མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་སྐྱ་བདག་ཁྲི་རིན་པོ་ཆེའི་བཀའ་ཆོས།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

ས་སྐྱ་སྤུ་རུ་ཝ་ལ་བོད་མིའི་གཞིས་སྒར་གྱི་མང་ཚོགས་ཚོས་གསོལ་འདེབས་ཞུས་པ་ལྟར། དེ་རིང་ས་སྐྱ་མ་དགོན་བཤད་གྲྭ་རུ་དཔལ་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་རྣམས་དང་། ས་གནས་བོད་མི་སེར་སྐྱ་མང་ཚོགས་ལ་ཚེ་དབང་དང་ཡིག་དྲུག་གི་ལྗགས་ལུང་བསྩལ་ཡོད་འདུག

གསུང་ཆོས་ཀྱི་ཐོག་མར་བདག་ཁྲི་རིན་པོ་ཆེ་མཆོག་གིས་མི་མང་ལ་བླང་དོར་གྱི་བཀའ་སློབ་གནང་དོན། འདས་པའི་དུས་སུ་ང་ཚོར་ནོར་འཁྲུལ་ཆེ་ཤོས་གང་ནས་ཤོར་ཡོད་ཟེར་ན། ཆོས་བརྒྱུད་དང་ཆོལ་ཁ་ཕན་ཚུན་བར་ཕྱོགས་ཞེན་འཐེན་འཁྱེར་བྱས་པ་ལ་བརྟེན་ནས་ད་ལྟའི་གནས་སྟངས་འདི་བྱུང་བ་རེད། དེང་གི་དུས་འདིར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར། ངེད་ཅག་ཚང་མ་མཐུན་སྒྲིལ་གོང་བུ་གཅིག་གྱུར་ཡོང་དགོས། ཆོས་བརྒྱུད་ཁག་ལ་མཚོན་ན་ཡང་སྟོན་པ་གཅིག་གི་སློབ་མ་དང་། སྟོན་པའི་ས་ལམ་འབྲས་བུའི་རྣམ་གཞག་ལ་ཁྱད་པ་གཏན་ནས་མེད། སྟོད་ནས་སྨད་རྒྱ་བོད་ཀྱི་ས་མཚམས་ཡན་གྱི་མི་མང་ཚང་མ་དཀོན་མཆོག་ལ་བློ་གཏད་ཞུ་མཁན་དང་ཁ་ནས་མ་ནི་བགྲང་མཁན། རྩམ་པ་ཟ་མཁན་གཅིག་མཚུངས་རེད། ཅེས་གསུངས་འདུག

མི་ཚེ་སྐྱེལ་སྟངས་སྐོར་ལ། ཚེ་རིང་པོར་འཚོ་གནས་བྱ་དགོས་ན་ཚེ་དབང་དང་ཚེ་སྒྲུབ་སོགས་ཀྱིས་ཕྲན་བུ་ཕན་སྲིད་ཀྱང་། གཙོ་བོ་འཕྲོད་བརྟེན་ཐོག་གཟབ་དགོས་པ་རེད། གཞོན་སྐྱེས་ཚོའི་ཁྲོད་དུག་རྫས་འདྲ་མིན་སྤྱད་དེ་ལུས་སེམས་གཉིས་ཀ་འཕྲོ་བརླག་ཏུ་འགྲོ་མཁན་མང་པོ་ཡོད་ཚོད་འདུག དེ་དག་གིས་མི་ཚེ་དོན་ལྡན་ཞིག་ཡོང་རྒྱུར་འབད་དགོས། ཞེས་དང་། ངེད་ཅག་ཚང་མས་རྒྱ་གར་ཡུལ་མིར་མཐུན་ལམ་དང་ཡུལ་ཁྲིམས་ལ་བརྩི་སྲུང་བྱ་དགོས། གཙོ་ཆེ་བ་༸གོང་ས་སྐྱབས་མགོན་ཆེན་པོས་མ་གཅིག་བུ་ལ་གདམས་པ་ལྟར་བཀའ་སློབ་ལམ་སྟོན་གནང་ཡོད་པ་ཁག་ཀློག་པ་ཙམ་མ་ཡིན་པར། དུས་རྒྱུན་ལག་ལེན་ཡོང་ཐབས་ལ་འབད་བརྩོན་གནང་དགོས། ཞེས་གསུངས་ཡོད་འདུག

༼ གོང་གི་གནས་ཚུལ་དེ་ས་གནས་ནས་ཐུབ་རྒྱལ་ལགས་ཀྱིས་མཁོ་གཏོང་བྱས། ༽

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡

མཆན། 11

  1. འཁྲུངས་སྐར། says:
    ལོ་ 15 སྔོན།

    མཁྱེན་ནོ་བླ་མ་མཁྱེན་ནོ། དུས་གསུམ་སངས་རྒྱས་མཁྱེན་ནོ།

    Reply
  2. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    ཁྱེད་ཅག་དྲྭ་གྲོགས་ཚོས་ཟུ་ཟ་དང་འཁྱོགས་བརྗོད་ཀྱི་སྐད་ཆ་མ་ཡིན་པའི་དངོས་ཐོག་བདེན་འཚོལ་གྱི་སྐད་ཆ་ཞིག་བཤད་འདོད་ཚེ་གསར་འགྱུར་འདི་ཇི་མ་ཇི་བཞིན་ཤམ་བྷ་ལའི་སྒང་འདུག དེར་གཟིགས་ཚེ་རྟགས་གསལ་ཇི་ལྟར་གཏང་འདུག་ཁྱེད་ཚོས་གཞི་ནས་མཁྱེན། དུས་བབ་ཚང་གི་གསར་འགྱུ་གང་འདྲ་ཞིག་ཡིན་རུམ་བཅད་བཏུབས་ཀྱི་ལམ་ནས་འགོད་ཀྱི་ཡོད་སྟབས་གསར་འགྱུར་འདིའི་དོན་མི་ཉུང་བ་ཞིག་ཀྱང་བཅད་ཡོད་པར་ཐག་བཅད་ཆོག །

    Reply
  3. མངའ་རིས་བུ། says:
    ལོ་ 15 སྔོན།

    ཙོང་དང་འགོ་ཕི་ཡི་པགས་པ་བཤུས་ན་རྫོགས་ཐབས་ཡོད་པ་མ་རེད།
    མ་གཞི་ནས་བོད་པ་ཐམས་ཅད་ནང་པ་བ་མ་ཡིན་ཞིང་མ་ཎི་དེ་བས་ཀྱང་མི་འདོན།
    བོད་པ་ཡིན་པར་གྱུར་བའི་ཡེ་ཤུ་དང།་
    ཁ་ཆེ།
    བོན་པོ།
    ཧིན་དུ།
    ཆོས་མེད་རིང་ལུགས་པ།
    ད་དུང་ཤི་འདྲེ་གསོན་འདྲེ།
    མང་པོ་ཡོད།
    ༧གོང་ས་མཆོག་གིས་ཀྱང་མ་འོང་པར་ད་ལྟ་གུང་ཕྲན་ཏང་ཡང་ཡིན་མཁན་གྱི་བོད་པ་དེ་ཚོར་དམིགས་བསལ་གྱི་བོད་དོན་འགན་ཁུར་དགོས་གསུངས་མྱོང།
    ད་རྟགས་བསལ་མི་རྩོད།
    དཔལ་ས་སྐྱ་བ་རྒྱལ་གྱུར་ཅིག་གུ།

    Reply
  4. འཇམ་དབྱངས། says:
    ལོ་ 15 སྔོན།

    བོད་ཀྱི་བླ་ཆེན་ཚོའི་ནང་ལ་༧ས་སྐྱ་གོང་མ་ལྟར་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་མི་མང་ལ་དེ་ལུགས་ཀྱི་བཀའ་སློབ་སློབ་སྟོན་གནང་མཁན་ཧ་ཅང་ཉུང་བས། ཁོང་ལྟ་བུ་ནི་བོད་ཀྱི་ལོ་རྒྱུས་དང་གནས་བབ་ཀྱི་ཆ་གང་ནས་བལྟས་ཀྱང་གུས་བཀུར་དང་རྒྱབ་སྐྱོར་ཞུ་འོས་པའི་བླ་ཆེན་ཞིག་ཡིན་པ་ཀུན་གྱིས་ཤེས་ཡོད་རྒྱུ་རེད་སྙམ། སྤྱིར་ངས་ཤེས་པ་ཁྱོད་ཀྱིས་མི་ཤེས་པ་དང་ཁྱོད་ཤེས་པ་ངས་མི་ཤེས་པ་ཡོད་པ་བདེན་ན་ཡང་། གོང་གི་གསར་འགྱུར་འདི་ཡང་བསྐྱར་ཐེངས་གཅིག་ཀློགས་དང་། ༧ས་སྐྱ་གོང་མ་རིན་པོ་ཆེས་ཁྱེད་ཅག་གིས་མཐོང་ཞིང་མཐོང་བ་ལྟར་བྲིས་པའི་རྟགས་བསལ་དེ་འདྲ་གང་དུ་བཏང་འདུག གསར་འགྱུར་ཐུང་དུ་འདི་ལྟ་བུར་ཡང་གོ་བ་དེ་འདྲ་ཞིག་ལས་ལེན་མ་ཐུབ་པར་གཞིགས་ན། ཅི་ཞིག་གི་རྐྱེན་པས་ཁྱེད་ཅག་༧ས་སྐྱ་གོང་མ་ཚང་ལ་སྡང་ཞུགས་བྱས་པ་ཙམ་དུ་ཟད་དོ།།

    Reply
  5. སེམས་དཀར། says:
    ལོ་ 15 སྔོན།

    དུས་བབ་ཚང་།
    ངས་འདིའི་ཐོག་ཐོག་མར་མཆན་ཞིག་བྲིས་པ་ཡིན་མོད།   ད་དུང་བཞག་མི་འདུག   ག་རེ་ཡིན་ནམ།   དེ་འཇོག་རོགས་གནོངས།    གོང་མ་ཚང་གིས་ཆོས་བརྒྱུད་ཚང་མའི་ལྟ་གྲུབ་གཅིག་མཚུངས་ཡིན་པ་རྩམ་པ་ཟ་བའི་རྟགས་ཀྱིས་བསྒྲུབ་ཆོག་ན།    ངས་དེའི་ཆ་ཤས་ལེན་མི་ཆོག་དོན་གང་ཡིན་ནམ།   ངའི་མཆན་དེ་ཡིན་མིན་ཅིག་འགོད་རོགས་ཞུ།

    Reply
  6. གངས་ཅན་པ། says:
    ལོ་ 15 སྔོན།

    དཔལ་སྐྱ་བའི་གདུང་སྲས༸བདག་ཁྲི་རིན་པོ་ཆེ་ཁྱེད་ནི་ངེས་བ་དོན་གྱི་བོད་གངས་ཅན་པའི་མ་འོངས་པའི་མགོན་སྐྱབས་ཞིག་དེ།ཁྱེད་ཀྱི་སྐུ་ཚེ་བསྟན་སྐལ་བརྒྱར་བསྟན་པའི་སྨོན་ལམ་ཞུ།།

    Reply
  7. ཆོས་བཟང་། says:
    ལོ་ 15 སྔོན།

    ངེད་ཚང་གི་བླ་མས་དེ་འདྲའི་རྟགས་གསལ་ཡག་པོ་ཤེས་པ་ངས་ཀྱང་དེ་རིང་མ་གཏོགས་མ་ཤེས་ཐ།   བོད་ཀྱི་ཆོས་རྒྱུད་ཚང་མའི་ས་ལམ་འབྲས་བུའི་རྣམ་གཞག་གཅིག་པ་ཡིན་པ་རྩམ་པ་ཟ་བ་གཅིག་མཚུངས་ཡིན་པའི་རྟགས་ཀྱིས་བསྒྲུབ་འདུག
    ཡ་གྲྭ་རྒོད་ཚོ།   རྟགས་གསལ་ཤེས་ན་ཁོང་གི་རྟགས་གསལ་འདྲ་བོ་རེ་ཐོངས་དང་།    ཆོས་རྒྱུད་ཁག་གི་ལྟ་གྲུབ་གཅིག་པར་བསྒྲུབ་འདོད་ན་ཁོང་གི་རྟགས་གསལ་་ལྟ་བུ་རེ་གྲ་སྒྲིག་བྱས་ནས་ཤོག་དང་།    ང་ཚོས་འདི་ནས་རྩོད་ཡ།   
    མཁས་དབང་ས་སྐྱ་བ་རྒྱལ་གྱུར་ཅིག

    Reply
  8. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    འཇམ་དབྱངས་མི་ཡི་རྣམ་པར་རོལ་བ་༸ས་སྐྱ་གོང་མ་རིན་པོ་ཆེ་སྐུ་ཚེ་མི་འགྱུར་བསྐལ་བརྒྱར་བསྟན་འགྱུར་་ཅིག ། མཚན་མཆོག་གསུམ་ལྡན་དཔལ་ལྡན་ས་སྐྱ་པའི་བསྟན་པ་རིན་པ་ཆེ་དང་དེ་འཛིན་གྱི་སྐྱེས་བུ་དམ་རྣམས་ཀྱི་ཐུགས་དགོངས་ལྷུན་གྱིས་སྒྲུབ་པར་ཤོག །

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    དཔལ་ས་སྐྱ་བའི་ལུང་བསྟན་ནང་ལ། །

    བཀའ་གདམས་བཤེས་གཉེན་ཚོའི་སྟོན་པ། །
    དཔལ་ལྡན་ཨ་ཏི་ཤ་དེ་ཡིས། །
    བོད་ས་སྐྱ་བོའི་གནས་འདི་རུ། །
    ཧྲྰི་དྷྰི་དང་ཧྰུང་སོགས་ཀྱི་སྔགས། །

    ཡིག་གཟུགས་ས་བོན་སྔོན་གཟིགས་ནས། །
    སྐྱེས་ཆེན་འཁྲུངས་འགྱུར་ལུང་བསྟན་བཞིན། །
    བདག་གི་ཤ་ཡི་མིག་གིས་ཀྱང་། །
    མཇལ་བས་བཀའ་དྲིན་འཇལ་དཀའ་འོ། །

    ༸གང་གི་༸སྐུ་ཚེ་ཡུན་བརྟན་ཤོག །

    Reply
  10. ཤེས་རབ་འབྱུང་གནས། says:
    ལོ་ 15 སྔོན།

    གོང་མ་རིན་པོ་ཆེས།   རྟགས་གསལ་ཡག་པོ་འཕང་གནང་འདུག་ཡ།
    ཆོས་བརྒྱུད་ཁག་ལ་མཚོན་ན་ཡང་སྟོན་པ་གཅིག་གི་སློབ་མ་དང་། སྟོན་པའི་ས་ལམ་འབྲས་བུའི་རྣམ་གཞག་ལ་ཁྱད་པ་གཏན་ནས་མེད་པར་ཐལ། སྟོད་ནས་སྨད་རྒྱ་བོད་ཀྱི་ས་མཚམས་ཡན་གྱི་མི་མང་ཚང་མ་དཀོན་མཆོག་ལ་བློ་གཏད་ཞུ་མཁན་དང་ཁ་ནས་མ་ནི་བགྲང་མཁན། རྩམ་པ་ཟ་མཁན་གཅིག་མཚུངས་ཡིན་པའི་ཕྱིར།  ཅེས་གསུངས་འདུག
    འདི་འདྲའི་རྟགས་གསལ་ཡག་པོ་ཞིག་གྲྭ་སའི་གྲྭ་བ་རྣམས་ཀྱི་ཐུགས་ལ་ཤར་རྒྱུ་ཁག་པོ་ཡིན་རྒྱུ་རེད།    ཁོང་གི་སྐུ་ཚེ་རིང་།   འདི་འདྲའི་མཁས་པ་ད་དུང་བོད་ལ་བོད་པའི་དགའ་བ་ལ།

    Reply
  11. རྨ་ཆུའི་སྐལ་བཟང་། says:
    ལོ་ 15 སྔོན།

    དཔལ་སྐྱ་བའི་གདུང་སྲས༸བདག་ཁྲི་རིན་པོ་ཆེ་ཁྱེད་ནི་ངེས་བ་དོན་གྱི་བོད་གངས་ཅན་པའི་མགོན་སྐྱབས་ཞིག་དེ།ཁྱེད་ཀྱི་སྐུ་ཚེ་བསྟན་སྐལ་བརྒྱར་བསྟན་ཅིང་མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་བའི་སྨོན་ལམ་སེམས་གཏིང་ནས་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese