མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༡/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

 རང་ལོ་ ༢༠ ཡིན་པའི་མདོ་སྨད་རྔ་བ་ཀིརྟི་དགོན་གྱི་གྲྭ་ཕུན་ཚོགས་ལགས་ཀྱིས། རྒྱ་གཞུང་གིས་བོད་མིར་དྲག་གནོད་དང་འགྲོ་བ་མིའི་ཐོབ་ཐང་སྤྲོད་ཀྱི་མེད་པར་ངོ་རྒོལ་གྱིས་རང་ལུས་མེ་རུ་སྒྲོན་ཏེ། བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་སྐུ་སྲོག་བློས་གཏོང་གནང་འདུག

ཁ་སང་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་༤ ཡས་མས་ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ནས་ཡིན་ཞིང་། ད་ལྟ་རྔ་པ་ཀིརྟི་དགོན་དུ་ཡོད་པའི་གྲྭ་ཕུན་ཚོགས་ཀྱིས་ཀིརྟི་དགོན་པའི་ཉེ་འདབས་ཀྱི་ཁྲོམ་གཞུང་ནས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་འབོད་ཚིག་སྒྲོག་གིན་རང་ལུས་མེ་རུ་སྒྲོན་ཏེ། རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་ཅིང་། ས་གནས་རྒྱ་ནག་ཉེན་རྟོག་པས་མེ་གསོད་ཁུལ་གྱིས་ཁོང་ལ་རྡུང་རྡེག་བཏང་སྟེ། མེ་གསོད་ཐུབ་ཙམ་བྱུང་རྗེས་ཉེན་རྟོག་པས་ཁོང་རླངས་འཁོར་ནང་བཅུགས་ཏེ་བཙན་འཁྲིད་བྱ་རྩིས་བྱས་པར། དེར་ཡོད་གྲྭ་བ་དང་མི་མང་གིས་སོ་སོའི་སྲོག་གཏོང་དགོས་ཀྱང་སྐུ་ལ་མེར་བསྲེགས་ཐེབས་ཏེ་འཚོ་གནས་ཐུབ་མིན་གྱི་བར་མཚམས་ན་ལྷག་ཡོད་པའི་གྲྭ་ཕུན་ཚོགས་ལགས་རྒྱ་ལག་ཏུ་གི་མིན་ཞེས་ཉེན་རྟོག་པའི་ལག་ནས་ཕྱིར་འཕྲོག་ཏེ་སྲུང་སྐྱོབ་བྱས་སྟབས། ཉེན་རྟོག་མི་སྣས་གྲྭ་པ་དང་མང་ཚོགས་ཚོར་བཅར་རྡུང་བྱས་ཏེ་མི་མང་པོར་རྨས་སྐྱོན་བཟོས་ཡོད་འདུག དོན་རྐྱེན་དེ་ཀིརྟི་དགོན་པས་གྲྭ་མང་གིས་ཐོས་ཏེ་ཤོར་ཡོང་སྐབས། དགོན་པའི་གླིང་མདུན་ནས་མང་ཚོགས་ཀྱིས་དགེ་འདུན་པ་མང་པོ་ཞིག་གི་ཚེ་སྲོག་ལ་ཉེན་ཁ་ཡོང་རྒྱུར་དོགས་ཏེ་གྲྭ་མང་ལ་ཞུ་བ་ཞུས་ཏེ་བཀག་ཡོད་འདུག

དེ་ནས་གྲྭ་ཕུན་ཚོགས་ལགས་ཐོག་མར་ཕྱིར་ཁོང་གི་གཟིམས་ཤག་ཏུ་ཁྱེར་རྗེས། རྫོང་ས་གནས་སྨན་ཁང་ཞིག་ཏུ་མྱུར་སྐྱོབ་བྱ་བར་ཁྱེར་ཡོད་ཅིང་། སྐབས་དེར་གྲྭ་བ་དང་མི་མང་ཆིག་སྟོང་༡༠༠༠ ལྷག་འདུ་འཛོམས་ཀྱིས། རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཐོག་དགོན་པའི་ཉེ་འདབས་ཀྱི་ཁྲོམ་གཞུང་ནས་གོམ་བཀྲོད་བྱས་ཏེ། སྤྱི་ལེ་ཕྱེད་ཀ་ཙམ་གྱི་རིང་འབྱོར་སྐབས་རྒྱ་ནག་གི་དྲག་ཆས་ཉེན་རྟོག་དམག་དཔུང་བསླེབས་ཏེ་ལྕགས་དབྱུག་གློག་རྒྱུག་སོགས་ཀྱིས་མང་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་སྟེ་གོམ་བགྲོད་བྱེད་བཅུགས་མེད་པར་མ་ཟད།  མི་མང་པོ་ཞིག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
དེ་རྗེས་གྲྭ་པ་དང་མི་མང་མང་པོ་མཉམ་འཛོམས་ཐོག་འཛིན་བཟུང་བྱས་པ་རྣམས་གློད་གྲོལ་མ་བྱས་པར་ཕྱིར་མི་ལོག་ཅེས་བརྗོད་དེ། མ་ཎི་བགྲང་ཞིང་མཆོད་མེ་སྒྲོན་ནས་སྡོད་སྐབས། དགོན་པའི་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་དང་དགེ་སྐུལ་སོགས་ཡོང་སྟེ། ས་གནས་རྒྱ་གཞུང་ལ་འབྲེལ་བ་བྱས་ཏེ་དགེ་འདུན་པ་རྣམས་གློད་གྲོལ་གཏོང་རྒྱུ་བྱས་ཡོད་སྐོར་དང་། གྲྭ་པ་དང་མི་མང་རྣམས་ཡར་འགྲོ་རོགས་ཞེས་ནན་སྐུལ་བྱས་ཡོད་ཀྱང་། གྲྭ་པ་དང་མི་མང་དགོན་པའི་གླིང་དཀྱིལ་གྱི་འདུ་ཁང་མདུན་ཐང་དུ་འཛོམས་ནས་འཛིན་བཟུང་བྱས་པའི་གྲྭ་པ་རྣམས་གློད་གྲོལ་མ་བྱས་བར་ཕྱིར་མི་ལོག་ཟེར་ནས། བོད་ནང་གི་མཚན་མོའི་དུས་ཚོད་༡༡ ཡས་མས་བར་བསྡད་ཡོད་པ་དང་། སྐབས་དེར་དགོན་པའི་དགེ་འདུན་པ་བདུན་གློད་གྲོལ་བྱས་ཡོད་འདུག སྐབས་དེར་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་དང་དགེ་སྐུལ་སོགས་འབྲེལ་ཡོད་ཉེན་རྟོག་ལས་ཁུངས་སུ་བཅར་ཏེ། ཀིརྟི་དགོན་པ་མིན་པའི་དགོན་པ་གཞན་ཁག་གི་གྲྭ་བ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རྣམས་ཀྱང་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་། འབྲེལ་ཡོད་དགོན་པ་ཁག་གི་འགན་ལེན་མེད་པར་གཏོང་གི་མིན་ཚུལ་བརྗོད་ཡོད་འདུག
འདི་གའི་གསར་འགོད་པས་ད་ལྟའི་ཀིརྟི་དགོན་པའི་གནས་སྟངས་གང་འདྲ་ཆགས་ཡོད་མེད་སྐོར། ཀིརྟི་བྱེས་པ་གྲྭ་ཚང་གི་གྲྭ་བློ་བཟང་ཡེ་ཤེས་ལགས་ཀྱིས་བརྗོད་དོན། ཁ་སང་ཕྱི་དྲོའི་དོན་རྐྱེན་བྱུང་རྗེས་གྲྭ་ཕུན་ཚོགས་ལགས་སྨན་ཁང་དུ་བསྐྱལ་ཡོད་ཀྱང་། མྱུར་སྐྱོབ་བྱེད་མ་ཐུབ་པར་བོད་ནང་གི་དགོང་མོའི་དུས་ཚོད་ ༤  ཙམ་ལ་སྐུ་གྲོངས་ཡོད་པ་དང་། ད་ལྟ་དགོན་པར་དམག་མིས་དངོས་སུ་སྐོར་སྲུང་བྱས་མེད་ཀྱང་། ཉེ་འདབས་ཀྱི་གྲོང་སྡེ་ལམ་གཞུང་སོ་སོར་ཉེན་རྟོག་དམག་མི་ཤུགས་ཆེན་འགྲེམ་འཇོག་བྱས་ཏེ། ད་ཆར་ནང་མི་ཕྱི་རུ་འགྲོ་སྐྱོད་དང་ཕྱི་མི་ནང་དུ་ཡོང་མི་ཆོག་པའི་དམ་དྲག་བྱས་འདུག ཅེས་བརྗོད་བྱུང་སོང་།
ཡང་དོན་རྐྱེན་འདིའི་ཐོག་མའི་རྒྱུ་རྐྱེན་ཐད་ལ་བརྗོད་དོན། སྤྱིར་བོད་རིགས་ཚང་མར་སྤྱི་མཚུངས་ཀྱི་དཀའ་ངལ་ཡོད་པ་ནི་རྒྱ་ནག་གི་དབང་སྒྱུར་འོག་འགྲོ་བ་མིའི་ཐོབ་ཐང་དང་སྐད་ཡིག་རང་དབང་། སྨྲ་བརྗོད་ཀྱི་རང་དབང་སོགས་མེད་པ་དེ་རེད། ལྷག་པར་དུ་ ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༦ ཉིན་རྔ་བ་ཁུལ་གྱི་ཞི་རྒོལ་ལ་རྒྱ་གཞུང་གིས་དྲག་གནོན་དང་དམར་གསོད་ཚབས་ཆེན་བྱས་ཡོད་པ་དེ་ནི།  ད་ལྟ་སྐུ་སྲོག་བློས་གཏོང་མཛད་ཟིན་པའི་གྲྭ་ཕུན་ཚོགས་ལགས་གཙོས་ཡུལ་མི་ཀུན་གྱི་སེམས་ནང་གི་ན་ཚ་དང་སྡུག་བསྔལ་ཆགས་ཡོད་པ་རེད། དེ་བཞིན་ཉེ་ཆར་རྔ་བ་ཁུལ་གྱི་གྲྭ་པ་དང་མི་མང་ཚོས་རྒྱ་ལོའི་ལོ་སར་སྲུང་གཙི་མ་བྱས་པར་བོད་ཡོངས་ཀྱི་ལོ་སར་གཅིག་འགྱུར་ཡོང་རྒྱུར་འབད་པ་དང་། གསུམ་བཅུའི་དུས་དྲན་ཉིན་ས་གནས་ཁག་ཅིག་ཏུ་མར་མེ་ཁྲོམ་སྐོར་བྱས་པ་སོགས་ལ་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༣ དང་ ༢༤ ནས་རྔ་བ་ཁུལ་དུ་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེར་བྱས་ཡོད་པ་བཅས་ནི་ཐེངས་འདིའི་དོན་རྐྱེན་གྱི་རྒྱུ་རྐྱེན་ཞིག་ཆགས་ཡོད་པ་རེད་ཟེར།
གསར་འགོད་པ།བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

མཆན། 8

  1. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཡ་ཡ་དྲ་འབུ་རིགས་བཟང་གིས་གཙོ་གྱུར་བའི་དེའི་རིགས་རྒྱུད་དག་ལ་ཞུ་རྒྱུར། ཁྱེད་ཚོས་རང་མགོ་གང་ཐོན་བྱོས་ལ་བདེ་སར་སྐྱིད་སར་ཞིག་ཚོལ་ཏེ་སྐྱིད་ལ་ཉོལ་ནས་བསྡོད།ཨེ་གོ་ཐ། ཁ་ལ་ཟ་རྒྱུ་ཞིག་འབུ་གྲོག་མ་ཡན་ནས་རག་ཡོད་པས་ཁྱེད་ཅག་ལ་དེའི་དཀའ་ངལ་སྤྲད་རྒྱུ་མ་རེད། ཕྱི་རོལ་གཅེར་བུ་བ་མ་གཏོགས་རྒྱབ་ལ་གྱོན་རྒྱུ་རེད་ཡོད་པས་ཁྱེད་ཅག་གཅེར་བུ་འདུག་དགོས་རྒྱུ་་མ་རེད་ཡ་ཨ་རོག་ཚོ་གོ་སོང་ངམ

    Reply
  2. སྟག་ཕྲུག says:
    ལོ་ 15 སྔོན།

    རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་སྙིང་སྟོབས་ལ་གུས་བཀུར་བླ་མེད་ཞུ་རྒྱུ་དང་། ཁོང་གི་སྐུ་སྲོག་ཤོར་བར་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན།

    Reply
  3. ཤིང་ལོ། says:
    ལོ་ 15 སྔོན།

    རང་སྲོག་མི་དགོས་པའི་མི་དེར་འགྲན་ཟླ་ཅང་མེད་པས། ལས་འགུལ་འདིར་ཞེད་སྣང་སྐྱེ་བ་ཞིག་རེད། ང་ཚོར་འདི་ལྟ་བུའི་རྒྱ་གཅེས་ཀྱི་བསམ་བློ་ཞིག་ནམ་འཁོར་ཐུབ་ན།???

    Reply
  4. ཁམས་པའི་ཕོ་རྒོད། says:
    ལོ་ 15 སྔོན།

    ང་ཚོ་བོད་མི་རིགས་ཆེད་དུ་རང་ལུས་མེ་གསེགས་གཏང་བ་གྲྭ་ཕུན་ཚོགས་
    ལགས་མྱ་ངན་ཚད་མེད་ཞུ་

    Reply
  5. བློ་བཟང་ཕུན་ཚོགས། says:
    ལོ་ 15 སྔོན།

    བོད་མི་དམངས་དང་བོད་པའི་ཆོས་དང་རིག་གཞུང་གི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བའི་བོད་ཀྱི་དཔའ་བོ་ཕུན་ཚོགས་ལགས་ལ་གུས་འདུན་དང་མཆོག་གསུམ་ལ་སྨོན་འདུན་ཞུ་རྒྱུ་དང་ཆབས་གཅིག་ནང་མི་ལ་མཛའ་བརྩེ་མཚམས་འདྲི་ཞུ་རྒྱུ་ཡིན།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    མདོ་སྨད་རྔ་བ་ཀིརྟི་དགོན་གྱི་གྲྭ་ཕུན་ཚོགས་ལགས་ཀྱི་མཚན་སྙན་སྲིད་མཐར་བརྟན་འགྱུར་ཅིག དལ་འབྱོར་མི་ལུས་རྟེན་བཟང་བརྒྱུད་ནས། སངས་རྒྱས་མྱུར་དུ་ཐོབ་པའི་སྨོན་ལམ་ཞུ། །

    Reply
  7. རིགས་བཟང་། says:
    ལོ་ 15 སྔོན།

    2008ལོར་ནས་བཟུང་ཨ་མདོ་བས་ལྐུགས་རྟགས་སྟོན་ཡ་ཇེ་མང་ནས་ཇེ་མང་རེད།
    བསམ་བློ་ཞིབ་ཏུ་གཏོང་རོགས་ལྐུགས་པ་ཚོ།

    Reply
  8. རིགས་པ་སྨྲ་བ། says:
    ལོ་ 15 སྔོན།

    མདོ་སྨད་རྔ་བ་ཀིརྟི་དགོན་གྱི་རྒྱལ་གཅེས་སྐུ་གཤེགས་དཔའ་བོ་ཕུན་ཚོགས་མཆོག་ལ་སྙིང་ཁོང་རུས་པའི་སྟེང་ནས་མྱ་ངན་ཚད་མེད་ཞུ་རྒྱུ་དང་། ཁོང་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེའི་མཐུ་ལ་བརྟེན་ནས་ཐར་བ་དམ་པའི་གྲོང་ཁྱེར་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པ་དང་འཕགས་མཆོག་ཕྱག་ན་པདྨོའི་གསུང་གི་བདུད་རྩི་རྒྱུན་མི་འཆད་པར་མྱོང་བར་གྱུར་ཅིག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese