༅༅།། དེང་སྐབས་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེས་ཕྱིར་སྡོད་ཀྲུང་གོ་བའི་ལག་ཁྱེར་བཟུང་སྟེ། རྒྱ་ནག་ཏུ་བསྐྱོད་པའི་གནས་ཚུལ་དེ་གནད་དོན་ཚབས་ཆེན་དུ་བརྩི་བ་དང་གནད་དོན་གཏན་ནས་མེད་པ་ཞིག་ཏུ་བརྩི་བ་བཅས་ལྟ་སྟངས་གཉིས་སུ་གྱེས་ཡོད།
ད་ཕན་རྒྱ་ནག་གཞུང་གིས་བོད་རྒྱ་ནག་གི་མངའ་ཁོངས་ཡིན་པར་ཧམ་བཤད་བྱེད་པའི་དཔང་རྟགས་ཡིག་ཆའི་ནང་ནས་གྲངས་མང་ཤོས་དང་མངོན་གསལ་ཆེ་ཤོས་ནི། རྒྱ་ནག་གི་གོང་མ་རིམ་བྱུང་གིས་བོད་ཀྱི་བླ་ཆེན་དང་མི་ཆེན་ཚོར་སྤྲད་པའི་ཐམ་ཀ་དང་འཇའ་ས་དེ་ཚོ་རེད་ལ། བོད་རང་ངོས་ནས་རང་བཙན་ཡིན་པའི་སྒྲུབ་བྱེད་གལ་གནད་ཆེ་ཤོས་ཤིག་ཀྱང་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་རྒྱ་ནག་གིས་དངུལ་དངོས་ཀྱིས་བསླུ་བྲིད་ཇི་ལྟར་བྱས་ཀྱང་མགོ་མ་འཁོར་བར་བོད་རང་གི་ལག་ཁྱེར་ཞིག་འཁྱེར་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སོང་བ་དང་། དེའི་ཐོག་ཕྱིའི་རྒྱལ་ཁབ་ཚོས་ཐོངས་མཆན་སྤྲད་པ་དེ་རེད། དེ་སྔོན་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་ཏུ་རྒྱ་ནག་གི་མཁས་པ་ཞིག་གིས་གྲོས་མཐུན་དོན་ཚན་ ༡༧ མ་བཞག་གོང་ནས་བོད་དེ་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བརྗོད་སྐབས། བོད་ཀྱི་མཁས་དབང་ཟླ་བ་ནོར་བུ་དམ་པ་དེས། དོན་ཚན་ ༡༧ འཇོག་པར་ཡོིང་མཁན་བོད་ཀྱི་སྐུ་ཚབ་ཚོ་རྒྱ་གར་ནས་རྒྱ་ནག་ལ་ཡོང་སྐབས་ལག་ཁྱེར་ག་རེ་འཁྱེར་ཡོད་རེད། ཅེས་གནད་འགག་ཅན་གྱི་དྲི་བ་གཅིག་བཏོན་ཏེ་བོད་རང་བཙན་ཡིན་སྟངས་དག་སྐྱེལ་གནང་བ་ང་རང་གིས་དངོས་སུ་མཇལ་མྱོང་།
རེད། ད་ལྟ་ལག་ཁྱེར་དེ་འདྲ་ཞིག་བཟུང་ན། སྐྱོན་མེད་པའམ་སྐྱོན་ཆུང་ཆུང་ཡིན་པར་མཐོང་སྲིད། འོན་ཀྱང་སྔོན་གྱི་རྒྱ་ནག་གོང་མའི་ཐམ་ཀ་དང་འཇའ་ས་དེ་ཚོ་གནང་དུས་སུའང་། མང་པོ་ཞིག་གིས་ཕུགས་སྐྱོན་མ་མཐོང་བར་བླངས་པ་རེད། འདི་ལྟར་གཅིག་བསགས་གཉིས་བསགས་བྱས་ཏེ་ཐ་མ་མི་རབས་ནས་མི་རབས་བར་རང་མགོར་གཞུ་བྱེད་ཀྱི་གསེར་ཐམ་དང་དངུལ་ཐམ། འཇའ་ས་གསེར་བྲིས་མ་དང་དངུལ་བྲིས་མ་དེ་ཚོ་བྱུང་བ་རེད། བཙན་བྱོལ་ནང་ལ་མཚོན་ན། གནད་དོན་དེ་ཚོ་བོད་མི་ཚོས་མ་ཤེས་པ་མ་རེད་ལ་གདོང་ལེན་གྱི་གྲ་སྒྲིག་ཀྱང་མ་གནང་བ་མ་རེད། དཔེར་ན། ༡༩༧༩ ལོར་བོད་ནང་གཉེན་འཕྲད་འགྲོ་བའི་གོ་སྐབས་ཤར་བའི་སྐབས་ནས་བཟུང་། བོད་མི་མང་པོས་ཡུན་རིང་བྲལ་བའི་གཉེན་སྤུན་ཐུག་ཆེད་དང་དེ་མིན་གྱི་དོན་དག་ཆེད་བོད་ལ་འགྲོ་བཞིན་པ་དང་། དེ་ལ་རྒྱ་ནག་གཞུང་གིས་ཀྲུང་གོའི་ཕྱི་སྡོད་རང་མིའམ། རྒྱ་ནག་གི་ཕྱིར་སྡོད་མི་སེར་ཞེས་བའི་ལག་དེབ་ཅིག་སྤྲོད་བཞིན་ཡོད་པ་ཤེས་ཡོད། ལག་དེབ་དེའི་རྒྱབ་ཤོག་ནང་མའི་དོན་ཚན་ཞིག་གི་ནང་། རང་ཉིད་རྒྱ་ནག་གི་མི་ཁོངས་(མི་སེར་ཞེས་བྲིས་པའང་འདུག)ཡིན་པ་ཁས་ལེན་བྱ་དགོས་ཞེས་གསལ་བོ་བྲིས་ཡོད། བཙན་བྱོལ་བོད་མི་དང་བོད་གཞུང་གིས་འདི་གནད་དོན་ཞིག་ལ་བརྩིས་ཏེ་བོད་དུ་འགྲོ་མཁན་བཙན་བྱོལ་བོད་མི་ཚོས་འགེངས་ཤོག་ཅིག་བསྐང་དགོས་པའི་སྲོལ་ཡིག་གཏན་ལ་ཕབ། འགེངས་ཤོག་དེའི་ནང་། ཐབས་ཤེས་མེད་པའི་གནས་ཚུལ་འོག་རྒྱ་ནག་གི་ཕྱི་སྡོད་རང་མིའི་ལག་འཁྱེར་ལེན་དགོས་བྱུང་བ་མ་གཏོགས། རང་མོས་ཀྱིས་བླངས་པ་མིན་ཞེས་པའི་ནང་དོན་ལ་མིང་རྟགས་འགོད་དགོས། འདི་ལྟར་རྒྱ་ནག་གཞུང་གིས་ཀྱང་ལག་འཁྱེར་དེ་ལེན་མཁན་གྱི་ཐོ་གཞུང་བསགས་ཡོད་རེད་ལ། བོད་གཞུང་གིས་ཀྱང་འགེངས་ཤོག་དེ་བསགས་ཡོད་པ་རེད།
བློ་བཟང་སེང་གེར་དག་འབུད་བྱེད་མཁན་ཁ་ཤས་ཀྱིས་༸གོང་ས་མཆོག་གིས་རྒྱ་ནག་གི་མི་སེར་གནང་འདུན་ཡོད་ཅེས་གསུངས་ཟིན་ལུགས་དང་། བློ་བཟང་སེང་གེ་ངོ་མས་སྔོན་མ་(༡༩༩༥ གོང་ལ་ཟེར་)༸གོང་ས་མཆོག་གི་སྐུ་ཚབ་སྐུ་འཁོར་དང་བཅས་པ་རྒྱ་ནག་ལ་ཕེབས་སྐབས་ཕྱིར་སྡོད་ཀྲུང་གོ་བའི་ལག་འཁྱེར་བསྣམས་ཡོད་ཚུལ་དང་། ད་ལྟའི་སྐུ་ཚབ་སྐུ་འཁོར་ནང་དུའང་རྒྱ་གར་གྱི་ལག་དེབ་སེར་པོ་འཁྱེར་མཁན་ཚོས་རྒྱ་ནག་གི་ཕྱིར་སྡོད་རང་མིའི་ལག་འཁྱེར་ཁྱེར་ནས་སོང་བ་དེ་ལམ་ལུགས་སྲོལ་ཞིག་ཡིན་ཚུལ་ལྟ་བུ་བརྗོད་ཡོད། འདི་ལྟར་རང་དང་རང་ཕྱོགས་ཀྱི་འོས་མི་ཞིག་གི་ནོར་འཛོལ་དག་འབུད་ཀྱི་ཆེད་དུ། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་དེའི་སྐུ་ཚབ་བཅས་པའང་ནག་པོ་བཟོ་བར་ཐེ་ཚོམ་མི་བྱེད། དོན་དམ་དུ་༸གོང་ས་མཆོག་གིས་བོད་ཡོིངས་ཆིག་སྒྲིལ་ཐོག་མིང་དོན་མཚུངས་པའི་རང་སྐྱོང་དོན་སོན་བྱུང་ན། རྒྱ་ནག་གི་མི་སེར་གནང་འདོད་ཡོད་ཅེས་གསུངས་པ་ལས་གཞན་གསུངས་མེད། ད་ཕན་བོད་རྒྱའི་བར་གྱི་འགག་ས་གཙོ་བོ་ཞིག་ནི་བོད་ཀྱི་འདས་པའི་ལོ་རྒྱུས་ལ་ཆབ་སྲིད་ཀྱི་དགོས་མཁོ་བཞིན་འགྱུར་བ་གཏོང་མི་གཏོང་དང་། བོད་ཡུལ་ཡོངས་རྫོགས་ཆིག་སྒྲིལ་བྱེད་དང་མ་བྱེད་ཀྱི་གནད་དེར་ཐུག་ཡོད་པ་དེ་སྤྱི་དོན་གླེང་མཁན་ཚང་མས་མཁྱེན་དགོས་བ་ཞིག་རེད།
དེ་མིན་ ༡༩༧༩ ནས་བོད་གཞུང་གི་སྐུ་ཚབ་ཚོགས་པ་བོད་ནང་དང་རྒྱ་ནག་ཏུ་ཕེབས་སྐབས། རྙོག་དྲ་ཡོང་རྐྱེན་མེད་པའི་ལག་འཁྱེར་ཞིག་གི་ཐོག་ཕེབས་བཞིན་ཡོད་ཀྱང་། ལོ་རབས་དགུ་བཅུ་པའི་ནང་རྒྱ་གཞུང་གིས་བོད་ཀྱི་སྐུ་ཚབ་རྣམ་པ་ཡང་ཕྱིར་སྡོད་རང་མིའི་མིང་ཐོག་ནས་ཡོང་དགོས་ཞེས་བཤད་ཅིང་། བོད་ཕྱོགས་ནས་དེ་ལ་ཁས་ལེན་མ་བྱས་པར་སྐབས་ཤིག་རིང་འབྲེལ་མོལ་མཚམས་ཆད་པ་དེ་ཡོངས་གྲགས་རེད་ལ། དེའི་སྐོར་འབྲེལ་ཡོད་མི་སྣ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་དང་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་སོགས་ཀྱིས་སྤྱི་ཚོགས་ནང་གསལ་པོ་བཟོས་ཟིན། འོན་ཀྱང་བཙན་བྱོལ་བོད་གཞུང་དང་སྤྱི་ཚོགས་ཀྱི་སྒྲོམ་གཞི་ཡོངས་རྫོགས་རྒྱུས་ཡོད་པར་སྒྲོག་ཅིང་། ལྷག་པར་བཀའ་བློན་དང་དྲུང་ཆེ་སོགས་ཆེ་ཆེ་རྫིག་རྫིག་ཡོངས་རྫོགས་ལ་བཅར་འདྲི་ཞུས་ཏེ་བཙན་བྱོལ་གྱི་གནད་འགག་ཆེ་མ་ཆུང་གསུམ་ལ་ནང་བྱན་ཆུད་ཟིན་པ། ཡང་སྒོས་བོད་རྒྱའི་འབྲེལ་ལམ་ལ་ཉམས་ཞིབ་གཏིང་ཟབ་ཀྱི་“ཁྱད་མཁས་”པར་གྱུར་ཡོད་ཟེར་མཁན་ཁྲིམས་འཛིན་རིག་པ་བ་བློ་བཟང་སེང་གེས་གནད་འགག་ཆེས་ཆེ་ས་འདི་མ་ཤེས་པ་ཡ་མཚན་རེད།
ཉེ་ཆར་བོད་དང་རྒྱ་ནག་ཏུ་ཕེབས་དང་ཕེབས་བཞིན་པའི་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་སྐུ་ཚབ། ཁོང་རྣམ་པའི་ཕྱག་རོགས་བཅས་པའང་རྙོག་དྲ་ཡོང་ས་མེད་པའི་ལག་འཁྱེར་ཞིག་གི་ཐོག་ནས་ཕེབས་བཞིན་པ་དེ་དྭགས་པོ་བསོད་ནམས་ནོར་བུས་གསལ་པོ་བཟོས་ཡོད་ལ། དམིགས་བསལ་སྐུ་ཚབ་དང་སྐུ་ཚབ་གཉིས་ཀྱི་མི་ཁུངས་ལག་འཁྱེར་གྱི་གནས་བབས་ཆ་ནས་ཀྱང་དེ་འདྲའི་དཀའ་ངལ་ཡོང་ས་མེད།
ད་དུང་འདི་ལས་འཕྲོས་ཏེ་མི་འགས་གནད་དོན་གཞན་ཞིག་བསླངས་ཡོང་བ་ནི། ཨ་རི་དང་ཁ་ཎ་ཌ་སོགས་སུ་སྐྱབས་བཅོལ་དུ་ཡོང་སྟེ་ཡུལ་གྲུ་དེ་ཚོའི་མི་སེར་ཆགས་པའི་བོད་མི་ཚོས། འགེངས་ཤོག་ནང་རང་གི་ཐོག་མའི་ཡོང་ཁུངས་ཡུལ་གྲུ་རྒྱ་ནག་ཡིན་ཞེས་བྲིས་ཡོད་ཚུལ་དེ་རེད། སྤྱིར་བཏང་དེ་ལ་གནས་ཚུལ་སྣ་ཚོགས་ལས་གཅིག་གྱུར་ཞིག་མེད། འདི་ག་ཁེ་ཎ་ཌའི་ནང་ལ་མཚོན་ན། བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་བསྟན་རྒྱུ་ཡོད་ན་ཡིག་ཆ་གཞན་ཅི་ཡང་མི་དགོས་པར་སྐྱབས་བཅོལ་བར་ཁས་བླངས་པ་སྟོང་ཕྲག་བྱུང་ཡོད་ལ། མི་རྒྱུད་ཀྱི་འགེངས་ཤོག་ནང་། ཨ་རི་དང་ཁེ་ན་ཌའི་ནང་གི་བོད་མི་ཚོས་ Tibetan ཞེས་འབྲི་བ་ལས་Chinese ཞེས་འབྲི་མཁན་མེད། རྒྱལ་ཁབ་གང་ནས་ཡོང་བའི་རེའུ་མིག་ནང་རྒྱ་གར་དང་བལ་ཡུལ་ནས་ཡོང་བར་ཁས་ལེན་མཁན་ཚོས་རྒྱ་གར་དང་བལ་ཡུལ་ཞེས་འབྲི་བ་དང་ཉེ་ཆར་བོད་ནས་ཡོང་བ་ཡིན་ཟེར་མཁན་ཚོས། བོད་དམ་ད་ལྟའི་རྒྱ་ནག་འོག་གི་བོད་ཅེས་འབྲི་བཞིན་ཡོད། ཡང་མང་པོ་ཞིག་གིས་རྒྱལ་ཁབ་མེད་པའི་མི་(Stateless)ཞེས་བྲིས་པའང་ཡོད།
བློ་བཟང་སེང་གེས་བོད་གཞུང་ལ་རྒྱ་ནག་ལ་བསྐྱོད་ཆོག་པའི་བཀའ་འཁྲོལ་ཞུས་ཡོད་པ་དེ་གསལ་པོ་ཆགས་ཡོད་ཀྱང་། བཀའ་འཁྲོལ་ཞུ་སྐབས་ཀྲུང་གོའི་ཕྱིར་སྡོད་རང་མིའི་ལག་འཁྱེར་ཁྱེར་ཏེ་འགྲོ་བཞིན་ཡོད་པ་དེ་བོད་གཞུང་ལ་ཞུས་ཡོད་མེད་གསལ་པོ་མེད། འོན་ཀྱང་བོད་གཞུང་གིས་གཏན་ལ་ཕབ་པའི་འགེངས་ཤོག་དེ་བསྐངས་མེད་པ་གསལ་པོ་རེད།
རྒྱ་ནག་གི་ཕྱིར་སྡོད་རང་མིའི་ལག་ཁྱེར་བླངས་པ་ཙམ་གྱིས་ལམ་སང་ཁྲིམས་ཐོག་ནས་རྒྱ་ནག་གི་མི་སེར་ཆགས་ཀྱི་མེད་ཀྱང་ཉུར་མཐར་ལག་འཁྱེར་འཁྱེར་མཁན་དེའི་མི་རྒྱུད་ཀྲུང་གོ་བའམ་རྒྱ་ནག་པ་ཡིན་པ་དང་། ད་ལྟ་རྒྱ་ནག་གི་ཕྱི་རོལ་དུ་གནས་སྡོད་བྱེད་པ་སྟོན་ཞིང་། དེ་བཞིན་ལག་འཁྱེར་འཁྱེར་མཁན་རང་ངོས་ནས་རང་ཉིད་རྒྱ་ནག་གི་མི་སེར་ཡིན་པར་སེམས་གཏིང་ནས་ཁས་ལེན་བྱེད་མིན་ཇི་ལྟར་ཡང་། ལག་ཁྱེར་སྤྲོད་མཁན་རྒྱ་ནག་གཞུང་གིས་ལག་ཁྱེར་སྤྲོད་ཡུལ་དེ་ཕྱི་རྒྱལ་བར་བརྩི་ཡི་མེད་པ་དེ་གསལ་པོ་རེད། དེ་ནི་མཐར་གཏུགས་ནས་བཤད་ན་ལོ་རྒྱུས་ཀྱི་གནད་དོན་ཅིག་དང་། བོད་ལ་སྦྱར་ནས་བཤད་ན། བོད་དེ་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཡིན་མ་ཡིན་དང་འབྲེལ་བའི་གནད་དོན་ཞིག་ཆགས་ཡོད།
ཀུ་རེ་ཚུན་དུའང་”རྒྱ་ནག་གི་ཨོ་བྷ་མ་”བྱེད་འདོད་ཡོད་པ་ཞིག་དང་། བོད་པ་ཚོས་“ཇོ་ཁང་ནང་སྲོང་བཙན་སྒམ་པོ་དང་མཉམ་དུ་ཨ་ཅེ་རྒྱ་བཟར་ཕྱག་འཚལ་བ་དེས་བོད་པས་རྒྱ་མིར་འཁོན་འཛིན་རྒྱུན་བཅངས་བྱས་མེད་པ་མཚོན་”(འབྲེལ་ཐག་འདི་ལ་གཟིགས། http://asiaquarterly.com/2006/01/27/ii/)ཞེས་འཁྱོག་བཤད་བྱེད་པ། ལྷག་པར་དུ་བོད་མི་བཙན་བྱོལ་བའི་འགྲུལ་བཞུད་ཅེས་པའི་རྩོམ་ཡིག་ནང་བོད་ཀྱི་སྔོན་མའི་སྤྱི་ཚོགས་དེ་རྒྱ་གཞུང་གི་བཤད་སྟངས་ལྟར་“བཀས་བསྐོས་རྒྱུན་འཛིན་ཞིང་བྲན་ལམ་ལུགས་རེད་”ཅེས་བོད་གཞུང་དང་༸གོང་ས་མཆོག་གི་ལངས་ཕྱོགས་ཀྱི་ལྡོག་ཟླར་ལངས་ནས་སྨྲས་ཐོག ‘‘[ཏཱ་ལའི་]བླ་མས་ཡིན་གཅིག་མིན་གཉིས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་སྤྲད་དེ་རང་གི་ཡིག་ཚང་དེ་ཆོས་ཕྱོགས་རྐྱང་པར་བསྒྱུར་དགོས། གལ་ཏེ་ཁོང་(ཏཱ་ལའི་བླ་མ་)གིས་ཁོང་ཚོ་དམངས་གཙོ་ཡང་དག་པའི་ལམ་ལ་འཁྲིད་རྒྱུ་ཡིན་ན། ཁོང་གིས་ཟུར་གཡོལ་གནང་སྟེ་ཆོས་བྲལ་སྲིད་ལུགས་ཤིག་དར་སྤེལ་ཡོང་འཇུག་དགོས་པ་མིན་ནམ་’’(མ་ཡིག་གི་འབྲེལ་ཐག་འདི་ལ་གཟིཌ། http://www.phayul.com/news/article.aspx?id=509&t=1)ཞེས་༢༠༠༣ ནས་༸གོང་ས་མཆོག་གི་ཆབ་སྲིད་སྐུ་དབང་རྩིས་སྤྲོད་དགོས་འདུན་ཡིག་ཐོག་ཏུ་བཀོད་ནས་བཏོན་ཡོད། དོན་དངོས་ཀྱི་ལོ་རྒྱུས་དང་བདེན་པ་ཟེར་བ་ནི་འཇུ་ས་མེད་པ་ཞིག་ཏུ་འདོད་པའི་གང་ཟག་སྒེར་པ་ཞིག་ལ་མཚོན་ན། ཀྲུང་གོའི་ཕྱིར་སྡོད་རང་མིའི་ལག་ཁྱེར་གྱི་གནད་དོན་དེ་ཚོ་ཡང་ཚུར་ལེན་རྒྱུ་ཅི་ཡང་མེད་པ་ཞིག་གི་ཆེད་དུ་ཕར་རྒྱ་ནག་ལ་འཇུ་ས་སྤྲོད་པ་ཞིག་ཡིན་སྲིད་ཐོག དཀའ་ངལ་དང་རྙོག་དྲ་དེ་ཚོ་དེ་རིང་བློ་བཟང་སེང་གེ་སྒེར་གྱི་གླེང་རྙོག་ཡིན་པ་འདྲ་ཡང་། བཀའ་བློན་ཁྲི་པ་ཆགས་པའི་ཉིན་ནས་ང་ཚོ་གངས་ཅན་པ་ཡོངས་ཀྱི་དཀའ་རྙོག་ཅིག་ཏུ་གྱུར་ཡོད་པས། དོ་བདག་བློ་བཟང་སེང་གེའི་ངོས་ནས་གནས་ཚུལ་འདི་ཚོར་གཡོལ་ཐབས་ཀྱི་འགྲེལ་བཤད་སྙན་མོ་རྒྱག་པ་ལས་ཀྲུང་གོའི་ཕྱིར་སྡོད་རང་མིའི་ལག་ཁྱེར་དེ་དགོས་དབང་གིས་ལེན་དགོས་བྱུང་བའི་གསལ་བསྒྲགས་ཤིག་སྤེལ་ཏེ་གཙང་མ་བཟོས་ན་རང་དང་བོད་སྤྱི་ལ་ཕུགས་སུ་ཕན་ཐོགས་ཆེ་བར་མཐོང་ངོ་།། །།
ཟུར་དུ་འཕྲོས་བཤད་བྱེད་དགོས་པ་ཞིག་ལ་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་ལ་“ཏཱ་ལ་”ཞེས་པ་ལས་མཇུག་གི་“བླ་མ་”ཞེས་པ་དེ་མི་འབྲི་བ་མང་ཞིང་། བློ་བཟང་སེང་གེའི་རྩོམ་ཡིག་ནང་“ཏཱ་ལ་”མ་བྲིས་པར་“བླ་མ་”གཅིག་པུ་ལན་མང་དུ་བཀོལ་བ་འདི་བཙན་བྱོལ་སྤྱི་ཚོགས་ནང་ཐོག་མ་དང་ཐ་མ་གཉིས་ཀ་ཡིན་པའི་རེ་བ་ཡོད། རྒྱ་ནག་གཞུང་གིས་“ཏཱ་ལ་”གཅིག་པུ་འབྲི་བ་དེ། ཏཱ་ལའི་བླ་མ་ནི་བླ་མ་ཙམ་མ་རེད། ཆོས་གོས་གྱོན་པའི་སྲིད་དོན་པ་རེད་ཅེས་བརྗོད་མུས་དེ་མཚོན་བྱེད་དུ་ཡིན་སྲིད་ཅིང་། བློ་བཟང་སེང་གེས་“ཏཱ་ལ་”མ་བྲིས་པར་“བླ་མ་”འབྲི་བ་འདི། རང་གི་རྩོམ་ནང་དགོས་འདུན་བཏོན་པ་བཞིན་༸གོང་ས་མཆོག་གིས་ཆབ་སྲིད་བཞག་ནས་བླ་མའི་ཆོས་ཕྱོགས་ཀྱི་མཛད་པ་ཁོ་ན་སྐྱོང་དགོས་པའི་མཚོན་བྱེད་ཡིན་ཤས་ཆེ།། །།
དྲ་གྲོགས་ཅོ་རི་ལགས།
ཁྱེད་ཀྱི་ཐུགས་ལ་མ་བབས་པ་བྱུང་ཡོད་ངེས་ཀྱང་བྱེད་ཐབས་མི་འདུག ང་ཚོ་ལ་གདམ་ང་ཞིག་མེད། འོས་མི་གཞན་གཉིས་ཀྱིས་སུས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག བལྟོས་ས་བལྟོས་འཇོག་གིས་བློ་སེང་གིས་བོད་ཀྱི་སྲིད་ཇུས་སྐོར་ལ་”གོ་སྐབས་ནམ་བྱུང་ལ་ངེས་པར་དམ་འཛིན་ཐུབ་པ་དགོས”་ཙམ་ཞིག་གསུང་གི་འདུག་ཅིང་འདིའི་ཆ་ནས་ཀྱང་གཞན་གཉིས་ལས་ཅུང་བཟང་ཙམ་དུ་མཐོང་བ་ལགས། འདི་ཙམ་ལ་གོ་རྒྱུ་ཞིག་ཀྱང་ཡོད་སྲིད། ལར་ནས་ད་ལྟའི་གནས་སྐབས་སུ་བཀའ་ཁྲི་ལ་ལངས་མཁན་དབུ་མའི་ལམ་ལ་དངོས་སུ་རྒྱབ་གཏོད་བྱེད་མཁན་ཞིག་ཡོད་སྲིད་དམ།
