མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རེ་བ་ཆེ་མ་དྲགས།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༠༩ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉིན་འདི་འགར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཨ་རིར་གཞུང་འབྲེལ་སྐོར་སྐྱོད་བྱེད་ཀྱི་ཡོད་ལ། གཟིགས་སྐོར་འདིའི་རིང་རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་གཙོས་པའི་རྒྱ་སྒོར་གྱི་འཛའ་ཐང་སྤར་ཆ་གནང་ཕྱོགས་དང་། མཚོ་ཁུལ་གྱི་ཛ་དྲག་གི་དམག་དོན། ཕྱི་འབྲེལ་འགྲོ་འོང་བཅས་ནི་གྲོས་དོན་གཙོ་བོ་རེད་ལ། ཞོར་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་ཐེ་ཝན་མཚོ་གླིང་གི་གནད་དོན། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ། སུའུ་ཌན་དང་ལྷོ་ཨ་ཧྥི་རི་ཀ དཀྱིལ་ཤར་ཡུལ་གྲུ་བཅས་ཀྱི་གནད་དོན་ཐོག་ཏུ་ཡང་བཀའ་མོལ་རགས་བཤད་ཅིག་ཡོང་སྲིད་ཀྱང་། ཤོག་དཀར་གྱི་ཐོག་ཏུ་ཡིག་ནག་བྲིས་ཤིང་། ཐམ་ག་དང་མཚན་རྟགས་ཀྱིས་མནན་ཏེ་ཕྱོགས་གཉིས་བར་ཆིངས་ཡིག་གི་ངོ་བོར་གྲུབ་འགྲོ་རྒྱུ་གང་ཡང་མེད་པ་མ་ཟད། བོད་དང་ཡུ་གུར། སོག་པོ། ཆོས་འཁོར་རྩ་རླུང་གི་གནད་དོན་སོགས་ནི་ཐེངས་འདིའི་ཨ་རྒྱའི་བར་གྱི་གྲོས་གཞི་མིན་སྟབས། འདིའི་ཐད་རེ་བ་རྒྱག་མཁན་ཚོར་བློ་ཕམ་འབྱུང་སྲིད་པ་རེད།
    ཐེངས་འདིའི་སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་ལ། བོད་པ་གཙོས་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་། རྒྱལ་སྤྱིའི་རང་དབང་ལ་དགའ་བའི་ཚོགས་སྡེ་ཁག་གིས་རེ་བ་ཆེན་པོ་གནང་རྒྱུ་མེད་པ་འདས་པའི་དུས་ཡུན་རིང་གི་ཨོ་བྷ་མའི་གཞུང་གི་སྲིད་བྱུས་དང་། ལྷག་པར་དུ་ཨོ་བྷ་མ་སྒེར་གྱི་གཏམ་སྤྱོད་འགའ་ལས་གསལ་བོར་རྟོགས་ཐུབ། འདི་ཨོ་བྷ་མའི་གཞུང་གཅིག་པུའི་བྱེད་སྟངས་ཙམ་མ་ཡིན་པར་ཨ་རིའི་སྲིད་འཛིན་རིམ་བྱོན་ནང་ཡང་ཡང་ཡོང་གི་ཡོད་པའི་སྐྱོ་གར་ཞིག་ཆགས་ཡོད་ལ། དེ་སྔ་ཨ་རིའི་སྲིད་འཛིན་ཁི་ལུན་ཊོན་གྱིས་འདི་འདྲ་ཞིག་བཤད་ཡོད། འགྲོ་བ་མིའི་ཐོང་ཐང་དང་དམངས་གཙོ། ཕོ་མོ་འདྲ་མཉམ་སོགས་ནི་ཨ་རིའི་ཕུགས་བསམ་དང་སྲིད་བྱུས་ཀྱི་རྩ་བའི་ཁ་ཕྱོགས་ཤིག་ཡིན་པ་བདེན་ཡང་། འདི་དག་ཨ་རིའི་མི་དམངས་ཀྱི་ཁེ་ཕན་དང་བརྗེ་བོ་རྒྱག་ཐབས་མེད་ལ། གནད་དོན་དེ་དག་ཨ་རིའི་དཔལ་འབྱོར་གྱི་གོང་དུ་འཇོག་ཐབས་ནམ་ཡང་ཡོད་པ་མ་རེད། ཅེས་ཚིག་ཐག་ཆོད་པོས་བཤད་ཡོད་པ་འདི་ནི་ཨ་རིའི་སྲིད་གཞུང་རིམ་པའི་ལངས་ཕྱོགས་མཐར་ཐུག་དེ་རེད།
    ཐེངས་འདིར་སྲིད་འཛིན་གཉིས་ཀྱི་ལས་རིམ་མགོ་འཛུགས་བྱས་མ་ཐག ཕྱོགས་གཉིས་ཆ་ནས་བསྒྲགས་གཏམ་རེ་སྤེལ་ཡོད་ཀྱང་། བསྒྲགས་གཏམ་གཉིས་ཀྱི་ནང་དོན་ལ་ཁྱད་པར་ཆེན་པོ་ཤོར་ཡོད། པེ་ཅིན་གྱི་ཕྱོགས་ནས་རྒྱལ་ཁབ་གཉིས་བར་གྱི་མཐུན་ལམ་ཡར་རྒྱས་དང་དཔལ་འབྱོར་ཉོ་ཚོང་ཆེད་ཡིན་སྐོར་བརྗོད་ཀྱང་། ཕོ་བྲང་དཀར་པོའི་ཕྱོགས་ནས་དངུལ་ལོའི་འཛའ་ཐང་དང་། བྱང་ཀོ་རི་ཡའི་གནད་དོན། འགྲོ་བ་མིའི་ཐོབ་གི་སོགས་ཡིན་ཚུལ་བསྒྲགས། འོན་ཀྱང་། བཤད་ཚུལ་འདི་གཉིས་ཀ་ཕྱི་ཚུལ་ཙམ་ལས་ད་དུང་ནང་མོལ་གྱི་གནད་དོན་མང་ཡང་། ཨ་རིའི་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་ཞེས་གླེང་པ་ནི། ཨ་རིའི་རྩ་དོན་ལང་ཕྱོགས་བཟུང་བའི་ཟོལ་གྱིས་ཐེངས་འདིའི་ཧུའུ་ཡི་འགྲོ་སྐྱོད་ལ་སྟབས་བདེ་ཡོང་ཆེད་དང་སྲིད་འཛིན་ཨོ་བྷ་མར་དམངས་ཀྱི་མི་ཁ་འགེབ་སྲུང་། མཐར་གཏུགས་ན་ཕྱོགས་གཉིས་ཀྱི་མཐོ་རིམ་ལས་དོན་ལམ་ལྷུང་ཡོང་ཆེད་ཁོ་ན་ཙམ་རེད་ལ། རྒྱ་ཕྱོགས་ནས་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་ཡར་རྒྱས་ཆེད་ཡིན་སྐོར་བཤད་དེ། ཆུ་མ་ཡོང་གོང་གི་རགས་ཟེར་བ་ལྟར་ཨ་རིར་བརྡ་ལན་ཞིག་བཏང་བའི་ཁུལ་ཡང་རེད།
            ཕྱོགས་གཞན་ཞིག་ནས་བཤད་ན། སྲིད་འཛིན་ཧུའུ་ཅིན་ཐའོ་ཐེངས་འདིར་ཨ་རིར་བསྐྱོད་པ་དེ་ནི། སྔར་གྱི་ལས་འཕྲོ་ཁག་ཅིག་མཇུག་བསྡོམས་རྒྱག་རྒྱུ་དང་། “ལག་ཐོག་ལག་བརྗེ་ཡི་ཚོང་ལས” ཟེར་བའི་དཔེ་ལྟར། ཕྱོགས་གཉིས་ཀྱི་སྐབས་དོན་ཚོང་འབྲེལ་ཁག་ཅིག་ལ་མཚན་རྟགས་བསྐྱོན་རྒྱུ་ཙམ་ལས་ལས་ལས་དོན་མང་པོ་ཞིག་ལ་ལག་པ་འཆང་འདོད་མེད་ལ། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་སོགས་སྲིད་བྱུས་དང་འབྲེལ་བ་ཡོད་པའི་ལས་དོན་རིག་ལ་དེ་བས་ཀྱང་ལག་པ་འཆང་མི་སྲིད། གལ་སྲིད་འཆང་ཡང་ལས་གཞི་དེ་མཐར་བསྐྱལ་བའི་ནུས་པ་དང་དུས་ཚོད་ཉིས་ཀ་མེད། དེ་ནི་ཧུའུ་རྒྱ་ནག་གི་སྲིད་འཛིན་ནས་འཁྱོལ་རྒྱུར་དུས་ཡུན་ཐུང་ངུ་ལས་མེད་པས་སོ།།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟླ་རྗེས་མ་ནས་༧གོང་ས་མཆོག་གིས་མཛད་འཕྲིན་གང་མང་ཞིག་བསྐྱང་འཆར་འདུག

༢༠༢༣/༠༩/༢༢
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist