ང་ཚོ་བཀའ་ཤག་གི་ལས་འགན་དེ་༸གོང་ས་མཆོག་གི་ཐུགས་དགོངས་བསྒྲུབ་རྒྱུ་དེ་ཡིན་སྟབས། ༸གོང་ས་མཆོག་གིས་གསུང་འཕྲིན་གང་ཕེབས་པ་ཆ་ཚང་སྤྱི་འཐུས་གྲོས་ཚོགས་ཀྱིས་ལག་ལེན་བསྟར་ཐུབ་པ་ཞིག་གནང་དགོས་པ་དང་གནང་རོགས་ཞུ་རྒྱུ་ཡིན་ལ། དེའི་ཐད་བཀའ་ཤག་གིས་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པའི་ཐོག་ནས་ཞུ་འདོད་བྱུང་། ཅེས་བཀའ་ཁྲི་མཆོག་གིས་གསུངས་ཡོད།
དེ་རིང་ཕྱི་ཚེས་ ༡༥ ཉིན་སྟེ། བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཀྱི་ཉིན་གཉིས་པའི་སྟེང་༸གོང་ས་མཆོག་གི་གསུང་འཕྲིན་རིན་པོ་ཆེར་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་ཐོག་སྤྱི་ཡོངས་བགྲོ་གླེང་གནང་ཡོད་ཅིང་། ཐོག་མར་བཀའ་ཁྲི་མཆོག་གིས་ཐེངས་འདིའི་གསུང་འཕྲིན་གྱི་སྐོར་ལ་བཀའ་ཤག་གི་ཚབ་ཞུས་ཏེ་དགོངས་འཆར་དང་བསམ་ཚུལ་གསུངས་པ་དང་། སྤྱི་འཐུས་རེ་རེ་ནས་བསམ་ཚུལ་དང་དགོངས་འཆར་གནང་གྲུབ་རྗེས། བཀའ་ཁྲི་མཆོག་གིས་ཐེངས་འདིའི་གྲོས་འཆར་གྱི་བགྲོ་གླེང་ལ་མཇུག་བསྡོམས་གསུང་བཤད་ཡང་གནང་སོང་།
བགྲོ་གླེང་གི་ཐོག་མར་བཀའ་ཁྲི་མཆོག་གིས་གསུང་དོན། དེ་རིང་གི་ལས་རིམ་འདིའི་ནང་བཀའ་ཤག་ལ་ཆ་ཤས་ལེན་དགོས་པའི་འདུན་པ་མེད་སྟབས། སྐུ་དབང་གནང་རོགས་གནོངས་ཞེས་ཞུ་རྒྱུ་བྱུང་མ་སོང་། ཡིན་ནའང་། ཚོགས་གཙོ་མཆོག་གིས་བགྲོ་གླེང་མགོ་འཛུགས་ཀྱི་སྐབས་སུ་བཀའ་ཤག་གི་བསམ་ཚུལ་ཞུ་དགོས་པའི་བཀའ་ཕེབས་ཡོད་སྟབས། བཀའ་དགོངས་གཞིར་བཟུང་ཐོག་མ་ཞུས་ཀ་མེད་དང་ཆ་ཤས་མ་བླངས་ཀ་མེད་བྱུང་སོང་། ནམ་རྒྱུན་བཀའ་ཤག་གི་ངོས་ནས་དུས་ནམ་ཡིན་ཡང་༸གོང་ས་མཆོག་གི་ཐུགས་ཀྱི་དགོངས་གཞི་དང་བཀའ་ཡི་ཕེབས་སྒོ་གང་བྱུང་བ་རྣམས་དང་ལེན་དང་རྒྱབ་སྐྱོར་ཞུ་དགོས་པ་བཤད་མ་དགོས་པ་ཞིག་རེད། ལྷག་པར་དུ་ངའི་མགོ་ཁྲིད་པའི་བཀའ་ཤག་སྐབས་བཅུ་གཉིས་པ་དང་བཅུ་གསུམ་གཉིས་ཀའི་ངོས་ནས། ༸གོང་ས་མཆོག་གི་དགོངས་གཞི་དང་བཀའ་ཡི་ཕེབས་སྒོ་དེ་ལས་དོན་གལ་ཆེ་ཤོས་སུ་བརྩིས་ཏེ་བསྒྲུབ་ཐབས་བྱེད་པའི་དམ་བཅའ་ཟིན་ཡོད་ལ། དམ་བཅའ་ཡོད་པ་ལྟར་གྲོས་ཚོགས་དང་མང་ཚོགས་གཉིས་ལ་ཡང་ཡང་ཞུས་མྱོང། ཡིན་ནའང་། ད་རེས་ཀྱི་གསུང་འཕྲིན་ནང་འཁོད་པའི་བཀའ་ཡི་ཕེབས་སྒོ་དེ་ཚོ་ཇི་མ་ཇི་བཞིན་ཕྱག་བསྟར་གནང་དགོས་ཀྱི་འདུག་ཅེས་ཞུ་དགོས་དུས། འདུན་པ་དང་སྤོབས་པ་གཉིས་ཆའི་མ་འདང་བའི་གནས་སྟངས་ཤིག་ཡོང་བསྡད་ཀྱི་འདུག དེར་བརྟེན། ༸གོང་ས་མཆོག་གིས་བཀའ་ཕེབས་པ་ལ་དགོས་པ་རྒྱུ་མཚན་མེད་པ་དང་། བོད་མི་རིགས་ཀྱི་འཕྲལ་ཕུགས་ཀྱི་ཁེ་ཕན་མ་རེད། ཅེས་བསམ་གི་མེད་ལ་ཞུ་རྒྱུའི་སྤོབས་པ་ཡང་ཁྱོན་ནས་མེད། ཡིན་ནའང་། ད་རེས་༸གོང་ས་མཆོག་གི་བཀའ་ཡི་ཕེབས་སྒོ་དང་གཞིས་བྱེས་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་བར་ལ་མ་མཐུན་པ་དང་ཁྱད་པར་ཆེན་པོ་ཞིག་ཡོད་པ་མཐོང་བསྡད་ཀྱི་འདུག གཞིས་བྱེས་བོད་མིའི་བརྒྱ་ཆའི་ ༩༩ ཡིས་ཁོང་གི་བཀའ་ཕེབས་པ་དེ་བློ་ཡུལ་དུ་མ་ཤོངས་པའི་གནས་སྟངས་ཆགས་ཡོད་པ་དེ་གསལ་བོར་ཤེས་ཀྱི་ཡོད། དེ་ཙམ་དུ་མ་ཟད་གཞིས་བྱེས་བོད་མི་སྤྱི་སྒེར་མང་པོས་༸གོང་ས་མཆོག་ལ་ཐད་ཀར་གསོལ་འདེབས་དང་ཡིག་ངག་གཉིས་ཀྱི་ལམ་ནས་སྙན་ཞུ་རབ་དང་རིམ་པ་གང་འདྲ་ཞིག་གནང་ཡོད་མེད་སྤྱི་འཐུས་ཚང་མས་མཁྱེན་གྱི་ཡོད་པ་རེད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་བཀའ་ཤག་གི་ལངས་ཕྱོགས་དང་ཞུ་ཕྱོགས་དེ་ལས་སླ་བོ་ཞིག་མེད་པ་ཚང་མས་མཁྱེན་ཐུབ་པ་ཞིག་རེད་བསམ་གྱི་ཡོད། ༸གོང་ས་མཆོག་གི་གསུང་འཕྲིན་གྱི་ནང་དོན་གཙོ་བོ། བཙན་བྱོལ་བོད་མའི་བཅའ་ཁྲིམས་ལ་གཞི་རིམ་གྱི་འགྱུར་བ་ཞིག་བཏང་ནས་བཅའ་ཁྲིམས་ཀྱི་གནས་བབ་གསར་བ་ཞིག་བཟོ་དགོས། ཞེས་གསུང་འཕྲིན་བསྩལ་ཡོད་སྟབས། དེའི་ལས་འགན་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་གནང་དགོས་པ་ཞིག་རེད། སྤྱི་འཐུས་མི་རེ་ངོ་རེས་རྣམ་དཔྱོད་དང་བློ་གྲོས་ཀྱི་རྩལ་བཏོན་ཏེ་མཁས་མཛངས་ཐབས་འཕྲུལ་ལྡན་པའི་ལམ་སྟོན་ཞིག་གནང་རོགས་ཞེས། གསུམ་དུས་ཀྱི་གཏམ་བཤད་ནང་ཞུས་དགོས་ཆགས་སོང། ཞེས་གསུངས་བྱུང་།
དེ་རྗེས་བཀའ་ཁྲི་མཆོག་གིས། དང་པོ། ༸གོང་ས་མཆོག་གི་དགོངས་གཞི་དང་དེའི་རྒྱབ་ལྗོངས་ཀྱི་དགོས་པ་རྒྱུ་མཚན་ག་རེ་ཡིན་པ་བཀའ་ཤག་གིས་གོ་རྟོགས་གང་བྱུང་བའི་གནས་ཚུལ་དང་། གཉིས་པ། གཞིས་བྱེས་བོད་མི་མང་ཤོས་ཀྱི་སེམས་འཚབ་ག་རེ་ཡོད་པ་དང་རེ་འདུན་ག་རེ་ཡོད་པའི་སྐོར། གསུམ་པ། ༸གོང་ས་མཆོག་གི་དགོངས་གཞི་དང་བཀའ་ཡི་ཕེབས་སྒོ་ལྟར་ཕྱག་ལས་བསྟར་མིན་སྐབས། འཕྲལ་དུ་བོད་མི་རིགས་དང་བཙན་བྱོལ་སྒྲིག་འཛུགས་གཉིས་ཀར་དཀའ་ངལ་གང་འདྲ་ཞིག་འཕྲད་སྲིད་མིན་བཅས་ཕྱོགས་གསུམ་གྱི་སྒོ་ནས་བསྡོམས་བརྒྱབ་སྟེ་སྙན་སེང་ཞུས་སོང་བར་མ་ཟད། དོན་ཚན་གསུམ་པའི་ནང་དོན་གྱི་ཐད་ནས་དོགས་འདྲི་ཁག་ཅིག་གནང་བའི་ནང་། དང་པོ། རྒྱལ་སྤྱིའི་ནང་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་སྲུང་ཐག་དེ་༸གོང་ས་མཆོག་གིས་བཟུང་ཡོད་པས། ༸གོང་ས་མཆོག་ཆབ་སྲིད་ཀྱི་དབུ་ཁྲིད་ལས་ཟུར་བཞུགས་མཛད་པ་ཡིན་ན། རྒྱལ་སྤྱིའི་ནང་བོད་དོན་བདེན་པའི་འཐབ་རྩོད་ཀྱི་གཟུགས་བརྙན་ཉམས་ཆག་འགྲོ་བ་དང་། གཟུགས་བརྙན་གསར་བ་བསྐྲུན་པའི་ནུས་པ་ང་ཚོ་ལ་ཡོད་མེད་དང་། གལ་སྲིད། ཡོད་པ་ཡིན་ན་གཟུགས་བརྙན་གསར་བ་བསྐྲུན་པར་དུས་ཚོད་ག་ཚོད་འགོར་མིན། གཉིས་པ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་༸གོང་ས་ལྔ་བ་ཆེན་པོའི་ཕྱག་བཏབ་པའི་གཞུང་དགའ་ལྡན་ཕོ་བྲང་གི་རྒྱུན་ཡིན་པ་དང་། བོད་མི་རིགས་ཀྱི་ངོ་ཚབ་མཚོན་ནུས་པའི་༸གོང་ས་མཆོག་གིས་དབུ་ཁྲིད་ཡོད་པ་དེ་གཉིས་ལ་བརྟེན་ནས་བོད་མིའི་ཆེས་མཐོང་གི་མགྲིན་ཚབ་ལ་ངོས་ལེན་བྱེད་ཀྱིན་ཡོད། ༸གོང་ས་མཆོག་ཟུར་བཞུགས་གནང་བ་ཡིན་ན་ངོས་འཛིན་དེ་ཐོབ་ཐུབ་མིན། གསུམ་པ། བཙན་བྱོལ་སྒྲིག་འཛུགས་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཁྲིམས་མཐུན་ཡོང་བའི་གཞི་རྩ་དེ་ཡང་༸གོང་ས་མཆོག་གི་དབུ་ཁྲིད་ལ་ཐུག་བསྡད་ཡོད་པས། དེ་མེད་པ་ཡིན་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཁྲིམས་མཐུན་འབྱུང་ཁུངས་དེ་གནས་སྟངས་ག་འདྲ་ཆགས་མིན། བཞི་པ། རྒྱལ་སྤྱིའི་ནང་གི་གཞུང་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་མཚོན་པའི་མང་ཚོགས་ཀྱི་ངོས་ནས་བཙན་བྱོལ་སྒྲིག་འཛུགས་ངོས་ལེན་དང་འབྲེལ་བ་གནང་ཕྱོགས་དེ་སྔར་བཞིན་གནས་ཐུབ་མིན་དང་། མ་གནས་པ་ཡིན་ན། གནས་ཚུལ་གསར་བ་དང་ལམ་ཁ་གསར་བ་ག་འདྲ་ཞིག་ཆགས་མིན། བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་ཡོངས་རྫོགས་ད་ལྟའི་བར་༸གོང་ས་མཆོག་གི་མཚན་ཐོག་ནས་འགྲོ་བཞིན་པ་དེ་མུ་མཐུད་གནས་ཐུབ་མིན། ལྔ་པ། རྒྱ་གར་མང་ཚོགས་ཀྱིས་མཚོན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། བོད་ལ་གདུང་སེམས་མཉམ་སྐྱེད་བྱེད་མཁན་ཚོའི་ལངས་ཕྱོགས་དང་ཆིག་སྒྲིལ་གྱི་ནུས་པ་ག་འདྲ་ཆགས་མིན། དྲུག་པ། གཞིས་བྱེས་བོད་མིའི་བར་གྱི་འབྲེལ་ལམ་དང་མང་ཚོགས་ཀྱི་ཆིག་སྒྲིལ། གཞིས་བཞུགས་བོད་མི་ཚོས་སྲོག་ལ་བརྟེན་ནས་རྒྱ་གར་ནང་བསླེབས་ཐབས་བྱས་ཏེ་བཙན་བྱོལ་སྤྱི་ཚོགས་ལ་འབྲེལ་ལམ་བཞག་པ་བཅས་ནི། ༸གོང་ས་མཆོག་གི་དབུ་ཁྲིད་ལ་བརྟེན་ནས་གནང་གི་ཡོད་སྟབས། འབྱུང་འགྱུར་ག་འདྲ་ཞིག་ཆགས་མིན། ད་ལྟ་རྒྱལ་སྤྱིའི་ནང་ཡོད་པའི་སྐུ་ཚབ་དོན་གཅོད་ཁང་ ༡༤ ཙམ་ཡོད་པ་དེ་དག ༸གོང་ས་མཆོག་གི་མཚན་ཐོག་ལས་དོན་གནང་བཞིན་པའི་རྒྱལ་སྤྱིའི་གནས་བབ་དེ་མ་འོངས་པར་ག་འདྲ་ཞིག་ཆགས་མིན་བཅས་དང་། གཞན་ཡང་། བཙན་བྱོལ་སྒྲིག་འཛུགས་ཀྱི་ཆེ་མཐོང་དང་། ལྷག་པར་དུ་བཙན་བྱོོལ་སྒྲིག་འཛུགས་ནང་ཁུལ་དུ་རང་དོན་བློས་གཏོང་བྱས་ཏེ་སྲིད་ཞུ་བསྒྲུབ་མཁན་མི་ཉུང་བ་ཞིག་གིས་༸གོང་ས་མཆོག་གི་ཞལ་རས་ཁོ་ན་སྒོམ་ནས་ཞབས་འདེགས་བསྒྲུབ་བཞིན་ཡོད་པར་བརྟེན། དེ་ཚོ་ཚང་མ་དགོངས་པ་བཞེས་དགོས་པའི་གནས་སྟངས་ཆགས་ཡོད། དེ་དག་ད་རེས་འགྱུར་བ་གཏོང་བའི་སྐབས་སུ་ཡོང་སྲིད་པ་དང་ཁ་ཤས་ཡོང་ངེས་པས། སྤྱི་འཐུས་རྣམ་པས་དེ་དག་ལ་ག་འདྲ་བྱས་ཏེ་གདོང་ལེན་གནང་མིན་ཐད་དངོས་ཡོད་དང་མཐུན་པའི་དགོངས་བཞེས་གཟབ་ནན་གནང་རྒྱུའི་ཐུགས་འགན་ཆེན་པོ་ཆགས་ཡོད། ཅེས་གསུངས་ཡོད་ལ།
མཐའ་མར་༸གོང་ས་མཆོག་གི་གསུང་འཕྲིན་ཐད་བཀའ་ཤག་གི་བསམ་ཚུལ་གསུང་དོན། བཀའ་ཤག་གི་ངོས་ནས་༸གོང་ས་མཆོག་གི་གསུང་འཕྲིན་ནང་བཀའ་ཡི་ཕེབས་སྒོ་གང་ཡོད་པ་དེ་ཇི་མ་ཇི་བཞིན་གྲོས་ཚོགས་འདིའི་ནང་བསྒྲུབ་པ་གནང་དགོས་ཀྱི་འདུག ཅེས་རྒྱབ་གཉེར་བྱེད་ཀྱིན་ཡོད། སེམས་པ་སྐྱིད་པོའི་ཐོག་ནས་དང་སྐྱོ་བོ་ཐོག་ནས་རྒྱབ་གཉེར་བྱས་པ་གང་ཡིན་ཡང་། གང་ལྟར། ༸གོང་ས་མཆོག་གིས་གྲོས་ཚོགས་ལ་གསུང་འཕྲིན་མ་ཕེབས་པའི་བར་གྱི་འདས་པའི་ལོ་བཅུ་ཡས་མས་ཤིག་གི་རིང་། བཀའ་ཤག་རིམ་པ་གཉིས་ཀྱིས་དངོས་ཤུགས་བརྒྱུད་གསུམ་དང་ཕྱི་ནང་གསང་གསུམ་ནས་གོ་སྐབས་ནམ་བྱུང་ལ་༸གོང་ས་མཆོག་ལ་གསོལ་འདེབས་རྒྱུན་སྐུལ་གྲངས་མེད་ཞུས་ཟིན་པ་ཡིན། ད་ལྟའི་གནས་སྐབས་ལ་༸གོང་ས་མཆོག་གིས་ཐུགས་ཐག་བཅད་ནས་གྲོས་ཚོགས་ལ་གསུང་འཕྲིན་ཕེབས་ཟིན་པའི་སྐབས་འདིར། ང་ཚོ་བཀའ་ཤག་གི་ལས་འགན་དེ་༸གོང་ས་མཆོག་གི་ཐུགས་དགོངས་བསྒྲུབ་རྒྱུ་དེ་རེད། གསུང་འཕྲིན་གང་ཕེབས་པ་ཆ་ཚང་ལག་ལེན་བསྟར་ཐུབ་པ་ཞིག་གནང་དགོས་པ་དང་གནང་རོགས་ཞུ་རྒྱུ་ཡིན་ལ། དེའི་ཐད་བཀའ་ཤག་གིས་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པའི་ཐོག་ནས་ཞུ་འདོད་བྱུང་། ཐེངས་འདིར་༸གོང་ས་མཆོག་གིས་གསུང་འཕྲིན་ཕེབས་ཟིན་པ་ཙམ་མ་ཟད་པའི་ཁྱོན་ཡོངས་ནས་ལྟོས་པ་ཡིན་ནའང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་གང་ཟག་མི་ཉུང་བ་ཞིག་གིས་དགོངས་པ་བཞེས་ཕྱོགས་དང་བཀའ་མོལ་གནང་ཕྱོགས། དེ་ཚོར་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གདོང་ལེན་གནང་ཕྱོགས་ཚང་མར་ལྟོས་ན། ད་ཆ་བཀའ་ཤག་གི་ངོས་ནས་༸གོང་ས་མཆོག་ལ་མུ་མཐུད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་རོགས་གནོངས། ཞེས་གསོལ་བ་འདེབས་པའི་གཞི་རྩ་དང་འདེབས་ནུས་པའི་སྤོབས་པ་གཉིས་ཆ་མེད་པ་ཞིག་ཆགས་ཀྱི་འདུག མ་འོངས་པར་ཐབས་ལམ་འཚོལ་བའི་ཐད་ལ་གྲོས་ཚོགས་ར་བའི་ནང་གི་གྲོས་ལ་དབང་བའི་ཚོགས་མི་རྣམ་པ་གཙོས་པའི་བཙན་བྱོལ་མང་ཚོགས་ཀྱིས་སོ་སོའི་དགོངས་པ་བཞེས་ཕྱོགས་དང་ཕྱག་ལས་གནང་ཕྱོགས། བསམ་ཚུལ་དང་དཔྱད་བཞེས། ༸གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་ཕྱོགས་བཅས་ཀྱི་ཐོག་དངོས་ཡོད་གནས་ཚུལ་ངོ་མ་གང་ཡིན་པ་དེ་ཇི་མ་ཇི་བཞིན་འཛེམ་ཟོན་སྤངས་བའི་ཐོག་དངོས་ཞིབ་གནང་ཐུབ་པ་ཞིག་དང་། གཞི་རྩ་དེའི་སྟེང་ནས་ལངས་ཕྱོགས་སྟོན་ཐུབ་པ་ཞིག་གནང་དགོས་པ་ལས། གཞས་དང་གདངས་མི་མཚུངས་པའི་མཛེས་ཆོས་ཙམ་གྱིས་ཐག་གཅོད་གནང་བ་ཡིན་ན། དོན་སྨན་ཡོང་གཞི་མེད་པའི་གནས་སྟངས་ཤིག་མཐོང་བསྡད་ཀྱི་འདུག ཅེས་གསུངས་བྱུང་།
དེ་རིང་ཕྱི་དྲོ་སྤྱི་འཐུས་རྣམས་ཀྱི་བགྲོ་གླེང་གནང་གྲུབ་རྗེས། བཀའ་ཁྲི་མཆོག་གིས་མཇུག་བསྡོམས་གཏམ་བཤད་གནང་ཡོད་ལ། སྐབས་དེར་ཁོང་གིས། ང་ཚོས་བཀའ་མོལ་མང་པོ་བཀྲམས་པའི་སྐབས་སུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོས་གང་འདྲ་བྱས་ཏེ་བེད་སྤྱོད་ལོག་པར་གཏོང་མིན་དང་དེའི་སྐོར་ལ་ལོག་བཤད་གང་འདྲ་བྱེད་པའི་ཐད་ལ་ཚིག་གཅིག་ཀྱང་ཞུས་མེད།དེ་མ་ཞུས་པ་དེ་ཆེད་དུ་དམིགས་ཏེ་དཀའ་ངལ་ཆེན་པོ་ཞིག་གི་ཐོག་ལ་མ་བཞག་པའི་དབང་གིས་མ་ཞུས་པ་མ་གཏོགས།དེ་གནས་ཚུལ་ཡོང་གི་མེད་པ་ཞིག་ལ་ཆ་བཞག་ནས་མ་ཞུས་པ་མིན།ཞེས་དང་།
ཡང་ཁོང་གིས།བགྲོ་གླེང་སྐབས་སྤྱི་འཐུས་མང་པོ་ཞིག་གིས་༸གོང་ས་མཆོག་ལ་སྙན་སེང་ཞུ་དགོས་པའི་སྐོར་བརྗོད་ཀྱིན་འདུག ད་ལྟའི་བར་ང་ཚོ་བཀའ་ཤག་གི་ངོས་ནས་ཐེངས་མང་པོར་སྙན་སེང་ཞུས་པ་རེད།ད་ལྟའི་གནས་སྐབས་ལ་སྙན་སེང་ཞུ་བའི་ས་མཚམས་ལས་བརྒལ་ཟིན་པ་རེད་ལ།༸གོང་ས་མཆོག་གི་ཐུགས་ཐག་བཅད་པའི་བཀའ་དེ་གྲོས་ཚོགས་ལ་ཕུལ་ཟིན་ཡོད་སྟབས།བཀའ་ཤག་གིས་བརྒྱ་ཆའི་བརྒྱ་བསྒྲུབ་ཐུབ་མིན་མི་ཤེས་ཀྱང་།༸གོང་ས་མཆོག་ལ་ད་ལྟ་ལམ་སེང་དེ་འདྲའི་བཀའ་མ་གནང་རོགས། སྔོན་མ་ནང་བཞིན་གནང་རོགས་ཞེས་ཞུ་རྒྱུ་བཀའ་བློན་ཚོའི་སེམས་ནང་འདོད་པ་ཡོད་ཀྱང་།ལག་ལེན་བསྟར་ཐུབ་པའི་གནས་ཚུལ་ཞིག་མིན་པ་དེ་གྲོས་ཚོགས་ལ་ཞུས་པ་ཡིན།དེ་ནི་བཀའ་ཤག་གི་ལངས་ཕྱོགས་དང་མཐོང་ཚུལ་ཞིག་ཞུས་པ་མ་གཏོགས།གྲོས་ཚོགས་ནང་དེ་འདྲ་གནང་རྒྱུ་ཡོད་པ་མ་རེད་དང་། ཡིན་གཅིག་མིན་གཅིག་ད་རེས་བསྐྱར་བཅོས་གནང་དགོས་ཀྱི་འདུག་ཅེས་ང་ཚོས་ཞུ་ཀྱིན་མེད།ཅེས་གསུངས་བྱུང་།
བཀའ་ཁྲི་ཡིས་གསུང་གི་མདོར་སྒྲིལ་ན།
༡༽ད་ལམ་༧གོང་ས་མཆོག་གི་བཀའ་དེ་ལ་བརྩི་སྲུང་གིས་སླར་ཡང་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རོགས་ཞེས་གསོལ་འདེབས་མི་ཞུ།
༢༽གསོལ་འདེབས་མི་ཞུ་དགོས་པའི་རྒྱུ་མཚན་ཡང།
༼བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་གང་ཟག་མི་ཉུང་བ་ཞིག་གིས་དགོངས་པ་བཞེས་ཕྱོགས་དང་བཀའ་མོལ་གནང་ཕྱོགས། དེ་ཚོར་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གདོང་ལེན་གནང་ཕྱོགས་ཚང་མར་ལྟོས་ན། ད་ཆ་བཀའ་ཤག་གི་ངོས་ནས་༸གོང་ས་མཆོག་ལ་མུ་མཐུད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་རོགས་གནོངས། ཞེས་གསོལ་བ་འདེབས་པའི་གཞི་རྩ་དང་འདེབས་ནུས་པའི་སྤོབས་པ་གཉིས་ཆ་མེད་པ་ཞིག་ཆགས་ཀྱི་འདུག༽
ཅེས་གསུངས་སྟངས་ལ་ལྟས་ན་འགའ་ཞིག་གིས་༧གོང་ས༧་མཆོག་སྐུ་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་གཞིར་རྒྱབ་སྐྱོར་དང་མོས་མཐུན་བྱེད་ཀྱིན་པར་ཚིག་མདའ་འཕེན་པ་རེད་འདུག་སེམས།
བོད་ཀྱི་གཏམ་དཔེར།
མིས་ཅི་སྨྲ་ལ་མ་ཉན།
མིས་ཅི་བགྱོད་ལ་ལྟོས།
ཞེས་པ་དེ་གསན་ཡོད་མདོག་མི་འདུག
རང་ཉིད་ཀྱིས་ཐག་གཅོད་གནང་དགོས་པ་ལས་གཞན་ལ་མ་ཉེས་ཁ་གཡོགས་གཡོགས་ན་ག་ན་འགྲིག
བཀའ་ཁྲིས་གསུང་དེ་ནི་དད་པ་ཅན་དང་རྣམ་དཔྱོད་ཅན་གྱི་གསུང་རེད། ད་རེས་ངེས་པར་དུ་༸གོང་ས་མཆོག་གི་བཀའ་དགོང་བཞིན་སྒྲུབ་དགོས། ༸གོང་ས་མཆོག་གི་དགོང་བཞི་ལ་ནོར་འཕྲུལ་ཡོང་མི་སྲིད།
༼གསུམ་པའི་བཅུ་དྲུག་ཉིན་རྔ་བ་ནས་རང་ལུས་མེར་བསྲེགས་དང་ངོ་རྒོལ་སྐད་འབོད།༽
དེ་རིང་ཕྱི་དྲོའི་བོད་ནང་གི་དུས་ཚོད་ ༤ ཙམ་ལ་ཕ་ཡུལ་རྔ་པ་རྫོང་རྨེའུ་རུ་མ་ནས་ཡིན་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་ཕུན་ཚོགས། རང་ལོ་ ༢༡ ཙམ་ཡིན་པའི་ཁོང་གིས་ཀིརྟི་དགོན་པའི་ཉེ་འདབས་ཀྱི་ཁྲོམ་མགོ་ནས་རང་ལུས་མེ་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག་ལ་དེ་མ་ཉིད་དུ་ས་གནས…་དེ་གའི་ཉེན་རྟོག་མི་སྣས་རྡུང་བརྡེག་དང་བཅས་ཏེ་མེ་བསད་ཡོད་འདུག་མོད། ཁོང་རྒྱ་ལག་ཏུ་ཤོར་མེད་པར་མི་མང་དང་གྲྭ་པ་རྣམས་ཀྱིས་ཉེན་རྟོག་པའི་ལག་ནས་འཕྲོགས་ཏེ་ཡར་རྔ་པ་ཀིརྟི་དགོན་པའི་ནང་ལ་ཁྱེར་ཡོད་འདུག དེའི་རྗེས་སུ་མི་མང་དང་གྲྭ་པ་ ༡༠༠༠ ལྷག་གིས་ངོ་རྒོལ་སྐད་འབོད་བྱས་ཏེ་ཁྲོམ་མགོ་ནས་སྤྱི་ལེ་ཕྱེད་མ་ཟིན་ཙམ་གྱི་རིང་གོམ་བགྲོད་བྱས་འདུག་མོད། དེ་ནས་དམག་དཔུང་འབོར་ཆེན་འབྱོར་ནས་ལྕགས་དབྱུག་དང་གློག་རྒྱུག་སོགས་ཀྱིས་གཞུས་ནས་ཚང་མ་ཁ་འཐོར་བཏང་ཞིང་ངོ་རྒོལ་བྱེད་ས་དེ་ནས་ལག་སོན་བྱུང་བའི་མི་མང་དང་གྲྭ་པ་ཡོངས་རྫོགས་འཛིན་བཟུང་བྱས་ཡོད་འདུག་ལ། ལྷག་པར་དུ་གྲྭ་པ་མཐོང་ཚད་འཛིན་བཟུང་བྱས་དང་བྱེད་མུས་ཡིན་འདུག རྒྱ་ལག་ཏུ་མ་ཤོར་བའི་མི་མང་དང་གྲྭ་པ་རྣམས་ཀྱི་ཁྲོད་རྨས་སྐྱོན་ཚབས་ཆེན་ཕོགས་པ་མང་པོ་ཡོད་འདུག རྔ་པ་རྫོང་ཐོག་གི་ཁྲོམ་གཞུང་དང་ཕྱོགས་ཡས་མས་སུ་ཐོན་སའི་ལམ་ཁ་ཡོངས་རྫོགས་དམག་མིས་བཀག་སྡོམ་བྱས་ཏེ་བོད་པ་ཞིག་ཕྱི་ལ་ཐོན་ས་མེད་པ་ལྟ་བུར་གྱུར་ཡོད། དགོན་པའི་ལྕགས་རིའི་ཕྱི་ལོགས་ཡོངས་རྫོགས་དམག་དཔུང་གིས་སྐོར་ཡོད་འདུག་པས་ཤིན་ཏུ་ཛ་དྲག་གི་གནས་སྟངས་འོག་ཡོད་འདུག དེ་རྗེས་རྔ་པའི་ཕྱོགས་ལ་ལྷ་ས་དང་ཁྲིན་ཏུའུ། བལ་ཡུལ། ཨ་རི་རྒྱ་གར་སོགས་ནས་ཁ་པར་ཐེངས་མང་བཏང་ཡང་གཏན་ནས་འགྲོ་ཐུབ་ཀྱི་མི་འདུག་པས། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་།
( On 16 th March burned hiself for protest in amdo ngapa tibet)
Around 4 pm local time in Amdo Province and Nyapa Kirti Monastery,s monk,Phunstok and age around 21,He burned him self and started protested to Chinese government from Kirti Monastery to main market, Immediately local polices came at spot and set out fire and started beat rougly, Local people save him from police and brought into Kirti Monastery, After while around thousand people rose up to protest in main market but immediately huge number army came and used teargas and so on and disburse the crowd and protesting. now Chinese army and polices are starting arrest Tibetan whoever seen in market, Lots people were wounded and rite now Kirti monastery is surrounded by huge number army and cant contact to them through India and Nepal. U.S.A
i apologize that i didn’t translate very well due to lack of poor English …………See More
ཁ་སྣོན་མི་འབོད་སྐད།
ད་རེས་སྤྱི་འཐུས་སུ་ཞིག་གིས་གོང་ས༸སྐྱབས་མགོན་ཆེན་པོའི་བཀའ་ལྟར་མི་བསྒྲུབ་ན་མང་ཚོགས་ནས་འདེམས་ཤོག་གིས་ཁོང་ཚོར་ལན་གསལ་ཐག་གཅོད་ཅིག་རྒྱག་རོགས་ཞེས་ཞུ་རྒྱུ་ཡིན།
ྋགོང་ས་མཆོག་གིས་ཆབ་སྲིད་གྱི་འགན་དབང་ཡོངས་བོད་མི་མང་ལ་གནང་རྒྱུའི་ཐུགས་འདུན་འདི་ལ་མི་འཐད་མཁན་ཚང་མ་ནི་རྒྱ་ནག་དམར་བོའི་གཞུང་གི་འགོ་ཁྲིད་ཚོ་དང་བསམ་ཚུལ་གཅིག་པ་རེད། གང་ཡིན་ཟེར་ན་དེ་གཉིས་གྱི་བསམ་ཚུལ་ནི་རྒྱལ་པ་རིིན་པོ་ཆེ་མེད་ན་བོད་པའི་རྩ་དོན་ཟེར་བ་མེད་པར་འགྱར་འགྲོ་བའི་བསམ་ཚུལ་དང་ཐ་ན་དེའི་ཉིན་ནས་བཟུང་བོད་པ་ཚོས་གང་ཡང་མི་འཇོན་པར་སོ་སོ་གནས་ཡུལ་རྒྱལ་ཁབ་གྱི་མི་སེར་བཟོས་ནས་སོ་སོ་འཚོ་བ་ལ་གཉེར་རྒྱུ་དེ་རེད། ད་ལྟ་རྒྱལ་བ་རིན་པོ་བཞུགས་པའི་སྐབས་ལ་སོ་སོ་འོས་འགན་སོ་སོས་འཁུར་མི་ཐུབ་ན་རྒྱལ་བ་རིན་པོ་ཆེ་མེད་པའི་སྐབས་བཤད་ག་ལ་དགོས།
བོད་ཀྱི་དུས་བབ་ཀྱི་གསར་འགོད་པས་དབུས་པའི་གསར་འགོད་པ་རྣམ་པ་ལྷན་རྒྱས་ལགས། ཉིན་འདི་འགར་སྐུ་མདུན་གྱི་བགྲེས་ཡོལ་དང་འབྲེལ་བའི་གནས་ཚུལ་རིགས་ཧ་ཅང་ཛ་དྲག་དང་གལ་ཡིན་པ་མ་ཟད། བོད་པའི་བྱུང་རབས་ལོ་རྒྱས་ཐོག་གི་ཆེ་དཀྱོག་མཚམས་ཆེན་པོ་ཞིག་དང་གལ་གནད་ཀྱི་དུས་ཚིགས་ཤིག་ཏུ་འཁེལ་ཡོད་སྟབས། གནད་དོན་འདི་དང་འབྲེལ་བའི་གནས་ཚུལ་དང་གཏམ་བཤད། བགྲོ་གླིང་ཆ་ཚང་བ་ཞིག་དུས་ལྟར་དྲ་རྒྱ་དང་ཚགས་པར་ནང་འདོན་སྤེལ་བྱ་རྒྱུ་ཧ་ཅང་གལ་ཆེན་རེད། ཤུགས་རྒྱག་རོགས།
བཀའ་ཡི་དགོངས་གཞི་བཞིན་བསྒྲུབ་སྟེ། རང་ནུས་ཅི་ལྕོགས་ཀྱིས་མདུན་བསྐྱོད་བྱེད་རྒྱུ་ལས་ཕྱི་བཤོལ་བྱས་ན། རྒྱལ་དབང་སྐུ་གོང་མ་ལྟར་རྒྱལ་དབང་བཅུ་བཞི་པ་ཆེན་པོས་ཀྱང་མཐའ་མར་ཆུ་སྤྲེལ་ལོའི་ཞལ་གདམས་ལྟ་བུ་ཞིག་གནང་དགོས་འཁེལ་ངེས་རེད། དེ་སྔའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་ད་ལྟའི་གསུང་འཕྲིན་ལ་བལྟས་ན། ༸གོང་ས་སྐུ་གོང་མའི་བཀའ་དགོངས་བཞིན་མ་བསྒྲུབས་པར་ད་ལྟའི་གནས་ཚུལ་འདི་བྱུང་བ་རེད། ད་ལྟ་ཡང་འདི་མུར་སོང་ན་སྐུ་གོང་མས་གནང་བའི་ཞལ་གདམས་ལྟ་བུ་ཞིག་ལོ་བརྒྱ་ཡི་མཚམས་སུ་སྐུ་ཕྲེང་འདིས་གསུང་འཕྲིན་གནང་དགོས་བྱུང་ན་བོད་སྔ་རབས་པ་རྣམས་ལ་ལོ་རྒྱུས་ཀྱི་ནག་ཉེས་འཛུགས་པའི་ང་ཚོ་མི་རབས་ཀྱིས་ཁོང་གི་བཀའ་དགོངས་བཞིན་བསྒྲུབས་ཏེ་རང་མགོ་ཐོན་པ་མ་བྱས་ན་ངོ་ཚ་དགོས་པ་དང་༸གོང་ས་མཆོག་ཐུགས་ཕམ་དགོས་པ་ཞིག་མ་ཡིན་ནམ།
བོད་མི་དམངས་སྤྱི་འཐུས་མི་ངན་རེ་ཟུང་གིས་༸གོང་ས་མཆོག་ཆབ་སྲིད་ཀྱི་གཞུང་ཕྱོགས་ཐུགས་འགན་བཞེས་ཀྱི་མིན་གསུང་པར་་་བོད་སྤྱི་མཐུས་ནང་ཆོས་སྲིད་ཞེས་སྲིད་བླས་བྱེད་བཞིན་འདུག་པས་དེ་ནི་ཚབ་ཆེན་ཡིན་པས་སྤྱི་མཐུས་ནང་བཀའ་མོལ་གནང་སྐབས་ཐུགས་ཟབས་ངརས་པར་དུ་གནང་དགོས་
མི་སུ་ཞིག་བོད་ནང་ཕེབས་ནས་བརྒྱ་ཆའི་ཚད་གཞི་ ༩༩ཡིན་པ་བླངས་པ་རེད། ལྕེ་གཉིས་མ་འདི་ཚོ་དངོས་གནས་ཡག་པོ་མ་རེད། ངས་ཤེས་སྟངས་ཡིན་ན་བོད་ནང་གི་དྲ་བ་འཇུག་མཁན་ཚོས་ཀྱང་ཁ་བརྡ་དང་དུས་བབ་གཉིས་ནང་བགྲོ་གླེང་འདིར་ཆ་ཤས་བླངས་འདུག བཀའ་བརྩི་དགོས་ཀྱི་རེད་ཅེས་པ་ལས་བློར་མ་ཤོངས་པ་ཞིག་མཐོང་མ་སོང་།