ལར་ནས་ངས་བཤད་པ་ནི་དབུ་མ་དང་རང་བཙན་གཉིས་ལས་བོད་རྒྱའི་དཀའ་རྙོག་གཏན་ནས་ཞི་བྱེད་ལ་རང་བཙན་ཉིད་བཟང་པར་རྒྱུ་མཚན་དང་རིག་པའི་ཐོག་ནས་བལྟ་གྲུབ་ཀྱི་ཆ་ནས་བཤད་པ་ལས་ལག་ལེན་ཐོག་ང་ཚོ་ལ་དབུ་མའི་ལམ་མ་གཏོགས་གདམ་ང་ཞིག་གང་དུ་ཡོད། བྱེད་ཆོག་ཆོག་གི་གདམ་ང་ཞིག་བྱུང་ན་ངས་ནོར་གྱི་མ་རེད་ལགས།
གྲོགས་མཆོག་ཅོ་རི་ཉི་མ་ལགས་ ཁྱེད་ཁམས་བཟང་ ཨ་མཆོད་ལ་འདི་འདྲ་གསུངས་བ་འདི་ཅུང་ཙམ་འགྲིགས་ཨེ་ཡོང་དྲན་བྱུང་ རང་གི་ལྟ་ཕྱོགས་དང་མི་མཐུན་པའི་འོས་མིའི་རྒྱབ་རྩ་བྱས་པ་ཟེར་ཡ་འདི་ཕྱེད་ཀ་བདེན་པ་རེད་ཕྱེད་ཀ་བདེན་པ་མ་རེད་དྲན་ཁག་གསར་གིས་བློ་སེང་གི་སྐོར་ལ་བྲིས་པའི་རྩོམ་ཁག་ལ་བལྟ་ན་ཁང་གསར་གི་ཀུན་སློང་ལ་སྐྱོན་ཞུགས་པ་ས་རིས་ཐང་གསལ་རེད་། ཨ་མཆོད་་ལགས་གི་ལྟ་བ་གང་ཡིན་མི་ཤེས་ཏེ་དྲང་པོ་གནང་སོང་བསམ་པ་གུས་པས་མཐོང་སོང་ལགས།
བཀའ་ཁྲིའི་ལོས་བསྡུའི་འགྲན་རྩོད་ཆེན་མོའི་ནང་དུ་ཁང་གསར་དང་ཨ་མཆོད་གཉིས་ཀྱིས།
གཏམ་ཨ་ཕའི་བཤད་ཀྱི་མནའ་མས་བཤད།
གཡག་བདག་པོའི་བཤའ་རྒྱུར་རྐུན་མས་བཤའ་ཟེར་བ་ལྟར་མགོ་མཇུག་བརྗེའི་ནས་བརྩད་པ་བརྒྱབས་སོང་། ཨ་མཆོད་ནམ་རྒྱུན་བོད་རང་བཙན་གྱི་ལྟ་བ་རྒྱུད་ལྡན་གྱི་གང་ཟག་གཅིག་ཡིན་ཀྱང་རང་གི་ལྟ་ཕྱོགས་དང་མི་མཐུན་པའི་འོས་མིའི་རྒྱབ་རྩ་བྱས་པ་འདིར་བསམ་བློ་འཁོར་དུས་སྙིང་རྗེ་ཡ་འདྲ་གཅིག་འདུག
རང་ཉིད་ཀྱི་ལྟ་བ་དང་ལམ་ཕྱོགས་དོར་ནས་འུར་གཏམ་གྱི་རྗེས་སུ་འཇུག་པ་ནི་ཡ་ང་བའི་རྒྱུ་གཅིག་རེད་འདུག ཁྱོད་ཀྱི་ཟིན་བྲིས་ནང་དུ་བོད་རང་བཙན་གྱི་ཆེད་དུ་ཅིག་བྲིས་བསྡད་པ་རྣམས་གད་སྙིགས་ཀྱི་ཕུང་པོ་ཞིག་ལ་བསྒྱུར་སོང་། སུ་ཡི་ཡིད་ཆེས་བྱེད་ཀྱི་རེད་དམ། སོ་སོའི་ལམ་ཕྱོགས་སྲ་བརྟན་མེད་པར་གང་ཟག་ལ་བརྟེན་ནས་རྒྱབ་སྐྱོར་བྱས་སྟངས་འདིའི་རྣམ་དཔྱོད་མེད་པར་གསལ་བསྟན་བྱས་བྱུང་།
དྲ་གྲོགས་ཁང་གསར་ལགས།
ང་རང་གཉིས་ཀྱིས་བགྲོ་གླེང་འདི་བྱས་པའི་བརྒྱུད་རིམ་ཁྲོད་ཁྱེད་ཀྱིས་མངོན་སུམ་ལ་སྙོན་པ་གཉིས་གསུམ་ཞིག་དང་སྔ་ཚིག་ཕྱི་ཚིག་ནང་འགལ་འགའ་ཞིག་བྱུང་སོང་། ཁྱེད་ཀྱི་མཐོང་རྒྱ་དང་དོ་ཁུལ་སོགས་ལ་གུས་བརྩི་ད་དུང་ཡོད་ཀྱང་ད་ལན་གྱི་སྐྱོན་འདི་ནི་ཁྱེད་ཀྱི་ཀུན་སློང་འཆུག་པའི་རྐྱེན་གྱིས་ཡིན་ངེས། ཀུན་སློང་འཆུགས་སོས་ཟེར་དུས་ཁྱེད་ལ་དམའ་འབེབས་ལྟ་བུར་མཐོང་བས་དགོངས་དགས་ཞུ་བ་དང་ཆབ་ཅིག་འདི་ཕྱོགས་གཞན་ནས་སྟོད་རར་མི་འགྲོ་བ་ཡང་མིན། དེ་ནི་ཁྱེད་ལ་གཟིགས་རྒྱ་དང་ཡོན་ཏན་གཞན་ཡོད་པར་ཁས་བླངས་སུ་སོང་བར་གོ་ཆོག
ད་ནི་རྩོམ་འདི་ཡང་རྙིང་པ་ཆགས་ཟིན་པ་དང་། རང་གཞན་སུས་ཀྱང་སྐྱོན་བརྟག་ནས་བསྡད་ན་སྐྱོན་མཐོང་བ་ལ་མཐའ་མེད་པ་ཡིན་པས་ད་འདིའི་སྐོར་ལ་ང་རང་གཉིས་ཀྱི་བགྲོ་གླེང་འདི་འཚམས་འཇོག་གནང་ན་བཟང་། ང་རང་གཉིས་རྒན་པ་ཡིན་པའི་ཆ་ནས་གཞན་ལ་མིག་བལྟོས་བཟང་པོ་ཞིག་བྱེད་པ་ཡང་ང་རང་གཉིས་ཀྱི་འོས་འགན་རེད། ང་རང་གཉིས་ལ་རྒྱལ་ཕམ་རྣམ་བཞག་འཇོག་དགོས་པ་གང་ཡང་མེད། གནད་དོན་ཞིག་གི་ཐད་དུ་བགྲོ་གླེང་ཙམ་བྱས་པ་རེད། སུའི་སེམས་པ་དྲང་ཐད་དུ་གནས་དང་སུས་བདེན་པ་བཤད་ཀྱི་ཡོད་མིན་ནི་གཙོ་བོ་ཀློག་པ་པོ་དག་གིས་ཐག་གཅོད་ཀྱི་རེད།
བཀྲ་ཤིས་བདེ་ལེགས།
དྲ་གྲོགས་ཁང་གསར་ལགས།
ད་ངོ་མ་ངས་ཁྱེད་དང་བགྲོ་གླེང་བྱེད་པར་རིན་ཐང་མཐོང་མ་སོང་། ཉུང་མཐའ་ལ་བློ་སེང་གི་སྐོར་ལ་བགྲོ་གླེང་བྱེད་རིན་མི་འདུག གང་ལགས་ཤེ་ན་ཁྱེད་ཀྱིས་ངོ་མ་མངོན་སུམ་ལ་སྙོན་གྱི་འདུག ཁྱེད་རྩོམ་གྱི་ནང་དུ་”དོན་དངོས་ཀྱི་ལོ་རྒྱུས་དང་བདེན་པ་ཟེར་བ་ནི་འཇུ་ས་མེད་པ་ཞིག་ཏུ་འདོད་པའི་གང་ཟག་སྒེར་པ་ཞིག་ལ་མཚོན་ན། ཀྲུང་གོའི་ཕྱིར་སྡོད་རང་མིའི་ལག་ཁྱེར་གྱི་གནད་དོན་དེ་ཚོ་ཡང་ཚུར་ལེན་རྒྱུ་ཅི་ཡང་མེད་པ་ཞིག་གི་ཆེད་དུ་ཕར་རྒྱ་ནག་ལ་འཇུ་ས་སྤྲོད་པ་ཞིག་ཡིན་སྲིད་ཐོག དཀའ་ངལ་དང་རྙོག་དྲ་དེ་ཚོ་དེ་རིང་བློ་བཟང་སེང་གེ་སྒེར་གྱི་གླེང་རྙོག་ཡིན་པ་འདྲ་ཡང་།་་་”་ཞེས་པ་འདི་ཁྱེད་ཀྱི་རྩོམ་གྱི་ནང་ནས་མར་བཤུས་པ་ཡིན།
ཉི་ཟླ་སྐར་གསུམ་ལགས། ཨ་རིའི་རྩ་ཁྲིམས་དྲྭ་ཐོག་ཏུ་ཡོད་རེད། དེའི་དོན་ཚན་གང་གི་ནང་དུ་བོད་པ་སྐྱབས་བཅོལ་བའི་མི་ཁུངས་ཀྱི་སྐོར་གསལ་ཡོད་རེད། ད་ག་སེ་གཅིག་བྲིས་བཞག་ན་ཁུངས་འཁྱོལ་འགྲོ་གི་རེད་མ་བསམས།
ངས་འདིར་དྲྭ་ཐག་ཁག་ཅིག་བཞག་ཡོད།
དྲ་ཐག་དང་པོ། http://www.tibetjustice.org/asylum/docs/ramani_brief.pdf
དྲ་ཐག་གཉིས་པ། http://www.tibetjustice.org/asylum/docs/asylum_brief.model1.pdf
དྲ་ཐག་གསུམ་པ། http://www.tibetjustice.org/asylum/docs/loft-lowery.pdf
དེ་ཚོ་བོད་པ་ཨ་རི་ལ་སླེབས་རྗེས་སྐྱབས་བཅོལ་ཞུས་པའི་དཔེ་མཚོན་ཡིག་ཆ་སོགས་རེད། དྲྭ་ཁོངས་དེའི་ནང་ལམ་སྟོན་དང་ཡིག་ཆ་གཞན་མང་པོ་ཡོད། ཡིག་ཆ་འདི་དག་ཀྱང་ཨ་རིའི་ནང་བོད་པ་སྐྱབས་བཅོལ་བར་ཁྲིམས་ཀྱི་ཐོག་ནས་རོགས་རམ་གནང་མཁན་ཁྲིམས་འཛིན་རིག་པ་བ་ཚོས་མཁོ་འདོན་གནང་བའི་ཚད་ལྡན་ཡིག་ཆ་རེད། ཡིག་ཆ་འདི་ཚོའི་ནང་བོད་པ་སྐྱབས་བཅོལ་བས། རང་གི་རིགས་རྒྱུད་བོད་རིགས་ཡིན་པ་དང་། རྒྱ་ནག་གི་མི་སེར་བྱེད་འདོད་མེད་པ། རྒྱ་ནག་གཞུང་གིས་བོད་མིར་མནར་གཅོད་བཏང་སྟབས་སྐྱབས་བཅོལ་ལ་མ་ཡོང་ཀ་བྱུང་ཚུལ་དེ་ཚོ་གསལ་པོར་བྲིས་འདུག་མ་གཏོགས་རང་ཉིད་རྒྱ་མི་ཡིན་ཚུལ་རྩ་བ་ནས་གསལ་གྱི་མི་འདུག བོད་པ་ཨ་རི་ལ་སྐྱབས་བཅོལ་ཞུ་དུས། རྒྱ་མི་ཡིན་ཟེར་དགོས་ན། བོད་རང་བཙན་གྱི་ཆེད་དུ་སྐུ་ཚེ་གཏོང་མཁན་སྟག་ཚེར་རིན་པོ་ཆེ་དང་བོད་ནང་ནས་ཕེབས་པའི་ཆབ་སྲིད་བཙོན་མ་ཕུན་ཚོགས་ཉི་སྒྲོན། ཨ་རིའི་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་སོགས་ཀྱིས་ཀྱང་རང་ཉིད་ཨ་རིའི་མི་སེར་ཡིན་པར་ཁས་བླངས་པ་རེད་ཟེར་དགོས་ཆགས་ངེས་རེད། མདོར་ན། ཨ་རིའི་རྩ་ཁྲིམས་ཀྱི་དོན་ཚན་གང་དང་གང་དུ་གསལ་འདུག་གཅིག་བསྟན་ཤོག་དང་སུས་དྲང་གཏམ་བཤད་མིན་གསལ་པོ་ཆགས་ངེས་རེད།
དེ་ནས་བཀྲས་མཐོང་གི་ལས་གནས་སྐོར་དེ་རེད། བཀྲས་མཐོང་གིས་དེང་སྐབས་སེ་ཊན་ཊེ་ཕོར་ཊེ་མཐོ་སློབ་ཀྱི་ནང་The Tibetan Studies Initiative ཞེས་པའི་སྡེ་ཚན་གྱི་གཙོ་སྐྱོང་དང་། དགེ་རྒན་གནང་བཞིན་པ་དང་། བོད་དོན་བརྒྱ་ཚོགས་ཀྱི་(The Committee of 100 for Tibet)ཚོགས་གཙོ་དང་འཛིན་སྐྱོང་དོ་དམ་པ། ཏཱ་ལའི་བླ་མ་ཐེབས་རྩ་ཁང་(The Dalai Lama Foundation)གི་ཚོགས་གཙོ་བཅས་གནང་བཞིན་པ་རེད་འདུག ལོ་ན་གཞོན་པ་དང་གཞུང་གི་ལས་ཀ་མེད་པ། སྐད་ཡིག་བདེ་བ་བཅས་ཀྱི་ཆ་ནས་བཤད་ན། བཀའ་ཟུར་རིན་ཆེན་མཁའ་འགྲོ་དང་བཀའ་ཟུར་པདྨ་ཆོས་འབྱོར། བཀའ་ཟུར་བཟོད་པ་རྒྱ་མཚོ། བཀའ་ཟུར་བསམ་མཁར་གཡང་སྐྱིད་བཅས་ལའང་ལས་ཀ་སྤྲོད་དགོས་པ་འདྲ་ཞིག་མི་འདུག་གམ། མདོར་ན། མི་ཡག་ག་ཡིན་ན་ཟམ་གདོང་རིན་པོ་ཆེས་ལས་ཀ་སྤྲོད་ཀི་ཡོད་པའི་ངེས་པ་ཞིག་མེད་ལ། མི་སྡུག་ག་ཡིན་ན་ཟམ་གདོང་རིན་པོ་ཆེས་ལས་ཀ་མི་སྤྲོད་པའི་ངེས་པ་ཡང་མེད། ལྷག་པར་དུ། བཀའ་བློན་ཁྲི་ཟུར་ཞིག་ལ་དོན་གཅོད་ཀི་ལས་ཀ་སྤྲད་ཟེར་བ་ལོ་རྒྱུས་ནང་མ་གྲགས་པ་འདྲ་ཞིག་རེད།
འཇམ་ཚུལ་གྱིས་ཁུངས་སྐྱེལ་དགོས་པ་དེ། ང་ཁང་གསར་གྱིས་༼ རྒྱ་མི་ལ་འཇུ་ས་མེད་པ་ལ་འཇུ་ས་སྤྲོད་ཆེད་༽དང་༼བོད་རྒྱ་ཁོངས་སུ་སྒྲུབ་པར་ལག་པ་འཆང་ས་མེད་པ་ལ་སེམས་ཁྲལ་གྱིས་དེ་ཡོད་པར་བཟོ་ཆེད་དུ་མཐུན་རྐྱེན་སྤྲད་པ་༽ཟེར་བ་ཞིག་བཤད་འདུག་ཟེར་བ་དེ་རེད། དེ་བཤད་པའི་དཔང་རྟགས་ལ་འཇམ་ཚུལ་གྱིས་ང་ཁང་གསར་གྱི་རྩོམ་གྱི་ཆ་ཤས་(ཀྲུང་གོའི་ཕྱིར་སྡོད་རང་མིའི་ལག་ཁྱེར་གྱི་གནད་དོན་དེ་ཚོ་ཡང་ཚུར་ལེན་རྒྱུ་ཅི་ཡང་མེད་པ་ཞིག་གི་ཆེད་དུ་ཕར་རྒྱ་ནག་ལ་འཇུ་ས་སྤྲོད་པ་ཞིག་ཡིན་སྲིད་ཐོག)ཅེས་པ་དེ་དྲངས་འདུག ཞིབ་ཏུ་གཟིགས་ན། ང་ཁང་གསར་གྱི་རྩོམ་ནང་རྒྱ་མི་ལ་འཇུ་ས་མེད་པ་ལ་འཇུ་ས་སྤྲད་པ་ཟེར་བ་རྩ་བ་ནས་གསལ་མེད། དེ་ལས་ལྡོག་སྟེ་ངས་སྔོན་གྱི་འཇའ་ས་གསེར་ཐམ་དེ་ཚོ་རྒྱ་ནག་གི་འཇུ་ས་ཆགས་ཡོད་པ་བཤད་ཡོད།
ང་ཁང་གསར་གྱིས་འཇའ་ས་ཐམ་ཀ་དང་བློ་སེང་གིས་ཕྱིར་སྡོད་ཀྲུང་གོ་བའི་ལག་འཁྱེར་བླངས་པ་གཉིས་མཚུངས་བསྡུར་ཞིག་བྱས་ཡོད། འོན་ཀྱང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་རྒྱའི་གསེར་ཐམ་བཀོལ་མཚམས་བཞག་པ་དང་བློ་སེང་གི་རྒྱའི་ལག་ཁྱེར་བླངས་པ་གཉིས་མཚུངས་བསྡུར་བྱས་མེད།
ཧ་ཝར་ཀྲིས་གནང་བའི་རྒྱབ་གཉེར་ཡི་གེའི་ནང་བློ་སེང་སྐོར་སྐྱོད་མཁས་པ་ཡིན་པ་དེ་གསལ་པོ་རེད། དེ་བཞིན་ཧ་ཝར་ཊིའི་དྲ་རྒྱའི་སྐོར་སྐྱོད་མཁས་པའི་དྲ་ཤོག་གི་གཤམ་དུ། ཉམས་ཞིབ་པ་རྒན་པ་དང་ཉམས་ཞིབ་པ་ཙམ་པོ་བ། གཞན་གྱི་སློབ་སྟོན་འོག་གི་ཉམས་ཞིབ་པ་སོགས་ཚང་མ་སྐོར་སྐྱོད་མཁས་པའི་ཁོངས་སུ་བཞག་འདུག ཡང་སྐོར་སྐྱོད་མཁས་པའི་ལས་དོན་ཡང་གཙོ་བོ་ཉམས་ཞིབ་ཡིན་ཚུལ་དྲ་ཤོག་དང་འགེངས་ཤོག་གཉིས་ཀར་གསལ་བ་དེར་བལྟས་ན། ཉམས་ཞིབ་པ་ཙམ་པོ་བ་དང་ཉམས་ཞིབ་པ་རྒན་པ་སོགས་ཡོངས་རྫོགས་སྐོར་སྐྱོད་མཁས་པར་བརྩི་བ་གསལ་པོ་རེད།
A Research Fellows must be paid more than a nominal salary through Harvard.ཞེས་པའི་ཚིག་(through )འདི་དབྱིན་ཇི་ཤེས་མཁན་སུ་འདྲ་ཞིག་ལ་བསྟན་ནའང་། གླ་ཕོགས་དེ་གཞན་ཞིག་གིས་ཧ་ཝར་ཌི་བརྒྱུད་ནས་སྤྲོད་པ་མ་གཏོགས། ཧ་ཝར་ཌིས་གནང་གི་མེད་པ་དེ་རྩོད་པ་ཅི་ཡང་མེད་པར་གོ་བ་ལེན་ངེས་རེད། འདི་ལ་གོ་དོན་གཉིས་རྩ་བ་ནས་མེད།
འདིའི་ཐད་བློ་སེང་ལ་ཐད་ཀར་འབྲེལ་བ་བྱས་ཏེ་དྲི་བ་དྲིས་ཀྱང་ལན་འདེབས་ཀི་མི་འདུག
ཀློག་པ་པོ་མགོ་མ་རྨོངས་པའི་དོན་དུ་ཀློག་མཁན་ཚོར་དོན་དག་གནད་འགག་ཆེ་བ་ཁག་ཅིག་གསལ་བཤད་ཅིག་བྱེད་ཀི་ཡིན།
འཇམ་ཚུལ་གྱིས་གོང་དུ་ཧ་ཝར་ཌིའི་རྒྱབ་གཉེར་ཡི་གེའི་ནང་གི་ fulltime ཟེར་བ་གཏན་འཇགས་ལ་བསྒྱུར་འདུག དེ་གཏན་འཇགས་ཀྱི་ལས་ཀར་གོ་སྲོལ་མེད། full-time ནི་ part-time གྱི་ལྡོག་ཕྱོགས་རེད་མ་གཏོགས་གཏན་འཇགས་permanent ཡི་དོན་མ་རེད། full-time ཡིན་ན་ཨ་རིའི་ནང་ལས་གནས་གཅིག་གི་ཐོག་གཟའ་འཁོར་གཅིག་གི་ནང་ཉུང་མཐར་ཆུ་ཚོད་ ༣༠ ལྷག་ཅིག་ ལས་ཀ་བྱེད་དགོས། part-time ཡིན་ན་ཉིན་གཅིག་གི་ནང་ནས་ཆུ་ཚོད་གཅིག་གཉིས་ཀྱི་ལས་ཀ་རེད། full-time གྱི་ལས་ཀ་ཡིན་ཡང་། ཟླ་བ་བཅུ་གྲངས་ཀྱི་འཕྲལ་སེལ་ལས་ཀ་ཡིན་པའང་ཡོད་རེད། Permanent འམ་གཏན་འཇགས་་ལས་ཀ་ནི། ལས་གནས་གཅིག་གི་ཐོག་སོ་སོས་ཁྲིམས་འགལ་མ་བྱས་པ་དང་རྩ་དགོངས་མ་ཞུས་ན་རྒན་ཡོལ་མ་སོན་བར་ལས་ཀ་བྱས་ཆོག་པ་དེ་ལ་ཟེར་བ་རེད།
དྲ་གྲོགས་ཁང་གསར་རྡོ་རྗེ་ལ་གསལ་བཤད་གཉིས་པ།།
ངས་བཀའ་ཁྲི་ཟམ་གདོང་གིས་ལས་ཀ་མ་སྤྲད་པ་གཅིག་པུས་བཀྲས་མཐོང་ལ་ཆོལ་གསུམ་དང་ཆོས་ལུགས་ཁག་གི་བར་ལ་མ་འཇོན་པར་བཤད་མེད་། ངའི་དྲི་བའི་ཟུར་ཞིག་ལ་ལན་རྒྱབ་པ་མ་གཏོགས་དྲི་བ་ཆ་ཚང་ལ་ལན་རྒྱབ་མི་འདུག་། ཁྱོད་རང་གི་ལན་དེ་མི་འགོ་བདེ་བོའི་ལན་ཙམ་ལས་དོན་ལ་ཕན་པ་དང་སོང་པ་གང་ཡང་མི་འདུག་། ཅིག་བྱེད་ན་རང་ལ་ལན་མེད་ཡིན་ཚོད་རེད་།
གང་ལྟར་ངའི་དྲི་བ་དེ་ལ་། ངས་འདི་ལྟར་བྲིས་ཡོད་། དུས་ཚོད་ཀྱིས་དབང་དུ་བྱེད་ན་བཀྲས་མཐོང་ལ་ཞེས་བྲིས་ཡོད་། དོན་དག་ནི་ལོ་དུས་ཀྱི་དབང་དུ་བྱེད་ན་བཀྲས་མཐོང་ལོ་ན་རན་པ་། སྐད་ཡིག་བདེ་བ་གཞན་གཞུང་གི་ལས་ཀ་མེད་པ་བཅས་ལ་བརྟེན་ནས་ཟམ་གདོང་བཀའ་ཁྲིའི་རིང་། བཀྲས་མཐོང་ལ་གཞུང་གི་ལས་ཀ་རྒྱུན་མ་ཆད་པར་སྤྲད་ལོས་དགོས་། དཔེར་ན་། བཀའ་ཟུར་བཀྲ་ཤིས་དབང་འདུས་ནང་བཞིན་རེད་། ཡིན་ན་ཡང་དེ་ལས་ལྡོག་ཏེ་བཀའ་ཁྲི་ཟམ་གདོང་གིས་ལས་གནས་གཅིག་སྤྲད་མེད་པ་དང་གཞན་བཙན་བྱོལ་ནང་ལ་ལས་གནས་ཀྱི་ས་དམིགས་ཐུབ་མེད། དེ་ལ་རྒྱུ་མཚན་ཞིག་མེད་པ་ག་ལ་ཡིན་། ཟམ་གདོང་སྤྱི་འཐུན་ཚོགས་གཙོའི་སྐགས་སུ་བཀྲས་མཐོང་གི་ལས་ཀ་བྱེད་སྟངས་ཁག་གསལ་ཏིང་ངེ་མཐོང་ནས་མ་སྤྲད་པ་ཡིན་གྱི་རེད་ཅེས་བྲིས་ཡོད་།
ཁྱོད་རང་གིས་མིང་འབོད་བྱས་བཀའ་ཟུར་ཁག་ནས་། རྒྱ་ལོ་དང་འཇུ་ཆེན་སོགས་འགའ་ཞིག་ནི་ལོ་རྒས་དྲག་པ་རེད་། འགའ་ཞིག་ལ་ལས་ཀ་སྤྲད་ཀྱང་དང་ལེན་གནང་མེད་། འགའ་ཞིག་ནི་ལས་ཡོད་རེད་། བཀྲས་མཐོང་དེ་ལྟར་མིན་པར་སྐབས་སུ་བབ་པ་འདྲ་བོ་ཡོད་ཀྱང་ས་དམིགས་གཅིག་མ་ཐུབ་དུས་། སྐྱོན་ཆེན་པོ་ཞིག་ཡོད་པའི་བཟོ་འདུག་། འདི་ནི་དུས་རབ་གསར་པའི་ཞིབ་འཇུག་བྱེད་སྟངས་རེད།།
དྲ་གྲོགས་ཁང་གསར་རྡོ་རྗེ་ལ་། གསལ་བཤད་དང་པོ།།
ཁང་གསར་ལགས་ལན་གནང་བ་ཐུགས་རྗེ་ཆེ་།
བཀྲས་མཐོང་གིས་ཨ་རི་ལ་སྐྱབས་བཅོལ་ཞུས་དུས་མི་ཁུངས་རྒྱ་མི་ཡིན་པར་བྲིས་པའི་ཁུངས་སྐྱེལ་ང་ལ་ལོས་ཡོད་། དེ་ནི་ཨ་རིའི་རྩ་ཁྲིམས་རེད། དེ་ལས་གཞན་པ་ག་རེ་དགོས་འདུག་། མི་ཁུངས་རྒྱ་མི་མ་ཡིན་པར་བྲིས་པའི་ཨ་རི་ལ་སྐྱབས་བཅོལ་ཞུས་པའི་བོད་མི་རྐང་གཅིག་ཁྱོད་རང་གིས་རག་གི་མ་རེད་། ཡིད་མ་ཆེས་ན་ཨ་རི་ལ་སྐྱབས་བཅོལ་ཞུས་ཟིན་པའི་བོད་མི་གཅིག་ལ་བྲིས་ན་ཧ་གོ་གི་རེད་།
ངའི་བསམ་པར་ཁྱོད་རང་གིས་དེའི་སྐོར་ཧ་གོ་ཡང་མ་གོ་བའི་ཟོལ་བྱས་པའམ། ཡང་ན་བཀྲས་མཐོང་ལ་དེ་ལྟར་བཤད་འདོད་མེད་པ་རེད་དྲན་སོང་། དངོས་གནས་ཁྱོད་རང་གིས་ཧ་གོ་མེད་ན་། ཁང་གསར་རྡོ་རྗེ་ཟེར་བ་ཁྱོད་རང་གང་ཡང་མི་ཤེས་མཁན་ཞིག་རེད་། འདི་གསལ་བཤད་དང་པོ་དེ་ཡིན་། གཞན་རྣམས་མུ་མཐུད་ཞུ་གི་ཡིན།
དང་པོ་དེ་ཁང་གསར་རྡོ་རྗེས་གསུངས་པ་ལ་མངོན་པར་བསྟོད་དོ་ཟེར་ཡ་ཡིན།། དེ་ནས་སྐུ་ཞབས་བློ་སེང་ནི་ཁོང་རང་ཉིད་ལ་ཁེ་ཞིག་ཐོབ་ན་གང་བྱེད་དགོས་ན་བྱེད་མཁན་ཞིག་ཡིན་པ་ལས་བོད་པའི་རྩ་དོན་དང་བོད་མི་རིག་ལ་བསམ་བློ་གཏང་མཁན་ཞིག་མིན་པ་མངོན་གསལ་རེད་ ཁོང་གནས་བཞུག་བྱེད་ས་བྷོ་སུ་ཊོན་ས་གནས་མི་མངགིས་ཁོང་ལ་སྐྱོན་བརྗོད་ཁོ་ན་ལས་རྒྱབ་སྐྱོར་བྱེད་མཁན་ལི་ཐང་བ་དང་ཏྲེ་ཧོར་ཁམ་པ་ཉུང་ཤས་མེད་པ་དེའི་གསལ་སྟོན་བྱེད་པ་རེད།།
བློ་སེང་གིས་བོད་མིས་ཇོ་ཁང་ནང་རྒྱ་བཟའ་ལ་ཕྱག་འཚལ་བའི་རྒྱུ་མཚན་གྱིས་བོད་པས་རྒྱ་ལ་འཁོན་སེམས་ཡོད་མ་རེད་ཟེར་བ་”་ འདི་ཁྱེད་ཀྱིས་“འདི་བློ་སེང་གི་བསམ་བློའི་མཚོན་རྟགས་ཤིག་རེད།”གསུང་པ་འདི་བློ་སེང་གི་བསམ་བློ་ལ་ངན་དམད་གནང་བ་རེད། ཁོ་བོས་འདི་བློ་སེང་གིས་བརྗོད་ཐབས་ཤིག་ཡིན་པ་ལས་གཏིང་མ་དཔོག་པའི་བསམ་བློ་ཡིན་པར་མི་བསམ།
བློ་སེང་བཀའ་ཁྲིའི་དུས་ཡུན་ལ་གླ་ཆ་ཧར་ཝཌ་ནས་གནང་གི་རེད་ཅེས་པ་འདིའི་སྐོར་ལཿ ལར་ནས་སྐོར་སྐྱོད་མཁས་པའི་གླ་ཆའི་སྐོར་སྒྲིག་གཞི་ལ་གསལ་རུང་དམིགས་བསལ་ཡོད་མི་ཆོག་གང་ཡང་མེད་པས་སྒྲིག་གཞི་ལ་གསལ་བ་ཙམ་གྱིས་བློ་སེང་གིས་བཤད་པ་རྫུན་དུ་སྒྲུབ་དཀའ་། ཁོ་བོས་ནི་བློ་སེང་གིས་རྫུན་བཤད་མི་སྲིད་པར་གང་ཡང་ཁ་ཚོན་གཅོད་མི་ཐུབ་ཅིང་། ལན་མི་གསལ་བ་ཙམ་གྱིས་ནག་ཅན་བརྩི་ན་ནི་ནོར་བ་ཡིན་པར་ཡང་ཁས་ལེན། བྷི་ར་ཛིལ་གྱི་ཨུངགེར་ལ་བློ་སེང་གིས་ལོ་ལྔ་རག་པར་བཤད་ཅིང་། ཁྱེད་ཀྱིས་ལོ་གཉིས་ལས་དགོང་པ་རག་མེད་གསུང་ཀྱང་དོན་དུ་༢༠༠༧་ནས་༢༠༠༩་བར་ལོ་གསུམ་རག་འདུག
ཁང་གསར་ལགས་བློ་སེང་སྐྱོར་སྐྱོད་མཁས་པའི་ཁུངས་སུ་མེད་པ་འདི་ནས་གཟིགས་ཐུབ། http://www.law.harvard.edu/programs/eals/facultystaff.html ད་ངའི་སྐད་ཆ་འདི་ནས་འཚམས་འཇོག་གི་ཡིན།
ཁང་གསར་ལགས་བཀྲ་ཤིས་བདེ་ལེགས། རྗེས་མ་སླར་ཡང་གནད་དོན་གཞན་ཞིག་ཐོག་ནས་མཇལ་ཆོག་པ་ཞུ།
མཐའ་མ་དེར་ཀློག་པ་པོ་རྣམས་ཀྱིས་ཀྱི་འདི་http://www.youtube.com/watch?v=tKWrE6U_poQ
དབྱིན་སྐད་ཀྱི་ནང་དུ་Through ཞེས་པ་འདི་ཡོངས་གྲགས་སུ་བོད་སྐད་སྐྱུར་བརྒྱུད་ནས་ཞེས་པར་འགྱུར་བ་ཡིན་པས་ངས་དེ་ལྟར་བྲིས་ཡིན་པ་ལས་དབྱིན་སྐད་ཀྱི་ through དང་བོད་ཀྱི་བརྒྱུད་པ་གཉིས་རྦད་དེ་ཁ་འབྱོར་བ་མིན། དབྱིན་སྐད་དུ་ He will be paid through Harvard ཞེས་པ་འདིའི་through་ཡི་གོ་དོན་ནི་ཧར་ཝཌ་བརྒྱུད་པ་དང་ཧར་ཝཌ་རང་ནས་གནང་བ་གཉིས་ཀར་གོ་ཆོག་པ་ཁྱེད་ཀྱིས་ཀྱང་ལོས་མཁྱེན། དེ་ལྟར་ཡིན་པ་ནི་དཔེར་ན་གླ་ཆ་ཧར་ཝཌ་ནས་མིན་པར་ཕྱི་ལོགས་ནས་ཡོང་དགོས་པ་སྐྱོར་སྐྱོད་མཁས་པའི་གླ་ཆའི་སྒྲིག་གཞི་ལ་ཕྱི་ལོགས་ནས་ཡོང་དགོས་ཚུལ་གསལ་བོ་བཀོད་ཡོད་པ་འདིས་ཤེས་ཐུབ། “ཧ་ཝར་ཌི་བརྒྱུད་ནས་སྤྲོད་དགོས་ཟེར་དུས་སྤྲོད་མཁན་ཧ་ཝར་ཌི་མིན་པ་གསལ་པོ་རྟོགས་ཀི་རེད།” ཅེས་བརྒྱུད་ནས་ཞེས་པ་བོད་ཚིག་གི་ནུས་པ་གཅིག་བུ་ལ་རྒྱབ་བཅོལ་གསུང་འདུག མགོ་བདེའི་ངང་ཚུལ་གྱིས་གསུང་སྟངས་འདི་ལ་བལྟས་ནས་ཀྱང་དབྱིན་ཡིག་མི་ཤེས་མཁན་ལ་རྒྱུས་ཡོད་རྒྱུས་མེད་གནང་གི་མེད་དམ་སྙམ་པའི་དོགས་པ་ཇེ་གསལ་དུ་གཏོང་།
བློ་སེང་གིས་བོད་མིས་ཇོ་ཁང་ནང་རྒྱ་བཟའ་ལ་ཕྱག་འཚལ་བའི་རྒྱུ་མཚན་གྱིས་བོད་པས་རྒྱ་ལ་འཁོན་སེམས་ཡོད་མ་རེད་ཟེར་བ་”་ འདི་ཁྱེད་ཀྱིས་“འདི་བློ་སེང་གི་བསམ་བློའི་མཚོན་རྟགས་ཤིག་རེད།”གསུང་པ་འདི་བློ་སེང་གི་བསམ་བློ་ལ་ངན་དམད་གནང་བ་རེད། ཁོ་བོས་འདི་བློ་སེང་གིས་བརྗོད་ཐབས་ཤིག་ཡིན་པ་ལས་གཏིང་མ་དཔོག་པའི་བསམ་བློ་ཡིན་པར་མི་བསམ།
ཁྱེད་ཀྱིས་“ཁྱེད་རང་གིས་ཉམས་ཞིབ་པ་ཡིན་པའི་རྒྱུ་མཚན་གྱིས་སྐོར་སྐྱོད་མཁས་པ་མ་རེད་ཟེར་གྱི་ཡོད་རེད།”ཅེས་གསུང་སྟངས་ལ་བལྟས་ན་ཁྱེད་ཀྱིས་ངས་ཞུས་པ་ད་དུང་གསལ་བོར་གོ་བརྡ་ཡང་འཕྲོད་མི་འདུག ངས་ཞུས་ཡང་སྐྱར་གཅིག་གསན་པར་ཞུ། “ཁ) ཧ་ཝར་ཌི་གཙུག་ལག་སློབ་ཁང་དུ། འཕྲལ་སེལ་ཉམས་ཞིབ་པ་ཞིག་ཡིན་ཡང་། སྐབས་རེ་དེའི་སློབ་དཔོན་ནམ་ཉམས་ཞིབ་པ་རྒན་པ་ཡིན་ཞེས་སྒྲོག་པ།” ཞེས་པ་འདི་ཁྱེད་ཀྱི་གསུང་རེད། བྱས་ཙང་ཁྱེད་ཀྱིས་བློ་སེང་ཉམས་ཞིབ་པ་ཙམ་པོ་བ་ Research fellow ཞིག་ལས་མིན་གསུང་འདུག་ཅིང་། དེ་ལྟར་ན་འདི་དང་ཁྱེད་ཀྱིས་བློ་སེང་གི་དཔལ་འབྱོར་ཡོང་ཁུངས་ཧར་ཝཌ་མིན་གསུང་པ་གཉིས་ནང་འགལ་བྱུང་འདུག་ཅེས་ངས་ཞུས་ཡིན། འདི་གཅིག་རེད། གཉིས་པ་ཁྱེད་ཀྱིས་བློ་སེང་གིས་རང་ཉིད་ཉམས་ཞིབ་པ་རྒན་པ་ Senior Research fellow ཡིན་ཟེར་བ་རྫུན་ཡིན་ཏེ། ཁོ་ནས་གནས་རིམ་དམའ་བ་ཉམས་ཞིབ་པ་ཙམ་ཞིག་ལས་མིན་པས་སོ་གསུང་བ་དང་ཁོང་སྐོར་སྐྱོད་མཁས་པ་ཡིན་པར་གསུང་པ་གཉིས་འགལ་འདུ་འདུག་ཞུས་པ་ཡིན། གང་ལྟར་རྒྱབ་གཉེར་ཡི་གེ་དང་དྲ་ཐོག་གཉིས་ཀར་ཁོང་སྐོར་བསྐྱོད་མཁས་པ་Visiting Scholar ཡིན་པ་གསལ་འདུག་སྐྱོར་བསྐྱོད་མཁས་པ་ནི་ཉམས་ཞིབ་པ་རྒན་པ་ལས་གནས་རིམ་རྒན་པ་རེད། དེས་ན་ཁོས་ཉམས་ཞིབ་རྒན་པ་ཡིན་པར་བཤད་པ་ལ་སྐྱོན་དེ་ཙམ་མི་འདུག་ཞུས་པ་ཡིན།
ཡང་སྐྱར་བཤད་ན་སྐོར་སྐྱོད་མཁས་པ་ནི་གནས་རིམ་གཉིས་པ་ཡིན་ཞིང་གནས་རིིམ་བཞི་བ་ཡིན་པའི་ཉམས་ཞིབ་པ་རྒན་པ་ལས་གནས་རིམ་གཉིས་ཀྱིས་མཐོ་བ་ཡིན་པས་བློ་སེང་ཉམས་ཞིབ་པ་དཀྱུས་མ་ཞིག་ཡིན་པ་ལ་ཉམས་ཞིབ་པ་རྒན་པ་ཡིན་པར་བསྒྲགས་པ་འུད་རྫུན་ཡིན་ཞེས་གསུང་བ་ལ་སྙིང་པོ་ཅི་ཡོད་དེ། དེ་ལས་མཐོ་བའི་གོ་ས་བླངས་ཟིན་པས་སོ། ངའི་བསམ་པར་ཁྱེད་ཀྱིས་སྐོར་སྐྱོད་མཁས་པ་འདི་ཉམས་ཞིབ་པ་ལས་གནས་དམའ་བར་དགོངས་ནས་འདི་ལྟར་གསུང་བ་མིན་ནམ་སྙམ། དེ་མིན་ན་མི་ལ་མགོ་བོ་རྨོངས་ཆེད་བྲིས་པ་རང་རེད། གང་ལགས་ཤེ་ན་སྔ་ཕྱིའི་གོ་རིམ་དང་ལས་གནས་ཀྱི་སྒྲིག་གཞི་ཡར་དཀྲུགས་མར་དཀྲུགས་གནང་འདུག གལ་སྲིད་དེ་ཡིན་ན་ནི་ཀུན་སློང་འཆུག་པ་ལས་འགྲོ་ས་མེད།
ངས་ཁྱེད་ཀྱི་ཀུན་སློང་འཆུག་མེད་དམ་སྙམ་པའི་དོགས་པ་ཟ་དོན་ནིཿ
༡། ཁྱེད་ཀྱིས་བཀྲས་མཐོང་སོགས་ཀྱི་སྐོར་ལ་ཡོངས་གྲགས་སུ་ཡོད་པའི་རྙོག་དྲ་དག་གི་མིང་སྨྲོས་ཙམ་རེ་བྱས་ནས་བཞག་ཅིང་། བློ་སེང་གི་བྱས་པ་སྣ་གཅིག་ལ་ཡང་སྐྱོན་གྱི་ངོས་ཁོ་ན་ནས་བལྟས་ཤིང་དེ་ལྟར་སྒྲུབ་ཐབས་ལ་ནུས་ཤུགས་ཡོད་དགུ་འདོན་གནང་བ་འདི་ཀུན་སློང་འཆུག་མེད་དམ་སྙམ་པ་འདི་དང་གཅིག
༢། ནག་ཉེས་ཡིན་ན་ཡོད་པར་ཁུངས་མ་བསྐྱེལ་བར་དུ་མེད་པར་བརྩི་བ་དང་། དཀར་དགེ་ཡིན་ན་མེད་པར་ཁུངས་མ་བསྐྱེལ་བར་དུ་ཡོད་པར་བརྩི་བ་སྤྱི་ཚོགས་ཀུན་གྱི་སྤྱི་ལུགས་རེད། ཁྱེད་ཀྱིས་སྤྱི་ལུགས་འདི་ལ་མ་བརྩིས་པར་དོགས་པ་ཙམ་གཞི་ལ་བཞག་ནས་ཆེ་ཆེ་གཉན་གཉན་དུ་སྒྲོག་པ་ནི་ཀུན་སློང་འཆུག་མེད་དམ་སྙམ་པ་འདི་དང་གཉིས།
༣། ཁྱེད་ཀྱི་བུ་མོ་ཟླ་བའི་སྒྲ་བཤུས་ལ་ལེགས་པར་གསན་རྗེས་ཀྱང་བློ་སེང་གིས་འཇམ་ནོར་གྱིས་ཤོག་དཀར་ཁྱེར་ནས་བོད་ལ་ཕྱིན་པ་རེད་ཅེས་ཁ་བཅད་ནས་བཤད་མེད་པ་གོ་མི་ཐུབ་པ་ནི་ཀུན་སློང་འཆུག་མེད་དམ་སྙམ་པ་འདི་དང་གསུམ
དེ་ནས་ཞོར་ལ་འདི་མ་བཤད་རང་བཤད་དུ་གྱུར་བས་དགོངས་འགལ་མེད་པར་ཞུ།
ཁྱེད་ཀྱིས་ཀུན་སློང་གི་སྐོར་ལ་གསུང་ལན་བསྐྱོན་མི་འདུག དེ་ནི་ཁྱེད་ཀྱིས་བཟང་སྤྱོད་གནང་བ་ཡིན་སྲིད་ཅིང་། གནས་ལན་མ་རྙེད་པ་ཡང་ཡིན་སྲིད། རྨི་ལམ་ཚུན་ཆད་ལ་་་་ ཞེས་པ་ལ་དོན་དག་ཆེ་ཚུལ་དང་། ད་ལྟ་རང་འགྲེལ་མི་བྱེད་ཚུལ་གསུང་བ་ཡང་དོགས་པ་སེལ་བྱེད་ཅིག་མ་རེད། གལ་སྲིད་རང་འགྲེལ་ཡོད་གསུང་བ་ངོ་ཚ་སྲུང་བྱེད་ཙམ་མིན་ན་ད་ལན་མ་གནང་ན་ག་དུས་གནང་།
སྤྱིར་ད་བར་དུ་བྲིས་པ་དག་ངས་ཁྱེད་ཀྱི་ཀུན་སློང་ལ་སྐྱོན་ཡོད་པ་བསྒྲུབ་ཆེད་དུ་བྲིས་པ་ཡིན་པར་ཁས་ལེན་མི་ཐུབ། འོན་ཀྱང་ཕར་དེད་ནས་དྲང་མོར་ཞུས་ན་ད་བར་དུ་རང་ཅག་གཉིས་ཀྱིས་ཉ་ཉོག་མང་དག་ཅིག་བྲིས་པ་ལས་ངས་ཕྱོགས་ནས་ཁྱེད་ཀྱི་ཀུན་སློང་འཆུག་ཡོད་པར་དོགས་ནས་དེ་བསྒྲུབས་པ་དང་། ཁྱེད་ཀྱིས་ངོས་ནས་ངས་གཞོགས་གཅིག་མ་མཐོང་བ་དང་ཀུན་སློང་འཆུགས་པར་བསྒྲུབས་པར་སོང་བ་དེ་རེད། ངས་ཁྱེད་ཀྱི་ཀུན་སློང་འཆུག་ཡོད་པར་སྒྲུབ་མ་ཐུབ་ན་དེ་ནི་ཁྱེད་ཀྱི་གཟི་བརྗིད་དང་རྒྱལ་ཁ་ཞིག་ཡིན་ན་ཡང་ངའི་ངན་མདོག་བསྟན་པ་ཞིག་ཡིན་པ་ལས་ཕམ་ཁ་གང་ཡང་མ་རེད།
ཁ་ཉིན་ཞིག་ལ་ངས་ཁྱེད་ཀྱི་ཐུགས་ཕམ་དུ་བཅུག་པ་དང་ད་ཐེངས་ངས་ཁྱེད་ཀྱིས་ཐུགས་སུན་དུ་བཅུག་པ་ལ་དགོངས་དག་ཞུ། ང་ནི་སྲིད་དོན་དབྱེ་ཞིབ་ལ་དབྱིངས་དང་དུས་ཚོད་གཉིས་ཀ་ཡོད་མཁན་ཞིག་མིན་པས་ང་ཁྱེད་དང་བསྡུར་ན་ཐུང་སྐྱོན་ངེས་པར་དུ་ཡོད། འོན་ཀྱང་ད་ལྟ་ལན་གཅིག་མ་སྨྲས་ཐབས་མེད་དུ་གྱུར་ནི་ཁྱེད་ཀྱིས་མངོན་སུམ་ལ་སྙོན་པ་དེ་ད་ལན་གསལ་པོ་བྱུང་སོང་ཞེས་ཞུ་འདོད་པ་ཡིན། འདི་མཐའ་མ་ཡིན། ཁྱེད་ཀྱི་ལན་ལ་རེ་སྒུག་མེད། དེ་ནི་འཇམ་ནོར་བོད་དུ་སོང་བར་ཁ་ཚོན་བཅད་ནས་བཤད་པའི་སྐོར་འདི་གཅིག་རེད། བློ་སེང་གིས་འཇམ་ནོར་བོད་ལ་སོང་བར་བཤད་ཡོད་ལ་མེད་ཅིག་འདུག ངོ་མ་བཤད་ན་ངས་བཤད་མི་འདུག་ཅེས་ཚིག་ཐག་མི་ཆོད་ལ་ཁྱེད་ཀྱིས་བཤད་འདུག་ཅེས་ཚིག་ཐག་མི་ཆོད། ཟབ་ཟིབ་ཅིག་རེད།
གཉིས་པ་དེ་ལས་ཀྱང་གནད་དོན་གལ་ཆེ་བ་འམ་རྩོད་པ་ངོ་མ་ནི་འཇམ་ནོར་གྱིས་ཤོག་དཀར་བཟུང་ནས་བོད་ལ་ཕྱིན་པར་བཤད་ཡོད་མེད་དེ་རེད། འདི་ནི་བློ་སེང་གིས་བཤད་མེད་པར་ཚིག་ཐག་བཅད་ནས་བཤད་ཆོག་གི་འདུག་ཀྱང་ཁྱེད་ཀྱིས་ཁས་མི་ལེན་ན་ཁྱེད་མངོན་སུམ་ལ་སྙོན་པ་ལས་སྤུ་རྩེ་ཙམ་ཡང་གཟུར་ས་མི་འདུག གང་ལགས་ཤེ་ན་ཁྱེད་ཀྱིས་ཀྱང་སྒྲ་བཤུས་དེར་ཞིབ་པར་གསན་ཡོད་ཤག་ལ། དེར་ “གལ་སྲིད་ཁོ་རང་ཚོ་ལ་དེབ་སེར་བོ་བཟུང་ཡོད་ན”་ ཞེས་བརྟག་པ་མཐའ་བཟུང་གི་ཆ་རྐྱེན་སྤྲད་ནས་ “ཤོག་བུ་དེ་འདྲ་ཞིག་ཁྱེར་ནས་འགྲོ་གི་ཡོད་རེད། ད་དེ་བོད་ལ་འགྲོ་དུས་ཤོག་བུ་དེ་ཁྱེར་ནས་མ་འགྲོ་ཀ་མེད་རེད།” ཅེས་བཤད་འདུག སྐད་ཆ་འདིས་འཇམ་ནོར་གྱིས་ཤོག་དཀར་ཁྱེར་ཡོད་པར་བཤད་པའི་གོ་ཡེ་ནས་མི་ཆོད། དེའི་ཕྱིར་བློ་སེང་གིས་དེ་བཤད་མེད། གལ་སྲིད་ཁྱེད་ཀྱིས་ད་དུང་བཤད་པ་རེད་ཅེས་གསུང་ན་ངོ་མ་མངོན་སུམ་ལ་བསྙོན་པ་རེད།
གཉིས་པ་ཁང་གསར་ལགས།
ད་ངོ་མ་ཁྱེད་ཀྱིས་གཟབ་དགོས་ཀྱི་འདུག “དོན་དངོས་ཀྱི་ལོ་རྒྱུས་དང་བདེན་པ་ཟེར་བ་ནི་འཇུ་ས་མེད་པ་ཞིག་ཏུ་འདོད་པའི་གང་ཟག་སྒེར་པ་ཞིག་ལ་མཚོན་ན། ཀྲུང་གོའི་ཕྱིར་སྡོད་རང་མིའི་ལག་ཁྱེར་གྱི་གནད་དོན་དེ་ཚོ་ཡང་ཚུར་ལེན་རྒྱུ་ཅི་ཡང་མེད་པ་ཞིག་གི་ཆེད་དུ་ཕར་རྒྱ་ནག་ལ་འཇུ་ས་སྤྲོད་པ་ཞིག་ཡིན་སྲིད་ཐོག་་་”་ཅེས་པ་འདི་ཁྱེད་རང་གི་རྩོམ་ཡིག་འདི་རང་གི་མགོ་ནས་མར་བརྩིས་པའི་དུམ་ཚན་བཅུ་བ་དང་། འོག་ནས་ཡར་བརྩིས་པའི་གཉིས་པ་བྲིས་འདུག ངས་བཤུས་ནས་འདིར་བཀོད་པ་ཙམ་ཡིན། ངོ་མ་ཁྱེད་ལ་གཅིག་བྱུང་འདུག ཁྱེད་ཀྱིས་རང་གསུང་རང་གིས་མི་དྲན་པ་འདི་གཅིག་བུ་མ་རེད། མཚུངས་སྡུར་གྱི་སྐོར་ཡང་ཁྱེད་ཀྱིས་བརྗེད་འདུག
ངས་ཁྱེད་ཀྱིས་ཁ་ཚོན་བཅད་ནས་བཤད་རབས་མངོན་སུམ་ལ་སྙོན་ཚུལ་ཞིག་ཞུས་ཡོད་ཅིང་། དེའི་སྐོར་ལ་ཁྱེད་ཀྱིས “གཅིག་བྱས་ན། སྐད་ཆའི་བར་དུ་གཙབས་རྒྱག་བྱེད་ཀྱི་ཚིག་ཕྲད་འདྲ་བོ་ཞིག་ལས་གོ་དོན་གང་ཡང་མེད་པ་ཞིག་ཀྱང་ཡིན་སྲིད། ༧) གོང་དུ་བཤད་པ་དེ་ཚོ་གང་ཡང་ཡིན་སྲིད་ལ་མིན་ཡང་སྲིད་པ་རེད། མདོར་དེད་ན་ཡང་སྙིང་གོ་དོན་ངོ་མ་དེ་ག་རེ་ཡིན་མིན་ངེད་གཉིས་ཀྱིས་གཏན་འཁེལ་བྱེད་ཐུབ་ཀི་མ་རེད་ལ།”ཅེས་གསུང་པ་འདིས་བློ་སེང་གིས་འཇམ་ནོར་བོད་ལ་སོང་བ་ཁ་ཚོན་བཅད་ནས་བཤད་མེད་པ་ཁྱོད་རང་གིས་རང་ཚིག་རང་ཉིད་ཀྱིས་མཐིལ་བརྟོལ་བ་རེད།
དེས་ན་དང་པོ་ནིཿ ཡིན་པ་ནི་ཁྱེད་ཀྱིས་བློ་སེང་གི་ལས་གནས་གཏན་འཇགས་མིན་པ་སྒྲུབ་ཆེད་དུ་སྒྲིག་ཡིག་དེ་དྲངས་གསུང་ཞིང་། ངས་གཏན་འཇགས་ཡིན་པ་སྒྲུབ་ཆེད་དུ་འཆི་མེད་གཡུང་དྲུང་ལ་བཏང་བའི་རྒྱབ་གཉེར་གྱི་ཡི་གེའི་ནང་གི་ཚིག་འགའ་ཞིག་དྲངས་ནས་ཁོང་གཏན་འཇགས་ཡིན་པ་གསལ་བོར་ཡི་གེ་དེར་བཀོད་འདུག་པ་སྟོན་འདོད་པ་ཡིན་ཡང་འདྲེན་རྒྱུ་ལུས་འདུག དེས་ན་འདིར་ངས་འབྲི་འདོད་པ་ནི་འདི་ལྟར་ཡིན། (ཁོང་གིས་བློ་སེང་ཧར་ཝཌ་ནང་དུ་གཏན་འཇག་པ་མིན་སྒྲུབ་ཆེད་དུ་དྲ་འབྲེལ་ཞིག་བསྟན་ནས་དེའི་ནང་དུ་བློ་སེང་ཧརཝཌ་ནས་ལ་གཏན་འཇག་གི་ལས་མེད་ཅེས་བྲིས་འདུག་ཅེས་ཁང་གསར་གྱིས་ཧམ་པ་གསུང་སོང་། དེའི་ནང་དུ་ “He is a fulltime employee on the payroll of Harvard Law School.”་ཞེས་བྲིས་འདུག་ཅིང་དེ་བོད་སྒྱུར་ཞུས་ན་ “ཁོང་ནི་ཧར་ཝཌ་ཁྲིམས་ཀྱི་མཐོ་སློབ་ཀྱི་གླ་ཐོག་ཏུ་གཏན་འཇགས་ཀྱི་ལས་མི་ཞིག་རེད།”་འདི་ལྟར་རེད། ཁོང་གིས་ཆོད་གན་དུས་འགྱངས་བྱེད་དགོས་པ་ལ་གཏན་འཇག་གི་དོན་མི་འཇུག་པར་དགོངས་ཡོད་སྲིད་ལས་ཆེ་ཡང་། འོན་ཀྱང་དུས་ཡུན་སྐྱར་ནུར་བྱེད་དགོས་པ་ཙམ་གྱིས་གཏན་འཇག་མིནཔར་མི་འགྱུར་སྙམ། ང་ཚོ་རྒྱ་གར་ལུང་པར་གཏན་འཇག་སྡོད་མཁན་རེད་དམ་མ་རེད། ཁོང་གིས་འདི་ཧ་ལམ་དམའ་མཐར་ཡང་བོད་ཡིག་མ་གཏོགས་མི་མཁྱེན་མཁན་རྣམས་ཀྱིས་བདེན་པར་འཛིན་པའི་རེ་བ་བཞག་རེད་དམ་སྙམ།)
བཀུར་འོས་ཁང་གསར་ལགས།
ད་ནི་ཁྱེད་ཀྱིས་ང་དང་ལྷན་དུ་བགྲོ་གླེང་གནང་འདོད་མི་འདུག་གསུང་། དེ་ནི་ངོ་མ་ང་ཁྱེད་ཀྱི་ཚད་དུ་མ་སླེབས་པས་ཡིན་སྲིད་ལ་ཁྱེད་ལ་གནས་ལུགས་ཀྱིས་དཀོན་ནས་ཅུང་སུན་སྣང་བྱུང་བ་ཡང་ཡིན་སྲིད། གང་ལྟར་ཁྱེད་ཀྱིས་ངས་འདི་ནས་ང་རང་གཉིས་ཀྱི་བགྲོ་གླེང་འདི་རེ་ཞིག་མཇུག་རྫོགས་པའི་རེ་བ་ཡོད། གང་ལགས་ཤེ་ན་ཁ་ཐད་ལ་མཐོང་མེད་ན་བགྲོ་གླེང་བྱས་པའི་སྙིང་པོ་མེད་པ་རེད།
འོན་ཀྱང་ད་ལྟ་དོན་དག་གཉིས་ཀྱི་དབང་གིས་ཁྱེད་ལ་སྐད་ཆ་འདི་མ་བྲིས་རང་བྲིས་སུ་གྱུར་། དེ་གཉིས་ནིཿ ༡། ཁྱེད་ཀྱིས་གསུང་པ་བཞིན་ངས་དུམ་བུ་ཞིག་ཏུ་འདྲེན་འདོད་པའི་དབྱིན་ཚིག་ཅིག་དྲངས་རྒྱུ་དང་དེ་བོད་བསྒྱུར་ཞུས་པའི་ཚིག་དུམ་དེ་གཉིས་འགོད་རྒྱུ་ལུས་འདུག་པས་ངོ་མ་གོ་རྒྱུ་མེད་པ་ཞིག་ཏུ་གྱུར་འདུག ངས་ཁ་སྔོན་མཆན་འདེབས་སྐབས་ཐད་གཏགས་བྱས་ནས་ཡིག་འབྲུ་མང་པོ་ཞིག་ཆད་འགྲོ་བཞིན་འདུག་བསམ་ནས་ཡིག་ངོས་ལ་ལོགས་སུ་གཏགས་ནས་འབྲི་ཁུལ་བྱས་ཀྱང་དེ་ལས་ཀྱང་མང་བའི་ཡི་གེ་སྡེབ་ཆད་ཤོར་འདུག ད་ང་ལ་ཆད་ནད་ཐེབས་པ་ཡིན་རྒྱུ་རེད། དེའི་ཕྱིར་དེ་མ་བཀོད་རང་བཀོད་དུ་གྱུར་།
༢། ཁྱེད་ཀྱིས་བློ་སེང་གིས་རྒྱ་མི་ལ་འཛིན་ས་མེད་པར་འཛིན་ས་སྤྲོད་ཀྱི་ཡོད་མདོག་གསུང་མེད་པས་དེ་སྟོན་དགོས་གསུང་བས་དེ་ངའི་འོས་འགན་དུ་གྱུར་བ་རེད།
ངས་ནི་དང་པོ་ནས་བློ་སེང་གི་སྐད་ཆའི་ནང་འུད་ཤོབ་འདྲེས་ཀྱི་འདུག མི་སེམས་འགུག་ཐབས་གཙོར་འདོན་བྱེད་ཀྱི་འདུག དེ་ཡག་པོ་མི་འདུག་ལབ་པ་ཡིན། འོན་ཀྱང་གཞོན་སྐྱེས་མང་པོ་ཞིག་གིས་ཁོའི་སྐད་ཆ་དང་ཕྱི་ཚུལ་ཙམ་དེ་ལ་དགའ་པོ་བྱེད་ཀྱི་འདུག ད་ཆ་ནི་མི་དགའ་མཁན་མང་དུ་འགྲོ་གི་འདུག སྲེག་བཅད་བརྡར་གསུམ་གྱིས་བརྟག་དཔྱད་བྱེད་པ་འདི་དགོས་ངེས་ཤིག་ཡིན། ཁང་གསར་ལགས་ཀྱིས་ཞིབ་འཇུག་ཡག་པོ་གནང་གི་འདུག འོན་ཀྱང་བློ་སེང་འདི་ད་རེས་བཀའ་ཁྲིར་མ་འོས་ནའང་མ་འོངས་པར་རེ་བ་བརྒྱབ་ཆོག་པ་ཞིག་ཡིན་པས། སྐྱོན་འདོན་གནང་མཁན་ཚོས་སྐྱོན་གང་ཡོད་དྲང་པོར་བརྗོད་དགོས་པ་ལས་སྒྲོ་སྐུར་འདྲ་མིན་གྱིས་ནག་པོ་བཟོ་ཐབས་ནི་ནམ་ཡང་བྱེད་མི་རུང་།
ཉི་ཟླ་སྐར་གསུམ་ལགས། ཐོག་མར་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་མཉམ་དུ་ཁྱེད་ཀྱི་དྲི་བར་ལན་འདེབས་རྒྱུ་ལིས་པར་དགོངས་སེལ་ཞུ།
༡) བཀྲས་མཐོང་ལ་ཨ་རིའི་མི་སེར་གྱི་ལག་ཁྱེར་ཡོད་པ་དེ་ངས་ཤེས་ཀྱི་ཡོད། འོན་ཀྱང་ལག་ཁྱེར་ཞུ་སྐབས་འགེངས་ཤོག་ནང་རྒྱ་རིགས་དང་རྒྱ་མི་ཞེས་བྲིས་ཡོད་མེད་ཤེས་ཀི་མེད། ཐོག་མར་ཁྱེད་ཀྱིས་བཀྲས་མཐོང་གིས་དེ་ལྟར་བྲིས་ཡོད་པའི་ཁུངས་སྐྱེལ་གནང་རོགས། ངས་གོང་གསལ་རྩོམ་ཡིག་ནང་གསལ་བོ་བྲིས་ཡོད་པ་ལྟར། ཨ་རི་དང་ཁེ་ཎ་ཌ་ཁུལ་དུ་བོད་པ་སྐྱབས་བཅོལ་ཞུ་མཁན་ཕལ་མོ་ཆེས་མི་རིགས་བོད་རིགས་ཞེས་འབྲི་བ་ལས་རྒྱ་རིགས་ཞེས་འབྲི་གི་མ་རེད།
༢) ཟམ་གདོང་རིན་པོ་ཆེས་བཀྲས་མཐོང་ལ་ལས་ཀ་སྤྲད་ཡོད་མེད་ཀྱང་ངས་གསལ་པོ་མི་ཤེས། གཅིག་བྱས་ན་ང་ཚོས་མ་ཤེས་པའི་ལས་ཀ་དེ་འདྲ་སྤྲད་ཡོད་སྲིད་པ་རེད། ཡིན་ནའང་ངས་གསལ་པོ་ཞུ་ཐུབ་པ་ནི། ཟམ་གདོང་རིན་པོ་ཆེས་ལས་ཀ་སྤྲད་པའི་མི་ཡིན་ན། མི་དེ་ཡག་པོ་ཡིན་པ་དང་། ཁོང་གིས་ལས་ཀ་སྤྲད་མེད་ན། མི་དེ་སྡུག་ཅག་ཡིན་པའི་ངེས་པ་མེད། བཀའ་བློན་ཁྲི་ཟུར་ཚོའི་ནང་ནས་བཀའ་བློན་ཁྲི་ཟུར་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་དང་། བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས། བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་བཅས་ཚང་མར་ཟམ་གདོང་རིན་པོ་ཆེས་ལས་ཀ་སྤྲད་མེད་ལ། བཀའ་ཟུར་ནང་ནས་བཀའ་ཟུར་ཨ་ལགས་འཇིགས་མེད་དང་། བཀའ་ཟུར་རྗེ་བཙུན་པདྨ། བཀའ་ཟུར་རིན་ཆེན་མཁའ་འགྲོ། བཀའ་ཟུར་པདྨ་ཆོས་འབྱོར། བཀའ་ཟུར་བཟོད་པ་རྒྱ་མཚོ། བཀའ་ཟུར་པདྨ་ཆོས་འབྱོར། བཀའ་ཟུར་ཀིརྟི་རིན་པོ་ཆེ། བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས། བཀའ་ཟུར་མདོ་སྔགས་བསྟན་འཛིན། བཀའ་ཟུར་བསམ་མཁར་གཡང་སྐྱིད་སོགས་ལའང་ཟམ་གདོང་རིན་པོ་ཆེས་ལས་ཀ་སྤྲད་མེད། ཁོང་རྣམས་ལ་ཟམ་གདོང་རིན་པོ་ཆེས་ལས་ཀ་སྤྲད་མེད་པའི་རྒྱུ་མཚན་གྱིས་ཁོང་ཚོ་མི་སྡུག་ཅག་ཡིན་པ་དང་འཇོན་ཐང་མེད་པ། ལྷག་བསམ་མེད་པར་ནམ་ཡང་སྒྲུབ་ཐུབ་ཀྱི་མ་རེད། ཞོར་དུ་ཞུ་རྒྱུར། བཀའ་ཟུར་དང་སྐུ་ཚབ་དོན་གཅོད་བསྡུར་ན། སྐུ་ཚབ་དོན་གཅོད་ཀྱི་ལས་གནས་དེ་དམའ་བ་རེད། རྒྱ་བོད་གྲོས་མོལ་སྐུ་ཚབ་ནི་དོན་དུ་༸གོང་ས་མཆོག་གིས་བསྐོ་བཞག་གནང་གི་ཡོད་པ་ལས་ཟམ་གདོང་ཡིན་པོ་ཆེས་བསྐོས་ཆོག་པ་ཞིག་མ་རེད། དེའི་མིང་ལའང་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་༸གོང་ས་མཆོག་གི་སྐུ་ཚབ་ཅེས་ཞུ་བ་རེད།
༣) བཀྲས་མཐོང་བཀའ་བློན་ཁྲི་པ་ནས་དགོངས་པ་ཞུས་པ་དེ་བདེན་པ་རེད། ཁོང་གིས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་དུ་སོ་སོའི་ནང་མིར་ལྟ་རྟོགས་ཀྱི་ཆེད་དུ་ཡིན་ཞེས་བཤད་ཀྱི་ཡོད། ཡིན་ནའང་དེ་ལྟར་ཡིན་མིན་ཞིབ་འཇུག་བྱ་དགོས། ངས་དེ་ལ་དོ་སྣང་བྱེད་བཞིན་པ་ཡིན། གང་ཡིན་ཟེར་ན། སྐབས་དེར་བཀྲས་མཐོང་གིས་འགོ་ཁྲིད་པའི་བཀའ་ཤག་ལ་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་ས་རེད། སྐབས་དེར་དང་པོ་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་བཀའ་ཤག་ནས་དགོངས་པ་ཞུ་དགོས་བྱུང་འདུག དེ་ནས་སྐུའི་གཅུང་མོ་རྗེ་བཙུན་པདྨ་བཀའ་བློན་ནས་དགོངས་པ་ཞུ་དགོས་བྱུང་འདུག དེ་ནས་ཐ་མ་བཀྲས་མཐོང་གིས་དགོངས་པ་ཞུས་འདུག ཁོང་ཚོ་གསུམ་བཀའ་ཤག་ནས་དགོངས་པ་ཞུས་རྗེས་བོད་ཀྱི་སྤྱི་དོན་ཆེད་གང་འཇོན་ཅི་འཇོན་ཞིག་གནང་ནས་བཞུགས་འདུག་པ་ནི། ཁོང་ཚོ་དགོངས་པ་ཞུས་རྗེས་ཕྱག་ལས་ག་རེ་གནང་ཡོད་མེད་དེ་ཚོར་བལྟས་ན་མཁྱེན་གྱི་རེད། མདོར་ན་སྐབས་དེའི་བཀའ་ཤག་ལ་དཀའ་ངལ་ངེས་ཅན་ཞིག་འཕྲད་ཡོད་ས་རེད། བཀྲས་མཐོང་གི་དགོངས་ཞུའི་རྒྱུ་མཚན་ཡང་མཐའ་གཅིག་ཏུ་དཀའ་ངལ་འདིས་རེད་ཅེས་ངས་ཐག་བཅད་ནས་ཞུ་གི་མེད། རྣམ་པ་ཚོས་ཞིབ་འཇུག་གནང་རོགས།
༤) ངས་དམངས་གཙོའི་ཁེ་དབང་སྤྱད་དེ་སོ་སོའི་བསམ་ཚུལ་བྲིས་པ་འདི་ལ་ཁྱེད་ལྟ་བུས་མཉེས་པོ་གནང་གི་མེད་པ་ཤེས་ཀྱི་ཡོད། རྩོམ་འདིའི་མཇུག་གི་མཆན་རྣམས་ལ་གཟིགས་དང་། བསམ་ཚུལ་འདོན་སྟངས་འདི་ཚོར་དགའ་མཁན་ཡང་མང་བོ་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཐམས་ཅད་ཀྱིས་མོས་མཐུན་གནང་ཐུབ་པ་ཞིག་གསུངས་ཐུབ་མེད་ལ། ༸གོང་ས་མཆོག་གི་ལམ་སྟོན་ཁག་ལའང་མ་འདོད་པ་བྱེད་མཁན་ང་རང་ཚོའི་མདུན་དུ་ཡོད་མུས་ཡིན་དུས། ང་ལྟ་བུའི་མི་ཞིག་གི་སྐད་ཆར་ཡག་དང་ཉེས་ཀྱི་བསམ་ཚུལ་ཤོད་མཁན་ཡོང་བ་ནི་བཤད་མི་དགོས་བ་ཞིག་རེད། ངས་བསམ་ཚུལ་བཤད་དུས་ཀྱང་། མི་ཚོ་དགའ་བའི་ཆེད་དུ་བཤད་ཀི་མེད་ལ་མི་ཚོ་སྡུག་པའི་ཆེད་དུའང་བཤད་ཀི་མེད། ངས་ནི་ང་རང་གིས་གང་དྲན་པ་དེ་རྒྱུ་མཚན་དཔང་དུ་བཞག་ནས་བཤད་ཀི་ཡོད། དེ་ལ་ཀློག་པ་པོས་འགྲེལ་བཤད་དང་གདེང་འཇོག་བཟང་ངན་ཅི་བྱས་ནའང་བྱས། དེ་ནི་ངའི་ལག་པར་མེད་པའི་གནས་ཚུལ་ཞིག་རེད།
(དྲ་གྲོགས་རྣམས་ལ་དགོང་དག་ཞུ་རྒྱུ་ཡིན་། ཟིན་བྲིས་འདི་ཚར་ཁ་ཤས་གཉིས་བཀོད་ཟིན་ཡང་། འདི་ལ་ཆད་ལྷག་ཁ་ཤས་བྱུང་ཡོད་པ་ཞི་ནས་ཧ་གོ་སོང་། བཟོ་བཅོས་བྱས་ནས་ཡང་བསྐྱར་བཀོད་ཡོད་།)
ཁང་གསར་རྡོ་རྗེ་ནས་འདིའི་སྐོར་ལ་གསལ་བཤད་ཡོང་བའི་རེ་བ་ཡོད་།
ཁང་གསར་རྡོ་རྗེ་ལ་གསལ་བཤད་ཁག་ཅིག་།
༡ བློ་སེང་བོད་དོན་ཆེད་རྒྱ་ནག་ལ་འགྲོ་དུས་། གལ་སྲིད་རྒྱ་ནག་གི་ཕྱིར་སྡོ་རང་མི་ལག་ཁྱེར་ཞིག་བེད་སྤྱོད་བཏང་བ་དེ་བདེན་པ་ཡིན་ཡང་། བཀྲས་མཐོང་རང་དོན་ཆེད་ཨ་རི་ལ་སྐྱབས་བཅོལ་ཞུས་དུས་། མི་ཁུངས་རྒྱ་མི་ཡིན་པར་བྲིས་པ་དེ་ལ་ལན་ག་རེ་ཡོད།
༢ སྤྱིར་བཀྲས་མཐོང་ལ་དུས་ཚོད་ཀྱིས་དབང་དུ་བྱེད་ན་། ཟམ་གདོང་བཀའ་ཁྲིའི་རིང་། བཀའ་བློན་དང་། རྒྱ་བོད་གྲོས་མོལ་སྐུ་ཚབ་དང་། སྐུ་ཚབ་དོན་གཅོད་སོགས་ལས་གནས་མང་པོ་ཐུབ་དགོས་ཀྱང་། བཀའ་ཁྲི་ཟམ་གདོང་གིས་བཀྲས་མཐོང་ལ་ལས་གནས་སྣེ་གཅིག་སྤྲད་མེད། རྒྱུ་མཚན་ནི་ ༡༩༩༡་ནས་ཟམ་གདོང་སྤྱི་འཐུན་ཚོགས་གཙོ་གནང་དུས་། བཀྲས་མཐོང་བཀའ་བློན་ཁྲི་པ་རེད། དེ་དུས་ཟམ་གདོང་གིས་བཀྲས་མཐོང་གི་བྱ་སྤྱོད་ཚང་མ་ཧ་གོ་ནས་། རྗེས་སུ་བཀྲས་མཐོང་ལ་ལས་གནས་གང་ཡང་སྤྲད་མེད་ཅེས་སྤྱི་ཚོགས་ནང་ལ་གླེང་བཞིན་པ་ཡིན་དུས་། དེའི་སྐོར་ལ་ལན་ག་རེ་ཡོད།
༣ བཀྲས་མཐོང་བཀའ་ཁྲིའི་ལས་གནས་མ་ཚར་གོང་། ཁོ་རང་གི་ནང་མིའི་ཆེད་བཙན་བྱོལ་གཞུང་དང་བོད་མི་མང་གཉིས་ག་བཞག་ནས་སོང་ཡོད་། རྒེར་དོན་ཆེད་དུ་རྒྱལ་ཁབ་དང་མི་དམངས་བློས་བཏང་པ་ཡིན་ཙང་། སྐུ་ངོ་བཀྲས་མཐོང་ལ་ལྷག་བསམ་དང་ལ་རྒྱ་ག་ཚད་འདུག་འདི་ལ་བསམ་བློ་བསྐོར་ན་ཧ་གོ་ས་འདུག་། དེའི་སྐོར་ལ་གསལ་བཤད་ག་རེ་ཡོད་།
༤ ཁང་གསར་རྡོ་རྗེ་ཁྱོད་རང་ནས་ཆོལ་ཁ་གསུམ་གྱི་ནང་དུ་དཀྲུག་ཤིང་གི་བསམ་ཚུལ་མང་པོ་བྲིས་པ་དེ་དག་སུའི་ཆེད་དུ་ཡིན་ནམ། རྒྱ་མིའི་ཆེད་དུ་མིན་པའི་རེ་བ་ཡོད་། ཡང་ན་ཁྱོད་རང་ལ་དངུལ་སྤྲད་མཁན་འདུག་གེ་། གཞན་ང་ཚོའི་བོད་ཀྱི་རྩ་དོན་ལ་གནོད་པའི་བསམ་ཚུལ་མ་སྟོན་རོགས། ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།།
བོད་མི་རིགས་ཆེད་དུ་ལས་ཀ་བྱེད་མཁན་ཞིག་ལ་སྐྱོན་འདོན་རྒྱུ་ཁོ་ན་ལས་གཞན་སྣེ་ཅིག་མི་བཤད་པ་འདི་ལ་བསམ་ན་། ཁང་གསར་རྡ་རྗེ་ལགས་ནི་རྒྱུད་མ་དྲང་པའམ་། ཡང་ན་དམིགས་ཡུལ་དུ་བོད་ཉམས་རྒུད་ལ་རེ་བ་ཞིག་མིན་ནམ་བསམ་། མི་ཞིག་ཡིན་ན་སྐྱོན་མཐོང་རྒྱུ་མེད་པ་ཞིག་ག་ལ་ཡོད་། སྐྱོན་མེད་པ་ཞིག་བཀའ་བློན་ཁྲི་པ་ལ་རེ་བ་རྒྱབ་ན་། དེ་ནི་སྨྱོན་པ་
མིན་ན་གང་།
ངས་དྲི་བ་ཁག་ཞིག་ཉིན་ཁ་ཤས་སྔོན་ནས་ཁང་གསར་རྡོ་རྗེ་ལ་དྲིས་ཀྱང་། ལན་ད་དུང་ལན་རྒྱབ་མ་བྱུང་། ཡང་བསྐྱར་འདིར་བཀོད་ཡོད་།
ཁང་གསར་རྡོ་རྗེ་ལ་གསལ་བཤད་ཁག་ཅིག་།
༡ བློ་སེང་བོད་དོན་ཆེད་རྒྱ་ནག་ལ་འགྲོ་དུས་། གལ་སྲིད་རྒྱ་ནག་གི་ཕྱིར་སྡོ་རང་མི་ལག་ཁྱེར་ཞིག་བེད་སྤྱོད་བཏང་བ་དེ་བདེན་པ་ཡིན་ཡང་།
བཀྲས་མཐོང་རང་དོན་ཆེད་ཨ་རི་ལ་སྐྱབས་བཅོལ་ཞུས་དུས་། མི་ཁུངས་རྒྱ་མི་ཡིན་པར་བྲིས་པ་དེ་ལ་ལན་ག་རེ་ཡོད།
༢ སྤྱིར་བཀྲས་མཐོང་དུས་ཚོད་ཀྱིས་དབང་དུ་བྱེད་ན་། བཀའ་ཤག་སྐབས་དང་པོ་དང་གཉིས་པའི་རིང་། བཀའ་བློན་དང་། རྒྱ་བོད་གྲོས་མོལ་སྐུ་ཚབ་དང་། སྐུ་ཚབ་དོན་གཅོད་སོགས་ལས་གནས་མང་པོ་ཐུབ་དགོས་ཀྱང་། བཀའ་ཁྲི་ཟམ་གདོང་གིས་བཀྲས་མཐོང་ལ་ལས་གནས་སྣེ་གཅིག་སྤྲད་མེད། རྒྱུ་མཚན་ནི་ ༡༩༩༡་ནས་ཟམ་གདོང་སྤྱི་འཐུན་ཚོགས་གཙོ་གནང་དུས་། བཀྲས་མཐོང་བཀའ་བློན་ཁྲི་པ་རེད། དེ་དུས་ཟམ་གདོང་གིས་བཀྲས་མཐོང་གི་བྱ་སྤྱོད་ཚང་མ་ཧ་གོ་ནས་། རྗེས་སུ་བཀྲས་མཐོང་ལ་ལས་གནས་གང་ཡང་སྤྲད་མེད་། དེའི་སྐོར་ལ་ལན་ག་རེ་ཡོད།
༣ བཀྲས་མཐོང་བཀའ་ཁྲིའི་ལས་གནས་མ་ཚར་གོང་། ཁོ་རང་གི་ནང་མིའི་ཆེད་བཙན་བྱོལ་གཞུང་དང་བོད་མི་མང་གཉིས་ག་བཞག་ནས་སོང་ཡོད་། དེ་ལ་ལན་ག་རེ་ཡོད་།
༤ ཁང་གསར་རྡོ་རྗེ་ཁྱོད་རང་ནས་ཆོལ་ཁ་གསུམ་གྱི་ནང་དུ་དཀྲུག་ཤིང་གི་བསམ་ཚུལ་མང་པོ་བྲིས་པ་དེ་དག་སུའི་ཆེད་དུ་ཡིན་ནམ། རྒྱ་མིའི་ཆེད་དུ་མིན་པའི་རེ་བ་ཡོད་། ཡང་ན་ཁྱོད་རང་ལ་དངུལ་སྤྲད་མཁན་འདུག་གེ་། གཞན་ང་ཚོའི་བོད་ཀྱི་རྩ་དོན་ལ་གནོད་པའི་བསམ་ཚུལ་མ་སྟོན་རོགས། ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།།
འཇམ་ཚུལ་ལགས།
ཁྱེད་རང་གིས་བློ་སེང་སྐོར་ལ་ཞིབ་ཚགས་བལྟས་མི་འདུག་ལ། ངས་དྲྭ་ཐག་སྤྲད་པ་དེ་ཚོ་ཡང་ཡག་པོ་ཀློག་མི་འདུག ཐ་ན། གླ་ཕོགས་ཧ་ཝར་ཌི་བརྒྱུད་ནས་སྤྲོད་དགོས་ཟེར་དུས། སྤྲོད་མཁན་གཞན་ཞིག་ཡོད་པ་ཧ་ཅང་གསལ་པོ་ཡིན་ཀྱང་། དེ་ལ་བསམ་གཞིགས་ཅི་ཡང་བྱས་མི་འདུག ད་དུང་ངས་ཁུངས་ལྡན་གྱི་དྲ་ཐག་སྤྲད་པ་དེ་ཚོ། དབྱིན་སྐད་མི་ཤེས་པ་ཚོ་མགོ་སྐོར་གཏོང་ཆེད་རེད་ཟེར། ཧ་ཝར་ཌིས་བློ་སེང་ལ་སྤྲད་པའི་རྒྱབ་གཉེར་ཡིག་ཆའི་ནང་བློ་སེང་སྐོར་སྐྱོད་མཁས་པ་(visiting scholar)ཡིན་པ་གསལ་བ་མ་ཟད། ཧ་ཝར་ཌིའི་དྲ་རྒྱ་རང་གི་ཐོག་ཏུའང་། བློ་སེང་སྐོར་སྐྱོད་མཁས་པའི་སྡེ་ཚན་གྱི་འོག་ཉམས་ཞིབ་པ་ཡིན་པར་བྲིས་ཡོད། ཡིན་ནའང་ཁྱེད་རང་གིས་རྒྱབ་གཉེར་ཡི་གེའི་ཚིག་དོན་ཙམ་ཡང་ལེགས་པར་མ་བཀླགས་པར་ངས་ཁུངས་མེད་མགོ་སྐོར་གྱི་སྐད་ཆ་བཤད་འདུག་ཟེར། ཡང་ཧ་ཝར་ཌིའི་སྒྲིག་གཞིའི་ནང་བློ་སེང་གི་ལས་གནས་བསྐོ་བཞག་དེ་ཟླ་བ་ ༡༢ ཡིན་པ་དང་མཐུན་རྐྱེན་ཁག་གཏན་འཇགས་སློབ་དཔོན་ནང་བཞིན་སྤྱད་མི་ཆོག་པ་གསལ་བ་མ་ཟད། སྙན་ཞུ་ཕུལ་ན་ལོ་གཅིག་རེ་འཕར་འགྱངས་ཀྱིས་མང་མཐའ་ལོ་ལྔ་བར་འཕར་འགྱངས་བྱས་ཆོག་པ་གསལ་བ་དེས་བློ་སེང་འཕྲལ་སེལ་གྱི་ཉམས་ཞིབ་པ་ཡིན་པ་གསལ་པོར་གྱུར་ཐོག ཧ་ཝར་ཌིས་གནང་བའི་རྒྱབ་གཉེར་ཡི་གེར་ཡང་བསྐོ་བཞག་ལོ་གཅིག་གི་གཞི་རྩ་ཅན་ཡིན་པ་དང་། ད་ལྟ་བསྐོ་བཞག་དེའི་ཐོག་འགྲོ་བཞིན་པ་ཡིན་ཚུལ་བྲིས་པ་བཅས་ཀྱིས་ལས་གནས་འཕྲལ་སེལ་ཡིན་པ་ཧ་ཅང་གསལ་ཡང་ད་དུང་ངས་རྫུན་བཤད་འདུག་ཟེར་བ་རེད། འདི་ལྟར་ཁྱེད་རང་གིས་རྙོག་དྲ་རྫོགས་རྒྱུ་མེད་པ་ཞིག་ཤོད་པ་ལས་གནས་ལུགས་མི་ཤོད་པ་དང་། ཨུ་ཚུགས་བྱེད་པ་ལས་དང་ལེན་མི་བྱེད་པ་ལ་སོགས་པའི་རྒྱུ་མཚན་ལ་བརྟེན་ནས་ད་ཆ་ང་ཡང་ཁྱེད་དང་བགྲོ་གླེང་བྱེད་འདོད་ཀྱི་འདུན་པ་ཡོངས་སུ་བརླག་སོང་། ད་འདི་ནས་མཚམས་འཇོག་གི་ཡིན། འདིའི་རྗེས་ནས། ངས་རྫུན་བཤད་པ་དང་ཧམ་པ་བཤད་པ། སྙོན་བཙུགས། ནག་པོ་བཟོ་བ། ཀུན་སློང་ལ་སྐྱོན་ཡོད་པ་སོགས་ཀླན་ཀ་ཇི་ཙམ་སྨྲ་བར་འདོད་པ་དེ་ཙམ་དུ་སྨྲ་བར་མཛོད་ཅིག་དང་ཁོ་བོས་ནི་ཅི་ཡང་བཤད་མ་ཡོང་།
ཆུ་སྒང་གསར་བའི་དྲུང་ཆེ་བྱས་པ་དེ་ངས་བློ་སེང་གིས་ཆེད་མངགས་གསང་བ་བྱས་བ་རེད་ཅེས་བཤད་པ་ཡིན། དེ་ལ་རྒྱུ་མཚན་ཁ་ཤས་ཡོད།
དང་པོ། ཆུ་སྒང་གསར་བའི་དྲུང་ཆེ་བྱས་པ་དེ། ལས་དོན་གྱི་ངོ་བོའི་ཆ་ནས་བལྟས་ན་སྦས་སྐུང་བྱེད་དགོས་པའི་བྱ་ངན་ཞིག་མ་རེད། སྐབས་དེར་ལི་ཐང་ཨ་དར་གྱིས་ཐེ་ཝན་བོད་སོག་ལས་ཁུངས་དང་མཉམ་དུ་བཞག་པའི་གྲོས་ཆོད་དེ་རྩིས་མེད་དུ་གཏོང་ཐུབ་ཆེད། ཚོགས་པ་དེ་བཙུགས་པ་རེད། དབུས་གཙང་དང་མདོ་སྨད་མི་མང་གི་ལྟ་སྟངས་ཐོག་ནས་བཤད་ན། དེ་ལེགས་པར་བརྩི་བ་མ་གཏོགས་སྡུག་པར་བརྩི་གི་མེད།
གཉིས་པ། མི་ཚོས་བློ་སེང་ལ་སྐྱོན་བརྗོད་བྱེད་ས་གཙོ་བོ་ཞིག་ནི། ཁོང་ལ་འཛིན་སྐྱོང་གི་ཉམས་མྱོང་མི་འདུག་ཅེས་པ་དེ་རེད། དེར་བརྟེན་རང་ཉིད་ལ་འཛིན་སྐྱོང་གི་ཉམས་མྱོང་ཡོད་བའི་དཔང་རྟགས་སྟོན་དགོས་བ་དེ་བློ་སེང་ལ་མཚོན་ན་ཧ་ཅང་གིས་གནད་འགག་ཅན་དུ་གྱུར་ཡོད། བློ་སེང་ལ་དོན་ངོ་མའི་འཛིན་སྐྱོང་གི་ཉམས་མྱོང་ཡོད་བ་དེ་ཆུ་སྒང་གསར་བའི་དྲུང་ཆེ་བྱས་བ་དེ་རེད།
གསུམ་པ། ཆུ་སྒང་གསར་པའི་གནས་བབས་ནི་མཆོད་རྟེན་མགོ་མཇུག་ལོག་པ་བཞིན་སྐབས་ཤིག་ཁྲིམས་མཐུན་ཡིན་པ་དང་། ད་ཆ་ཁྲིམས་མཐུན་མིན་པར་གྱུར་ཐོག ད་ཆ་ཚོགས་མི་དང་དབང་ཤུགས་ཧ་ལམ་མེད་པ་ཞིག་ཏུ་གྱུར་ཡོད། ད་ལྟའི་ཁྲིམས་མཐུན་གྱི་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་དང་འགན་ལེན་མཁན་ཕལ་མོ་ཆེ། ཆུ་བཞི་སྒང་དྲུང་རྙིང་བའི་ཕྱོགས་རེད་ལ་ཚོགས་པ་དེ་ད་ཆ་མདོ་སྟོད་ཀྱི་ནང་ནས་ཤུགས་ཆེ་ཤོས་རེད།
བཞི་པ། བློ་སེང་གི་འོས་ཤོག་གི་འབྱུང་རྩ་གཙོ་བོ་ཞིག་ནི་དགོན་པ་ཁག་ཏུ་ཡོད་པའི་མདོ་སྟོད་ཀྱི་གྲྭ་བཙུན་ཚོ་ཡིན་ཞིང་། གྲྭ་བཙུན་དེ་ཚོའི་ཁོངས་ནས་མང་བོ་ཞིག་ནི་ད་ལྟའི་ཁྲིམས་མཐུན་གྱི་ཆུ་བཞི་སྒང་དྲུག་གི་བཀོད་འདོམས་འོག་ཤར་སྐྱོད་བྱེད་མཁན་རེད། རྒྱུ་མཚན་དེའི་སྟབས་ཀྱིས་བོན་པོ་གཡུང་དྲུང་རྒྱལ་མཚན་ཡང་དགེ་ལུགས་ཀྱི་སྤྱི་འཐུས་འོས་མིར་སླེབས་ཡོང་གི་ཡོད་རེད།
གོང་གསལ་གྱི་རྒྱུ་མཚན་དབང་གིས་བློ་སེང་གི་ལོ་རྒྱུས་ནང་ཆུ་སྒང་གསར་བའི་དྲུང་ཆེ་བྱས་པ་དེ་གླེང་བ་ལས་མ་གླེང་ན་ཕན་ཐོགས་ཆེ་བ་ཡོད། དོན་འདི་ལ་ཁྱེད་རང་གིས་མོས་མཐུན་མེད་ནའང་འགྲིག ངས་མུ་མཐུད་རྩོད་པ་བྱེད་ཀི་མིན།
དེ་ནས་ངས་ཁུངས་མེད་ཀྱི་སྙོན་འདོགས་བྱེད་པའི་རྒྱུ་མཚན་དུ། འཇམ་ཚུལ་གྱིས་
(ཁོང་དང་དོན་གཅོད་བློ་བཟང་སྙན་གྲགས་གཉིས་ཀྱི་བར་ཉིན་རེར་ཁ་པར་ཐེངས་གཉིས་གསུམ་རེ་གཏོང་རེས་ཡོད་ཅེས་གསུང་ཡོད། ཁང་གསར་གྱིས་གསུང་མང་ཆེ་བར་ཁུངས་ལུང་ཡོད་ཅིང་འགའ་རེ་ལ་མགོ་རྨོངས་བྱེད་ཀྱི་ཁུངས་རེ་སྟོན་རྒྱུ་ཡོད། འདི་ལ་ད་བར་དུ་ཁོང་གིས་གནང་བཞིན་པའི་མགོ་རྨོངས་ཐབས་ཀྱི་ཁུངས་ཙམ་ཡང་སྟོན་ཐུབ་མེད།)ཅེས་བཤད་འདུག ངས་གོང་དུ་རེ་རེ་བཞིན་ཤིག་སེན་ར་སྤྲོད་ཀྱིས་ཁུངས་དང་བཅས་ལེགས་པར་སྒྲུབ་ཟིན་ཡོད་པས། དེ་ཚོའི་ནང་ནས་ཁུངས་མེད་སྙོན་འདོགས་འདི་ཞེས་པ་ཞིག་སྟོན་རྒྱུ་འདུག་ན། འདི་ལ་ཡང་ཁུངས་ཤིག་བསྟན་ཆོག སྤྱིར་བཏང་སྐད་ཆ་འདི་བློ་བཟང་སྙན་གྲགས་ཀྱིས་བཤད་འོང་ན་ངས་ཁུངས་སྟོན་དགོས་པ་ཞིག་ལས། ཁལ་བོང་བུས་ཁྱེར། རྒྱ་ལམ་རྐེད་པ་ན་དགོས་དོན་ཡོད་མ་རེད། ཁོང་ཚོས་ཁུངས་སྐྱེལ་ཤོག་ཟེར་ན། ད་ལྟ་བློ་སེང་གིས་བཀྲམས་པའི་མ་འོངས་འཆར་གཞི་ཟེར་བ་ཚུན་ནས་བློ་བཟང་སྙན་གྲགས་ཀྱིས་འབྲི་རོགས་བྱས་པའི་ཁུངས་བསྟན་ཆོག་གི་རེད། ཡིན་ནའང་ངས་དེའི་མཇུག་དེར། རེ་ཞིག་དཔྱད་གཞི་མ་འཛོམས་པའི་སྐད་ཆ་ཞིག་བཤད་ཡོད། དེ་ཚོར་ཡང་གོ་རྒྱུ་ཡོད་རེད། (སྤྱིར་བཏང་འདི་རབ་གསལ་གྱི་རྩོམ་མཇུག་ཏུ་བཏག་པའི་མཆན་ཞིག་རེད། རྩོམ་ཡིག་འདིའི་ནང་དོན་མ་རེད)
ཡང་འཇམ་ཚུལ་གྱིས་༼བློ་སེང་གིས་ཤོག་དཀར་བླངས་བ་དེ་རྒྱ་ནག་ལ་བོད་རྒྱ་ཁོངས་སུ་སྒྲུབ་ཐུབ་པའི་གནད་དོན་ལག་པ་འཆང་ས་མེད་པ་ལ་སེམས་ཁྲལ་གྱིས་དེ་ཡོད་པར་བཟོ་ཆེད་དུ་མཐུན་རྐྱེན་སྤྲད་པར་ཡིན་མདོག་གསུང་སོང་། ད་དུང་བློ་སེང་རྒྱ་ནག་ལ་ཕྱིན་ནས་སུ་ལ་ཐུག་དང་གང་བྱས་ཡོད། ཁོང་གི་འོས་སྒྲགས་ཀྱི་འགྲོ་སོང་གི་དངུལ་གྱི་ཡོང་ཁུངས་སུས་ཀྱང་མི་ཤེས་ཞེས་དོན་དུ་ཁང་གསར་གྱིས་བློ་སེང་རྒྱའི་ལས་དོན་པ་ཞིག་མིན་ནམ་སྙམ་པའི་ཚོར་སྣང་སྦྱིན་ཐབས་བྱས་ཡོད།༽ ཞེས་བཤད་འདུག
༡) བོད་རྒྱ་ཁོངས་སུ་སྒྲུབ་པར་ལག་པ་འཆང་ས་མེད་པ་ལ་སེམས་ཁྲལ་གྱིས་དེ་ཡོད་པར་བཟོ་ཆེད་དུ་མཐུན་རྐྱེན་སྤྲད་པ་ཟེར་བ་ཞིག་ངས་དངོས་ཤུགས་གང་དུ་ཇི་ལྟར་བྲིས་འདུག དེ་གཅིག་བསྟན་ཤོག་
༢) བློ་སེང་ བློ་སེང་རྒྱ་ནག་ལ་ཕྱིན་ནས་སུ་ལ་ཐུག་དང་གང་བྱས་ཡོད་མེད་ང་ཚོས་ཤེས་ཀྱི་མེད་པ་དེ་དོན་དངོས་རེད། དཔེར་ན་མགྲོན་ཤོག་སུས་བཏང་བ་རེད། ཇི་ལྟར་བཏང་བ་རེད། རྒྱ་ནག་གཞུང་ཚབ་ཁང་རང་ནས་བླངས་སམ་ཚུར་བསྐྱལ་བ་རེད། རྒྱ་ནག་ནང་སུ་དང་སུ་ཐུག་པ་དེ་ཚོ་གསལ་པོ་མེད། གསལ་པོ་ཡོད་ན་ཁྱེད་རང་གིས་འདིར་འབྲི་རོགས་གནང་།
༣) འོས་མི་ཁྱབ་བསྒྲགས་ཀྱི་འགྲོ་སོང་གི་ཡོང་སྒོ་གསལ་པོ་མེད་པ་དེ་ཡང་བདེན་དོན་རེད། ཐ་ན་ཁོ་རང་ལ་ཁྱེད་རང་ལ་ཧ་ཝར་ཌི་ནས་སློབ་ཡོན་གནང་མི་འདུག ཁྱེད་རང་གིས་རང་ཉིད་ཁྱབ་བསྒྲགས་ཆེད་འགྲིམས་འགྲུལ་གྱི་གནམ་གླ་སོགས་ཧ་ཝར་ཌིས་གནང་གི་ཡོད་ཅེས་བཤད་འདུག འོན་ཀྱང་སྒྲིག་གཞི་ལྟར་ན། ཁྱེད་རང་གི་གླ་ཆ་ཡང་ཕྱི་ནས་འཚོལ་དགོས་འདུག་པས། དེའི་རྒྱུ་མཚན་ཅི་རེད་ཅེས་ཡི་གེ་བཏང་ནའང་ཁོང་གིས་ལན་འདེབས་ཀྱི་མེད། དེ་ནི་གོང་དུ་སྤྲད་པའི་དྲ་ཐག་དེ་ཚོར་ཞིབ་ཏུ་གཟིགས་དང་གསལ་པོ་རེད། ཡིན་ནའང་། འགྲོ་སོང་དེ་རྒྱ་ནག་གི་ཕྱོགས་ནས་ཡོང་གི་ཡོད་རེད་ཅེས་ངས་རྩ་བ་ནས་བཤད་མེད། གོ་བ་ལེན་མཁན་གྱིས་ངས་མ་བཤད་པ་ཞིག་གོ་ན། གོ་བ་ལེན་མཁན་རང་གི་སྐྱོན་རེད།
ཡང་འཇམ་ཚུལ་གྱིས་ཁང་གསར་རྡོ་རྗེ་ངས་ཉ་ཉོག་མཉམ་བསྲེས་ཀྱིས་མགོ་རྨོངས་ཐབས་བྱེད་བཞིན་པའི་རྒྱུ་མཚན་དུ་འདི་ལྟར་བྲིས་འདུག
༼ཁང་གསར་གྱིས་འབྲི་སྟངས་ནི་སླུ་ཐབས་ཀྱི་འབྲི་སྟངས་སྤྱད་ནས་བྲིས་འདུག ད་ནི་དཔེ་འདྲ་ཁ་བ་ཞིག་བཀོད་ནས་མི་རྣམས་ཀྱི་བློ་ངོར་ལོག་པ་ཞིག་འཆར་ཐབས་ཀྱིས་འབྲི་ཐབས་སྤྱད་ཡོད། དཔེར་ན་རྨི་ལམ་ཚུན་ཆུད་ལ་རྒྱ་མིའི་ཨོ་བྷ་མ་བྱེད་འདོད་་་་ཞེས་དང་། རྒྱ་མི་ལ་འཇུ་ས་མེད་པ་ལ་འཇུ་ས་སྤྲོད་ཆེད་དུ་ཤོག་དཀར་བླངས་མདོག་་སོགས་བྲིས་ཡོད། དེར་མ་ཟད་བློ་སེང་གི་གླ་ཆ་ཧར་ཝཌ་ནས་འོང་གི་མེད་པའི་སྒྲུབ་བྱེད་ལ་དྲ་འབྲེལ་ཞིག་བཞག་ནས་བོད་ཡིག་ལས་མ་མཁྱེན་པའི་ཀློག་མཁན་མང་པོ་ཞིག་ཡིད་ཆས་པར་རེ་བ་གནང་འདུག དྲ་འབྲེལ་དེ་ན་༢༠༠༠་ལོར་བསྐྱར་བཅོས་བྱས་པའི་ཧར་ཝཌ་གི་ཞིབ་འཇུག་སྡེ་ཚན་གྱི་ལས་རིམ་ཞིག་གི་སྒྲིག་གཞི་གསལ་འདུག དེའི་ནང་དུ་Post Doctoral Fellowship ཞེས་པ་ནས་ research fellow ཞེས་པའི་བར་གནས་རིམ་དྲུག་པར་གྱི་ཆ་རྐྱེན་ཁག་གསལ་འདུག ཁང་གསར་གྱིས་བློ་སེང་གི་གླ་ཆ་ཧར་ཝཌ་གི་ཕྱི་ལོགས་ནས་ཡོངས་དགོས་པའི་རྒྱུ་མཚན་ལ་དྲང་བ་ནི་ Visiting Scholar ཞེས་པ་འདིའི་ཆ་རྐྱེན་ཡིན། འདི་ནི་གནས་གཉིས་པ་ཡིན། ཁང་གསར་གྱིས་བློ་སེང་གནས་རིམ་བཞི་བ་ཡིན་པའི་ senior research fellow ཙམ་ཡང་མིན་པར་གསུང་གི་ཡོད་ན་གནས་རིམ་གཉིས་པ་ཡིན་པའི་ Visiting Scholar ཡིན་པ་ག་ལ་སྲིད། དེས་ན་གནས་རིམ་གཉིས་པའི་གླ་ཆ་ཕྱི་ལོགས་ནས་ཡོང་དགོས་པ་ལུང་དྲངས་ནས་གནས་རིམ་དེ་ལས་དམའ་བ་རྣམས་ཀྱི་གླ་ཕོགས་ཀྱང་ཕྱི་ལོགས་ནས་འབྱུང་དགོས་པ་ཇི་ལྟར་སྒྲུབ།
ཡང་ཁང་གསར་གྱིས་བློ་སེང་གནས་རིམ་དྲུག་པ་ research fellow ཙམ་ཡིན་པ་ཁས་བླངས་ཡོད་ཅིང་། དེའི་སྒྲིག་གཞིའི་ནང་དུ་ཆ་རྐྱེན་བཞི་གསལ་ཞིང་དང་པོ་ལ་འདི་ལྟར་གསལ་འདུག A Research Fellows must be paid more than a nominal salary through Harvard. དེ་བོད་སྐད་དུ་བསྒྱུར་ནཿ ཀཿ ཉམས་ཞིབ་པ་ལ་ངེས་པར་དུ་གླ་ཆ་དཀྱུས་མ་ལས་མ་ཉུང་བར་ཧར་ཝཌ་བརྒྱུད་ནས་སྤྲོད་དགོས། ཞེས་པ་ཡིན། ཡིད་མ་ཆེས་ན་གཟིགས་པ་འཚལ། ད་སྐབས་ཁོང་visiting scholar གྱི་གྲས་སུ་ཡོད་ཁོང་གིས་གནང་བའི་དྲ་འབྲེལ་དེ་རང་ན་གསལ་བས་ senior research fellow ལས་གནས་རིམ་གཉིས་ཀྱིས་མཐོ་བ་ཡིན་པས་ཉམས་ཞིབ་པ་ཙམ་པོ་reseach fellow ཞིག་ལས་མིན་གསུང་པ་གང་དུ་སྐྱེལ་དགོས། ཁོང་གིས་འདི་ལྟར་ཉ་ཉོག་བསྲེས་ནས་མི་མང་མགོ་བོ་རྨོངས་ཐབས་གནང་འདུག)
ཅེས་བཤད་འདུག
དང་པོ། ཀུ་རེ་ཚུན་ལའང་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་པ་ཟེར་བ་དེ་ངས་བསམ་བློ་མང་པོ་བཏང་ནས་ཆེད་མངགས་བྲིས་བ་ཞིག་ཡིན། རྡོ་རྗེའི་ཚིག་ཡིན། ཁང་གསར་རྡོ་རྗེའི་ཚིག་ཡིན། འདི་ལ་རྒྱུ་མཚན་ཡང་ཡོད། རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད་ན། ཡིན་གཅིག་སྡུག་ག་གཅིག་ཡིན་དགོས་པའི་ཁྱབ་པ་ཅང་ཡོད་མ་རེད། རྒྱ་ནག་གི་ཨོ་བྷ་མ་ཙམ་མ་ཟད་དེ་ལས་ཀྱང་ཆེ་བའི་ཨོ་བྷ་མ་བྱེད་འདོད་པའང་ཡོང་ཆོག་པ་རེད། སྡུག་ཕྱོགས་ནས་དངོས་སུ་སྨྲ་རུང་བ་ཁ་ཤས་བཤད་ན། དང་པོ། ད་ཕན་བློ་སེང་གིས་ཤུགས་རྒྱག་ས་གཙོ་བོ་དེ་རྒྱ་མི་འབྲེལ་བ་བྱས་བསྡད་པ་ཡིན་ཟེར་གྱི་ཡོད་རེད། རྒྱ་མིའི་བསམ་བློ་ཕར་འགྱུར་བ་བཏང་ཐུབ་ཡོད་དམ་ཡང་ན་རྒྱ་མིས་བློ་སེང་གི་བསམ་བློ་ཚུར་བསྒྱུར་བ་བཏང་ཡོད། འདི་དྲི་བ་ཆེན་པོ་ཞིག་རེད། སྔོན་མ་ཨུ་རུ་སུ་སོགས་ཀྱིས་གྲང་དམག་གི་དུས་སྐབས་སུ་ཤེས་ཡོན་ཅན་དང་མཁས་པ་མངགས་ནས་གྲོགས་པོའི་ཟོལ་གྱིས་སྲིད་དོན་མི་སྣའི་བསམ་བློ་འགྱུར་བ་བཏང་བའི་དཔེ་མཚོན་ཡོད་པ་རེད། དེ་ཚོ་ཡང་དྲན་འོས། གཉིས་པ། བློ་སེང་གིས་བོད་མིས་ཇོ་ཁང་ནང་རྒྱ་བཟའ་ལ་ཕྱག་འཚལ་བའི་རྒྱུ་མཚན་གྱིས་བོད་པས་རྒྱ་ལ་འཁོན་སེམས་ཡོད་མ་རེད་ཟེར་བ་ཞིག་བཤད་ཀྱིན་ཡོད་པ་རེད། ཁོ་ཇོ་ཁང་ནང་འགྲོ་མྱོང་ཡོད་མ་རེད། ང་བོད་ནང་འཚར་བ་ཞིག་གིས་ཇོ་ཁང་ནང་བོད་པས་རྒྱ་བཟའ་ལ་ཕྱག་འཚལ་མིན་ཤེས་ཀྱིན་ཡོད་ལ། རྒྱ་ལ་འཁོན་སེམས་ཡོད་མེད་ཀྱང་ལོས་ཤེས། འདི་བློ་སེང་གི་བསམ་བློའི་མཚོན་རྟགས་ཤིག་རེད། གསུམ་པ། དོན་ཆུང་ཞིག་གི་ཆེད་དུ་རྒྱ་ནག་གི་ཕྱིར་སྡོད་རང་མིའི་ལག་ཁྱེར་བླངས་པ་རེད། བཞི་པ། བོད་ཀྱི་ ༡༩༥༩ གོང་གི་སྤྱི་ཚོགས་ལ་རྒྱ་ནག་གཞུང་གི་འགྲེལ་བཤད་ལྟར་ངོས་འཛིན་བྱེད་པ་འདི་ཚོ་ཡང་གནད་དོན་གཅིག་རེད། འདི་ཚོ་སྡུག་ཕྱོགས་ནས་རེད། བཟང་ཕྱོགས་ནས་ཀྱང་བཤད་རྒྱུ་ཡོང་གི་རེད། གང་ལྟར་འདི་ཆེས་འདུག་གསུངས་ནའང་གསུངས། ཆུངས་འདུག་ལབ་ནའང་ལབ། དེ་ཚོ་ཁྱེད་རང་ཚོས་ངའི་སྐད་ཅར་གོ་བ་ལེན་ཕྱོགས་ཤིག་རེད། ཡིན་ནའང་ཀུ་རེ་ཚུན་དུའང་ཞེས་པའི་ཐད་ལ་ང་རང་གི་རང་འགྲེལ་ད་དུང་བྱས་མེད།
གཉིས་པ། ངས་༼ རྒྱ་མི་ལ་འཇུ་ས་མེད་པ་ལ་འཇུ་ས་སྤྲོད་ཆེད་༽ཅེས་པ་ཞིག་རྩ་བ་ནས་བཤད་མེད་དྲན། གང་དུ་བཤད་པའི་ཁུངས་བསྟན་རྒྱུ་ཡོད་ན་སྟོན་རོགས།
གསུམ་པ་གླ་ཕོགས་ཀྱི་སྐོར་དེ་ཡིན།
༡) ངེད་གཉིས་ཀས། བློ་བཟང་སེང་གེ་ཉམས་ཞིབ་པ་(Research Fellow)ཡིན་པ་དང་། ཧ་ཝར་ཌིའི་གོང་གསལ་སྒྲིག་གཞི་ལྟར་ན། ཉམས་ཞིབ་པ་དང་ཉམས་ཞིབ་པ་རྒན་པ་གཉིས་ཀྱི་གླ་ཕོགས་དེ། ཧ་ཝར་ཌིས་གནང་གི་མེད་པར། “ཧར་ཝཌ་བརྒྱུད་ནས་སྤྲོད་དགོས།”པར་ཁས་ལེན་གྱི་ཡོད། ཁྱེད་རང་དབྱིན་ཇི་ཡག་པོ་ཤེས་མཁན་ཞིག་ཡིན་ན། ཧར་ཝ་ཌི་བརྒྱུད་ནས་སྤྲོད་དགོས་ཟེར་དུས། གླ་ཆ་དེ་ཧ་ཝར་ཌི་རང་གིས་གནང་གི་མེད་པར། གཞན་ཞིག་གིས་ཧ་ཝར་ཌི་བརྒྱུད་ནས་གནང་གི་ཡོད་པ་དེ་གསལ་པོ་གོ་གི་རེད། ཡིན་ནའང་ཁྱེད་རང་གིས་སོ་སོ་ལ་གནོད་བྱེད་དུ་འགྲོ་བའི་ཚིག་དེ་ང་ལ་ཚུར་དྲངས་ནས་རྩོད་པ་རྒྱག་གི་ཡོད་རེད། ངས་འདི་འདྲའི་མི་ཡ་མཚན་ཅན་མཐོང་མ་མྱོང་།
༢) དེ་ནས་མི་མཐུན་ས་དེ། བློ་བཟང་སེང་གེ་Visting scholar (སྐོར་སྐྱོད་མཁས་པ་)གྱི་སྡེ་ཚན་ནང་ཚུད་ཀི་ཡོད་མེད་དེ་རེད། ཁྱེད་རང་གིས་ཉམས་ཞིབ་པ་ཡིན་པའི་རྒྱུ་མཚན་གྱིས་སྐོར་སྐྱོད་མཁས་པ་མ་རེད་ཟེར་གྱི་ཡོད་རེད། ངས་སྐོར་སྐྱོད་མཁས་པ་རེད་ཟེར་གྱི་ཡོད། ངས་སྤྲད་པའི་དྲྭ་ཐག་དེ་ཚོར་ཁྱེད་རང་གིས་ཡག་པོ་བལྟས་ཡོད་ན། བློ་སེང་སྐོར་སྐྱོད་མཁས་པའི་སྡེ་ཚན་ནང་ཚུད་ཡོད་པ་དེར་དོགས་པ་ཡོང་དོན་མེད། དང་པོ། ཧ་ཝར་ཌིས་བློ་སེང་ལ་སྤྲད་པའི་རྒྱབ་གཉེར་ཡི་གེའི་ནང་(http://www.kalontripafortibet.org/Upload/Harvard%20Law%20School%20letter.jpg)ཁོང་སྐོར་སྐྱོད་མཁས་པའི་(Visting scholar)ཁོངས་ཡིན་པ་གསལ་པོ་བྲིས་འདུག ཡིད་མ་ཆེས་ན། དྲྭ་ཐག་རང་ལ་གཟིགས། གཉིས་པ། ད་ལྟ་བློ་སེང་གི་མིང་དེ་ཧ་ཝར་ཌིའི་དྲ་རྒྱའི་སྐོར་སྐྱོད་མཁས་པའི་མིང་གཞུང་ནང་བཞག་ཡོད།( http://www.law.harvard.edu/programs/eals/visitingscholars.html) གསུམ་པ། ཉམས་ཞིབ་པའི་སྒྲིག་གཞིའི་དོན་དག་ཁྱེད་རང་གིས་བསྒྱུར་བ་དེའི་ནང་། གླ་ཕོགས་ཧ་ཝར་ཌི་བརྒྱུད་ནས་སྤྲོད་དགོས་པ་གསལ་ཡོད། དབྱིན་སྐད་ཕར་བཞག ཁྱེད་རང་གིས་བསྒྱུར་བའི་བོད་སྐད་རང་ལ་ཆ་བཞག་ནའང་། ཧ་ཝར་ཌི་བརྒྱུད་ནས་སྤྲོད་དགོས་ཟེར་དུས་སྤྲོད་མཁན་ཧ་ཝར་ཌི་མིན་པ་གསལ་པོ་རྟོགས་ཀི་རེད། བཞི་པ། བློ་སེང་སྐོར་སྐྱོད་མཁས་པའི་ཁོངས་གཏོགས་ཡིན་པ། ཧ་ཝར་ཌི་རང་གི་རྒྱབ་གཉེར་ཡི་གེར་གསལ་ཡོད་ལ། སྒྲིག་གཞིའི་ནང་དུའང་ཧ་ཝར་ཌི་བརྒྱུད་ནས་གཞན་ཞིག་གིས་གླ་ཕོགས་སྤྲོད་དགོས་གསལ་བཅས་ཀྱིས་ངས་བློ་སེང་གི་གླ་ཕོགས་དེ་ཧ་ཝར་ཌིས་གནང་གི་མེད་པར་ཕྱི་ནས་གནང་གི་ཡོད་པར་བཤད་པ་ཡིན།
མདོར་ན། བློ་སེང་གིས་ཁོ་རང་གི་གནམ་གླ་སོགས་ཧ་ཝར་ཌིས་གནང་གི་ཡོད་ཚུལ་བཤད་(དྲྭ་ཐག་འདི་ལ་གཟིགས། http://sites.google.com/site/tibetanpoliticalreview/project-updates/wheredoesthemoneycomefromwhytibetandemocracyneedscampaignfinancetransparency)ཅིང་། ང་ལ་སོགས་པས་དེ་ཚོ་ཧ་ཝར་ཌིས་གནང་གི་ཡོད་མ་རེད་ཅེས་བཤད་ཡོད། འོན་ཀྱང་ང་ཚོས་གླ་ཕོགས་དེ་རྒྱ་གཞུང་གིས་སྤྲད་པ་རེད་ཅེས་རྩ་བ་ནས་བཤད་མེད་ལ་དྲན་མ་མྱོང་། དེ་འདྲ་མ་བཤད་བཞིན་དུ་བཤད་འདུག་སྙམ་པའི་དོགས་པ་བྱེད་མཁན་དེ་ཁྱེད་རང་རེད།
གནད་དོན་འདིའི་ཐད་ཤེས་ཡོན་ཅན་ཁག་ཅིག་གིས་གནས་ཚུལ་གསལ་པོ་བཟོ་རོགས་ཞེས་བློ་སེང་ལ་ཡི་གེ་བཏང་ཡང་། བློ་སེང་གིས་ད་བར་ལན་བཏབ་མེད། མདོར་ན། གནད་དོན་འདིའི་སྐོར་དབྱིན་ཡིག་ནང་རྒྱ་གྲགས་བོད་གྲགས་ཀྱི་རྩོམ་ཡིག་ཅིག་སྤེལ་ཟིན་པ་རེད། ཁྱེད་རང་གིས་དེ་ལ་གཅིག་གཟིགས་ན་ཡག་པོ་ཡོད་རེད། http://sites.google.com/site/tibetanpoliticalreview/project-updates/whataretheydoingnowalookatthekalontripacandidates%E2%80%99currentjobspart3of3-sangay
དེ་ནས་ཁང་གསར་གྱི་ཀུན་སློང་འཆུགས་འདུག་ཅེས་པ་དེ་ལ་ལན་གང་ཡང་ཞུ་གི་མིན།
དེ་ནས་འཇམ་ཚུལ་གྱིས། ཁང་གསར་གྱིས་མགོ་རྨོངས་ཐབས་བྱེད་པའི་དཔེ་མཚོན་དུ། (ཟམ་གདོང་སོགས་དམིགས་བསལ་རེ་ཟུང་ཕུད་དེ་མིན་མཁས་པ་ཡིན་ན་སྲིད་དོན་པ་མིན་དགོས་ལ་སྲིད་དོན་པ་ཡིན་ན་མཁས་པ་མིན་དགོས། གང་ལགས་ཤེ་ན་མཁས་པས་རིག་པ་དང་ལུང་གི་རྗེས་སུ་འགྲོ་ལྡོག་བྱེད་ལ་སྲིད་དོན་པས་མང་ཚོགས་ཀྱི་མངོན་འདོད་དང་ཚོར་སྣང་གི་རྗེས་སུ་འགྲོ་ལྡོག་བྱེད། དེའི་ནང་དུ་གཅིག་གིས་གཅིག་ལ་འགལ་ཟླ་སྦྱིན་པའི་དབང་གིས་རེད། བློ་སེང་ད་བར་དུ་མཁས་པའི་གྲལ་དུ་ཡོད་ཅིང་ཁྱེད་ཀྱིས་འགལ་ཟླར་སྒྲུབ་ཐབས་བྱེད་པ་རྣམས་ཁོང་གིས་ད་སྔོན་མཁས་པ་ཞིག་གི་ངོས་ནས་བྲིས་པ་དང་། ད་ལྟ་ཆབ་སྲིད་པ་ཞིག་གི་ངོས་ནས་བཤད་པ་གཉིས་ཀྱི་བར་རེད། གལ་སྲིད་ཁྱེད་རང་ཡོན་ཏན་པ་ཞིག་ཡིན་ན་འདི་ལྟར་བྱེད་མི་འོས། གང་ལགས་ཤེ་ནཿ བལྟ་བ་དང་སྤྱོད་པ་ཡོངས་སུ་མཐུན་པའི་མི་ནི་རིགས་གཉིས་ཡིན། གཅིག་ནི་འཛམ་གླིང་དཀོན་པའི་རླབས་ཆེན་གྱི་མི་སྣ་རྣམས་རེད། གཞན་དེ་ནི་དྲན་ཚད་ལག་ཏུ་ལེན་པའི་ཅོལ་ཆུང་གི་མི་རྣམས་རེད། སྐབས་རེ་ང་ཚོས་ཕྱི་མ་འདི་ལ་སྨྱོན་པའི་ཐ་སྙད་ཀྱང་སྦྱོར། ཁྱེད་ཀྱིས་གནད་དོན་འདི་མ་མཁྱེན་པ་ག་ལ་ཡིན། རྐང་བཙུག་ནས་མང་ཚོགས་མགོ་བོ་རྨོངས་ཐབས་སུ་བྲིས་པར་སྣང་། བལྟ་བ་དང་སྤྱོད་པ་རྣམ་པ་ཀུན་དུ་གཅིག་པའི་མི་དཀོན་པོ་ཡིན་པས་ངས་འདི་ལ་བསམ་ཤེས་ཙམ་བྱེད་ཐུབ་ཀྱི་འདུག
ལྷག་པར་དུ་ཁོང་གིས་༧གོང་ས་མཆོག་གིས་དབང་ཆ་རྩིས་སྤྲོད་དགོས་ཚུལ་བྲིས་པ་དེ་ནི་སྔོན་མ་ཁོང་མཁས་པའི་མིང་འཛིན་པའི་སྐབས་སུ་རིག་པའི་རྗེས་སུ་འབྲངས་ནས་བྲིས་པ་དང་། ད་སྐབས་༧གོང་ས་མཆོག་གི་དབུ་ཁྲིད་དགོས་པར་གསུང་པ་ནི་ཁོང་ཆབ་སྲིད་པ་ཞིག་གི་ངོས་ནས་མང་ཚོགས་ཀྱི་བསམ་བློ་ལ་དང་ལྷག་པར་དུ་རང་ཉིད་བཀའ་ཁྲི་བྱེད་སྐབས་ཀྱི་དགོས་མཁོ་ལ་བསྟུན་ནས་བཤད་པ་ཡིན་སྲིད། ལག་ལེན་དང་བལྟ་གྲུབ་མཉམ་དུ་འགྲོ་བ་ག་དུས་ཡིན་རུང་དཀའ་ཙམ་ཡོད་པ་ཞལ་བཞེས་གནང་རོགས། )ཞེས་བཤད་འདུག ངས་འདི་ལ་རྩོད་པ་རྒྱག་དགོས་དོན་མི་འདུག གང་ཡིན་ཟེར་ན། ཁྱེད་རང་གིས་འགྲེལ་བཤད་སྙིང་རྗེ་མོ་ག་ཚོད་བརྒྱབ་ནའང་། འགྲེལ་བཤད་འདིའིོ་དོན་དག་བབས་ས་ནི། བློ་བཟང་སེང་གེ་ནི་ཁ་ཞེ་གཉིས་མི་མཚུངས་པ་དང་། སྔ་ཚིག་དང་ཕྱི་ཚིག་འགལ་མཁན་ཞིག་ཡིན་པ་དེ་ཁྱེད་རང་གིས་མོས་མཐུན་བྱས་པ་རེད། ཕ་གསོད་མཁན་གྱི་བུ་ལ་རྒྱུ་མཚན་བཤད་རྒྱུ་ཡོད་པ་ནང་བཞིན་བློ་སེང་གནས་སྟངས་འདི་འདྲ་ཞིག་ཏུ་གྱུར་བར་རྒྱུ་མཚན་ལོས་ཡོད། རྒྱུ་མཚན་ཁྱེད་རང་གིས་བཤད་པ་དེ་ནང་བཞིན་ཡིན་སྲིད་ལ། གཞན་དག་ཅིག་ཀྱང་ཡིན་སྲིད། གང་ཡིན་ཟེར་ན། བློ་སེང་གི་ལོ་རྒྱུས་ལ་བལྟས་ན། ཁོང་སྔོན་ལ་སྲིད་དོན་པར་གྱུར་བ་དང་དེ་རྗེས་མཁས་པའི་ལམ་དུ་འགྲོ་གྲབས་བྱས་པ་རེད། ད་ཆ་སྲིད་དོན་པའི་ལམ་དུ་ཤུགས་ཆེན་པོས་ཞུགས་བཞིན་པ་རེད། གོ་རིམ་འདི་སེམས་ལ་ངེས་ན་ཅུང་ཟད་གསལ་བོ་ཆགས་རྒྱུར་ཕན་ངེས་རེད། འོན་ཀྱང་རྒྱུ་མཚན་ག་རེ་ཡིན་མིན་ལ་ངས་འགྲེལ་བཤད་ཅི་ཡང་བྱས་མེད། ངས་ནི་ད་ལྟ་བློ་སེང་གིས་ཤུགས་ཆེན་པོས་༸རྒྱལ་བ་རིན་པོ་ཆེས་ཆབ་སྲིད་མཛད་འགན་བཞེས་དགོས། ཁོང་ཙམ་མ་ཟད་ཁོང་གི་ཡང་སྲིད་ཀྱིས་ཀྱང་ཆབ་སྲིད་ཀྱི་མཛད་འགན་བཞེས་དགོས་ཞེས་ཤོད་བཞིན་པ་དེའི་ལྡོག་ཕྱོགས་ཏག་ཏག་ཅིག བློ་སེང་གིས་སྔོན་ཆད་དང་བླངས་ཐོག་འབྲི་མྱོང་བ་རེད་ཅེས་མང་ཚོགས་ལ་དཔྱད་གཞིར་ཕུལ་ཞིང་། དེ་ནི་རང་ཅག་ཚང་མ་མ་རྨོངས་པའི་ཆེད་དུ་ལས་རྨོངས་ཐབས་མིན། འོན་ཀྱང་གནད་དོན་འདི་ཚོ་མཐོང་རུང་མ་མཐོང་མདོག་མདོག་བྱེད་པའམ། སྦས་ནས་འཇོག་པ། གནད་དོན་འདི་ཚོ་ཐེར་འདོན་བྱེད་མཁན་ལ་སྙོན་འཛུགས་བྱེད་མཁན་ནི་ངས་བལྟས་ན། དོན་དམ་དུ་མང་ཚོགས་རྨོངས་ཐབས་བྱེད་མཁན་དེ་རེད་སྙམ།
ཡང་འཇམ་ཚུལ་གྱིས་ངས་ཧམ་པ་བཤད་པའི་སྒྲུབ་བྱེད་དུ་(ཁོང་གིས་བློ་སེང་ཧར་ཝཌ་ནང་དུ་གཏན་འཇག་པ་མིན་སྒྲུབ་ཆེད་དུ་དྲ་འབྲེལ་ཞིག་བསྟན་ནས་དེའི་ནང་དུ་བློ་སེང་ཧརཝཌ་ནས་ལ་གཏན་འཇག་གི་ལས་མེད་ཅེས་བྲིས་འདུག་ཅེས་ཁང་གསར་གྱིས་ཧམ་པ་གསུང་སོང་། དེའི་ནང་དུ་་་ཞེས་བྲིས་འདུག་ཅིང་དེ་བོད་སྒྱུར་ཞུས་ན་འདི་ལྟར་རེད། ཁོང་གིས་འདི་ཧ་ལམ་དམའ་མཐར་ཡང་བོད་ཡིག་མ་གཏོགས་མི་མཁྱེན་མཁན་རྣམས་ཀྱིས་བདེན་པར་འཛིན་པའི་རེ་བ་བཞག་རེད་དམ་སྙམ།)ཞེས་གོ་རྒྱུ་ཅི་ཡང་མེད་པ་ཞིག་བྲིས་འདུག
བློ་སེང་གི་ལས་ཀ་གཏན་འཇགས་མིན་པ་ནི་ཧ་ཅང་གསལ་པོ་རེད། ཉམས་ཞིབ་པའི་སྒྲིག་གཞིའི་ནང་། Appointments to all ranks, except Senior Research Fellow, shall be made for periods not to exceed twelve months. It is understood that no commitment may be assumed beyond the term stated in the written notice of appointment.ཞེས་ལས་ཀ་དེ་ཟླ་བ་བཅུ་གཉིས་ཀྱི་དུས་བཀག་ཅན་གྱི་ལས་ཀ་ཞིག་ཡིན་པ་ཧ་ཅང་གསལ་པོ་བྲིས་ཡོད། དེ་གའི་འོག་གི་དོན་ཚན་གཅིག་ཏུ་ ll holders of research appointments are considered to be employed on a twelve-month basis, and thus entitled to a one-month vacation but not to additional compensation for teaching or research during the summer months.ཞེས་བསྐོ་བཞག་གི་དུས་ཡུན་དེ་ཟླ་བ་ ༡༢ ཡིན་པ་གསལ་འདུག དོན་ཚན་གཞན་ཁག་གི་ནང་། དུས་ཚོད་རྫོགས་རྗེས་ཡང་བསྐྱར་སྙན་ཞུ་ཕུལ་ན། མུ་མཐུད་ལོ་གཅིག་རེ་བསྐྱར་དུ་རིམ་ཅན་དུ་བསྐོ་བཞག་བྱས་ཏེ་མང་མཐའ་ཁྱོན་ལོ་ལྔ་ལས་མི་བརྒལ་བ་ཞིག་བསྐོས་ཆོག་པ་གསལ་འདུག
གཏན་འཇགས་ལས་གནས་སློབ་དཔོན་ལྟ་བུར་ལྟོས་དང་། བློ་སེང་གི་ལས་གནས་འདི་འཕྲལ་སེལ་ཡིན་པ་མཐོང་ཐུབ། འོན་ཀྱང་༡) བློ་བཟང་སེང་གེས་མི་ནི་སུ་ཊར་གཏམ་བཤད་བྱེད་སྐབས། (གློག་བརྙན་འདི་ལ་གཟིགས། http://www.youtube.com/watch?feature=player_embedded&v=tKWrE6U_poQ) ང་བཀའ་ཁྲིར་བདམས་ན། ཧ་ཝར་ཌི་གཙུག་ལག་སློབ་གྲྭ་ནས་ལོ་ལྔ་དགོངས་པ་ཞུས་ཆོག་གི་ཡོད་ཚུལ་བཤད་པ་མ་ཟད། ཤིན་ཏུ་སྙན་གྲགས་ཆེ་བའི་སློབ་དཔོན་ཆེན་མོ་ Professor Roberto Unger ལགས་ལའང་བློན་ཆེན་གྱི་ལས་གནས་ཐོབ་དུས་ཧ་ཝར་ཌི་ནས་ལོ་ལྔ་དགོངས་པ་རག་པ་རེད་ཅེས་བཤད་ཡོད། (དོན་དངོས་སུ་སློབ་དཔོན་ཁོང་ལའང་དགོངས་པ་ལོ་ ༢ ལ་ཐོབ་མེད། ཁོང་གིས་ཕར་འགྱངས་ཞུ་དུས་ཧ་ཝར་ཌིས་ཁས་ལེན་བྱས་མེད།)
གོང་གི་སྒྲིག་གཞིར་གཞིགས་ན། ཧ་ཝར་ཌིའི་ནང་ཉམས་ཞིབ་པ་བསྐོ་བཞག་ནི་ལོ་གཅིག་གི་དུས་ཡུན་ཅན་ཞིག་ཡིན་པ་དང་། དེ་ནས་ཕར་འགྱངས་ཞུས་ན། ལོ་གཅིག་རེ་གཅིག་རེ་བསྐོས་ཏེ་མང་མཐའ་ལོ་ལྔ་བསྐོས་ཆོག་པ་དེ་རེད། འདི་ནས་ག་རེ་གསལ་པོ་ཆགས་པ་རེད། བློ་སེང་གི་ཧ་ཝར་ཌིའི་ལས་ཀ་དེ། ལོ་རེ་ལ་འཕར་འགྱངས་བྱ་དགོས་བ་ཞིག་ཡིན་པ་ལས། ཁོ་རང་གིས་བཤད་པ་ལྟར། ལོ་ལྔ་དགོངས་པ་ཞུས་ཏེ་ཡང་བསྐྱར་འཛུལ་ཆོག་ཆོག་གི་གཏན་འཇགས་དེ་འདྲ་མ་རེད། ལྷག་པར་དུ་བློ་སེང་གིས་དཔེ་མཚོན་དུ་བཞག་པའི་སློབ་དཔོན་ཆེན་མོ་ Professor Roberto Unger ལའང་ལོ་ལྔའི་དགོངས་པ་རག་མེད་པར། ལོ་གཉིས་ཀྱི་རྗེས་ནས་སློབ་གྲྭར་ལོག་དགོས་བྱུང་ཡོད། མདོར་ན་དཔེ་དོན་གཉིས་ཀ་རྫུན་མ་རེད།
ལོ་གསར་ལ་གྲོགས་པོ་ཚོ་ཐུག སེམས་པ་སྐྱིད་པོ་བྱས་ལོག་ཡོང་སྟེ་འདི་ལ་བལྟ་སྐབས། འཇམ་དཔལ་ཚུལ་ཁྲིམས་ཀྱིས་སྐད་ཆ་བཤད་སྟངས་དང་དེའི་དོན་དག་གཉིས་ཀས་རྦད་དེ་ཉོབ་སོང་། ད་ཁྱེད་དང་བགྲོ་གླེང་བྱེད་འདོད་མི་འདུག་སྟེ། མཐའ་མའི་ལན་འདེབས་ཤིག་མ་བྱས་རང་བྱས་རེད།
ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བཤད་པ་རྣམས་ལ་ལན་བཏབ་པ་གཤམ་གསལ།
X X X X X X X X X X X X X X X X X X X X X X X X X
འཇམ་ཚུལ་གྱིས།
(བློ་སེང་གིས་འཇམ་ནོར་སོགས་ཀྱིས་ཤོག་དཀར་བླངས་བར་ཚིག་ཐག་བཅད་ནས་བཤད་མེད་པ་ཁོ་བོས་ཁ་བརྡའི་ནང་གི་༼བློ་བཟང་སེང་གེ་དང་ཕྱིར་སྡོད་རྒྱ་མའི་མཐོང་མཆན་ལག་འཁྱེར་།༽ ཞེས་པ་ལ་བཏབ་པའི་ཁོ་བོས་མཆན་༡༢༣་༡༢༤་སོགས་ལ་གསལ་བོར་བསྒྲུབས་ཡོད། འོན་ཀྱང་ད་དུང་དེ་ལྟར་བཤད་སོང་ཞེས་པ་ལ་འགྱུར་བ་མེད་ཅེས་ཁང་གསར་གྱིས་མངོན་སུམ་ལ་སྙོན་སོང་།) ཞེས་བཤད་འདུག
ངས་མཆན་འགོད་ས་དེ་མཁྱེན་ལྡན་རབ་གསལ་གྱི་རྩོམ་ཡིག་བློ་བཟང་སེང་གེ་རྒྱ་ནག་ལ་ཕྱིན་པ་ཞེས་པའི་མཇུག་དེར་རེད། རབ་གསལ་གྱི་རྩོམ་དེ་དུས་བབ་ཏུ་བཀོད་ཡོད་ལ། ཁ་བརྡའི་ཐོག་ལའང་བཀོད་ཡོད་པ་རེད། ངའི་མཆན་དེ་ཡང་དེ་གཉིས་ཀའི་མཇུག་ཏུ་བཀོད་ཡོད། འོན་ཀྱང་ད་ལྟ་འཇམ་ཚུལ་གྱིས་ངའི་མཆན་ལ་དགག་སྒྲུབ་བྱེད་ས་དེ། ངས་མཆན་འགོད་རྒྱུ་ལྟ་ཅི་ལྟ་ཙམ་ཡང་བྱ་རྒྱུ་མ་བྱུང་བའི་རྩོམ་བློ་བཟང་སེང་གེ་དང་ཕྱི་སྡོད་རྒྱ་མིའི་མཐོང་མཆན་ལག་ཁྱེར་(བློ་སྐྱིད་ཚང་ཟླ་བས་བྲིས་པ་)ཟེར་བ་དེ་རེད། མ་འོངས་པར་ང་ལ་བགྲོ་གླེང་བྱེད་ཀི་ཡོད་ན། ངས་མཆན་བཀོད་སའི་རྩོམ་དེ་གའི་མཇུག་ཏུ་ཁྱེད་ཀྱི་མཆན་བཀོད་དེ་བགྲོ་གླེང་བྱས་ན་ཡག་གི་རེད། ཁྱེད་རང་གི་བྱེད་སྟངས་དེ་ནི། ཚོགས་ཁང་ཀ་པའི་ནང་ངས་སྐད་ཆ་བཤད་པ་དེར་དགག་ལན་ཐད་ཀར་མ་བྱས་བར། ང་མེད་སའི་ཚོགས་ཁང་ཁ་པའི་ནང་སོང་ནས། ཁང་གསར་རྡོ་རྗེ་འཁྱོག་འདུག་ཅེས་བཤད་པ་འདྲ་བོ་རེད།
ད་དོན་དག་གི་ཐོག་ལ་བབས་ན། ཁྱེད་རང་གིས་ཁ་བརྡའི་ཐོག་གི་རྩོམ་ བློ་བཟང་སེང་གེ་དང་ཕྱི་སྡོད་རྒྱ་མིའི་མཐོང་མཆན་ལག་ཁྱེར་ཞེས་པ་དེའི་མཇུག་ཏུ་འདི་ལྟར་བྲིས་འདུག ༼ ”ད་ངས་དྲན་གྱི་མི་འདུག འཇམ་དབྱངས་ནོར་བུ་ལགས་དང་ལྷ་སངས་ཚེ་རིང་ལགས་ཁོང་ཚོ་བོད་ལ་ཕེབས་པ་རེད།” ཅེས་གསུང་ཡོད་རེད། “ད་ངས་དྲན་གྱི་མི་འདུག” ཅེས་པའི་ཚིག་དུམ་འདི་ལ་ཁ་སྐད་ཀྱི་ནང་དུ་ནང་དོན་གང་ལེན་རྒྱུ་ཡོད། འདི་གོ་རིམ་དང་བརྡ་ཁྲིམས་ལ་གཙོ་བོར་གཟབ་པའི་རྩོམ་ཡིག་མ་རེད། གོ་རིམ་བརྡ་ཁྲིམས་གཟབ་གཟབ་མ་བྱས་པའི་ཁ་སྐད་རེད། ཁ་སྐད་ཀྱི་ནང་དུ་དེའི་ནང་དོན་ཞིག་ལེན་རྒྱུ་མེད་ན་དེ་བར་དེར་བཅུག་པའི་དགོས་ པ་མེད་པ་རེད། འཇུག་རྒྱུ་ཡང་མིན་དྲན། འོ་ན་ནང་དོན་གང་ལེན་ཡོད་ཅེ་ནཿ “ད་ངས་དྲན་གྱི་མི་འདུག”་ཅེས་པ་འདིས་དེའི་འོག་དེ་མ་ཐག་ཏུ་བྱུང་བའི་ཚིག་དུམ་”འཇམ་དབྱངས་ནོར་བུ་ལགས་དང་ལྷ་སངས་ཚེ་རིང་ལགས་ཁོང་ཚོ་བོད་ལ་ཕེབས་པ་རེད་” བསམ་མོད་གཏན་གཏན་ང་ལ་བཤད་རྒྱུ་མེད།” ཅེས་པའི་དོན་ཁོ་ན་རེད། དེ་མ་གཏོགས་ “ངས་དྲན་གྱི་མི་འདུག”་ ཅེས་པའི་ཚིག་དུམ་དེ་སྐད་ཆ་དེའི་བར་དུ་གློ་བུར་དུ་འཛུལ་དོན་ཡེ་ནས་མེད། གནད་དོན་འདི་འདྲ་ཞིག་ནི་ ཁྱེད་བོད་ཡིག་དང་བོད་སྐད་ལ་བྱང་ཆུབ་པ་ཞིག་གིས་ཤེས་ཐུབ་པ་ཞིག་རེད་སྙམ། འོན་ཀྱང་སྐྱར་དུ་ཞུ་རྒྱུ་ཞིག་ལ་ཅི་སྟེ་ཁྱེད་ཐུགས་རྣལ་དུ་མ་བབས་བར་དུ་གནད་དོན་འདི་ལ་འདི་ལྟར་གོ་བ་ལེན་མི་ཐུབ་ལ་འདི་ལྟར་བསམ་ཤེས་བྱེད་མི་ཐུབ་པ་ཡིན་སྙམ། མདོར་ན་”ད་ངས་དྲན་གྱི་མི་འདུག”ཅེས་པ་འདི་”འཇམ་དབྱངས་ནོར་བུ་ལགས་དང་ལྷ་སངས་ཚེ་རིང་ལགས་ཁོང་ཚོ་བོད་ལ་ཕེབས་པ་རེད།”ཅེས་པའི་ཚིག་དུམ་འདིའི་མགོ་ལ་འཇོག་རྒྱུའི་ཚབ་ཏུ་མཇུག་ཏུ་བཞག་ནས་”འཇམ་དབྱངས་ནོར་བུ་ལགས་དང་ལྷ་སངས་ཚེ་རིང་ལགས་ཁོང་ཚོ་བོད་ལ་ཕེབས་པ་རེད་(མ་རེད་)་ད་ངས་(གསལ་བོ་)་དྲན་གྱི་མི་འདུག”་ཀྱང་གལ་སྲིད་ཕེབས་ཡོད་ན་་་”ཞེས་ པའི་དོན་དུ་འགྲེལ་དུ་མི་གཏུབ་པ་ཅི་འདུག སྨྲ་བ་བོ་རང་ཉིད་ཀྱི་བསམ་བློ་ངོ་མ་འདི་ཡིན་པའི་སྲིད་པ་ཧ་ཅང་ཆེ། གང་ལྟར་ཁ་སྐད་ཀྱི་ནང་དུ་གོ་རིམ་ཚུལ་བཞིན་མ་བྱུང་བ་འདི་འདྲ་ཞིག་འབྱུང་སྲིད་ པ་ཡང་བསམ་ཤེས་མ་ཐུབ་ན་ཁྱེད་ཅག་རྟོག་གེ་མགོ་མཁྲེགས་ཞེས་པ་གཞུང་ལུགས་ལས་ལག་ལེན་ཡེ་ནས་ཁས་མི་ལེན་མཁན་དུ་འགྱུར་། ད་འགའ་རེས་ངས་ཁོང་གི་བློ་ སེང་གི་སྐད་ཆར་བཟོ་བཅོས་བྱས་པའི་བརྙད་འདོག་སྲིད་མོད་འདི་ལྟར་འགྲེལ་ན་རིགས་ལམ་དང་མི་མཐུན་པ་ཞིག་རེ་མི་འདུག་ཞུ་བ་ཡིན། འདི་ལྟར་འགྲེལ་རྒྱུ་དོན་དུ་ཡང་ཡིན་པར་སྣང་ངོ་།༽ཞེས་
བཤད་འདུག སྐད་ཆ་འདི་ངས་མངོན་སུམ་ལ་སྙོན་གྱི་འདུག་ཟེར་བའི་རྒྱུ་མཚན་རེད། ཡིན་ནའང་ངས་བལྟས་ན། ཚིག་རྩོད་དེ་ལ་སྙིང་པོ་ཞེ་དྲག་མཐོང་མ་སོང་སྟེ། ཁྱེད་རང་གིས་ཨུ་ཚུགས་ཀྱིས་བློ་སེང་གི་སྐད་ཆར་བློ་སེང་རང་གིས་རང་འགྲེལ་བྱས་བ་ལས་ལྷག་ཅིག་འགྲེལ་ཁུལ་བྱས་ཡོང་དུས་ད་ངས་ཀྱང་བསམ་ཚུལ་ཞིག་བཤད་ཀི་ཡིན།
ཕྱོགས་ཡོངས་ནས་བསམས་ན། ངས་དྲན་གྱི་མི་འདུག་ཅེས་པ་དེ་ཁྱེད་རང་གིས་འགྲེལ་བཤད་བྱས་བ་དེའི་ལྡོག་ཕྱོགས་ཏག་ཏག་ཡིན་སྲིད་པ་རེད།
༡) བློ་སེང་རྒྱ་ནག་ལ་སོང་བའི་གནད་དོན་དེ་བློ་སེང་བཀའ་ཁྲིར་ལངས་མ་ཐག་ཙམ་ནས་བྱུང་ཟིན་པ་ཞིག་རེད། དྲི་བ་དེ་ལ་ལན་འདེབས་ཕྱོགས་ལ་བློ་སེང་གིས་གྲ་སྒྲིག་ནན་ཏན་ཞིག་བྱས་ཡོད། ཟམ་གདོང་རིན་པོ་ཆེ་ལ་དྲི་བ་དྲིས་པ་དེ་ཡང་རིན་པོ་ཆེ་བེད་སྤྱོད་བཏང་བ་ཞིག་ཡིན་སྲིད།
དེ་ནས་ཀྲུང་གོའི་ཕྱི་སྡོད་རང་མིའི་ལག་ཁྱེར་གྱི་གནད་དོན་དེ་ཡང་བུ་མོ་ཟླ་བས་དེ་སྔོན་ནས་ཚ་འདྲི་བྱས་ཟིན་པ་ཞིག་རེད། དེར་བརྟེན་དེ་ལ་ལན་འདེབས་ཕྱོགས་ཐད་ལའང་བློ་སེང་དང་བློ་སེང་གི་སློབ་སྟོན་པ་ཚོས་གྲོས་བསྡུར་ཞིབ་ཕྲ་བྱས་ཡོད་ངེས་བ་རེད། ཁོ་རང་གི་ངོས་ནས་ཀྱང་བསམ་གཞིགས་ཟབ་ནན་ལོས་བྱེད།
ཐེངས་འདིར་ལན་འདེབས་བྱེད་སྐབས། འཇམ་ནོར་སོགས་ཀྱི་མིང་བཏོན་པ་དེ་ཡང་སྟེས་དབང་དང་ལྷོད་གཡེང་གིས་བྱུང་བ་ཞིག་ཡིན་དཀའ་བ་རེད། རྒྱུ་མཚན་ནི། མིང་འདོན་བྱས་བའི་འཇམ་ནོར་གྱིས་བློ་སེང་ལ་དགག་རྩོམ་སྤེལ་བ་དང་། ལྷ་བཟང་ཚེ་རིང་གིས་ཡི་གེ་བཏང་སྟེ། བློ་སེང་གི་རྒྱ་ནག་གི་ཨོ་བྷ་མ་བྱེད་རྒྱུའི་ཀུ་རེ་དེ་ལ་ཚ་འདྲི་བྱས་བ་དེས་གཞོན་སྐྱེས་ཚོའི་སེམས་ནང་བག་ཆགས་ཤུགས་ཆེ་ཙམ་བཞག་ཡོད། དེར་བརྟེན་ད་རེས་ཁོང་གཉིས་ཀྱི་མིང་བཏོན་ཏེ་ཁོང་གཉིས་ཁ་ནས་རང་བཙན་ཟེར་བ་ལས་དོན་ངོ་མའི་རང་བཙན་འཐབ་རྩོད་པ་མིན་པར་རྒྱའི་ཕྱི་སྡོད་མི་སེར་གྱི་ལག་ཁྱེར་བཟུང་བའི་རྣམ་པ་བསྐྲུན་པ་ཡིན་སྲིད། ནོར་ས་ནི། བློ་སེང་གི་སློབ་སྟོན་པ་ཚོས་འཇམ་ནོར་དང་ལྷ་བཟང་ཚེ་རིང་ལ་རྒྱའི་མགྲོན་ཤོག་ཅིག་འབྱོར་བ་ཤེས་པ་ལས་དངོས་གནས་ལག་ཁྱེར་དེ་བཀོལ་ནས་ཕྱིན་ཡོད་མེད་ཀྱི་དོན་དངོས་གནས་ཚུལ་མ་ཤེས་པའི་ཐོག་ཏུ། ནམ་རྒྱུན་བཞིན་བོད་བ་ཚོས་ཁོའི་ཆོབ་ལ་ཐེངས་གཅིག་ཉན། ལག་པ་བརྡབ། དེ་ནས་ལོག དེ་ནས་ཡོངས་སུ་བརྗེད་འགྲོ་གི་རེད་དྲན་པ་མ་གཏོགས། འདི་ཚོ་སྒྲ་འཇུག་བྱས་བ་དང་གློག་བརྙན་ལ་ཕབ་པ། དེ་ནས་དྲ་ཐོག་ནས་འགྲེམས་ཀི་ཡོད་པ་དེ་ཚོ་ཚོད་ཐིག་ཡོད་མ་རེད། ཚོད་ཐིག་ན། དྲི་བ་འདྲི་མཁན་ལ་ཁྱད་གསོད་དང་མཐོང་ཆུང་གི་བཤད་སྟངས་དེ་ཚོ་ཡོང་སྲིད་ཀི་མ་རེད།
༢) སྐད་ཆའི་གོ་རིམ་རང་གི་དབང་དུ་བྱས་ན། སྐུ་ཚབ་ཚོའི་སྐོར་སོགས་བཤད་རྗེས། ངས་མི་དྲན་ཟེར་བ་དེ་ལབ། དེ་ནས་འཇམ་ནོར་སོགས་ཀྱི་མིང་སྨྲོས་ཏེ་ཁོང་ཚོ་ཡང་སོང་ཚུལ་བཤད་པ་རེད། གོ་རིམ་དེ་ག་རང་གི་ཐོག་ནས་བལྟས་ན། ངས་གསལ་པོ་མི་དྲན་ཟེར་བ་དེ། སྐུ་ཚབ་ཚོ་ལ་བཤད་པ་ཡིན་སྲིད། གང་ཡིན་ཟེར་ན། དྲི་བ་འདྲི་མཁན་གྱིས་སྐུ་ཚབ་ཚོའི་གནད་དོན་དེ་གླེང་ཚར་བ་རེད། གོ་རིམ་དེའི་དབང་དུ་བྱས་ན། ལག་དེབ་སེར་པོ་ཅན་གྱི་སྐུ་ཚབ་ཁོངས་མི་ཚོ་དེ་ལྟར་རྒྱའི་ལག་འཁྱེར་བཟུང་ནས་སོང་བ་ཡིན་ས་ཡོད། དེ་གསལ་པོ་དྲན་གྱི་མི་འདུག་ཀྱང་། འཇམ་ནོར་དང་ལྷ་སངས་ཚེ་རིང་དེ་ལྟར་སོང་བ་རེད། ཅེས་གཏན་འཁེལ་ནས་འགྲེལ་ཆོག་པ་རེད།
༣) ཡང་འགྲེལ་བཤད་གཞན་ཞིག་ནི། སྐུ་ཚབ་ཚོའི་འགྲོ་ཕྱོགས་སྐོར་དེ་བཤད་ཚར་རྗེས། ད་དུང་དཔེ་མཚོན་གཞན་དག་ཅིག་བཤད་འདོད་ཀྱང་། དེ་དྲན་མ་སོས་ཙང་ངས་དྲན་མ་སོང་ཞེས་ལབ། དེ་ནས་འཇམ་ནོར་དང་ལྷ་བཟང་ཚེ་རིང་ལག་ཁྱེར་དེ་འཁྱེར་ནས་སོང་བ་རེད་ཅེས་པར་ཡང་འགྲེལ་ཆོག་པ་ཞིག་རེད་ལ།
༤) ཡང་། ད་ངས་དྲན་གྱི་མི་འདུག ཨོའོ། ད་ངས་དྲན་བྱུང་། འཇམ་ནོར་དང་ལྷ་སངས་ཚེ་རིང་སོང་བ་རེད་ཅེས་གོ་ནའང་འགྲིག་གི་ཡོད་པ་འདྲ་བོ་འདུག
༥) ཁ་སྐད་ནའང་། སྤྱིར་བཏང་ཚིག་ཐག་མ་ཆོད་པའི་སྐབས་སུ། ཧ་ལམ་ཡིན་པ་ཡོད། གཅིག་བྱས་ན་ཡིན་པ་ཡོད། ཕལ་ཆེར་ཡིན་ས་ཡོད། ཏན་ཏན་རང་མེད་སོགས་ལབ་ཀི་རེད།
༦) བཤད་སྟངས་གཞན་ཞིག་ལྟར་ན། སྔོན་མ་སྲིད་དོན་པ་ཞིག་གིས། རང་གི་ཁ་གཏད་ལ་ཁ་རྡུང་ཧ་ཅང་མང་པོ་ཞིག་བཏང་བའི་མཐར། ཨོ། གོང་དུ་ཞུས་བ་ཚང་མ་རྩེད་མོ་ཡིན་ད་ཞེས་ལབ་པ་ནང་བཞིན་སྲིད་དོན་གྱི་གཡོ་སྒྱུ་ཞིག་ཀྱང་ཡིན་སྲིད་ལ། གཅིག་བྱས་ན། སྐད་ཆའི་བར་དུ་གཙབས་རྒྱག་བྱེད་ཀྱི་ཚིག་ཕྲད་འདྲ་བོ་ཞིག་ལས་གོ་དོན་གང་ཡང་མེད་པ་ཞིག་ཀྱང་ཡིན་སྲིད།
༧) གོང་དུ་བཤད་པ་དེ་ཚོ་གང་ཡང་ཡིན་སྲིད་ལ་མིན་ཡང་སྲིད་པ་རེད། མདོར་དེད་ན་ཡང་སྙིང་གོ་དོན་ངོ་མ་དེ་ག་རེ་ཡིན་མིན་ངེད་གཉིས་ཀྱིས་གཏན་འཁེལ་བྱེད་ཐུབ་ཀི་མ་རེད་ལ། བློ་སེང་ཁོ་རང་གིས་དེ་ལ་རང་འགྲེལ་ཞིག་བྱས་བ་ཡིན་ནའང་མི་ཚོ་ཡིད་ཆེས་པ་ཞིག་ཡོང་གི་མ་རེད།
ཡིན་ནའི་སྟབས་ལེགས་བ་ཞིག་ལ། ང་རང་གཉིས་ཀྱིས་རྩོད་པ་རྒྱག་མི་དགོས་པར་གཏན་འཁེལ་བྱེད་ཐུབ་པ་ཞིག་ཡོད་རེད། དེ་ནི་ཁྱེད་ཀྱིས་ཡིག་ཐོག་ནས་བློ་བཟང་སེང་གེས་“འཇམ་ནོར་བོད་ལ་ཕེབས་རབས་ཁུངས་མེད་སྐད་ཆ་…བཤད་པ་”རེད་ཟེར་བ་དེ་ལ་ངས་ཕར་མོས་མཐུན་བྱས་བཞག་ན། འདི་ལ་ང་རང་གཉིས་མོས་མཐུན་བྱུང་སོང་ལ་བློ་བཟང་སེང་གེ་ཁོ་རང་ཚུད་པའི་མི་ཚང་མས་ཀྱང་མོས་མཐུན་མ་བྱས་རང་བྱས་རེད། གང་ཡིན་ཟེར་ན། འདི་ནི་ཕར་འཐེན་ཚུར་འཐེན་བྱེད་ས་མེད་པའི་བདེན་པ་ཟེར་བ་དེ་རེད་ལ། འདི་ནི་ཟླ་ཚེས་མི་འདྲ་བ་སྟོན་རེས་དང་ས་བཀྲ་མི་མཐུན་པ་སྟོན་རེས་བྱེད་མི་དགོས་པའི་ཉེ་ཆར་གྱི་ལོ་རྒྱུས་ངོ་མ་ཞིག་རེད། ད་ཐ་མ་དེ་ལ། བློ་སེང་གིས་བོད་རྒྱའི་དཀའ་ངལ་སེལ་ཐབས་ཡག་ཤོས་བདེན་པ་རྩོད་པ་དང་ལོ་རྒྱུས་ཤོད་རྒྱུ་དེ་མ་རེད། ཁྲིམས་རྩོད་དེ་རེད་ཅེས་བཤད་པ་ལྟར། འཇམ་ནོར་གྱིས་དོན་དག་འདིས་ང་ལ་མིང་ཤས་བཟོས་བྱུང་ཞེས་ཁྲིམས་ལ་གཏུགས་ན་ལམ་ཁ་ཞིག་ཡོད་རེད་ལ། དེ་འདྲ་བྱས་ན། བདེན་པ་ཟེར་བ་དང་ལོ་རྒྱུས་ཟེར་བ། ཁྲིམས་ཟེར་བ་དེ་ཚོའི་རྩ་བ་ཚུགས་ས་དེ་དོན་དངོས་ཡིན་པ་མ་གཏོགས། དོན་དངོས་དང་བྲལ་བའི་ལོ་རྒྱུས་དང་བདེན་པ། ཁྲིམས་ཟེར་བ་ཞིག་མེད་པ་དེ་བློ་སེང་གིས་གཅིག་ཧ་གོ་བའི་རེ་བ་ཡོད་ལ། ཁྱེད་རང་གིས་བློ་སེང་གི་དགོངས་པ་ཕྱོགས་གཅིག་ལ་འགྲེལ་ཚུལ་གཅིག་གིས་བཀྲལ་བའི་ཁ་གཏད་དུ། ངས་ཕྱོགས་དུ་མར་འགྲེལ་སྟངས་ཁ་ཤས་ཀྱིས་བཀྲལ་བ་འདིས། ཁང་རྡོས་མངོན་སུམ་ལ་སྙོན་གྱི་འདུག་ཅེས་པའི་སྙོན་འཛུགས་ངོ་མ་དེ་སུས་བྱེད་མིན་ཀློག་པ་པོ་ཚོས་གསལ་པོ་མཁྱེན་པའི་རེ་བ་ཡོད།
ངེད་གཉིས་བགྲོ་གླེང་བྱས་པ་ལས་གྲུབ་འབྲས་འདི་འདྲ་ཞིག་བྱུང་སོང་སྙམ།
དྲ་གྲོགས་ཁང་གསར་ཚང་གི་ངོས་ནས་ཞན་ཆ་འགའ་ཞིག་ཤོར་བ་ཁོ་བོས་གསལ་འདོན་ཞུ་དགོས། ཁོང་རང་གིས་ངོས་བཞེས་གནང་མིན་ལ་མ་ལྟོས་པར་དེ་ནི་ངའི་འོས་འགན་ལྟ་བུ་ཡིན།
མངོན་སུམ་ལ་སྙོན་པ།
བློ་སེང་གིས་འཇམ་ནོར་སོགས་ཀྱིས་ཤོག་དཀར་བླངས་བར་ཚིག་ཐག་བཅད་ནས་བཤད་མེད་པ་ཁོ་བོས་ཁ་བརྡའི་ནང་གི་༼བློ་བཟང་སེང་གེ་དང་ཕྱིར་སྡོད་རྒྱ་མའི་མཐོང་མཆན་ལག་འཁྱེར་།༽ ཞེས་པ་ལ་བཏབ་པའི་ཁོ་བོས་མཆན་༡༢༣་༡༢༤་སོགས་ལ་གསལ་བོར་བསྒྲུབས་ཡོད། འོན་ཀྱང་ད་དུང་དེ་ལྟར་བཤད་སོང་ཞེས་པ་ལ་འགྱུར་བ་མེད་ཅེས་ཁང་གསར་གྱིས་མངོན་སུམ་ལ་སྙོན་སོང་།
ཧམ་པ་བཤད་པ།
ཁོང་གིས་བློ་སེང་ཧར་ཝཌ་ནང་དུ་གཏན་འཇག་པ་མིན་སྒྲུབ་ཆེད་དུ་དྲ་འབྲེལ་ཞིག་བསྟན་ནས་དེའི་ནང་དུ་བློ་སེང་ཧརཝཌ་ནས་ལ་གཏན་འཇག་གི་ལས་མེད་ཅེས་བྲིས་འདུག་ཅེས་ཁང་གསར་གྱིས་ཧམ་པ་གསུང་སོང་། དེའི་ནང་དུ་་་ཞེས་བྲིས་འདུག་ཅིང་དེ་བོད་སྒྱུར་ཞུས་ན་འདི་ལྟར་རེད། ཁོང་གིས་འདི་ཧ་ལམ་དམའ་མཐར་ཡང་བོད་ཡིག་མ་གཏོགས་མི་མཁྱེན་མཁན་རྣམས་ཀྱིས་བདེན་པར་འཛིན་པའི་རེ་བ་བཞག་རེད་དམ་སྙམ།
མགོ་རྨོངས་ཐབས།
ཟམ་གདོང་སོགས་དམིགས་བསལ་རེ་ཟུང་ཕུད་དེ་མིན་མཁས་པ་ཡིན་ན་སྲིད་དོན་པ་མིན་དགོས་ལ་སྲིད་དོན་པ་ཡིན་ན་མཁས་པ་མིན་དགོས། གང་ལགས་ཤེ་ན་མཁས་པས་རིག་པ་དང་ལུང་གི་རྗེས་སུ་འགྲོ་ལྡོག་བྱེད་ལ་སྲིད་དོན་པས་མང་ཚོགས་ཀྱི་མངོན་འདོད་དང་ཚོར་སྣང་གི་རྗེས་སུ་འགྲོ་ལྡོག་བྱེད། དེའི་ནང་དུ་གཅིག་གིས་གཅིག་ལ་འགལ་ཟླ་སྦྱིན་པའི་དབང་གིས་རེད། བློ་སེང་ད་བར་དུ་མཁས་པའི་གྲལ་དུ་ཡོད་ཅིང་ཁྱེད་ཀྱིས་འགལ་ཟླར་སྒྲུབ་ཐབས་བྱེད་པ་རྣམས་ཁོང་གིས་ད་སྔོན་མཁས་པ་ཞིག་གི་ངོས་ནས་བྲིས་པ་དང་། ད་ལྟ་ཆབ་སྲིད་པ་ཞིག་གི་ངོས་ནས་བཤད་པ་གཉིས་ཀྱི་བར་རེད། གལ་སྲིད་ཁྱེད་རང་ཡོན་ཏན་པ་ཞིག་ཡིན་ན་འདི་ལྟར་བྱེད་མི་འོས། གང་ལགས་ཤེ་ནཿ བལྟ་བ་དང་སྤྱོད་པ་ཡོངས་སུ་མཐུན་པའི་མི་ནི་རིགས་གཉིས་ཡིན། གཅིག་ནི་འཛམ་གླིང་དཀོན་པའི་རླབས་ཆེན་གྱི་མི་སྣ་རྣམས་རེད། གཞན་དེ་ནི་དྲན་ཚད་ལག་ཏུ་ལེན་པའི་ཅོལ་ཆུང་གི་མི་རྣམས་རེད། སྐབས་རེ་ང་ཚོས་ཕྱི་མ་འདི་ལ་སྨྱོན་པའི་ཐ་སྙད་ཀྱང་སྦྱོར། ཁྱེད་ཀྱིས་གནད་དོན་འདི་མ་མཁྱེན་པ་ག་ལ་ཡིན། རྐང་བཙུག་ནས་མང་ཚོགས་མགོ་བོ་རྨོངས་ཐབས་སུ་བྲིས་པར་སྣང་། བལྟ་བ་དང་སྤྱོད་པ་རྣམ་པ་ཀུན་དུ་གཅིག་པའི་མི་དཀོན་པོ་ཡིན་པས་ངས་འདི་ལ་བསམ་ཤེས་ཙམ་བྱེད་ཐུབ་ཀྱི་འདུག
ལྷག་པར་དུ་ཁོང་གིས་༧གོང་ས་མཆོག་གིས་དབང་ཆ་རྩིས་སྤྲོད་དགོས་ཚུལ་བྲིས་པ་དེ་ནི་སྔོན་མ་ཁོང་མཁས་པའི་མིང་འཛིན་པའི་སྐབས་སུ་རིག་པའི་རྗེས་སུ་འབྲངས་ནས་བྲིས་པ་དང་། ད་སྐབས་༧གོང་ས་མཆོག་གི་དབུ་ཁྲིད་དགོས་པར་གསུང་པ་ནི་ཁོང་ཆབ་སྲིད་པ་ཞིག་གི་ངོས་ནས་མང་ཚོགས་ཀྱི་བསམ་བློ་ལ་དང་ལྷག་པར་དུ་རང་ཉིད་བཀའ་ཁྲི་བྱེད་སྐབས་ཀྱི་དགོས་མཁོ་ལ་བསྟུན་ནས་བཤད་པ་ཡིན་སྲིད། ལག་ལེན་དང་བལྟ་གྲུབ་མཉམ་དུ་འགྲོ་བ་ག་དུས་ཡིན་རུང་དཀའ་ཙམ་ཡོད་པ་ཞལ་བཞེས་གནང་རོགས།
ཉ་ཉོག་མཉམ་བསྲེས་ཀྱིས་མགོ་རྨོངས་ཐབས།
ཁང་གསར་གྱིས་འབྲི་སྟངས་ནི་སླུ་ཐབས་ཀྱི་འབྲི་སྟངས་སྤྱད་ནས་བྲིས་འདུག ད་ནི་དཔེ་འདྲ་ཁ་བ་ཞིག་བཀོད་ནས་མི་རྣམས་ཀྱི་བློ་ངོར་ལོག་པ་ཞིག་འཆར་ཐབས་ཀྱིས་འབྲི་ཐབས་སྤྱད་ཡོད། དཔེར་ན་རྨི་ལམ་ཚུན་ཆུད་ལ་རྒྱ་མིའི་ཨོ་བྷ་མ་བྱེད་འདོད་་་་ཞེས་དང་། རྒྱ་མི་ལ་འཇུ་ས་མེད་པ་ལ་འཇུ་ས་སྤྲོད་ཆེད་དུ་ཤོག་དཀར་བླངས་མདོག་་སོགས་བྲིས་ཡོད། དེར་མ་ཟད་བློ་སེང་གི་གླ་ཆ་ཧར་ཝཌ་ནས་འོང་གི་མེད་པའི་སྒྲུབ་བྱེད་ལ་དྲ་འབྲེལ་ཞིག་བཞག་ནས་བོད་ཡིག་ལས་མ་མཁྱེན་པའི་ཀློག་མཁན་མང་པོ་ཞིག་ཡིད་ཆས་པར་རེ་བ་གནང་འདུག དྲ་འབྲེལ་དེ་ན་༢༠༠༠་ལོར་བསྐྱར་བཅོས་བྱས་པའི་ཧར་ཝཌ་གི་ཞིབ་འཇུག་སྡེ་ཚན་གྱི་ལས་རིམ་ཞིག་གི་སྒྲིག་གཞི་གསལ་འདུག དེའི་ནང་དུ་Post Doctoral Fellowship ཞེས་པ་ནས་ research fellow ཞེས་པའི་བར་གནས་རིམ་དྲུག་པར་གྱི་ཆ་རྐྱེན་ཁག་གསལ་འདུག ཁང་གསར་གྱིས་བློ་སེང་གི་གླ་ཆ་ཧར་ཝཌ་གི་ཕྱི་ལོགས་ནས་ཡོངས་དགོས་པའི་རྒྱུ་མཚན་ལ་དྲང་བ་ནི་ Visiting Scholar ཞེས་པ་འདིའི་ཆ་རྐྱེན་ཡིན། འདི་ནི་གནས་གཉིས་པ་ཡིན། ཁང་གསར་གྱིས་བློ་སེང་གནས་རིམ་བཞི་བ་ཡིན་པའི་ senior research fellow ཙམ་ཡང་མིན་པར་གསུང་གི་ཡོད་ན་གནས་རིམ་གཉིས་པ་ཡིན་པའི་ Visiting Scholar ཡིན་པ་ག་ལ་སྲིད། དེས་ན་གནས་རིམ་གཉིས་པའི་གླ་ཆ་ཕྱི་ལོགས་ནས་ཡོང་དགོས་པ་ལུང་དྲངས་ནས་གནས་རིམ་དེ་ལས་དམའ་བ་རྣམས་ཀྱི་གླ་ཕོགས་ཀྱང་ཕྱི་ལོགས་ནས་འབྱུང་དགོས་པ་ཇི་ལྟར་སྒྲུབ།
ཡང་ཁང་གསར་གྱིས་བློ་སེང་གནས་རིམ་དྲུག་པ་ research fellow ཙམ་ཡིན་པ་ཁས་བླངས་ཡོད་ཅིང་། དེའི་སྒྲིག་གཞིའི་ནང་དུ་ཆ་རྐྱེན་བཞི་གསལ་ཞིང་དང་པོ་ལ་འདི་ལྟར་གསལ་འདུག A Research Fellows must be paid more than a nominal salary through Harvard. དེ་བོད་སྐད་དུ་བསྒྱུར་ནཿ ཀཿ ཉམས་ཞིབ་པ་ལ་ངེས་པར་དུ་གླ་ཆ་དཀྱུས་མ་ལས་མ་ཉུང་བར་ཧར་ཝཌ་བརྒྱུད་ནས་སྤྲོད་དགོས། ཞེས་པ་ཡིན། ཡིད་མ་ཆེས་ན་གཟིགས་པ་འཚལ། ད་སྐབས་ཁོང་visiting scholar གྱི་གྲས་སུ་ཡོད་ཁོང་གིས་གནང་བའི་དྲ་འབྲེལ་དེ་རང་ན་གསལ་བས་ senior research fellow ལས་གནས་རིམ་གཉིས་ཀྱིས་མཐོ་བ་ཡིན་པས་ཉམས་ཞིབ་པ་ཙམ་པོ་reseach fellow ཞིག་ལས་མིན་གསུང་པ་གང་དུ་སྐྱེལ་དགོས། ཁོང་གིས་འདི་ལྟར་ཉ་ཉོག་བསྲེས་ནས་མི་མང་མགོ་བོ་རྨོངས་ཐབས་གནང་འདུག
ཀུན་སློང་འཆུགས་པ།
ལྷག་པར་དུ་ཀུ་རེ་ཚུན་ཆད་ལ་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་པའི་་་ཞེས་པའི་འབྲི་སྟངས་འདི་ལ་གཅིག་བལྟས་ཁྱེད་ཀྱི་ཀུན་སློང་འཆུག་ཡོད་པ་ལམ་ཙམ་མཐོང་ཐུབ། ཀུ་རེ་ཚུན་ཆད་ལ་ཞེས་པའི་དོན་ནི་ཀུ་རེ་ཡང་ལྷག་མེད་པར་ཁོང་གི་བྱེད་སྤྱོད་ཚང་མ་རྒྱ་ནག་གི་དོན་དུ་ཡིན་པ་སྟོན་ཐབས་ཡིན། ཁང་གསར་ཀུན་སློང་འཆུག་མེད་ན་འདི་འདྲ་གསུང་རྒྱུ་མ་རེད་སྙམ།
ཁུངས་མེད་ཀྱི་སྙོན་འདོགས།
ཁོང་དང་དོན་གཅོད་བློ་བཟང་སྙན་གྲགས་གཉིས་ཀྱི་བར་ཉིན་རེར་ཁ་པར་ཐེངས་གཉིས་གསུམ་རེ་གཏོང་རེས་ཡོད་ཅེས་གསུང་ཡོད། ཁང་གསར་གྱིས་གསུང་མང་ཆེ་བར་ཁུངས་ལུང་ཡོད་ཅིང་འགའ་རེ་ལ་མགོ་རྨོངས་བྱེད་ཀྱི་ཁུངས་རེ་སྟོན་རྒྱུ་ཡོད། འདི་ལ་ད་བར་དུ་ཁོང་གིས་གནང་བཞིན་པའི་མགོ་རྨོངས་ཐབས་ཀྱི་ཁུངས་ཙམ་ཡང་སྟོན་ཐུབ་མེད།
ནག་པོ་བཟོ་ཐབས།
བློ་སེང་གིས་ཤོག་དཀར་བླངས་བ་དེ་རྒྱ་ནག་ལ་བོད་རྒྱ་ཁོངས་སུ་སྒྲུབ་ཐུབ་པའི་གནད་དོན་ལག་པ་འཆང་ས་མེད་པ་ལ་སེམས་ཁྲལ་གྱིས་དེ་ཡོད་པར་བཟོ་ཆེད་དུ་མཐུན་རྐྱེན་སྤྲད་པར་ཡིན་མདོག་གསུང་སོང་། ད་དུང་བློ་སེང་རྒྱ་ནག་ལ་ཕྱིན་ནས་སུ་ལ་ཐུག་དང་གང་བྱས་ཡོད། ཁོང་གི་འོས་སྒྲགས་ཀྱི་འགྲོ་སོང་གི་དངུལ་གྱི་ཡོང་ཁུངས་སུས་ཀྱང་མི་ཤེས་ཞེས་དོན་དུ་ཁང་གསར་གྱིས་བློ་སེང་རྒྱའི་ལས་དོན་པ་ཞིག་མིན་ནམ་སྙམ་པའི་ཚོར་སྣང་སྦྱིན་ཐབས་བྱས་ཡོད།
བཀའ་ཁྲི་འཚོལ་སྟངས།
ཁོང་གི་བཀའ་ཁྲི་འཚོལ་སྟངས་ནི་སྐྱོན་མེད་པའི་མི་འཚོལ་རྒྱུ་ཡིན། འདི་ཇི་ལྟར་ཤེས་ཟེར་ན་ཁོང་གིས་བློ་སེང་གི་སྐྱོན་ཁོ་ན་འཚོལ་ཞིང་དེ་ལ་སྒྲོ་འདོགས་དང་སླུ་ཐབས་ཀྱིས་ཆེ་རུ་གཏོང་བ་འདིས་ཤེས་ཐུབ། འོན་ཀྱང་ཁང་གསར་རང་ཉིད་ཀྱི་འོས་མ་ལ་སྐྱོན་ཡོད་རུང་བསམ་ཤེས་ཐུབ་ཀྱི་འདུག
རྒྱུད་རིམ་འདིའི་ནང་དུ་ང་རང་ཉིད་ཀྱི་ངོས་ནས་སྐྱོན་ཆ་བྱུང་བ་ནི། ངས་རང་གི་རང་སྐྱོན་རིག་དཀའ་བས་འདི་ནི་ཁང་གསར་ཁོ་རང་གི་ལས་འགན་ལོས་ཡིན། འོན་ཀྱང་ང་རང་གིས་མཐོང་བ་རེ་ཟུང་ནིཿ
གཅིགཿ ཡིག་འབྲུ་མང་པོ་ཞིག་ཆད་སྐྱོན་བྱུང་འདུག དེ་ནི་ལན་འདེབས་ཀྱི་སྐབས་སུ་ཚང་མ་ཐད་རྒྱག་བྱེད་ཀྱི་ཡོད་སྟབས་ཞུ་དག་ལེགས་པོ་ཞིག་མ་བྱུང་བས་ལན་སོང་།
གཉིསཿ ཁང་གསར་ལགས་མ་གཏོགས་གཞན་སུ་ལ་ཡང་ལན་འདེབས་བྱུང་མ་སོང་བས་ཅུང་གུ་དོག་གི་རྣམ་པ་ཞིག་མངོན། ངས་ཁོང་ལན་འདེབས་པའི་ཞོར་ལ་གཞན་རྣམས་ལ་ལན་ཞོར་ལ་ཐེབས་འགྲོ་བ་བསམ་པ་ཡིན།
གསུམཿ ཚིག་སྔ་ཕྱི་མ་རྟག་པ་གཅིག་བྱུང་སོང་། དེ་ནི་བློ་སེང་གིས་འཇམ་ནོར་གྱིས་ཤོག་དཀར་བཟུང་ནས་བོད་སོང་བར་བཤད་པ་དང་མ་བཤད་པ་གཉིས་རེད། ངས་སྒྲ་ཐག་དེའི་མཇུག་ལ་ཡག་པོ་མ་ཉན་པར་དང་པོ་ཁོང་གིས་བསམ་ཞིབ་མ་བྱས་པར་དེ་འདྲ་བཤད་ཤོར་ཡོད་པར་བསམ་སོང་། འོན་ཀྱང་འདི་ནི་ཁང་གསར་ལགས་དང་བགྲོ་གླེང་ལ་མ་ཞུགས་པའི་སྔོན་ལ་རེད། རྗེས་སུ་ཁོང་གི་སྒྲ་བུ་མོ་ཟླ་བས་བཞག་པ་ལ་བསྐྱར་དུ་ཡོངས་རྫོགས་ཉན་དུས་ང་རང་ནོར་བ་ཤེས་བྱུང་།
བཞིཿ ་་་་ཁང་གསར་ལགས། གཞན་གང་་་
ངས་བློ་སེང་གི་ཆེད་དུ་འདིར་ཅིག་འབྲི་བཞིན་པ་འདི་ལས་ང་ནི་ཁོང་ལ་རྒྱག་གཅིག་མཆོང་གཅིག་གིས་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པར་དགོང་འདུག གཞི་རྩ་ངས་བློ་སེང་ལ་འོས་འཕེན་གྱི་ཡིན་ཡང་ཁྱེད་ཀྱིས་གསུང་པ་ལྟར་མིན། བཀྲིས་དབང་ལ་འཕང་ན་འཕྲོ་རླགས་སུ་འགྲོ་བ་དང་བཀྲས་མཐོང་ལ་མི་འཕེན་པས་བློ་སེང་ལས་འོས་མེད་པར་གྱུར་བ་ཙམ་ཡིན། ང་ཁྱེད་སོགས་ཀྱི་གདོང་དུ་འབུད་དོན་ནི་ཁྱེད་སོགས་ཀྱིས་གཞི་མེད་པའམ་གཞི་ཡོད་པ་ལ་སྒྲོ་འདོགས་ཀྱི་སྐྱོན་མང་དག་ཅིག་བཏོན་ཡོང་བ་རྣམས་དབྱེ་བསེས་བྱེད་ཆེད་དུ་ཡིན།
ཆོ་ལོ་དག་གིས་བོད་རྒྱ་ཁུངས་སུ་སྒྲུབ་ཟིན་མེད་པ་ཁྱེད་ཀྱིས་ཁས་བླངས་འདུག དེ་ག་རང་རེད། ད་བར་དུ་ཐམ་ཀ་དང་ཆོ་ལོ་གྲངས་དེ་སྙེད་ཅིག་བླངས་ཡོད་མོད། ཆོ་ལོ་ཙམ་གྱིས་བོད་རྒྱ་ཁུངས་སུ་ད་བར་དུ་བསྒྲུབས་ཐུབ་མེད་ལ་མ་འོངས་པར་ཡང་བསྒྲུབ་མི་ཐུབ། དེས་ན་བློ་སེང་གིས་ཤོག་དཀར་ཞིག་གིས་དེ་བས་ཀྱང་བསྒྲུབ་མི་ཐུབ།
ཁྱེད་ཀྱིས་བློ་སེང་གི་གླ་ཆ་གཞན་ནས་ཡོང་དགོས་པར་གསུང་པའི་སྒྲུབ་བྱེད་ལ་དྲང་བའི་དྲ་འབྲེལ་དེར་སྐོར་བསྐྱོད་མཁས་པ་རྣམས་ལ་གྱི་འགྲོ་སྟངས་ཇི་ལྟར་ཡིན་པའི་སྒྲིག་གཞི་དེ་རེད་འདུག དེས་བློ་སེང་གི་གླ་ཆ་ཕྱི་ལོགས་ནས་འོང་གི་ཡོད་པའི་ཁུངས་གང་ཡང་སྐྱེལ་ཐུབ་ཀྱི་མི་འདུག བློ་སེང་ཉམས་ཞིབ་པ་མིན་ན་ཁྱེད་ཀྱིས་གསུང་པ་ལ་གོ་རྒྱུ་ཞིག་ཡོད་མོད། ཁོང་ཉམས་ཞིབ་པ་ཡིན་པ་ཁྱེད་རང་ཉིད་ཀྱིས་ཁས་བླངས་ཟིན་པས་ཁྱེད་ཀྱིས་ཁོང་གི་དཔལ་འབྱོར་གྱི་ཡོང་ཁུངས་ལ་དོགས་པ་འདུག་ཚུལ་གསུང་པ་ནི་ཁོང་གི་མཚན་ནག་པོ་བཟོ་ཆེད་འཛམ་མེད་དུ་ཐབས་ཤེས་གནང་བ་ལྟར་མཐོང་།
༧གོང་ས་མཆོག་གིས་རྒན་ཡོལ་གནང་ན་ལེགས་ཚུལ་དང་། རྒྱ་བཟའ་ལ་ཕྱག་འཚལ་བ་བོད་མིས་རྒྱ་རིགས་ལ་འཁོན་འཛིན་མེད་པ་མཚོན་ཚུལ། རྒྱ་བོད་ཀྱི་རྩོད་རྙོག་ལ་གཞི་འཛིན་ས་དཀོན་ཚུལ། སོགས་འདི་དག་ནི་ཁོང་གིས་མཁས་པ་ཞིག་གི་རྣམ་པའི་ཐོག་ནས་ཤོག་ཐོག་ཏུ་བྲིས་པ་ཞིག་ཡིན་པ་དང་། ྟངོ་བོ་འདི་འདྲ་ཞིག་ཡིན་ཀྱང་བྱེད་ཐབས་འདི་འདྲ་ལ་མ་འགྲོ་ཀ་མེད་ཡིན་པའི་གནད་དོན་འབྱུང་རྒྱུ་ཡོད་པའི་དངོས་ཡོད་གནས་ཚུལ་ཁྱེད་ཡོན་ཏན་པ་ཞིག་གིས་ཁས་ལེན་མི་ལེན་པ་ཡ་མཚན་བྱུང་། སེམས་བསམ་པས་རྟ་པོ་རྒྱུགས་རུང་། ལུས་འབྱུང་གཞིས་ལྕོགས་ཀྱི་མི་འདུག ཞེས་གནའ་མིའི་ཁ་དཔེ་ཞིག་ཀྱང་མེད་དམ། ཡང་དཔེར་ན་འདི་ལས་དང་པོ་དང་ད་ལྟ་ཁོང་གིས་༧གོང་ས་མཆོག་གིས་དབུ་ཁྲིད་དགོས་པར་གསུང་བ་ནང་འགལ་དུ་སྒྲུབ་ནི་ཆེད་དུ་གླེང་རྙོག་བཟོས་པ་རང་ཡིན། རྒྱུ་མཚན་ནི་སྤྱིར་ན་དགོས་པ་དེ་འདྲ་ཞིག་ཡིན་ཡང་ད་དུང་དུས་ལ་སྨིན་མེད་པའམ་རང་ཉིད་བཀའ་ཁྲི་བྱེད་སྐབས་དེ་འབྱུང་འདོད་མེད་པ་ཅིའི་ཕྱིར་བསམ་མི་ཆོག
ཁྱེད་རང་ཉིད་ཀྱི་འོས་མི་ལ་སྐད་ཆ་ནང་འགལ་ཨེ་ཡོད། ད་ནི་ཁྱེད་ཀྱིས་མེད་གསུང་མི་འོང་ངམ་སྙམ་པའི་དོགས་པ་སྐྱེས་པས་ང་ལ་ཞུ་རྒྱུ་གྲ་སྒྲིག་ཡོད། གལ་སྲིད་ཡོད་གསུང་ན་འགྲིག་པར་གྱིས། ཁོང་གི་སྐྱོན་མཚང་སྔོགས་པའི་ཁོམས་པ་དང་འདོད་པ་མི་འདུག
ཨ་ཨ་མ་གསུང་། མཚུངས་སྡུར་བྱེད་མཁན་ཐོག་མ་ཁྱེད་རང་ཉིད་རེད། ཡང་ཁྱེད་ཀྱིས་མིན་གསུང་རྒྱུ་ཡིན་ནམ། ཡང་ན་སྤྱིར་འཇའ་ས་དང་ཤོག་དཀར་མཚུངས་སྡུར་བྱས་ནས་༧གོང་ས་བཅུ་གསུམ་གྱི་ཐམ་ཀ་དང་ཤོག་དཀར་མཚུངས་སྡུར་མི་བྱེད་གསུང་རྒྱུ་ཡིན་ནམ། ངས་སེམས་སུ་མཚུངས་བསྡུར་བྱེད་ཚུལ་ནི་ཆོ་ལོ་དང་ཤོག་དཀར་གཉིས་མཚུངས་སྡུར་བྱས་པ་ཡིན། སྔོན་མའི་ཆོ་ལོས་རྙོག་དྲ་ལ་སྣོན་པ་ཞིག་བཟོས་ཡོད་ཀྱང་། ད་ལྟའི་ཤོག་དཀར་ཀྱིས་འདི་ཙམ་བཟོ་ཨེ་ཐུབ་ཞུས་པ་ཡིན། རྒྱ་མིས་བོད་རྒྱ་ནག་གི་ཆ་ཤས་སུ་བསྒྲུབས་ཚར་མེད་པ་དེ་ལོས་ཡིན། བསྒྲུབས་ཚར་མེད་ཙང་ང་ཚོ་སྟེ། གང་ཟག་དག་པོ་ལ་ཡང་སྒྲ་ཞིག་ཡོད། རྒྱ་མི་སྟེ། གང་ཟག་གཉིས་པ་དང་། དབྱིན་ཇི་སྟེ། གང་ཟག་གསུམ་པ་རེ་ཟུང་གིས་གཅིག་བཤད་པ་ཙམ་གྱིས་གནོད་འཇོག་རྒྱུ་དེ་ཙམ་ཨེ་ཡོད་ཅེས་ཞུ་འདོད་པ་ཡིན།
ཁུངས་སྐྱེལ་དགོས་པ་དེས་ག་ལ་ཚད། བློ་བཟང་སྙན་གྲགས་དང་ཉིན་རེ་བཞིན་ཁ་པར་གྱི་སྐད་ཆ་བཤད་པ། འཆར་འགོད་ལས་ཁུངས་དང་བློ་བཟང་སྙན་གྲགས་ཀྱིས་ལས་ཁུང་བེད་སྤྱད་ནས་བློ་སེང་ལ་ཁེ་ཕན་སྤྲད་སོགས་ཀྱང་ཁུངས་སྐྱེལ་ལོས་དགོས།
ངས་འདིར་སྡོམ་ཚིག་ཅིག་འཇོག་འདོད་པ་ཁྱེད་ཀྱིས་ཐུགས་གཞིགས་གནང་བར་ཞུ། ང་རང་གཉིས་ཀྱི་བར་ཁྱད་ནིཿ ཁྱེད་ཀྱིས་འོས་མི་ལ་རྒྱབ་སྐྱོར་གནང་སྟངས་ནི་འོས་མིའི་སྐྱོན་བཙལ་ནས་བྱེད་པ་དང་། ངས་འོས་མི་ལ་རྒྱབ་སྐྱོར་བྱེད་པ་ནི་འོས་མིའི་ཡོན་ཏན་བཙལ་ནས་བྱེད་པ་དེ་རང་ཅག་གཉིས་ཀྱི་བར་ཁྱད་དེ་ཡིན་པ་འདྲ། དེ་ལྟར་ན་མི་སྐྱོན་མེད་རྒྱལ་ཁམས་ཡུལ་ན་མེད་པས་རྙེད་དཀའ་མོ་ཡིན་ནོ།
ཁྱེད་ཀྱིས་ཚིག་ངན་ཐལ་བ་སྐྱོན་ཡེ་ནས་མེད། ཁྱེད་ཀྱིས་མ་འོངས་པ་ཞིག་ལ་ཡང་འདི་འདྲའི་ཁུངས་སྟོན་དགོས་པའི་ལས་ཀ་སྐུལ་མི་འོང་ངམ་སྙམ་པའི་སུན་སྣང་གིས་གསུང་བ་མིན་ན་དེ་ལ་དགའ་བསུ་ཡང་ཡོད། ཁྱེད་ཀྱིས་ངོ་མ་ཤེས་སྔོན་ལ་ང་ཤེས་ཡོན་པ་ཞིག་ལ་བརྩིས་པ་ཅུང་ཡ་མཚན་རེད། ངས་ཁྱེད་ལ་ལས་ཀ་སྐུལ་ཐལ་བར་དགོངས་དག་ཞུ་རྒྱུ་དང་། ལས་ཀ་སྐུལ་ཚད་རང་གི་ཆེད་ཡིན་དགོས་པའི་ངེས་པ་ཡོད་དགོས་སམ། ཀློག་མཁན་ལ་སྟོན་ཆེད་དུ་ཁྱེད་ལ་ཁུངས་སྟོན་ཞེས་ཞུས་པ་ཡང་ཡོད་མི་སྲིད་དམ།
བློ་སེང་གིས་འཇམ་ནོར་སོགས་ཀྱིས་ཤོག་དཀར་བླངས་བར་ཚིག་ཐག་བཅད་ནས་བཤད་མེད་པ་ཁོ་བོས་ཁ་བརྡའི་ནང་གི་༼བློ་བཟང་སེང་གེ་དང་ཕྱིར་སྡོད་རྒྱ་མའི་མཐོང་མཆན་ལག་འཁྱེར་།༽ ཞེས་པ་ལ་བཏབ་པའི་ཁོ་བོས་མཆན་༡༢༣་༡༢༤་སོགས་ལ་གསལ་བོར་བསྒྲུབས་ཡོད། འོན་ཀྱང་ད་དུང་དེ་ལྟར་བཤད་སོང་ཞེས་པ་ལ་འགྱུར་བ་མེད་ཅེས་ཨུ་ཚུགས་གནང་ན་ཁྱེད་རང་ཉིད་ཀྱི་ཐུགས་བཞེད་རེད། ངས་ “ངོ་མ་ངས་གོ་བ་བླངས་པ་ནོར་བར་ཆ་ཞོག”་ཅེས་ཁས་བླངས་དུས་ཁྱེད་མ་དགའ་ཞིག དེ་ངས་ཡ་རབས་ཀྱི་ཚུགས་བཟུང་ནས་ཞུས་པ་ཡིན། དེ་དང་ལྷན་དུ་ཁྱེད་ཀྱིས་རང་གིས་འབྲི་སྟངས་ཅུང་ཟད་ནོར་བ་ཡང་ཁས་བླངས་ན་མཛའ་།
ཁྱེད་ཀྱིས་ཆ་ཤས་ཙམ་འདྲ་བ་བྱུང་བས་མི་འགྲིག་གསུང་འདུག ཆ་ཡོངས་སུ་འདྲ་བ་ཞིག་བཙལ་ནས་སྟོན་དགོས་ན་རང་གཞན་གཉིས་ཀྱི་དུས་ཚོད་ཆུད་འཛའ་རོགས་ཡིན་རྒྱུ་རེད། དེའི་ཕྱིར་ཁྱེད་ཀྱིས་ཁྱེར་ཤོག་གསུང་པ་དེ་ང་ལ་གནས་སྐབས་སྟོན་རྒྱུ་མེད།
བློ་སེང་གིས་ཆུ་སྒང་གིས་དྲུང་ཆེ་བྱས་པ་ཆེད་མངག་སྦས་པ་རེད་ཅེས་ཁྱེད་ཀྱིས་ཚིག་ཐག་བཅད་ནས་ཇི་ལྟར་གསུང་ཐུབ། ཁྱེད་ཀྱིས་བཀོད་པའི་རྒྱུ་མཚན་རྣམས་ཁྱེད་ཀྱི་ཐུགས་ལ་འཆར་ཚུལ་ཞིག་རེད། བྱས་རྗེས་གལ་ཆེ་ཆུང་འདེམས་བསེས་བྱེད་ཚུལ་ཁྱེད་ཀྱི་ཐུགས་དང་གཅིག་པ་ཡིན་དགོས་པ་ཇི་འདྲའི་ཡ་མཚན། གཉིས་ནས་སྦེད་དགོས་པ་སྦས་སྒྲོག་དགོས་བསྒྲགས་ནས་མདུན་དུ་སྐྱོད་དགོས་པ་ལས་དེ་མིན་ཐབས་ལ་མི་མཁས་པའི་སྐྱོན་མི་འཇུག་གམ། འདི་ལ་སྦས་པ་ཙམ་གྱིས་སྐྱོན་དེ་ཙམ་ཅང་ཨེ་འགྱུར་།