མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་གསར་འགོད་པར་དཀའ་སྡུག་བརྗོད་མཁན་ཞིག་འདས་གྲོངས།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

ས་བྱི་ཞི་རྒོ་ཆེན་མོའི་སྐབས་བླ་བྲང་དགོན་པའི་ནང་རྒྱལ་སྤྱིའི་གསར་འགོད་པར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། ཆོས་ལུགས་དད་མོས་བཅས་ཀྱི་སྐོར་བརྗོད་མཁན་གྲྭ་སངས་རྒྱས་རྒྱ་མཚོ་ལགས་ན་ཚའི་དབང་གིས་འདས་གྲོངས་སུ་ཕྱིན་འདུག

 

༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱལ་སྤྱིའི་གསར་འགོད་པ་མདོ་སྨད་བླ་བྲང་ཁུལ་དུ་བསྐྱོད་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། ཆོས་ལུགས་དད་མོས་རང་དབང་མེད་པའི་སྐོར་གྱི་གནས་ཚུལ་རྗོད་མཁན་གྲྭ་སངས་རྒྱས་རྒྱ་མཚོ་འམ། མིང་གཞན་ལ་སངས་རྒྱས་གྲུབ་ཆེན་འབོད་པ་ཁོང་སྐབས་དེ་ནས་རྒྱ་ནག་གི་གནོན་ཤུགས་འདུག་ཐབས་མེད་པར་བྲོས་བྱོལ་གྱི་བྱས་ཡོད་པ་དང་། དཀའ་སྡུག་གི་ལོ་ཟླ་དེའི་ནང་ལུས་ལ་ན་ཚ་བྱུང་ཡོད་ཀྱང་། རྒྱ་ནག་གིས་གནོན་ཤུགས་འོག་ཚད་ལྡན་གྱི་སྨན་ཁང་དུ་སྨན་བཅོས་བྱས་མ་ཐུབ་པའི་དབང་གིས་ཟླ་འདིའི་ཕྱིལ་ཚེས་ ༢༦ ཉིན་གྱི་ཞོགས་པར་རང་ཁྱིམ་ནས་འདས་གྲོངས་སུ་གྱུར་ཡོད་འདུག 

འདིའི་ཐད་དེ་རིང་ཕྱི་དྲོ་བོད་ཀྱི་དགུ་བཅུ་ལས་འགུལ་ཚོགས་པས་དམ་པ་ཁོང་གི་སྤུན་མཆེད་ཐུབ་བསྟན་རྒྱལ་མཚན་ལགས་གདན་ཞུ་གནང་སྟེ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། སྐབས་དེར་དམ་པ་ཁོང་གི་འདས་པའི་བོད་དོན་འཐབ་རྩོད་ཀྱི་ལོ་རྒྱུས་དང་སྐབས་དེའི་རྒྱལ་སྤྱིའི་གསར་འགོད་པར་གནས་ཚུལ་སྙན་སྒྲོན་ཞུས་པའི་བརྙན་རིས་སོགས་གཟིགས་འབུལ་གནང་བྱུང་བར་མ་ཟད། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ཁོང་ཉིད་རྒྱལ་གཅེས་དཔའ་བོ་ཞིག་དང་དུས་གཏན་ཏུ་མི་མང་གི་སྙིང་དབུས་སུ་བཞེངས་པའི་གཞོམ་གཞིག་བྲལ་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་པར་མ་ཟད། ཁོ་དང་ཁོ་ལྟ་བུའི་རྒྱལ་གཅེས་དཔའ་བོ་དཔའ་མོ་བྲོས་བྱོལ་དང་ཉེན་ཡོལ་གྱི་དཀའ་སྡུག་ཁྲོད་འཚོ་བ་རོལ་མཁན་ཡོངས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ལ་རྒྱབ་སྐྱོར་ཡི་རངས་བྱ་རྒྱུ་ཡིན་ཞེས་བརྗོད་བྱུང་ལ། ལོ་གསར་བའི་སྐབས་འདིར་བཙོན་ཁང་དུ་ཡོད་པའི་རྒྱལ་གཅེས་དཔའ་བོ་རྣམས་དང་ཁོང་རྣམ་པའི་ནང་མི་ཡོངས་ལ་ལྷག་བསམ་དང་སེམས་ཤུགས་མི་མཐུད་གནས་དགོས་པའི་རེ་བ་དང་འབོད་སྐུལ་ཡང་གནང་བྱུང་།

 

རང་ལོ་ ༤༣ ཡིན་པའི་གྲྭ་སངས་རྒྱས་རྒྱ་མཚོ་ལགས་ནི། ༡༩༦༩ ལོར་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་བསང་ཁོག་ཚོ་བདུན་ཞེས་པའི་འབྲོག་ཁྱིམ་ཞིག་ཏུ་ཕ་མགོ་བྷེ་དང་མ་བསོད་ལོ་གཉིས་ཀྱི་ཁྱིམ་དུ་སྐྱེས་ཤིང་།རང་ལོ་ ༡༦ སྟེང་བླ་བྲང་བཀྲ་ཤིས་འཁྱིལ་ནས་རབ་ཏུ་བྱུང། རང་ལོ་ ༢༣ སྟེ་ཕྱི་ལོ་ ༡༩༩༡ ལོར་རྒྱ་གར་དུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་ཡོད། ༡༩༩༤ ལོར་ཕྱིར་བོད་དུ་ལོག་ཏེ་བླ་བྲང་དགོན་པའི་ནང་སློབ་གཉེར་རྒྱུན་འཁྱོངས་བྱས་ཏེ། དཔེ་ཆ་བའི་མཚན་སྙན་མཐོ་བོར་བསླེབས་ཡོད་ཀྱང་། ༢༠༠༨ ལོར་བླ་བྲང་ས་ཁུལ་གྱི་ངོ་རྒོལ་བའི་དབུ་ཁྲིད་མི་སྣའི་གྲས་དང་རྒྱལ་སྤྱིའི་གསར་འགོད་པ་ལྷ་ས་དང་བླ་བྲང་སོགས་སུ་རྟོག་དཔྱོད་དུ་ཕེབས་སྐབས་རྒྱ་ནག་གི་དམ་དྲག་བྱེད་མིན་ལ་མ་ལྟོས་པར་ “བོད་མིར་འགྲོ་བ་མིའི་ཐོབ་ཐང་དགོས། སྨྲ་བརྗོད་རང་དབང་དགོས། ཆོས་ལུགས་དད་མོས་རང་དབང་དགོས” སོགས་ཀྱི་སྐད་འབོད་བྱས་ཡོད་པ་དང་། རྗེས་སུ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་སོགས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་འགྲེལ་བརྗོད་བྱས་སྟབས། རྒྱ་གཞུང་གིས་འཛིན་བཟུང་བཀའ་རྒྱ་བཏང་ཡོད་ཅིང་། སྐབས་དེར་ཁོང་གི་གཉེན་ཉེ་དང་གྲོགས་པོ་དག་གི་རེ་འདུན་ལྟར་རི་མགོར་བྲོས་བྱོལ་དུ་ཕྱིན་སྟེ་སྡོད་གནས་དང་ཟ་འཐུང་། འཕྲོད་བསྟེན་སོགས་ཀྱི་དབང་གིས་ཁོང་ལ་གྲང་ཤེད་ཀྱི་ན་ཚ་ཞིག་བྱུང་སྟེ་ཉལ་སར་ལྷུང་ཡོད་འདུག

འོན་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཚད་ལྡན་གྱི་སྨན་ཁང་ཞིག་ལ་བསྟེན་རྒྱུའི་གོ་སྐབས་མ་བྱུང་། རིམ་གྱིས་ནད་གཞི་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ཕྱིས་སུ་གསང་སྟབས་ཀྱིས་ཀན་ལྷོ་ཁུལ་བོད་སྨན་ཁང་དང་ཟི་ལིང་བོད་སྨན་ཁང་།ཀ་ཆུའི་སྨན་ཁང་སོགས་སུ་སོང་སྟེ་གཤགས་བཅོས་སོགས་བྱས་ཀྱང་མ་ཕན་པར་མཐར་འདས་གྲོངས་སུ་སོང་ཡོད།   

 

རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་འདས་གྲོངས་སུ་ཕྱིན་པའི་ཐད་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཁོང་དང་ཁོང་གི་ནང་མིར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་བསྔོ་སྨོན་མཆོད་འབུལ་གནང་ཡོད་པར་མ་ཟད། དེ་རིང་དགོང་དྲོ་མེག་ལོར་རླངས་འཁོར་ས་ཚིགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་མར་མེ་ཁྲོམ་སྐོར་ཞིག་ཀྱང་གོ་སྒྲིག་གནང་འཆར་ཡོད་འདུག

 

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༨ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༩ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 7

  1. ཐ་ཧྭར་སྐལ་བཟང་། says:
    ལོ་ 15 སྔོན།

    ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་ཞིག་རེད། ༢༠༠༨་གྱི་རྒྱལ་སྤྱིའི་གསར་འགོད་པའི་མདུན་གྱི་སྙིང་སྟོབས་དེ་ད་དུང་ཡིད་ན་གསལ་ལྷང་ངེར་འདུག

    Reply
  2. གཡག་རྒོད says:
    ལོ་ 15 སྔོན།

    མི་རིགས་དང་རྒྱལ་ཁབ་གྱི་ཆེད་དུ། རང་སྲོག་བློས་གཏོང་ཕོད་པའི་དཔའ་བོ་ཁོང་ལ་མྱ་ངན་དང་གུས་འདུད་ཞུ།

    Reply
  3. རྒྱང་ལྟ says:
    ལོ་ 15 སྔོན།

    མི་རིགས་བདེན་དོན་གྱི་སྤོབས་པ་གཟེངས་སུ་མཐོ་བའི་རྒྱལ་གཅེས་དཔའ་བོ་ཁོང་ལ་མྱ་ངན་གུས་འདུད་ཞུ། ང་ཚོའི་གུས་ལུགས་ལྟར་མཆོད་མེ་རེ་སྒྲོན་ཀི་ཡིན། སྨོན་ལམ་རེ་འདེབ་ཀི་ཡིན།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ལྷ་བས་ལྷག་པའི་ལུས་རྟེན་མཆོག །
    དལ་འབྱོར་མི་ལུས་ཐོབ་པར་ཤོག །
    དལ་འབྱོར་མི་ལུས་ཚང་བའི་སྟེང་། །
    གསུམ་ལྡན་རིག་པ་འཛིན་པར་ཤོག །

    Reply
  5. བཛྲ་སུ་མ་ཏི། says:
    ལོ་ 15 སྔོན།

    སྙིང་སྟོབས་ཅན་གྱི་དམ་པ་ཁོང་ལ་མྱ་ངན་གུས་འདུད་ཞུ།

    Reply
  6. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    རྒྱལ་གཅེས་དཔའ་བོ་ཁོང་ནི། ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱོད་པ་མེད་པ་ཡིས། །་ལྷ་བས་ལྷག་པའི་ལུས་ཐོབ་ནས། །དེ་དག་སྔས་རྒྱས་མྱུར་ཐོབ་ཤོག །པདྨོ་འདམས་ཀྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པར། །སྲིད་པའི་པདྨོ་ལས་འཁྲུངས་ཤིང། །བདེ་བ་ཅན་དུ་སྐྱེ་བར་ཤོག

    Reply
  7. རྟ་བོར་བ། says:
    ལོ་ 15 སྔོན།

    རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་འདས་གྲོངས་སུ་ཕྱིན་པ་ལ་མྱ་ངན་གུས་འདུད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese