མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ཐེ་ལན་ཌིའི་མི་མང་ལ་བཀའ་ཆོས་བསྩལ་བ།

བོད་ཀྱི་དུས་བབ།
༢༠༡༡/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp
༧གོང་ས་མཆོག་གིས་ཐེ་ལན་ཌིའི་ནང་པ་གཙོས་པའི་ཕྱི་ནང་དད་ལྡན་པ་༧༠༠༠ ལྷག་ལ་སྒོམ་རིམ་བར་མ་དང་རྒྱལ་སྲས་ལག་ལེན་སོ་བདུན་མའི་འཆད་ཁྲིད་གནང་མགོ་བཙུགས་ཡོད་འདུག
ཐེ་ལན་ཌི་ནང་པའི་མི་མང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཚེས་༡༤ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་།བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་གིས་དུས་ཡུན་ཉིན་གཉིས་རིང་ཐེ་ལན་ཌིའི་ཆོས་ཞུ་བ ༡༡༠གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་༦༡ཙམ་ནས་ཕེབས་པའི་ཕྱི་རྒྱལ་མི་རིགས་དང་བོད་རིགས་མང་ཚོགས་བདུན་སྟོང་༧༠༠༠བརྒལ་བར། རྒྱ་གར་སློབ་དཔོན་ཀ་མ་ལ་ཤིས་མཛད་པའི་སྒོམ་རིམ་བར་མ་དང་། སློབ་དཔོན་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་གཉིས་འཆད་ཁྲིད་གནང་མགོ་ཚུགས་ཡོད་པར་མ་ཟད། ཐེངས་འདིའི་གསུང་ཆོས་དེ་དབྱིན་རྒྱ་སྐད་ཡིག་གཉིས་གཙོས་པའི་སྐད་ཡིག་ཁག་ཅིག་ནང་ཐད་གཏོང་བྱས་ཡོད།
གསུང་ཆོས་མགོ་མ་བཙུགས་གོང་༧གོང་ས་མཆོག་གིས་ཐེ་ལན་ཌི་གཙོས་པའི་ཆོས་ཞུ་བ་ཚོར་བཀའ་གནང་དོན། འབར་མ་དང་ཐེ་ལན་ཌི། ཁམ་པོ་ཌི་ཡ་སོགས་ནང་པའི་རྒྱལ་ཁབ་ནང་འདུལ་བའི་ཉམས་ལེན་ཧ་ཅང་ཡག་པོ་ཡོད།ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་བཅུ་རེ་གྲངས་ནང་ང་རང་ཐེ་ལན་ཌིར་ཐེངས་ཁ་ཤས་བསླེབས་ཐུབ་བྱུང་ཡོད་ལ་སྐབས་དེའི་དགེ་འདུན་པའི་འདུལ་བའི་ཉམས་ལེན་ཡག་པོ་མཐོང་བྱུང་།  མ་གཞི་དགེ་སློང་འབུམ་ཕྲག་མང་པོ་ཡོད་པའི་ནང་ཞབས་འདྲེན་ཞུ་མཁན་རེ་ཟུང་ཡོང་གིན་ཡོད་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་ཞེ་དྲག་ཡག་པོ་འདུགདེ་གར་དགེ་འདུན་པ་ཚོ་གསོལ་སྙོམས་སུ་ཕེབས་ཀྱིན་ཡོད་པ་ལྟར་རེ་ཞིག་ངོས་རང་ཡང་གསོལ་སྙོམས་སུ་ཕྱིན་པ་ཡིན། བཅོམ་ལྡན་འདས་ཞལ་བཞུགས་སྐབས་དེ་ལྟ་བུ་ཞིག་ཡིན་རྒྱུ་རེད་བསམ་སྟེ་ངོ་མཚར་ཆེན་པོ་སྐྱེས་སོང་ཞེས་དང་། ཁྱེད་རང་ཚོ་ལུང་པ་དེ་ནས་ཕེབས་པ་ཞིག་རེད་ལ་ཁྱེད་ཚོས་པ་ལིའི་གཞུང་རྩ་བར་བཞག་སྟེ་ཆོས་འཆད་ཉན་གནང་གི་ཡོད་ལ།  བོད་གངས་ཅན་གྱི་ཆོས་རྒྱུད་དེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་ཞུས་ལྟར། མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་ཏེ་བསྟན་པའི་རྨང་གཞི་བཙུགས་པ་ཞིག་ཡིན། ཁོ་རང་འདུལ་བ་འཛིན་པ་ཞིག་དང་། པ་ལིའི་གཞུང་དང་ཐུན་མོང་ཐོག་འདུལ་བའི་ཉམས་ལེན་བྱས་མྱོང་བའི་མངོན་པའི་གཞུང་ཆེན་མཁས་པ་ཞིག་ཡིན་ལ། ལེགས་སྦྱར་ནང་ཡོད་པའི་གཏན་ཚིགས་རིག་པའི་སྐོར་ལའང་མཁས་པར་སོན་པ་ཞིག་ཀྱང་རེད། ཁོང་གིས་གསར་བཏོད་བྱས་པའི་ནང་ཆོས་ཀྱི་ཆོས་རྒྱུད་དང་བོད་གངས་ཅན་གྱི་ཆོས་རྒྱུད་དེ་དག་དཔལ་ན་ལེནྜ་ནས་བརྒྱུད་པའི་ཆོས་རྒྱུད་ཅིག་ཆགས་ཡོད་ཅེས་ངོས་ནས་རྒྱུན་དུ་བཤད་ཀྱིན་ཡོད། ཅེས་གསུངས་བྱུང་།  
ཐེ་ལན་ཌིའི་ནང་པར་ཆོས་འབྲེལ་གནང་དོན་སྐོར་ལ་༧གོང་ས་མཆོག་གིས་མུ་མཐུད་གསུང་དོན། སྤྱིར་བདེན་བཞིའི་མདོ་ཡོད་ལ་དེ་ཐུན་མོང་བའི་མདོ་རེད། པ་ལིའི་ནང་དུའང་ཡོད་བསྡད་པ་ཞིག་རེད། ཁྱེད་ཚོ་དོན་གཉེར་ཆེན་པོས་ས་ཐག་རིང་པོ་ནས་འདིར་ཕེབས་དུས། གཞུང་གསར་པ་ཞིག་གཟིགས་ཐུབ་ན་བློ་བསྐྱེད་འདྲ་མིན་ཡོང་གི་རེད་དྲན་སོང་། སློབ་དཔོན་ཀ་མ་ལ་ཤི་མཆོག་གིས་མཁན་ཆེན་ཞི་བ་འཚོས་བཀའ་གཞིར་བཟུང་བོད་ལ་ཕེབས་ཡོད་ཅིང་། ཁོང་རྒྱ་གར་དུ་བཞུགས་རིང་བསྟན་བཅོས་དུ་མ་ཞིག་མཛད་ཡོད་ལ།  བོད་དུ་ཕེབས་རྗེས་སུའང་སྒོམ་རིམ་ཐོག་མཐའ་བར་གསུམ་སོགས་ལོ་རྒྱུས་ཐོག་ཧ་ཅང་གསལ་པོ་ཡོད་དུས།  དེ་རིང་ངོས་ཀྱིས་སྒོམ་རིམ་སྐོར་ཞུ་ཐུབ་ན་ཡག་པོ་ཡོད་ཀྱི་རེད་བསམས་སོང་ཅེས་དང་།བོད་དང་ལ་དྭགས་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་ཁག་དང་། ཕྱི་རྒྱལ་མི་རིགས་ནང་སྒོམ་རིམ་སྐོར་ཚར་མང་པོ་གོ་མྱོང་ཡོད་པ་དེ་འདྲ་ཡོད་སྲིད་ཀྱི་རེད།  མ་གཞི་དཔེ་ཆ་འདི་ཁྱེད་ཚོར་རྒྱུས་ཡོད་པ་ལྟ་བུ་ཞིག་ཡིན་ཀྱང་འདུལ་བའི་གླེགས་བམ་ལྟ་བུར་ཉན་ན། ལོ་རྒྱུས་རང་གསུངས་ཀྱི་ཡོད་དུས་ཚར་གཅིག་ཉན་ཏེ་གཡུག་འཇོག་རྒྱུའི་བཟོ་འདྲ་པོ་རེད། ཡིན་ནའང་། གཞུང་དེ་ཚོ་ཡང་ནས་ཡང་དུ་བསམ་དགོས་པ་དང་སྒོམ་དགོས་པ་ཞིག་ཡིན་པའི་ཆ་ནས། ཚར་བཅུ་ཉི་ཤུ་ལྷག་བལྟ་ཐུབ་ཀྱང་ཚིམས་པ་མེད་པར་ངེས་པར་བལྟ་དགོས་པ་ཞིག་ཆགས་ཡོད་པ་རེད། ཅེས་གསུངས་བྱུང་། 
ཉི་ཧོང་གི་གོད་ཆག་སྐོར་ལ་༧གོང་ས་མཆོག་གིས་ཐུགས་སྨོན་གནང་བཞིན་ཡོད་སྐོར་གསུངས་དོན། བར་སྐབས་ནས་འབྱུང་བའི་གནོད་འཚེ་འོག་ཨོ་སི་ཊོ་ལི་ཡར་ཆུ་ལོགས་རྒྱུཊ་པ་དང་ནེའུ་ཛི་ལན་ཌིར་ས་ཡོམ་བརྒྱབ་པ།  ལྷག་པར་དུ་ཉེ་ཆར་ཉི་ཧོང་དུ་ས་ཡོམ་དང་མཚོ་རླབས་ཀྱི་རྐྱེན་པས་མང་ཚོགས་ལ་གོད་ཆག་ཆེན་པོ་ཞིག་བྱུང་ཡོད། སྤྱི་ཡོངས་ཀྱི་ཐོག་བཤད་ན་ཉི་ཧོང་ནི་ནང་པའི་རྒྱལ་ཁབ་ཅིག་ཡོད་ཆགས་ཡོད་ལ། ངོས་རང་སྒེར་ལ་ཆ་བཞག་ཀྱང་ཉི་ཧོང་བའི་གྲོགས་པོ་ཧ་ཅང་མང་པོ་ཡོད།ཐེངས་འདིར་རྐྱེན་ངན་བྱུང་སྐབས་ང་ཚོས་སྨོན་ལམ་རྒྱག་རྒྱུ་མ་གཏོགས་ཐབས་གཞན་ཅི་ཡང་མི་འདུག་མོད། ཁ་སང་ངོས་ཀྱིས་གདན་ས་གསུམ་གཙོས་པའི་པའི་དགོན་སྡེ་ཁག་ཏུ་ཤེས་རབ་སྙིང་པོ་ཆིག་འབུམ་ལྷག་གསོག་དགོས་པའི་འབོད་སྐུལ་ཞུས་ཡོད་ལ། འབོད་སྐུལ་ཞུས་དོན་ལྟར་ཞབས་རིམ་སྒྲུབ་མགོ་བཙུགས་ཡོད། དེ་རིང་འདིར་ང་ཚོས་འདས་པོ་རྣམས་ཀྱི་ཆེད་ཤེས་རབ་སྙིང་པོ་ཚར་གསུམ་བཏོན་ཏེ་སྨོན་ལམ་རྒྱག་ཅེས། བཀའ་བསྩལ་སོང་།  
༧གོང་ས་མཆོག་གིས་བདེན་བཞིའི་སྐོར་ལ་ངོ་སྤྲོད་ཀྱི་ཚུལ་དུ། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་བློ་ཡོད་ཀྱང་།། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགས།། བདེ་བ་འདོད་ཀྱང་གཏི་མུག་པས།། རང་གི་བདེ་བ་དགྲ་ལྟར་འཇོམས། ཞེས་པ་ལྟར། མ་ཤེས་པའི་དབང་གིས་སྡུག་བསྔལ་གྱི་རྒྱུ་འདོར་མི་ཤེས་ཞིང་བདེ་བའི་རྒྱུ་བསྒྲུབ་མ་ཤེས་པའི་སྟབས་ཀྱིས། བདེ་སྡུག་ཟེར་བ་རྒྱུ་མེད་ལས་བྱུང་བ་ཞིག་མིན་ལ་རྟག་པའི་རྒྱུ་ལས་བྱུང་བ་མ་རེད།དཀོན་མཆོག་གི་བློ་ཡི་དབྱེ་བ་སྔོན་དུ་འགྲོ་བའི་ཐོག་འགྲོ་བའང་མིན་པར།  དེ་ནི་རང་རང་གི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་རེད། ཅེས་དང་།  བཅོམ་ལྡན་འདས་ཀྱི་བདེན་བཞིའི་རྣམ་གཞག་གསུངས་པ་ལྟར། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དེས། བདེ་བ་དང་སྡུག་བསྔལ་ནི་རྒྱུ་དང་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང་རྒྱུ་རྐྱེན་དེ་སེལ་ཐུབ་རྒྱུ་ཡོད་མེད། སྡུག་བསྔལ་གྱི་རྒྱུ་བཀག་པའི་སྒོ་ནས་སྡུག་བསྔལ་སྤངས་པའི་འབྲས་བུ་འཐོབ་རྒྱུ་ཡོད་མེད་སོགས་ལ་དཔྱད་པ་བྱས་སྐབས།  དཔྱད་གཞིའི་ཡུལ་བདེན་པ་དེ་གསུངས་པ་རེད། བདེན་བཞི་གསུང་སྟངས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ་ཞེས། བདེན་བཞིའི་ངོ་བོ་ལས་འདས་པར་བྱས་ཏེ། དངོས་པོའི་གནས་ཚུལ་སྡུག་བསྔལ་ཟེར་བ་དེའི་རྒྱུ་གསུངས་ཤིང་སྡུག་བསྔལ་སྤངས་པའི་ཡོན་ཏན་ཡོད་མེད་རྩད་གཅོད་ཀྱིས།  རྒྱུ་སྤངས་པའི་སྒོ་ནས་སྡུག་བསྔལ་བྲལ་བའི་འགོག་བདེན་དེ་གསུངས། འགོག་བདེན་དེའང་སྡུག་བསྔལ་གྱི་རྒྱུ་གཉེན་པོ་བསྟེན་ཏེ་སྤངས་པ་ཞིག་ཡིན་སྟབས། གཉེན་པོ་གང་འདྲ་ཡིན་པ་ལམ་གྱི་བདེན་པས་གསུངས་ཏེ་བདེན་པ་བཞི་གསུངས་ཤིང་།  དེ་ནི་ཤེས་རབ་ཀྱི་བསླབ་པ་ཡིན་སྟབས་བདེན་བཞིའི་རྣམ་གཞག་ལ་སེམས་རྩེ་གཅིག་གིས་དཔྱད་དེ། དེའི་ཐོག་ནས་སེམས་ལ་འགྱུར་བ་ཐེབས་པ་ཞིག་བཟོ་དགོས།ཞེས་གསུངས་བྱུང་།
                                                                         གསར་འགོད་པ་དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

སྐར་མ ༣༡ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༢༠ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

ཆུ་ཚོད་ ༢༡ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

༢༠༢༦/༠༩/༢༡
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese