མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བལ་ཡུལ་བོད་མིའི་བདེ་སྡུག་ལ་ལྟ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

 ཁ་སང་ཕྱི་ཚེས་ ༧ ཉིན་ཡུ་རོབ་གྲོས་ཚོགས་ནང་བལ་ཡུལ་ནང་གནས་སྡོད་བཙན་བྱོལ་བོད་མི་ཁྲི་ ༢ ལྷག་ཡོད་པ་དག་ལ། བལ་ཡུལ་གཞུང་གིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པའི་གྲོས་ཆོད་ཅིག་བཞག་ཡོད་འདུག གྲོས་ཆོད་དེའི་ནང་། བལ་ཡུལ་སྲིད་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ནང་གསལ་བ་ལྟར། བལ་ཡུལ་ཉེན་རྟོག་པས་སྡོད་བོད་མི་སྐྱབས་བཅོལ་བ་ཚོར་གང་བྱུང་དུ་ཉེས་རྡུང་འཛིན་བཟུང་བྱེད་པ་དང་། བོད་མིའི་སྐད་འབོད་ལ་དམ་དྲག  དུས་ཆེན་ཁག་གི་བོད་མི་མཉམ་འཛོམས་ལ་བཀག་སྡོམ་བྱས་པ་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་ཁྲིམས་ལུགས་དང་འགལ་ཡོད་སྟབས། མ་འོངས་པར་བལ་ཡུལ་ནང་བཅའ་བཞུགས་ཡུ་རོབ་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ལྕམ་སྐུ་ཁེལ་ངྷར་རིན་(Catherine Ashton)ལགས་ཀྱིས་བལ་ཡུལ་ནང་གི་བོད་མིའི་བདེ་སྡུག་ལ་ལྟ་རྟོག་བྱ་དགོས་པའི་བཀའ་མངགས་བྱས་ཡོད་འདུག  

གཞན། བལ་ཡུལ་གཞུང་གི་ནང་སྲིད་ཐོག བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྱིས་ཐེ་གཏོགས་བྱས་པར་སྐྱོན་བརྗོད་དང་། མ་འོངས་པར་རྒྱ་ནག་གཞུང་གིས་བལ་ཡུལ་གྱི་ནང་སྲིད་ལ་ཐེ་གཏོགས་དང་གནོན་ཤུགས་སྤྲོད་རྒྱུ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་དང་། བལ་ཡུལ་གཞུང་གིས་ ༢༠༡༡ ལོའི་ཟླ་ ༥ བའི་ཚེས་ ༢༨ ཉིན་གཏན་འབེབས་བྱ་འཆར་ཡོད་པའི་རྩ་ཁྲིམས་ནང་། སྨྲ་བརྗོད་རང་དབང་དང་འགྲོ་སྐྱོད་རང་དབང་། འོས་འཕེན་གྱི་ཐོབ་ཐང་། ཆོས་དད་རང་དབང་སོགས་ངེས་པར་དུ་འགོད་དགོས་པའི་རེ་འདུན་ཡང་བཏོན་ཡོད་འདུག

 གསར་འགོད་པ། དོན་གོ

 

 

མཆན། 3

  1. ཇ་མ་ says:
    ལོ་ 11 སྔོན།

    བལ་ཡུལ་ནང་གི་བོད་མི་ཚོ་གང་མགྱོག་ངང་རྒྱལ་ཁབ་གཞན་པའི་ནང་སྤོར་ཐུབ་ན་རབས་རེད། དེ་མི་ན་བལ་ཡུལ་ནི་རྒྱ་ནག་གི་ཆ་ཤས་སུ་གྱུར་བའི་མངའ་སྡེ་ཞིག་ལ་འགྱུར་ཉེན་འདུག

    Reply
  2. མངའ་རིས་བུ། says:
    ལོ་ 11 སྔོན།

    བལ་བོད་ཀྱི་ས་མཚམས་དེ་རྒྱ་དཀར་ནག་གི་ས་མཚམས་དང་འདྲ་བར་སྒོ་རྒྱབ་ན་ཚར་པ་རེད།
    བལ་ཡུལ་རྒྱལ་ཁབ་བཀའ་དྲིན་ཆེན་པོ་རེད།
    དེ་མིན་ན་གཞིས་བྱེས་གཉིས་ཐུག་འཕྲད་གང་ནས་འབྱུང།
    དེ་ཚོ་ལའང་བསམ་བློ་གཏོང་དགོས་པ་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    དང་པོ། བལ་ཡུལ་མི་སེར་ནང་པ་ཚོ་ལ་སྨྲ་བརྗོད་རང་དབང་དང་། འཕགས་བོད་བར་གྱི་བོད་མིའི་འགྲུལ་པ་ལ་འགྲོ་སྐྱོད་རང་དབང་། བཙན་བྱོལ་སྒྲིག་འཛུགས་ཀྱི་འོས་འཕེན་གྱི་ཐོབ་ཐང་། ཆོས་དད་ཀུན་ལ་ཆོས་དད་རང་དབང་སོགས་ངེས་པར་དུ་འགོད་དགོས་པའི་རེ་འདུན་ཡང་བཏོན་དགོས་གང་ལ་ཐུག་པ་རེད་བལ་རིགས་ཚོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist