེ་རུ་དང་། བོད་ཀྱི་ལོ་རྒྱུས་ཀྱི་འགྱུར་རིམ། འཁྲུངས་གླིང་བཅས་གསུམ་དང་མཐུན་པས་ཡིན།

 

ཧོར་གཙང་འཇིགས་མེད་ཀྱིས་བརྩམས་པའི་མདོ་སྨད་ལོ་རྒྱུས་སྤྱིའི་གཞུང་ཤིང་། (བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་བྱས) ཤོག་གྲངས་ ༤༠༤ རུ་“གེ་སར་འཁྲུངས་ལོ་ནི་བདུད་འཇོམས་སྤྲུལ་སྐུས་རབ་བྱུང་མ་ཚུགས་པའི་སྔོན་གྱི་ས་སྟག་སྟེ་སྤྱི་ལོ་ ༩༧༨ ལོར་བཞེད་ཅིང་། བཞེད་ཚུལ་འདི་རྒྱུ་མཚན་དང་ཐག་ཉེ་ཤོས་ལྟ་བུ་དང་།“ཞེས་འཁོད་འདུག བཞེད་ཚུལ་དེ་ནི་རྗེ་དམི་དགེ་བསམ་གཏན་གྱི་འདོད་ལུགས་ཡིན་པ་ལས། བདུད་འཇོམས་སྤྲུལ་སྐུའི་བཞེད་ལུགས་མིན།

བདུད་འཇོམས་ཡེ་ཤེས་རྡོ་རྗེས་བརྩམས་པའི་བདུད་འཇོམས་ཆོས་འབྱུང་།(སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས) ཤོག་གྲངས་ ༦༤༡ ཏུ་“རབ་བྱུང་གཉིས་པ་ཤར་བ་ན། མ་གཅིག་ལབ་སྒྲོན་ལྕགས་ལུག་ང་བདུན། གླིང་རྗེ་གེ་སར་ས་སྟག་ལྔ་བཅུ་ཐམ་པ།“ཞེས་འཁོད་ཡོད་ལ། རབ་བྱུང་གཉིས་པ་ཤར་ལོ་ཕྱི་ལོ་ ༡༠༨༧ ནས་ཡར་ལོ་ལྔ་བཅུ་བརྩིས་ན་ཕྱི་ལོ་ ༡༠༣༨ ཡིན་པ་ལས་ཕྱི་ལོ་༩༧༨ ལ་འབབ་སྲོལ་མེད། དོན་གནད་དེ་ནི་ཁོང་ཉིད་ཀྱི་རྩ་འཛིན་བྱས་པའི་དཔྱད་གཞིའི་ཡིག་ཆ་དང་ཟུར་བལྟའི་ཡིག་རིགས་གཉིས་དཔྱད་བསྡུར་མ་བྱས་པར་ཟུར་བལྟའི་ཡིག་ཆ་ལ་ཆ་འཇོག་བྱས་པའི་རྐྱེན་ཡིན་ནམ་སྙམ།

 

དཔྱད་གཞི་དེའི་རྩི་ལུགས་རང་དངོས་སུ་དཔྱད་ཞིབ་བྱས་པ་ནི། བོད་ནང་ནི་གླིང་སྒྲུང་གི་ལོ་རྒྱུས་ཞིབ་འཇུག་པ་བློ་གྲོས་རྒྱ་མཚོའི་༼སེང་ཆེན་ཉི་མ་འདྲེན་པའི་སྐྱ་རེངས༽ (བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དཔར་སྐྲུན་བྱས) ཤོག་གྲངས་ ༨༥ ནང་“བདུད་འཇོམས་སྐུ་ཕྲེང་གཉིས་པའི་རྙིང་མའི་ཆོས་འབྱུང་དུ། བོད་རབ་བྱུང་དང་པོའི་ས་ཕོ་སྟག་གི་ལོ་སྟེ། སྤྱི་ལོ་ ༡༠༣༨ ལོ་ལ་གླིང་རྗེ་གེ་སར་རྒྱལ་པོ་སྐུ་འཁྲུངས། ལོ་འདིར་མཉམ་མེད་ཇོ་བོ་ཆེན་པོ་དགུང་ལོ་ ༥༩ ལོན། ཙོང་ཁའི་རྒྱལ་པོ་ཁྲི་ནམས་ལྡེའུ་བཙན་དགུང་ལོ་ ༤༢ ལོན“ཞེས་གསལ་བ་ལྟར། ལོ་རྒྱུས་དཔྱད་ཞིབ་ཀྱི་དོན་གནད་གང་ཡིན་ལ་དཔྱད་གཞི་རང་དངོས་སུ་དཔྱོད་བསྡུར་བྱྲ་རྒྱུ་ལས་ཟུར་བལྟའི་ཡིག་རིགས་ནས་གང་བཤད་ལྟར་དུ་བཞག་ན་ལོ་རྒྱུས་དཔྱད་ཞིབ་བྱ་ཐབས་ཀྱི་སྐྱོན་ཆ་ཆེས་ཆེ་ཤོས་ཤིག་རེད། གེ་སར་ཞིབ་འཇུག་པ་རྨེ་སྲིབ་ནོར། 

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༥ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 4

  1. བློ་གྲོས་རྩལ། says:
    ལོ་ 16 སྔོན།

    མདོ་སྨད་ལོ་རྒྱུས་ཆེན་མོ་གླེགས་བམ་དང་པོ་ནི་བསྒྲིགས་པ་ཞིག་མ་རེད། བརྩམས་པ་ཞིག་རེད། གླེགས་བམ་གཉིས་པ་ནས་དྲུག་པ་བར་གྱི་དེབ་ལྔ་ནི་བརྩམས་པ་ཞིག་མ་རེད། ཕྱོགས་ཡར་མར་ནས་བཏུས་ཤིང་བསྒྲིགས་པ་ཞིག་རེད། མ་གཞི་ནས་ཚིག་མཛོད་དང་མིང་མཛོད་ནི་རྣམ་པ་འདི་འདྲ་ཞིག་ཡིན།

    ཅི་ཞིག་རེད་དང་ཅི་ཞིག་མ་རེད་ལབ་སྟངས་ཀྱིས་ཚད་བརྒྱབ་པ་ཡིན་ན། འདི་འདྲ་ཞིག་རེད། དེ་ནི་མདོ་སྨད་ལོ་རྒྱུས་ཆེན་མོ་ཁོ་རང་གིས་ཚུར་བསྟན་པ་ལས། ངས་ཕར་སྐྱོན་གླེང་བྱས་པ་མིན། ཡིད་མི་ཆེས་མཁན་ཡོད་སྲིད་ན། དེ་དག་གིས་མདོ་སྨད་ལོ་རྒྱུས་ཆེན་མོ་ལ་གཟིགས་རོགས། གཅིག་བྱས་ན། ངའི་ལྟ་སྟངས་འདི་ནོར་ཡོད་སྲིད། ཡིན་ནའང་། གླེགས་བམ་ཚང་མའི་དབུ་ཤོག་ན་གསལ་བ་ནི། བརྩམས་ཞེས་པའི་བྱ་ཚིག་འདི་རེད། ལར་ནས་བསྒྲིགས་ཞེས་བྲིས་པ་ཡིན་ནའང་བྱ་བ་སྟོན་པའི་ཚིག་རེད།

    དཔེར་ན། ༼མདོ་སྨད་ལོ་རྒྱུས་ཆེན་མོའི་བྱུང་རིམ༽ནང་། གླེགས་བམ་ལྔ་པའི་སྐོར་བཤད་སྐབས། ༼དགོན་སྡེ་དེ་དག་གི་བཏབ་ལོ་དང་། འདེབས་མཁན། བཏབ་ཡུལ། ཆོས་རྒྱུད་བཅས་གང་ངེས་གསལ་འབྲི་དང་། ཟུར་བརྗོད་ཀྱི་ལམ་ནས་དགོན་སྡེ་དག་དང་འབྲེལ་བའི་ལོ་རྒྱུས་ཀྱི་གནད་དོན་གལ་ཆེན་ཁག་ཧ་ཅང་མདོར་བསྡུས་སུ་བྲིས་ཡོད་པས་ལྟ་ཀློག་བྱེད་མཁན་རྣམས་ལ་སུན་སྣང་མི་སྐྱེས་པ་དང་། ལོ་ཚིགས་སོགས་འཕྲལ་དུ་བློ་ངེས་འབྱུང་ཐུབ་པའི་ཕན་འབྲས་མི་དམན་པ་ཡོད་པ་ཡིན།༽ཞེས་དང་། གླེགས་བམ་དྲུག་པ་གླེང་སྐབས། ༼ཁོང་རྣམས་ཀྱི་མཚན་དང་། འཁྲུངས་ཡུལ། འཁྲུངས་ལོ། འདས་ལོ། ཆོས་རྒྱུད་བཅས་ལག་ཏུ་གང་ཆུད་གསལ་འགོད་བྱས་ཡོད།༽ཅེས་འདུག འདི་ནི་གླེགས་བམ་ཕྱི་མ་དག་ཚིག་མཛོད་ཀྱི་རྣམ་པར་ཡོད་པའི་གསལ་བཤད་ཀྱང་རེད། མིང་མཛོད་འདི་བསྒྲིགས་པར་རྩོམ་པ་པོས་དེབ་རིགས་ཆེ་ཆུང་བརྒྱ་ཕྲག་ལྔ་བརྒལ་བ་ལྟ་ཀློག་གནང་འདུག་པར་བསམས་ན། རྩོམ་པའི་དབང་དུ་བཏང་ནའང་ལེགས་པ་ཞིག་ཡོང་ངེས་སུ་འདུག་སྟེ། རྩོམ་པ་པོས་དགོས་དབང་མང་པོར་གཟིགས་ནས་མིང་མཛོད་ཀྱི་ངོ་བོ་ནས་ཕྱོགས་བསྒྲིགས་གནང་རྒྱུ་འདེམས་འདུག་པ་འདིར་ལེགས་ཚོགས་མང་པོ་ཡོད་སྲིད། ཡང་ན། ༼ལོ་རྒྱུས་ཞིག་འཇུག་བྱེད་སྟངས་ཀྱི་ཐབས་ལམ་ནི་ཕྱི་རྒྱལ་གྱི་རིག་གཞུང་ཞིབ་འཇུག་པ་དག་གིས་ཞིབ་འཇུག་བྱེད་སྟངས་ཀྱི་ཐབས་ལམ་བེད་སྤྱོད་གཏོང་ཐུབ་ན་ཡག་ཤོས་རེད༽ཅེས་གོང་ས་མཆོག་གིས་རྩོམ་པ་པོར་དངོས་སུ་གསུངས་ཡོད་སྐད་དེར་རྩ་འཛིན་བྱས་པས་ཀྱང་འབབ་ས་འདི་འདྲ་ཞིག་ལ་བབས་པ་ཡིན་སྲིད། ད་རེས་རྨེ་སྲིབ་ནོར་བུ་ལགས་ཀྱིས་གླེགས་བམ་དང་པོའི་ནོར་འཁྲུལ་གཅིག་ཐེར་འདོན་བྱས་པ་འདི་ཡག་པོ་རེད། སྤུས་ཀ་ཇེ་དག་ཏུ་གཏོང་དགོས་ན། འདི་ལྟར་གནང་དགོས་པ་གལ་ཆེ། ཕན་ཚུན་ལ་དམའ་འབེབས་རེས་མི་བྱེད་པར་གུ་ཡང་དཀྱེལ་ཆེའི་སྒོ་ནས་འདི་ལྟར་གླེང་སློང་གནང་བ་ཡིན་ན། འདོན་ཐེངས་གཉིས་པའི་སྐབས་ལ་ལེགས་བཅོས་གནང་བར་ཕན་གྱི་རེད། སྐུ་ཞབས་ཧོར་གཙང་འཇིགས་མེད་ལགས་ཀྱིས་དཀའ་ལས་མང་པོ་བརྒྱབ་ཡོད་པ་དེར་གུས་བརྩི་ཡོད།

    Reply
  2. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    གེ་སར་འཁྲུངས་འདས་ནམ་ཡིན་ཐག་གཅོད་དཀའ། གེ་སར་ལྷ་མི་འདྲེ་ཡིན་ངོས་འཛིན་དཀའ།
    གེ་སར་ལོ་རྒྱུས་གསང་གསུམ་ཤེས་པ་དཀའ། གེ་སར་ལོ་རྒྱུས་དོན་སྙིང་ཤེས་པ་དཀའ།

    ཚུར་རྒོལ་ཡན་པོར་མི་གཏོང་གེ་སར་ཡིན། རྒྱལ་ངན་ཚར་གཅོད་ཕོད་པའང་གེ་སར་ཡིན།
    འབངས་ལ་བདེ་སྐྱིད་སྐྲུན་པ་གེ་སར་ཡིན། འཛམ་གླིང་ཞི་བདེར་སྒྱུར་བའང་གེ་སར་ཡིན།

    གེ་སར་ཞི་དང་དྲག་པ་ཡིན། གེ་སར་དབང་དང་རྒྱས་པའང་ཡིན།
    གེ་སར་བོད་མིའི་མཚོན་བྱེད་ཡིན། གེ་སར་ཡོད་ན་བོད་མི་ཡོད།
    དེ་བས་བོད་མི་རེ་རེ་ནས། གེ་སར་རྗེས་འཇུག་བྱེད་པ་བརྩོན།

    Reply
  3. རྐང་གསུམ། says:
    ལོ་ 16 སྔོན།

    ཧོར་འཇིགས་ལ་ལོ་རྒྱུས་ཉམས་ཞིབ་པའི་མིང་འདི་ཇི་ལྟར་ཐོག་་་་་་་ནམ་ཡང་ཐོག་མི་སྲིད་་་་་་་་་ལོ་རྒྱུས་ཉམས་ཞིབ་པ་ཞིག་ཡིན་ན་ངེས་པར་དུ་མི་གཞི་དྲང་བོ་ཞིག་དགོས་པ་ནི་རྩ་བ་ཡིན་རུང་་་་་་་ཧོར་འཇིགས་ཀྱི་མི་གཞི་ནི་ཡ་ཡོ་འཁྱག་འཁྱོག་ལས་དྲང་བོ་ཞིག་མིན་པ་ཁོའི་མདོ་སྨད་ལོ་རྒྱུས་ཆེན་མོ་ལས་གསལ་བོ་ཤེས་ཐུབ།

    Reply
  4. ཁམས་པ། says:
    ལོ་ 16 སྔོན།

    ཧོར་འཇིགས་ལགས། དེ་ནི་མཁས་པ་འཆུག་ན་འདོམ་གང་ཟེར་བ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese