མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགའ་ལྡན་ཕོ་བྲང་གི་ཆབ་སྲིད་འགན་དབང་དེ་འཇོག་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

དགའ་ལྡན་ཕོ་བྲང་བསྡུ་གསོག་རྒྱག་རྒྱུ་མ་རེད། དགའ་ལྡན་ཕོ་བྲང་ངོས་ཀྱི་བླ་བྲང་ཆགས་ཡོད། ངོས་བསྡད་པའི་རིང་བླ་བྲང་ཆུང་ཆུང་ཞིག་དགོས་ཀྱི་ཡོད། དེའི་སྟབས་ཀྱིས། དགའ་ལྡན་ཕོ་བྲང་མུ་མཐུད་གནས་ཀྱི་རེད། དགའ་ལྡན་ཕོ་བྲང་གི་ཆབ་སྲིད་འགན་དབང་དེ་བཞག་པ་རེད་མ་གཏོགས་དགའ་ལྡན་ཕོ་བྲང་ད་དུང་གནས་ཡོད། ཅེས་༧གོང་ས་མཆོག་གིས་གསུངས།

ཁ་སང་ཕྱི་ཚེས་ ༡༩ ཉིན་ཏེ་བོད་ལུགས་ཀྱི་ཆོ་འཁྲུལ་སྨོན་ལམ་ཆེན་མོའི་ཉིན། ༧གོང་ས་མཆོག་གིས་བཀའ་ཆོས་གྲུབ་རྗེས་མང་ཚོགས་ལ་དམིགས་བསལ་བཀའ་སློབ་ཞིག་གནང་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས། བོད་པའི་ཁ་རྒྱུན་ལ་༧རྒྱལ་བ་རིན་པོ་ཆེས་མང་གཙོ་གསོལ་རས་གནང་བྱུང་ཞེས་ཤོད་ཀྱི་ཡོད་པ་ལྟར། ད་བར་དེ་འདྲ་བྱས་ནས་ཕྱིན་པ་རེད། ལོ་བཅུའི་གོང་ནས་ངོས་ནས་བཀའ་ཁྲིའི་མིང་བཏོན་ཏེ་བསྐོས་ན་འགྲིག་གི་མི་འདུག་ཅེས་བརྗོད་ཡོད།

བཀའ་ཁྲི་མི་མང་གིས་འོས་འདེམས་བྱས་ནས་ལོ་བཅུ་ཕྱིན་ཡོད་དུས། བཀའ་ཁྲི་འོས་བསྡུ་བྱས་པའི་ཉིན་ནས་༧རྒྱལ་བ་རིན་པོ་ཆེས་དགའ་ལྡན་ཕོ་བྲང་བླ་བྲང་གི་ལུགས་གཉིས་སྲིད་དབང་འཛིན་རྒྱུར་འགྱུར་བ་ཕྱིན་ཡོད། དེར་བརྟེན། ངོས་རང་ཕྱེད་རྒས་ཡོལ་ཡིན་ཞེས་ཤོད་ཀྱི་ཡོད། ལོ་བཅུ་ཕྱིན་པའི་རྗེས་སུ་དངོས་གནས་མང་གཙོ་མཚན་ཉིད་ཚང་བ་ཡོང་དགོས་པ་རེད། རྒྱལ་པོ་དང་བླ་ཆེན་གྱིས་སྲིད་དབང་འཛིན་རྒྱུ་དེ་དུས་ཚོད་རྙིང་པའི་སྐད་ཆ་ཞིག་ཆགས་ཡོད། ད་ལྟ་ང་ཚོ་འཛམ་གླིང་འགྲོ་སའི་ལམ་ཁ་དེར་འགྲོ་དགོས་ལ། མང་གཙོའི་ཐོག་འོས་བླུགས་ཏེ་འགྲོ་རྒྱུ་དེ་ལམ་ཁ་ཡག་ཤོས་རེད། ཅེས་གསུངས་སོང་། 

ཡང་༧གོང་ས་མཆོག་གིས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་བསྟན་སྲིད་ལ་ཕན་ཐོགས་བྱུང་ཡོད་སྐོར་ཐད། རྒྱལ་དབང་ལྔ་པ་ནས་བོད་ཀྱི་ཆོས་སྲིད་དབུ་ཁྲིད་གནང་ཡོད་པ་ལྟར། ངོས་རང་སྐྱེ་ཕྲེང་བཅུ་བཞི་པ་ཆགས་ཡོད་དུས། རྒྱལ་དབང་སྐུ་ཕྲེང་གཅིག་གིས་ཆོས་སྲིད་དབུ་ཁྲིད་ཕྱིར་བསྡུ་བྱས་ན་ཤིན་ཏུ་འོས་པ་རེད། དེ་ནི་མི་སུ་ཞིག་གིས་བྱ་ཐུབ་པ་ཞིག་མིན་པར་ངོས་ནས་ཐག་གཅོད་ཐུབ་པ་ཞིག་ཡིན་པས་ཐག་བཅད་པ་ཡིན། དེ་ངེས་པར་དུ་བསྒྱུར་བཅོས་གཏོང་དགོས་ཀྱི་འདུག་ལ། ད་ལྟ་བསྒྱུར་བཅོས་གཏོང་རྒྱུའི་དུས་ལ་སླེབས་པ་རེད།

འདིར་ཅུང་ཧམ་བཤད་བྱས་ན། ད་བར་༧རྒྱལ་བ་རིན་པོ་ཆེས་བྱས་རྗེས་གང་ཙམ་བཞག་ཡོད། གཙོ་ཆེ་ཤོས་གཞིས་ལུས་མི་མང་གིས་ངོས་ལ་ཡིད་ཆེས་བྱེད་ཀྱི་ཡོད། བཙན་བྱོལ་བོད་པ་ཚོས་ཀྱང་ཡིད་ཆེས་བྱེད་ཀྱི་ཡོད། དེ་བཞིན་འཛམ་གླིང་སྟེང་ཏཱ་ལའི་བླ་མ་ཞེས་བརྗོད་དུས་ཡིད་ཆེས་དང་ཆ་འཇོག་བྱེད་མཁན་ཧ་ཅང་མང་པོ་ཡོད། ༧རྒྱལ་དབང་ལྔ་པ་ནས་ཆོས་སྲིད་ཀྱི་དབུ་ཁྲིད་བྱས་ཏེ་ལོ་ ༤༠༠ ལྷག་ཕྱིན་པ་དེ་རྒྱལ་ཁའི་ངང་ནས་མཚམས་འཇོག་བྱ་རྒྱུ་བྱུང་ན་གཟི་བརྗིད་རེད། ཅེས་གསུངས།

ཡང་ཁོང་གིས་བགྲེས་ཡོལ་དུ་ཕེབས་ན་ཁེ་ཕན་ཡོད་སྐོར་གསུངས་དོན། འཛམ་གླིང་སྟེང་ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཚོས་ཏཱ་ལའི་བླ་མ་ཁ་ཞེ་གཉིས་མེད་ཐོག་དམངས་གཙོ་མཚན་ཉིད་ཚང་བའི་ཐོག་ཕྱིན་སོང་ཞེས་བརྗོད་ན། འཛམ་གླིང་སྟེང་ཆ་འཇོག་ཡག་ཏུ་འགྲོ་ཐུབ་རྒྱུ་དང་རྒྱ་མི་ཡིན་ནའང་བོད་ལ་དཀའ་ངལ་གང་ཡང་མེད། དཀའ་ངལ་ཏཱ་ལའི་བླ་མ་རེད། ཏཱ་ལའི་བླ་མའི་ཐོབ་ཐང་སྐོར་རེད་ཟེར་བའི་སྐྱག་རྫུན་དེ་འཛམ་གླིང་ཐོག་གསལ་པོ་ཆགས་གི་རེད། ཅེས་དང་། 

བགྲེས་ཡོལ་ཆ་ཚང་ཞུས་པ་དེ་སེམས་ཤུགས་ཆག་པ་མིན་སྐོར་ལ། ངོས་སེམས་ཤུགས་ཆགས་པ་དང་ངོས་ཀྱིས་བོད་སྤྱི་དོན་བློས་བཏང་བ་རྩ་བ་ནས་མིན། ངོས་ལ་ཆ་བཞག་ན་བོད་མི་ཞིག་དང་ཨ་མདོའི་ཡུལ་ནས་ཡོང་པའི་བོད་གངས་ཅན་པ་ཞིག་ཆགས་ཡོད་དུས། ངོས་རང་མ་འཆི་བར་འགན་དེ་ཡོད་པ་རེད། ད་ལྟ་ངོས་ཀྱི་གཟུགས་པོ་བདེ་པོ་ཡོད་སྐབས་ཁྱེད་ཚོས་འགན་ཆ་ཚང་འཁྱེར་དགོས། དམིགས་བསལ་དཀའ་ངལ་འཕྲད་དེ་མི་འགྲིག་པ་བྱུང་ན་ངོས་རང་འདིར་ཡོད་པ་རེད། ཅེས་དང་། དེ་ནི་ངོས་ཀྱི་བློས་བཏང་བ་མ་རེད་ལ་ངོས་རང་སེམས་ཤུགས་ཆག་སྟེ་བསྐྱུར་བའང་མ་རེད། ཅེས་ཞེས་གསུངས།

༧གོང་ས་མཆོག་གིས་སྲིད་ཀྱི་འགན་མི་བཞེས་ནའང་ཆོས་ཕྱོགས་ཀྱི་བླ་བྲང་ཆུང་ཆུང་ཞིག་དགོས་པའི་ཐད། དགའ་ལྡན་ཕོ་བྲང་བསྡུ་གསོག་རྒྱག་རྒྱུ་མ་རེད། དགའ་ལྡན་ཕོ་བྲང་ངོས་ཀྱི་བླ་བྲང་ཆགས་ཡོད། ངོས་བསྡད་པའི་རིང་བླ་བྲང་ཆུང་ཆུང་ཞིག་དགོས་ཀྱི་ཡོད། དེའི་སྟབས་ཀྱིས། དགའ་ལྡན་ཕོ་བྲང་མུ་མཐུད་གནས་ཀྱི་རེད། དགའ་ལྡན་ཕོ་བྲང་གི་ཆབ་སྲིད་འགན་དབང་དེ་བཞག་པ་རེད་མ་གཏོགས་དགའ་ལྡན་ཕོ་བྲང་གནས་ཡོད། ཅེས་དང་།

ད་ལྟ་བྲེལ་བ་གང་ཡང་ཡོད་མ་རེད། ལོ་ཉི་ཤུ་སུམ་ཅུའི་རྗེས་ངོས་ཀྱི་མི་ཚེའི་མཐར་བསླེབ་ཚེ། བོད་པ་གཙོས་པའི་༧རྒྱལ་དབང་སྐུ་ཕྲེང་དང་དམིགས་བསལ་འབྲེལ་བ་ཡོད་མཁན་གྱི་ནང་པའི་ཡུལ་གྲུ་ཁག་ཚོས་༧རྒྱལ་དབང་སྐུ་ཕྲེང་མུ་མཐུད་དགོས་ཀྱི་འདུག་བརྗོད་ན་དགའ་ལྡན་ཕོ་བྲང་མུ་མཐུད་གནས་ཀྱི་རེད་ལ། སྐུ་ཕྲེང་བཅོ་ལྔ་པ་དང་བཅུ་དྲུག་པ། བཅུ་བདུན་པ་སོགས་མུ་མཐུད་ནས་ཡོང་ཆོག་གི་རེད། ཅེས་བཀའ་བསྩལ་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༢ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༣ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 10

  1. yeshi samdup says:
    ལོ་ 15 སྔོན།

    གྲོགས་པོ་རྣམ་པ་འདི་ནི་ང་ཚོ་ལ་ཆེས་ཐོབ་པར་དཀའ་བའི་གོ་སྐབས་ཞིག་རེད་།༧གོང་ས་མཆོག་ནམ་ཡང་ང་ཚོའིི་བླ་མ་རེད་ལ་ང་ཚོར་སྐུ་དྲིན་བཞལ་བར་དཀའ་བ་ཞིག་རེད་།འོན་ཀྱང་༧གོང་ས་མཆོག་གིས་ང་ཚོ་ལ་དམངས་གཙོ་གསོལ་རས་གནང་སོང་ཟེ་བ་དེ་ནི་ཅུང་མི་ལེགས་པ་ཞིག་རེད་གང་ཡིན་ཟེར་ན་དམངས་གཙོ་ནི་དུས་ཚོད་ཀྱིས་གནང་བ་ཞིག་རེད་།གལ་ཏེ་ཁྱིད་ཚོས་གསུངས་པ་ལྟར་ཡིན་ན་བོད་རྒྱལ་ཁབ་དེ་ཡང་༧གོང་ས་མཆོག་གིས་བོད་རིགས་མི་དམངས་ལ་གནང་བར་འགེྲལ་བརྗོད་བྱེད་དགོས་ངེས་རེད་།གང་ལྟར་ཡང་༧གོང་ས་མཆོག་གི་དགོངས་པ་སྟོང་ཟད་དུ་མི་འགྲོ་བ་ཞིག་ང་ཚོས་བྱེད་དགོས་པ་རེད།།།

    Reply
  2. བློ་བཟང་དཔལ་ལྡན། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོགས་ང་ཚོས་༸གོང་ས་༸ཡིད་གཞིན་གྱི་ནོར་བུ་འགྲོ་བའི་མགོན་པོ་མཆོག་གི་གསུང་ལ་མངོན་པར་བསྟོད་ཀྱང་། ཁྱེད་ཀྱི་བཀའ་དྲིན་ནི་བོད་མི་རིགས་འདིས་ནམ་ཡང་གཞལ་ཐབས་བྲལ། ཁྱེད་ཀྱི་རླབས་ཆེ་བའི་དགོང་བཞི་འདི་ལ་གལ་ཏེ་གཟུགས་སུ་གྲུབ་ན་གནམ་ས་འདིའི་བར་ལ་ཤོང་མི་སྲིད། ཁྱེད་སྐུ་ཚེ་བརྟན་གྱུར་གཅིག། ངའི་སྙིང་གི་ཉི་མ། མུན་སེལ་གྱི་སྒྲོན་མེ། ཞེས་བསྟོད་བསྔག་དང་མཉམ་དུ་༸གོང་ས་མཆོག་ལ་བོད་གངས་ཅན་གྱི་ཆབ་སྲིད་ཀྱི་བདག་དབང་མ་བཞེས་ཀྱང་བླ་ན་མེད་པའི་དབུ་ཁྲིད་དུ་བཞུགས་རྒྱུའི་ལམ་སྲོད་ཡོད་དམ། གཞིས་བྱེས་ཀྱི་འབྲེལ་ལམ། འཕགས་པ་སྤྱན་རེས་གཟུགས་དང་བོད་གངས་ཅན་ལྗོངས་ཀྱི་འབྲེལ་ལམ། ད་ལྟའི་གཞིས་བྱེས་གཉིས་ཀྱི་སེམས་ཁམས་ཀྱི་གནས་བབ་གང་ལ་ལྟོས་ཀྱང་༸གོང་ས་མཆོག་བོད་ཀྱི་མི་སེར་དཀྱུས་མ་ཞིག་བྱས་ན་བློ་མི་བདེ་བ་ཞིག་མི་འདུག་གམ། ༸གོང་ས་མཆོག་གིས་ང་ཚོར་དམངས་གཙོ་ཡོང་རྫོགས་གནང་ཟིན་པ་རེད། མང་ཚོགས་ཀྱིས་༸གོང་ས་མཆོག་ལ་སྲིད་ཀྱི་བདག་དབང་དང་མ་འབྲེལ་བའི་གོ་ཐོབ་ཞིག་སྤྲོད་མི་དགོས་སམ།

    Reply
  3. ལུང་རྟོགས། says:
    ལོ་ 15 སྔོན།

    ཡིད་གཞིན་གྱི་ནོར་བུ་འགྲོ་བའི་མགོན་པོ་ཁྱེད་ཀྱི་གསུང་ལ་མངོན་པར་བསྟོད་དོ། ཁྱེད་ཀྱི་བཀའ་དྲིན་ནི་བོད་མི་རིགས་འདིས་ནམ་ཡང་གཞལ་ཐབས་བྲལ། ཁྱེད་ཀྱི་རླབས་ཆེ་བའི་དགོང་བཞི་འདི་ལ་གལ་ཏེ་གཟུགས་སུ་གྲུབ་ན་གནམ་ས་འདིའི་བར་ལ་ཤོང་མི་སྲིད། ཁྱེད་སྐུ་ཚེ་བརྟན་གྱུར་གཅིག། ངའི་སྙིང་གི་ཉི་མ། མུན་སེལ་གྱི་སྒྲོན་མེ།

    Reply
  4. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 15 སྔོན།

    ༧རྒྱལ་བ་ཡིད་བཞིན་ནོར་བུ་ཞེས་བོད་གཞིས་བྱེས་གཉིས་ཀྱིས་ཁོག་པའི་སྙིང་དང་དཔྲལ་བའི་མིག་ཏུ་བཀུར་བ་ནི་ནོར་མེད་འཁྲུལ་མེད་ལོས་ཡིན།
    དགའ་ལྡན་ཕོ་བྲང་མཚམས་བཞག་པ་དང་། བོད་ཀྱི་རྒྱལ་དར་འགྲེལ་བཤད་བརྗེས་དེ་བོད་མང་གཙོ་མཚན་ཉིད་པ་ཞིག་གི་ཐོག་འགྲོ་ཐུབ་པ་དེ་བོད་མའི་གཟི་བརྗིད་དང་། གོང་ས་མཆོག་གི་བཀའ་དྲིན་རེད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    དགའ་ལྡན་ཕོ་དྲང་པས་ཆབ་སྲིད་ཀྱི་ནུས་པ་དེ། བོད་དམངས་གཙོར་ཞལ་འདེབས་དང་། དགའ་ལྡན་ཕོ་བྲང་ཙམ་སྟེ། རྒྱལ་བ་དགེ་འདུན་གྲུབ་ནས་སྐུ་ཕྲེང་བཞི་པའི་བར་གྱི་བླ་བྲང་དེ། སླར་གསོས་ཀྱིས། ༸གོང་ས་མཆོག་གི་བླ་བྲང་ལ་རྩི་བཀུར་དགོས་པ་གསུངས་པ་ཡིན་ནམ། དེ་ལྟར་ཡིན་ན། བླ་བྲང་བླ་ན་མེད་ཅིག་ལ་གོང་བཀུར་དགོས་པ་ནི། བོད་མི་རིགས་ཀྱི་ཁྱད་ཕན་གྱི་ཆེད་དུ་རེད་དོ། །

    Reply
  6. འཁྱམས་པོ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གིས་བོད་པ་ཚོར་ཕ་ཤི་ན་བུ་ཡིས་འཛིན། ཞེས་པ་ལྟར་ད་ནས་བོད་པ་ཚོས་རང་འགོ་ཐོན་པ་ཞིག་ཁོང་སྐུ་འཚོ་ཞུགས་རང་བཟོ་འདོད་པ་དང་སྐབས་དེ་དུས་རྒྱ་གཞུང་གི་ཁ་ཐོག་དུ་མི་འགྲོ་པར་བོད་ཚོ་རྒྱའི་མདུན་དུ་གྲོང་ངེར་ལངས་ཐུབ་པ་ཞིག་བྱུང་ན་དགོངས་ནས་དེ་ལྟར་གསུངས། ཡིན་ནའང་བོད་པ་ཚོས་འཇོན་རྒྱུ་ཁེགས་པོ་དང་བསམ་ཤེས་རྒྱུ་མིན་པ་འདྲ། ང་ཁ་སང་ཁ་བརྡ་ལས་སྤྱི་འཐུས་ཚོས་བགྲོ་གླེང་གི་བརྙན་འཕྲིན་དེ་མཐོང་ནས་བློ་ཕམ་ཆེན་པོ་བྱུང་། དེར་ཁོང་ཚོས་བགྲོ་གླེང་ནི་ང་ཆེ་ཁྱོད་མཐོའི་ང་རྒྱལ་དང་ཁེངས་དྲེག་གིས་ཕྱོགས་རུས་འཐེན་འཁྱེར་རྐྱང་ལས་བགྲོ་གླེང་གི་ངོ་བོ་གང་ཡང་མི་འདུག
    དངོས་གནས་ཡིད་སྐྱོ་པ་ཞིག་རེད་གལ་སྲིད་ཁོ་ཚོས་མི་འཇོན་ན་ལས་གནས་ནས་དགོངས་ཞུ་ཞུས་ན་ཡག་ཤོས་ཡིན་པ་འདྲ།

    Reply
  7. བསང་ཆུ་འབྲུག་བྷེ། says:
    ལོ་ 15 སྔོན།

    རྒྱལ་བ་དོན་གྱི་བདག་པོས་ད་རེས་གསར་བརྗེ་གནང་བའི་ལམ་བུ་འདིས་བོད་དོན་ཐད་གསོན་ཤུགས་གསར་བ་ཞིག་སྦྱིན་སོང་།

    Reply
  8. ཤིང་ལོ། says:
    ལོ་ 15 སྔོན།

    གཞུང་དང་མི་མང་གི་ངོས་ནས་ཨུ་ཚུགས་དང་། ནན་ཞུ་བྱེད་པ་ནི་༸གོང་ས་མཆོག་ལ་ཇི་ལྟ་བུའི་བརྩི་བཀུར་དང་ཡིད་ཆེས་མཚོན་པ་ལས་ཐལ་ཆ་ཅི་ཡང་མི་འདུག འོན་ཀྱང་རྒྱ་ནག་ཧ་ཅང་སྐྲག་ས་ནི། གང་གི་ཆ་ནས་བལྟས་ནའང་འདི་ལྟ་བུའི་གསར་བརྗེ་དང་། གོ་རྟོགས་ཀྱི་རིགས་ཡིན། ང་ཚོས་ངེས་པར་དུ་ལྷོད་ཡངས་མེད་པའི་སྒོ་ནས་༸གོང་ས་མཆོག་གི་བཀའ་བཞིན་དང་། རྡོག་རྩ་གཅིག་སྒྲིལ། དཀའ་ངལ་གདོང་ལེན་གྱིས་བོད་དོན་ལ་སྔར་ལས་ཚགས་ཚུད་བྱེད་དགོས།

    Reply
  9. རྨ་ཆུའི་སྐལ་བཟང་། says:
    ལོ་ 15 སྔོན།

    ༸ཐམས་ཅད་མཁྱེན་པའི་བཀའ་ནན་པོ་དང་རླབས་ཆེན་འདི་འདྲ་རེ་ཡང་དང་སྐྱར་དུ་ཕེབས་ཀྱང་རང་རེས་ཁ་ཁོག་མི་མཚུངས་པའི་ལས་ཀྱི་སྣེ་མོ་བ་རྣམས་ནས་སོ་སོས་མིང་དང་དབང་ཁོ་ན་སྲུང་བར་འབད་ནས་ཉི་མ་ཕུད་པར་མཐོང་ན་ཡིད་སྐྱོ་བ་ཞིག་རེད་འདུག།

    Reply
  10. ཨརྱ། says:
    ལོ་ 15 སྔོན།

    ངོ་མ་ང་ཚོའི་སྤྱི་འཐུས་གོ་མེད་ཚོ་ལ་གོ་བ་ཞིག་མི་འདུག ཞེ་ས་མ་བྱས་ན་ ༸གོང་ས་མཆོག་ག་ཚོད་ཅིག་ཨར་ལ་གཏད་སོང་། ད་ནི་གཞིས་བྱེས་ལྷ་མི་ཡོངས་ཀྱིས་བཀའ་བཞིན་བསྒྲུབ་པའི་མཆོད་པས་མཉེས་པར་བྱེད་དགོས་ངེས་རེད། ང་ལ་མཚོན་ན་དགོངས་དོན་བཀའ་ལྟར་བསྒྲུག་རྒྱུར་འཐད་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese