མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་སྤུན་ཟླར་གདུང་སེམས་མཉམ་སྐྱེད།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔོ་དྲོར་ངྷ་ས་དགུ་བཅུ་གསུམ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། ཚོགས་གཞོན་ཀླུ་མཁར་བྱམས་ལགས་དང་དྲུང་ཆེ་གངས་ལྷ་མོ་གཉིས་ཀྱིས། ཕྱི་ཚེས་ ༡༡ ཉིན་ཉི་ཧོང་ནང་ས་འགུལ་མཚོ་འཁྱོམ་གྱི་དོན་རྐྱེན་བྱུང་སྟེ། ད་ཆར་མི་ ༡༠༨༠༠ ལྷག་རྐྱེན་འདས་དང་། མི་ ༡༦༢༤༠ ཙམ་བོར་བརླག མི་ ༡༩༠༠༠༠ ལྷག་གི་སྡོད་གནས་མེད་པར་གྱུར་ཡོད། རྡུལ་ཕྲན་རྟེན་གཞིར་གནོད་སྐྱོན་ཐེབས་ཏེ་ཉིང་རྡུལ་རླབས་ཤུགས་ཕྱི་རུ་ཁྱབ་ནས་སྐྱེས་འགྲོའི་ཚེ་སྲོག་ལ་ཉེན་འཚབ་འཕྲད་བཞིན་ཡོད། ང་ཚོ་དགུ་བཅུ་གསུམ་ཚོགས་པས་ཉི་ཧོང་གནོད་ཐེབས་ས་ཁུལ་གྱི་འདས་གསོན་ཚོའི་ཆེད་ཕྱི་ཚེས་ ༡༣ ཉིན་ངྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོད་འབུལ་བསྔོ་སྨོན་ཞིག་ཕུལ་ཡོད། ཅེས་དང་།

ཕྱི་ཚེས་ ༡༥ དང་ ༡༦ ཉིན་གཉིས་རིང་དགུ་བཅུ་གསུམ་ཚོགས་པའི་སྣེ་ཁྲིད་འོག་སྤུན་ཟླ་ཉི་ཧོང་བ་ཁག་ཅིག་དང་མཉམ་དུ་ངྷ་སའི་མེག་ལོར་ཁྲོམ་གཞུང་ནས་ཉི་ཧོང་གནོད་ཐེབས་མི་མང་སྐྱོབ་གསོའི་ཆེད་ཞལ་འདེབས་བསྡུ་རུབ་བྱས་པར་ཧིན་སྒོར་ ༡༡༧༠༠༠ བྱུང་བ་དག་དེ་རིང་དངུལ་བྱང་བརྒྱུད་ཉི་ཧོང་སྲིད་བློན་སྐུ་ཞབས་ནཱ་ཐོ་ཁན་མཆོག་གི་མཚན་ཐོག་ལ་ཐུགས་གསོའི་འཚམས་འཕྲིན་དང་བཅས་ཕུལ་ཡོད། ཐེངས་འདིའི་ཞལ་འདེབས་གཞི་རྩའི་ཉུང་ངུ་ཞིག་ལས་མེད་ཀྱང་དེ་ནི་མེ་ཏོག་ཆུང་ཡང་མཆོད་རྫས་ཞེས་པའི་དཔེ་ལྟར། མི་སེར་དཀྱུས་མ་རྣམས་ཀྱིས་མི་ཆོས་རིང་ལུགས་ཀྱི་ལྟ་སྤྱོད་རྣམ་དག་གིས་ཕུལ་བ་ཞིག་དང་། ལྷག་པར་བོད་མི་རྣམས་ལ་མཚོན་ན་སྤུན་ཟླ་ཉི་ཧོང་བ་རྣམས་གཙོས་ཁྱིམ་མཚེས་རྒྱལ་ཁབ་དག་དང་མཉམ་དུ་སྐྱིད་སྡུག་མཉམ་མྱོང་དང་། དར་རྒུད་སྣ་ཚོགས་བརྒྱུད་ནས་ཡོང་བའི་མི་རིགས་སྤུན་ཟླ་ཡིན་པར་བརྟེན། ཁྱིམ་མཚེས་ཡུལ་ལུང་དག་ཏུ་གོད་ཆག་བྱུང་སྐབས། གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་བོད་ཀྱི་ཚོགས་སྐྱིད་ཅིག་གི་མིང་ཐོག་ནས་དགེ་ཕྱོགས་ཀྱི་བྱ་བ་ཕྲན་བུ་ཞིག་བསྒྲུབས་ཐུབ་པར་དགའ་ཚོར་བྱུང་ཞེས་བསྟན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༢ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༢༡ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༢༢ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 4

  1. མཁས་བཙུན། says:
    ལོ་ 15 སྔོན།

    རྡོ་རྗེ་ཚེ་རིང་ལགས་བསམ་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། མ་གཞི་ནས་ལས་འགུལ་གང་ཞིག་སྤེལ་ཡང་དཔལ་འབྱོར་དགོས་ཀྱི་རེད་པ། དཔལ་འབྱོར་དང་ལག་ལེན་གཉིས་ཀའི་ཐད་དུ་ངས་ཐུབ་པ་མི་འདུག་ག་ཧཧཧ་་་་་

    Reply
  2. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    རྗེས་སུ་ཡིད་རང་ཡོད། འོན་ཀྱང་མཁས་བཙུན་ཁྱེད་རང་སྐད་ཡིག་གི་ཆེད་དུ་ལས་འགུལ་ཞིག་ཟེར་ནས་མགོ་བསྐོར་མ་གཏོང་། དང་པོ་སོ་སོས་སྐད་ཡིག་སྲུང་སྐྱོབ་བམ་ལས་གཞིའི་དེའི་ཆེད་དུ་ལས་ཀ་ཞིག་གྱིས་དང་། ལམ་སེང་སོ་སོའི་གྲོད་ཁོག་བསམ་ནས་ཞལ་འདེབས་ལབ་ན་ཏོག་ཙམ་འགྲིག་གི་མིན་འདུག

    Reply
  3. གནས་ཚང་། says:
    ལོ་ 15 སྔོན།

    ལས་ཀ་རླབས་ཆེན་རེད། འདི་ནི་བོད་དོན་ཐད་ཀྱི་གོ་སྐབས་འཛིན་སྟངས་ཤིག་རེད་ལ། སུས་ཀྱང་དགག་མི་ཐུབ་པའི་ལམ་ཁ་ཡན་གར་བ་ཞིག་རེད། ཐུགས་རྗེ་ཆེ་ཞུ་འདུན་བྱུང་སོང་།

    Reply
  4. མཁས་བཙུན། says:
    ལོ་ 15 སྔོན།

    དེ་སྔོན་ངས་ཞལ་འདེབས་བསྡུ་ཡག་གི་ལས་གཞི་འདི་ནི་བསྡུ་མཁན་དང་། རྒྱག་མཁན་ཕྱོགས་གཉིས་ཀའི་ངོས་སུ་གྱོང་གུད་མེད་པ་ཞིག་ཚོར་མྱོང་། འོན་ཀྱང་ད་གིན་ངའི་རོགས་པ་ཞིག་ལ་ང་ན་རེ་སང་གནངས་ཉིན་ངས་བོད་ཀྱི་སྐད་ཡིག་གི་ཆེད་དུ་ལས་འགུལ་ཞིག་སྤེལ་རྩིས་ཡོད། འོན་ཀྱང་དཔལ་འབྱོར་ནི་མི་མང་གི་ལག་ནས་ཞལ་འདེབས་བསྡུ་གི་ཡིན། ཞེས་ལབ་པ་ཡིན། རེད་དེ་ཁོང་ན་རེ་སེམས་ཤུགས་ཡོད་ན། དངུལ་ཁྱེད་རང་གིས་སྟོན་ན་འགྲིག་གི་རེད་པ། གསུངས་སོང་ལ་རྣམ་འགྱུར་ཡང་ཡག་པོ་ཞིག་བསྟན་མ་སོང་། དྲྭ་གཉེར་བ་ཚོ་དེའི་ཐད་ལ་དགོངས་ཚུལ་ཅི་འདྲ་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese