མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤི་བཞིན་པའི་བོད་ནི་ཀླད་ཀོར་སྲིད་བྱུས་ལ་ཐུག་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp
རྒྱ་ནག་སྲིད་གཞུང་གིས་བསམ་ཤེས་བྱས་ཏེ་གཉིས་ཕན་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་མ་སེལ་བར། གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ལ་མུ་མཐུད་དཀའ་སྡུག་མྱོང་དུ་བཅུག་ཚེ། རྒྱལ་སྤྱིའི་མིག་ནང་གི་ཚེར་མ་ལྟ་བུར་འགྱུར་མི་སྲིད་པ་མིན། ཞེས་ཧྤ་རན་སིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་མཆོག་གིས་གསུངས་ཡོད། 
སྒྲོན་མེ་རྩོམ་སྒྲིག་པས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ཉིན་གྱི་གསུམ་བཅུའི་དུས་དྲན་ཐེངས་ ༥༢ པ་དང་སྟབས་བསྟུན་ཏེ། རྒྱལ་ས་ཕ་རེ་སིར་རྟེན་གཞི་བྱས་པའི་བོད་ཀྱི་བྱམས་བརྩེ་ཁང་གིས་ཧྥ་རན་སིའི་གྲོས་ཚོགས་གོང་མའི་ཚོགས་ཁང་དུ་༼བོར་བཞིན་པའི་བོད༽ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་ཅིང་། བགྲོ་གླེང་ཐོག་ཧྥ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་དམིགས་བསལ་སྐུ་ཚབ་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇོན་སྤོང་སའོ་བའི་གཙོས། གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་བོད་ཀྱི་བྱམས་བརྩེ་ཁང་གི་འགན་འཛིན་ཚ་དབང་སུམ་གྱང་སྤྲུལ་སྐུ་བཅས་མཉམ་ཞུགས་གནང་སྟེ་བརྗོད་གཞི་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་རེད།
སྐབས་དེར་ཧྥ་རན་སིའི་གྲོས་ཚོགས་གོང་མིའི་ཚོགས་གཙོ་མཆོག་གིས་གསུང་དོན། བོད་ཀྱི་གནད་དོན་ནི་མི་རིགས་ཤིག་གི་གནད་དོན་ལས་བརྒལ་དེ་རྒྱལ་སྤྱི་རང་བཞིན་གྱི་གནད་དོན་གལ་ཆེན་ཞིག་ཆགས་ཡོད། གལ་སྲིད། རྒྱ་ནག་སྲིད་གཞུང་གིས་བསམ་ཤེས་བྱས་ཏེ་གཉིས་ཕན་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་མ་སེལ་བར། གཞིས་བྱེས་བོད་མི་ཡོངས་ལ་མུ་མཐུད་དཀའ་སྡུག་མྱོང་དུ་བཅུག་ཚེ། རྒྱལ་སྤྱིའི་མིག་ནང་གི་ཚེར་མ་ལྟ་བུར་འགྱུར་མི་སྲིད་པ་མིན། སྐབས་དེར་རྒྱ་ནག་གཞུང་གིས་ཧམ་བཤད་ཇི་ལྟར་བྱས་ཀྱང་རྒྱ་ནག་གི་དཔལ་འབྱོར་གྱི་མ་རྩ་དེ་ནུབ་ཕྱོགས་རྒྱལ་ཁབ་ཚོས་འཇོག་གིན་ཡོད་སྟབས། ལེ་སྦེ་ཡའི་གཞུང་ལ་ཨ་རིའི་དཔལ་འབྱོར་གྱིས་ཉེས་ཆད་བཅད་པ་ལྟར། རྒྱ་ནག་སྔར་བཞིན་ཕྱོགས་གང་ཅིའི་ཐད་ནས་སྐྱོ་ངལ་གྱི་གནས་སུ་ལྷུང་རྒྱུ་ཁོ་ན་ཡིན་ལ། རྒྱ་ནག་ཆེན་པོ་དེ་རང་ཤུགས་ཀྱིས་འཐོར་ཞིག་ཏུ་འགྲོ་སྲིད་པ་རེད། གནས་སྟངས་དེ་དག་ལ་གཞིགས་ཏེ་མ་འོངས་པར་རྒྱ་ནག་གཞུང་གིས་ཕན་ཚུན་ལ་བསམ་ཤེས་གུ་ཡངས་དང་ཏཱ་ལའི་བླ་མས་བཏོན་པའི་དབུ་མའི་ལམ་དེ་དམིགས་འཛིན་བྱ་རྒྱུ་དང་། ༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་མིང་དོན་མཚུངས་པའིི་གྲོས་མོལ་བྱ་རྒྱུ་གལ་ཆེན་རེད། ཅེས་གཏམ་བཤད་གནང་ཡོད་འདུག  
 
དེ་བཞིན། རྒྱལ་ས་ཕ་རེ་སིར་རྟེན་གཞི་བྱས་པའི་བོད་ཀྱི་བྱམས་བརྩེ་ཁང་གི་འགན་འཛིན་ཚ་དབང་སུམ་གྱང་སྤྲུལ་སྐུ་མཆོག་གིས་ཀྱང་། དེ་རིང་གི་ཉིན་མོ་འདི་བོད་པ་ལས་གཞན་པའི་རྒྱལ་ཁབ་རྣམས་ལ་མཚོན་ན། ཆེས་སྤྱིར་བཏང་གི་ཉིན་མོ་ཞིག་ཡིན་ནའང་། ང་ཚོ་བོད་པའི་ཆུང་བྱིས་པ་ནས་རྒན་མགོ་དཀར་ཡོངས་ཀྱིས་བརྗེད་མི་ཐུབ་པའི་ཉིན་མོ་ཞིག་ཡིན་པར་མ་ཟད། ང་ཚོའི་དཀའ་སྡུག་གི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་པའི་ཉིན་མོ་ཞིག་ཀྱང་ཆགས་ཡོད། ༢༠༡༠ ལོ་ནས་བཟུང་རྒྱ་ནག་དབུས་གསང་བའི་ལས་ཁུངས་ཀྱི་སྲིད་བྱུས་ཉམས་ཞིབ་པ་ཚོས་གུ་ཡངས་མཉམ་འབྲེལ་བྱ་རྒྱུ་ལས་ལྡོག་ཏེ། བོད་ཐོག་འཛིན་པའི་ཀླད་ཀོར་སྲིད་བྱུས་དེ་དུས་དང་གནས་ལུགས་ལ་ལྟོས་ཏེ་འགྱུར་ལྡོག་ཅི་ཡང་མ་བཏང་བར་མ་ཟད།  ཀླད་ཀོར་སྲིད་བྱུས་ཀྱི་སྦྱོར་བ་ཇེ་རྩུབ་ཇེ་སྡུག་ཏུ་བཏང་སྟེ་སློབ་གསོའི་སྲིད་བྱུས་ཞེས་པའི་འབོད་སྒྲའི་འོག བོད་ཀྱི་སྐད་དང་ཡི་གེ་རྩ་མེད་བཟོ་རྒྱུའི་འཆར་གཞི་བཏང་ཡོད་ལ། བོད་མི་རིགས་དང་དེའི་རྩ་ཆེ་བའི་ཆོས་དང་རིག་གཞུང་གིས་མཚོན་པའི་མི་རིགས་ཀྱི་ངོ་བོ་མཚོན་པའི་རིག་གནས་རྣམས་རྩ་སྟོང་དུ་འགྲོ་ཐབས་སུ་ཞི་དྲག་སྣ་ཚོགས་ཀྱིས་ཐབས་ལམ་བཀོལ་བཞིན་ཡོད་པ་མིག་མཐོང་ལག་ཟིན་གྱི་གནས་སུ་གྱུར་ཡོད། ཁོ་ཚོས་དེ་འདྲའི་སྲིད་བྱུས་ཤིག་བཟུང་བའི་རྒྱབ་ལྗོངས་གཙོ་བོ། དེ་སྔ་མན་ཇི་མི་རིགས་ཀྱི་ཐོག་ལ་ཐབས་ལམ་དེ་སྤྱད་ནས་གྲུབ་འབྲས་དང་ནུས་བ་ཐོན་ཡོད་པ་ལ་བརྟེན་ནས། གྲངས་ཉུང་མི་རིགས་དུ་གྱུར་བའི་བོད་དེ་མི་གྲངས་མང་བའི་རྒྱ་རིགས་ཁྲོད་སིམ་ཡལ་དུ་འགྱུར་ཐབས་སུ་འཇམ་རྩུབ་སྣ་ཚོགས་ཀྱི་ཐབས་ལམ་སྤྱད་དང་སྤྱོད་བཞིན་ཡོད། ཅེས་གསུངས་ཡོད་འདུག   
 
ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་ཧྥ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་དམིགས་བསལ་སྐུ་ཚབ་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཙོས། གྲོས་ཚོགས་གོང་མའི་གནད་ཡོད་མི་སྣ་དང་ཕ་རེ་སི་བོད་གཞུང་སྐུ་ཚབ་དོན་གཅོད་དབང་པོ་མཆོག ཧྥ་རན་སིའི་ནང་སྲིད་ལས་ཁུངས་ཨེ་ཤ་ཡའི་སྡེ་ཚན་གྱི་མི་སྣ། བདེ་སྲུང་ལས་ཁུངས་གྱི་སྐྱབས་བཅོལ་ལྟ་སྐྱོང་སྡེ་ཚན་གྱི་མི་སྣ་དང་བོད་མི་ཤེས་ཡོན་པ་བཅས་མི་ ༢༠༠ ལྷག་འདུ་འཛོམས་ཀྱིས་༼བོར་བཞིན་པའི་བོད༽ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་བགྲོ་གླེང་སོགས་གནང་ཡོད་པ་རེད།
 
གསར་འགོད་པ་དོན་གོ།  
 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese