མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་ཤུལ་སྐྱེ་རྒུ་མདོའི་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

“མི་ཁྲི་ཚོ་གཅིག་ལྷག་ཙམ་ས་འོག་དུ་ཤོར་སོང་། མི་རབས་མང་པོར་བསགས་པའི་རྒྱུ་ནོར་དང་ས་ཞིང་། སྡོད་ཁང་ཡོངས་རྫོགས་ཁྱེད་ཅག་གིས་བཙན་འཕྲོག་བྱས་སོང་། ད་ནི་ང་ཚོ་གསོན་པོར་གནས་དང་མ་གནས་ཁྱད་པར་མི་འདུག ང་ཚོ་ད་ལྟ་རང་གསོད་རོགས” ཞེས་ངུ་འབོད་བྱས་སོང་ཟེར།

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཡུལ་ཤུལ་སྐྱེ་རྒུ་མདོའི་བོད་རིགས་མི་མང་སྟོང་ཕྲག་ལྷག་གིས་ཁུལ་སྲིད་གཞུང་དང་། འབྲེལ་ཡོད་ལས་ཁུངས་ཁག་གི་སྒོ་ཁར་བསྐྱོད་དེ། མང་ཚོགས་ཀྱི་དཀའ་ངལ་ཞུ་གཏུག་གིས་སྐད་འབོད་བརྒྱབ་ཡོད་ཅིང་། ཉིན་གུང་གྲོང་ཁྱེར་དཀྱིལ་དབུས་ཀྱི་གེ་སར་ཐང་ཆེན་ཞེས་པར་འཛོམས་ཏེ། འབོད་ཚིག་སྣ་ཚོགས་བཀོད་པའི་འཕྲེད་དར་འཕྱར་བཞིན་ཁྲོམ་སྐོར་བྱས་ཡོད་འདུག ཉིན་དེ་ནས་བཟུང་ལོ་ན་ ༧༠ ཡས་མས་ཅན་གྱི་རྒན་འཁོགས་དང་། སྔར་ལོའི་ས་འགུལ་ཁྲོད་དབང་བོ་སྐྱོན་ཅན་དུ་གྱུར་བའི་མི་མང་བརྒྱ་སྐོར་ཞིག་གཞུང་ལམ་སུམ་མདོ་ནས་ཉལ་ཡོད་ཀྱང་། དེ་རིང་དགོང་མོའི་ཆུ་ཚོད་ ༡༠ ཙམ་ལ་མི་མང་ཚོས་དགོང་ཟས་ཟ་བཞིན་ཡོད་པའི་གོ་སྐབས་དང་བསྟུན་ཏེ། དྲག་ཆས་ཉེན་རྟོག་པ་དང་དམག་མི་སྟོང་ཕྲག་ལྷག་གློ་བུར་དུ་འབྱོར་ཏེ། མི་མང་ལ་ཉེས་རྡུང་དྲག་པོ་བཏང་སྟེ་བཙན་ཚུགས་ཀྱིས་རང་རང་སར་ཁ་གཏོར་བཏང་ཡོད་པ་མ་ཟད། བོད་མི་མང་པོ་ཞིག་འཛིན་བཟུང་བཀག་བསྐྱིལ་ཡང་བྱས་ཡོད་འདུག

 

དེ་རིང་དགོང་མོའི་ཆུ་ཚོད་ ༡༡ ཐོག་ཡུལ་ཤུལ་སྐྱེ་རྒུ་མདོ་ནས་བཏང་འབྱོར་བྱུང་བའི་ཡིག་ཐོག་གི་གནས་ཚུལ་ནང་བཀོད་དོན། ཚེས་ ༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཙམ་ལ་ཡུལ་ཤུལ་སྐྱེ་རྒུ་མདོའི་བོད་རིགས་མི་མང་རྒན་དར་གཞོན་གསུམ་སྟོང་ཕྲག་བརྒལ་བ་ཞིག་གྲོང་ཁྱེར་སུམ་མདོ་གེ་སར་ཐང་ཆེན་ལ་འཛོམས་ཏེ། ངུ་འབོད་དང་སྐད་འབོད་ཤུགས་ཆེན་བྱས་ཏེ། ཁུལ་སྲིད་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་སོང་། སྐབས་དེར་ལོ་ན་ ༧༠ ཡས་མས་ཅན་གྱི་རྒན་འཁོགས་མང་པོ་འཁར་བ་ལ་བརྟེན་ཞིང་། སྔར་ལོའི་ས་འགུལ་གནོད་འཚེ་ཁྲོད་དབང་བོ་སྐྱོན་ཅན་དུ་གྱུར་ཡོད་པ་མང་པོ་གླ་འཁོར་སོགས་སུ་བསྡད་དེ་བསླེབས་འདུག་ལ། ཁོང་ཅག་གིས་ལག་ཏུ་འཕྲེད་དར་འདྲ་མིན་བཟུང་ཞིང་། འཕྲེད་དར་སྟེང་། “རང་ས་རང་དབང་དགོས། དྲང་བདེན་གྱི་ཐག་གཅོད་དགོས། དྲང་བདེན་གྱི་ཁྲིམས་ལུགས་ལ་བརྩི་སྲུང་བྱ་དགོས། དངོས་ཐོག་བདེན་འཚོལ་གྱིས་ལས་དོན་བསྒྲུབ་རོགས” བཅས་སོགས་བཀོད་འདུག ཅེས་དང་།  

 

ཉིན་རྒྱབ་ཙམ་ལ་ཡུལ་ཤུལ་ཁུལ་གྱི་དཔོན་རིགས་ཁ་ཤས་བསླེབས་ཏེ་མ་དམངས་རྣམས་ཕྱིར་ལོག་ཆེད་དུ་མགོ་སྐོར་བསླུ་བྲིད་གྱི་སྐད་ཆ་མང་པོ་ཞིག་བཤད་སོང་ཡང་། དེ་ལ་མང་ཚོགས་སུ་གང་གིས་ཀྱང་ཉན་འཇོག་མ་བྱས་སྟབས། པེ་ཅིན་ནས་ཆེད་མངགས་བྱས་པའི་ཡུལ་ཤུལ་བསྐྱར་འཛུགས་འཆར་འགོད་ཚོགས་ཆུང་གི་མགོ་གཙོ་ཡོང་སྟེ། ཀྲུང་གོའི་སྲིད་གཞུང་བོད་ལ་བཀའ་དྲིན་ཆེ་ཚུལ་དང་། དམིགས་བསལ་ཡུལ་ཤུལ་ཁུལ་ལ་བདག་གཅེས་བྱས་ཚུལ། རྒྱལ་ཁབ་གཞན་གྱི་ས་གནས་ཁག་ནང་གོད་ཆག་བྱུང་ཡང་། རྒྱལ་ཁབ་གཞུང་གིས་རོགས་སྐྱོར་མེད་ཚུལ། རང་རྒྱལ་ལ་རྒྱལ་ཁབ་གཞན་ལས་ལྷག་པའི་བྱམས་བརྩེ་ལྡན་ཚུལ་སོགས་མང་པོ་བཤད་ཀྱང་། ཡུལ་ཤུལ་མི་མང་རྣམས་ས་འགུལ་ཆེན་མོའི་བརྒྱུད་རིམ་ཁྲོད་སྲིད་གཞུང་ལ་རེ་བ་ཆད་ཅང་། ཞེན་པ་གཏིང་ནས་ལོག་ཡོད་སྟབས། ཁ་ཡག་ཚིག་འཇམ་གྱི་གཡོ་ཐབས་ཇི་ལྟར་བཀོལ་ཡང་། མང་ཚོགས་ཚོས་ཉན་འདོད་དང་ཡིད་ཆེས་གཏན་ནས་མི་བྱེད་པ་མ་ཟད། རྒན་འཁོགས་ཚོའི་སྐད་ཤུགས་སྔར་ལས་ཆེ་རུ་སོང་སྟེ། “མི་ཁྲི་ཚོ་གཅིག་ལྷག་ཙམ་ས་འོག་དུ་ཤོར་སོང་། མི་རབས་མང་པོར་བསགས་པའི་རྒྱུ་ནོར་དང་ས་ཞིང་། སྡོད་ཁང་ཡོངས་རྫོགས་ཁྱེད་ཅག་གིས་བཙན་འཕྲོག་བྱས་སོང་། ད་ནི་ང་ཚོ་གསོན་པོར་གནས་དང་མ་གནས་ཁྱད་པར་མི་འདུག ང་ཚོ་ད་ལྟ་རང་གསོད་རོགས” ཟེར་ནས་ངུ་འབོད་ཤུགས་ཆེན་བྱས་སོང་། ཞེས་བཀོད་འདུག

 

ཡི་གེ་དེའི་ནང་མུ་མཐུད་དུ་བཀོད་དོན། སྔར་ལོའི་ ༤༡༤ ས་འགུལ་གྱི་གནོད་འཚེ་ནི་རང་བྱུང་གི་ཆག་སྒོ་ཡིན་སྟབས། དེ་ལ་སུ་གང་གིས་ཀྱང་འཁང་ར་བྱེད་མི་སྲིད། འོན་ཀྱང་གོང་རིམ་གྱི་དཔོན་རིགས་དང་ས་གནས་རིམ་པའི་སྲིད་གཞུང་གི་ཁྲིམས་ལུགས་དང་། ཡུལ་ཤུལ་གསར་པའི་འཛུགས་སྐྲུན་འཆར་འགོད་ལ་འགྱུར་བ་འགྲོ་བཞིན་ཡོད་པ་དང་། ཉམས་ཆུང་མི་དམངས་རྣམས་ཀྱི་མི་རབས་མང་པོའི་ཚེ་སྲོག་དང་དཀའ་ངལ་གྱི་དངུལ་ཆུ་ལས་གྲིབ་པའི་ས་ཞིང་དང་ཁང་པ་རྣམས་སྲིད་གཞུང་གི་ཡིན་ཚུལ་བཤད་དེ། གང་འདོད་དུ་གཞུང་བཞེས་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ས་འགུལ་ཁྲོད་ཚེ་འདས་སུ་སོང་བའི་ནང་མི་ཚོས་ཞུ་བ་ཇི་ལྟར་འཐེན་ཡང་། ཕན་འབྲས་ཏིལ་འབྲུ་ཙམ་ཡང་མེད་པར་ཉེན་རྟོག་པས་རྡུང་རྡེག་དང་འཇིགས་སྐུལ། དྲག་ཆས་དམག་མིའི་མེ་མདའི་འོག་ཏུ་བཙན་གནོན་བྱས་ཡོད། ཞེས་དང་།

 

སྐྱེ་རྒུ་མདོའི་ཤར་ལྷོ་ནུབ་བྱང་གི་ས་གནས་ཁག་སོ་སོར་དོ་དམ་ཨུ་ཡོན་ལྷན་ཁང་ངམ་གསར་འཛུགས་དོ་དམ་ཨུ་ཡོན་ལྷན་ཁང་ཞེས་པའི་ལས་ཁུངས་གསར་འཛུགས་བྱས་ཤིང་། ཡུལ་ཤུལ་མི་དམངས་ཀྱི་ས་ཆའི་བརྒྱ་ཆ་ ༥༠ ཙམ་གཞུང་བཞེས་བྱ་རྒྱུའི་བཀའ་ཁྱབ་བཏང་སྟེ། གོ་སྐབས་འདི་དང་བསྟུན་ཏེ་བོད་མི་འདུག་གནས་མེད་པར་བྱས་ཤིང་། རྒྱ་རིགས་ཕོན་ཆེན་འོར་འདྲེན་གྱིས་གྲོང་ཁྱེར་གྱི་དཀྱིལ་དང་མི་མང་འདུས་སྡོད་ཁུལ། གཞུང་ལམ་གཡས་གཡོན་ཀྱི་ཚོང་ལས་དང་འཛུགས་སྐྲུན་ལྟེ་གནས་ཁག་ཚང་མར་རྒྱ་རིགས་ཀྱིས་ཁེངས་པར་བྱ་རྒྱུ་དེ་སྲིད་གཞུང་གི་དམིགས་ཡུལ་ངོ་མ་དེ་རེད། རྒྱུ་མཚན་དེ་དག་གི་དབང་གིས་མི་མང་ཡོངས་རྫོགས་སྲིད་གཞུང་ལ་ཡིད་ཆེས་བརླག་སྟེ། སེམས་ཐག་གཙང་བཅད་ཀྱིས་ཐེངས་འདིའི་ལས་འགུལ་དེ་སྤེལ་བ་རེད། ཅེས་བཀོད་འདུག

 

ཡུལ་ཤུལ་སྐྱེ་རྒུ་མདོའི་༼ བཞི་གཅིག་བཞི ༽ རང་བྱུང་གོད་ཆག་གི་དོན་རྐྱེན་བྱུང་སྟེ་ལོ་ངོ་གཅིག་འཁོར་ལ་ཉེ་བའི་སྐབས་འདིར། རྒྱ་གཞུང་གིས་བསྐྱར་དུ་སུན་གཙེར་དང་དྲག་གནོན་གྱི་བྱ་འགུལ་ཆེན་པོ་ཞིག་མགོ་འཛུགས་བྱས་ཡོད་འདུག ད་ལྟ་ཡུལ་ཤུལ་སྐྱེ་རྒུ་མདོའི་ས་གནས་ཁག་དང་གྲོང་ཁྱེར་གྱི་གཞུང་ལམ་ཁག དེ་བཞིན་མཐའ་ཁོར་གྱི་གྲོང་སྡེ་དང་དགོན་སྡེ་ཁག་ཏུ་དྲག་ཆས་ཉེན་རྟོག་མི་སྣ་དང་དམག་མི་འགྲེམ་བཞིན་ཡོད་པ་མ་ཟད། འགྲུལ་བཞུད་མི་མང་ལ་གང་འདོད་དུ་འདྲི་རྩད་ཉེས་རྡུང་དང་། ས་ཚིགས་ཁག་ཏུ་ཞིབ་བཤེར་བྱ་མགོ་བཙུགས་ཡོད་འདུག ད་ལྟ་རང་འཛིན་བཟུང་བྱས་ཟིན་པ་དག་གི་མིང་དང་ལོ་རྒྱུས་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད་ཀྱང་། ཨ་ཁྲོ་སྐར་མ་ཟེར་བའི་ལོ་ན་ ༦༠ ཡས་མ་ཅན་རྒན་པོ་ཞིག་ཚུད་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

༢༠༢༦/༠༥/༢༣
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

མཆན། 11

  1. མགོ་ལོག་ཟླ་བྷེ། says:
    ལོ་ 15 སྔོན།

    ཡུལ་ཤུལ་ལ་སྔར་ལོའི་༤༡༤ས་འགུལ་རྒྱག་དུས་དང་འཆར་གཞི་ཆེ་ཁག་གཏན་ལ་
    འབེབས་དུས་སོགས་ཀྱི་ཧྲུའུ་ཅི་དང་ཁུལ་གཙོ་༼贾应忠༽ཅ་ཡིན་ཀྲུང་ །
    དང་༼ 王玉虎 ༽བང་ཡོས་ཧྭོས །གཉིས་ཡིན་པ་དངོས་ཡོད་གནས་ཚུལ་
    རེད།ངས་ད་རུང་ཁོ་གཉིས་ཡིན་རྒྱུ་རེད་བསམ་སོང་། འོན་ཀྱང་ཟླ་ཤས་ཀྱི་སྔོན་ལ་
    བསྟན་ཁོ་ཡུལ་ཤུལ་གྱི་ཧྲུའུ་ཅི་ལ་མངགས་ཡོད་པ་ཡང་བདེན་པ་རེད ཁུལ་གཙོ་སྔར་གཞིན༼ 王玉虎 ༽བང་ཡོས་ཧྭོས་རེད། མགོ་ཁྲིད་སྔོན་མ་
    དང་གོང་རིམ་གྱིས་ལས་འཆར་བཟོས་ཟིན་པ་ཞིག་མགོ་ཁྲིད་གསར་བ་བོད་པ་ཞིག་གིས་སྒྱུར་ཆོག་ཆོག་ཞིག་ཡིན་རྒྱུ་མ་རེད ། དེ་ངན་ཁག་འགེལ་ས་ཡིན་ན་ཐང་
    ། གཟབ་ན་བཟང་། ཨ་མདོ་ནག་པོ་བྱེད་ས་ནས་གཞན་གྱི་རྙི་ནང་ལ་ང་ཚོ་
    ཚང་མ་ཚུད་ན་ཐང་།དེ་ལས་ཐེངས་འདིའི་རྒྱལ་ཁ་གནས་ཚང་ལགས་ལ་བྱིན་པ་
    ཡིན།

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    དྲ་གྲོགས་གནས་ཚང་ལགས། ཉིད་ཀྱིས་སྤེལ་བའི་རིག་པ་དེའི་ནང་དོན་ཁ་གསལ་བ་དང་། བརྗོད་བྱ་དོན་ལ་གནས་པ་ཞིག་ཏུ་མཐོང་སྟེ་བཀོད་པ་ཡིན། རྗེས་ཕྱོགས་འགྲེལ་བཤད་དང་། ནང་དོན་བསྒྱུར་མ་སོགས་མེད་པར་རྒྱ་ཡིག་ཁོ་ནའི་རིག་པ་མི་འདོན་རྒྱུ་དགོངས་འཇགས་ཞུ།།

    Reply
  3. གནས་ཚང་། says:
    ལོ་ 15 སྔོན།

    ཟླ་བྷེ་ལགས།

    མི་ཤེས་ན་ཤེས་ཁུལ་མ་བྱེད།
    中共玉树州委(2006年11月第十一届) 3STU[yTqmV
    书 记:旦 科 `2H*{D7k
    副书记:王玉虎、文国栋、东坝阿宝、 *{49Y +sj
    常 委:王勇(常务副州长)、毛育生(副州长)、白加扎西(副州长、州委政法委书记)、邓尔平(州委秘书长)、罗松仁青(州委统战部部长)、李玉英(州委宣传部部长)、吴勇(军分区司令员)、方向东、仁青才仁、刘传河(州委组织部部长)、董晓淇(州纪委书记)、吴德军(玉树县委书记)、张光连(援青)、 IP O+ ]
    d)$l+ @
    玉树州人大常委会(2006年11月第十一届) {VilR?q
    主 任:昂 格 ER28GK
    副主任:陈德杰、布达哇、尕 松、格 勒、葛 嘎、公 保、姚圣刚 UT; mce”
    秘书长: ZC#MEdKC
    T2Of; )$j
    玉树州人民政府(2006年11月第十一届) F/b’u1X 
    州 长:王玉虎 UQ^5v=N^
    副州长:王 勇、毛育生、白加扎西、张光连、王秀琴、江永俄色、胡居正、布 尕、才仁丁沛、周洪源、杨志峰、童光毅、李洪卫、王森林、 =[C[_4Z”&7
    秘书长:海 波 McPK$”Re&
    ai x]E6
    政协玉树州委员会(2006年11月第十二届) ;u!n6A
    主 席:丁显成 [w u4D3(_
    副主席:昂 尕、加羊才旦、江 格、仲 却、仁青才仁、阿 群 z&-;Nh]”@m
    秘书长:段震江 4|?.6Ei 
    aQn*1GL%
    中共玉树州纪委 e UN$5 i
    书 记:董晓淇 4Y^V[oe:R
    副书记:扎 江、魏生挺、刘恒为 “*@Cb/;< ~ 7rCXq1+v 玉树州中级人民法院院长:布 松 ~~;nPMo 玉树州人民检察院检察长:何占录 3J;|7mD ཡོངས་ཁུངས། [-- 青海省各地州市领导名录(2011.02) --] http://www.ourzg.com/bbs/simple/?t15754.html

    ཧྲུའུ་ཅི་བསྟན་ཁོའི་ལོ་རྒྱུས།

    旦科简历(青海共和籍)
      旦科,男,藏族,1962年9月生,青海共和人,中共党员,1981年8月参加工作,1981年8月青海省海南州民族师范学校中专毕业,青海省委党校研究生部社会学专业毕业,省委党校研究生学历。
      1981.08——1982.07,青海省海南藏族自治州民族师范学校音乐教师;
      1982.07——1995.09,青海省兴海县文卫科秘书,县人民检察院科长,县工商局副局长,县商业局局长,海南州粮油公司党委书记,兴海县常务副县长(其间:1984.06—1985.07在西北政法学院法律系学习;1993.04—1994.12中央民族学院行政管理专业学习);
      1995.09——1997.09,青海省兴海县委副书记、县长(其间:1996.09—1996.11青海省委党校第15期中青班学员);
      1997.09——2000.04,青海省贵南县委副书记、县长(1996.09—1999.11青海广播电视大学续读法律专业);
      2000.04——2001.03,青海省海北藏族自治州委副书记;
      2001.03——2005.01,青海省海北藏族自治州委副书记、州长(2001.02—2004.02青海省委党校研究生部社会学专业和中央党校一年制中青班学习);
      2005.01——2007.07,中共青海省海北藏族自治州委书记;
      2007.07——2010.07,中共青海省海南藏族自治州委书记。
      2010.07——,中共青海省玉树藏族自治州州委书记。 

    Reply
  4. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    ཁྱོད་ཅག་སྐྱག་འཛིང་མ་གཏུགས་རོགས།
    ཨ་ཁུ་ཟླ་བྷེ་ཁྱོད་བདེན།
    གཞན་འདིའི་སྐོར་གྱི་གནས་ཚུལ་གསར་པ་འདྲ་གོ་ཐོས་བྱུང་ཚེ་མཆན་དུ་བཀོད་ན་ཡ་རབས་དམ་པའི་ལུགས་སུ་མཐོང་།
    http://ragshul.blogspot.com/
    འདི་ན་ཅིག་བྲིས་འདུག

    Reply
  5. མགོ་ལོག་ཟླ་བྷེ། says:
    ལོ་ 15 སྔོན།

    ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ད་ལྟའི་ཁུལ་ཨུའི་ཧྲུའུ་ཅི་དང་པོ་རྒྱ་རིགས
    ༼ 贾应忠 ༽ཅ་ཡིན་ཀྲུང་ །ཟེར་བ་དང་ཁུལ་གཙོ་དང་པོ་རྒྱ་རིགས་
    ༼ 王玉虎 ༽བང་ཡོས་ཧྭོས ། ཟེར་བ་གཉིས་རེད་འདུག
    ང་རང་ལ་མཚོན་ན་ཆོལ་ཁ་སོགས་ཀྱི་ཕྱོགས་འཐེན་བྱེད་རྒྱུར་དགའ་བོ་མེད་ན་
    ཡང་། དྲྭ་གྲོགས་གནས་ཚང་ཞུ་བ་ལགས་ཀྱིས་ཨ་མདོ་བས་ཞབས་འདྲེན་བྱས་
    ལུགས་བྲིས་འདུག་པས་གསལ་བཤད་ཙམ་བྱས་པ་ཡིན། ཞར་ཞུ ། རྗེས་སོར་
    མི་སྒེར་གྱིས་ནོར་འཁྲུལ་བཟོས་པ་ཐེར་འདོན་བྱེད་ན་འོས་ཀྱང་།ཆོལ་ཁ་སོགས་
    མི་མང་པོ་ལ་ཕོག་པའི་སྐད་ཆའི་རིགས་མ་བཤད་ན་བཟང་བར་བསམ །

    Reply
  6. ཨརྱ། says:
    ལོ་ 15 སྔོན།

    སང་ཉིན་གྱི་༤་༡༤་ཉིན་མཚོ་སྔོན་བརྙན་འཕྲིན་ཁང་གིས་རྗེས་དྲན་མྱ་ངན་དགོང་ཚོགས་བསྡུ་རྒྱུ་རེད་ཟེར་བ་མིན་ནམ། དེའང་རྒྱ་དམག་གིས་འགོག་ངེས་རེད།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    “རང་ས་རང་དབང་དགོས། དྲང་བདེན་གྱི་ཐག་གཅོད་དགོས། དྲང་བདེན་གྱི་ཁྲིམས་ལུགས་ལ་བརྩི་སྲུང་བྱ་དགོས། དངོས་ཐོག་བདེན་འཚོལ་གྱིས་ལས་དོན་བསྒྲུབ་རོགས” རབ་བཙན་རྩོད་པ་ལས། སྐད་འབོད་འདི་ཚོ་ནུས་པ་ཆེ་བགྱིད་རེད། རང་གི་ས་སྦར་བ་གང་ཡང་རྒྱ་གཞུང་སོགས་སུ་གང་ལ་ཡང་སྤྲོད་རྒྱུ་ཡོད་མ་རེད་དོ། ། གཞིས་བཞུགས་བོད་རིགས་རྒྱལ་འགྱུར་ཅིག། །

    Reply
  8. དབྱངས་ཅན་སྒྲོལ་མ། says:
    ལོ་ 15 སྔོན།

    ཨ་མདོ་བ་ཞིག་གི་དབང་ཚད་ལྡན་པའི་སྟེང་ནས་སྤྱོད་པ་ངན་པ་ཞིག་ཁྲབ་ཡོད་ན་དེ་ཞབས་འདྲེན་རེད་དེ་འདྲ་བའི་མི་དེ་ས་ཆ་དང་ཁོང་བགོད་ནས་ཐེར་འདོན་བྱེད་དགོས་ས་རེད།
    དེ་མིན་ན། ཚིགས་པ་གཡག་ལ་ཟ་ནས། ལོང་ལྕགས་རྟ་བྱས་ཟེར་བའི་དཔེ་བཞིན་ཡིན་ན་ཡག་པོ་མི་འདུག
    བོད་མའི་ནང་ལ་འགལ་ཟླ་བྱས་ན་ཕན་འབྲས་ཅི་ཡང་མེད།

    Reply
  9. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ༈ ཡུལ་ཤུལ་དཔོན་པོ་ཨ་མདོ་བ་ཡིན་ནའང་དེ་ཡི་འགོ་དཔོན་རྒྱ་མི་ཡིན་པ་ང་ཚོ་ཚང་མའི་ཤེས་དགོས། ཨ་མདོ་བ་དེ་ཡི་སེམས་ནང་བོད་མི་ཚོར་ཡག་པོ་གྱི་དགོས་སྙམ་ཡང་རྒྱ་གཞུང་གིས་བོད་སྤྱི་ལ་འཛིན་པའི་སྲིད་བྱུས་ཤིག་ཡོད་པ་དེ་གཞི་ལ་བཞག་ནས་འགྲོ་དགོས་པ་ལས་ཨ་མདོ་བ་དེ་ལ་བསྒྱུར་བཅོས་གཏང་རྒྱུའི་ཤུག་འདྲ་ཨེ་ཡོད་ན། མ་གཞི་ང་རང་ཕ་མ་གཉིས་ཆ་ཁམས་ནས་ཡིན་པ་དང་ང་ཚོ་བོད་རིགས་ནང་ཁུལ་དེ་ལྟར་སྐྱོན་བཙུགས་ཀྱིས་ཆིག་སྒྲིལ་ལ་སྟོར་ཤིག་གཏང་བསྡན་ན་རྒྱ་ནག་དམར་གཞུང་ལ་གདོང་ལེན་སུས་བྱེད་ཡོང་། རྒྱུ་མཚན་མང་པོ་ཞིག་ལ་བསམ་ནས་ནང་ཕན་ཚུན་ནང་དམེ་བྱེད་མཚམས་བཞག་ན་ཕྲལ་ཕུག་ཀུན་ལ་དགེ་མཚན་མི་ཆེའམ།???

    Reply
  10. གོང་ཐུབ། says:
    ལོ་ 15 སྔོན།

    ཨ་མདོ་བ་ཁོང་གི་ལུང་ཚན་དང་མིང་སོགས་ཁ་གསལ་རག་ན་སྐྱོན་ཡོན་གཉིས་ཆས་ཐོག་ནས་གླེང་དགོས་ཤིང་། མ་ཟད་སྒེར་འབྲེལ་སོགས་ལམ་བུ་ཇི་རིགས་བཙལ་ནས། ཁ་ཏ་དང་གོ་སྐོན་གནང་ན་ང་ཚོ་བོད་རིགས་སྤྱིའི་ཆབ་སྲིད། བདེ་སྡུག་སོགས་ལ་ཕན་ངེས་རེད།

    Reply
  11. གནས་ཚང་། says:
    ལོ་ 15 སྔོན།

    གོ་ཐོས་ཡིན་ན། ཡུལ་ཤུལ་གྱི་ཧྲུའུ་ཅི་ལ་ཨ་མདོ་བ་ཞིག་བཏང་ཡོད་ཚུལ་འདུག མི་དེས་མི་མང་དཀྱུས་མའི་སྡོད་གནས་དང་འཚོ་བར་འགན་མི་ལེན་པ་དེ་ད་ཞབས་འདྲེན་རེད། ཡུལ་ཤུལ་རྒྱལ་ལོ། མི་མང་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese