མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཞི་གཅིག་བཞིར་མྱ་ངན་ཞུ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནི་ཡུལ་ཤུལ་སྐྱེ་རྒུ་མདོར་ “བཞི་གཅིག་བཞི” ས་ཡོམ་དོན་རྐྱེན་བྱུང་སྟེ། ལོ་ངོ་ཧྲིལ་བོ་གཅིག་འཁོར་བའི་ཉིན་མོར་འཁེལ་ཡོད་སྟབས། ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་གི་གོ་སྒྲིག་འོག དེ་རིང་ཞོགས་པའི་ཆུ་ཚོད་ ༧ དང་སྐར་མ་ ༤༥ སྟེང་སྐྱེ་རྒུ་མདོ་རུ་འདས་པོ་རྣམས་ལ་མྱ་ངན་གུས་འདུད་ཀྱི་བྱེད་སྒོ་ཆེན་པོ་ཞིག་བསྡུས་ཡོད་འདུག

མཛད་སྒོ་དེའི་ཐོག་རྒྱ་ནག་དབུས་གཞུང་གི་མཐོ་རིམ་དཔོན་རིགས་ཤིག་དང་འབྲེལ་ཡོད་སྡེ་ཚན་ཁག་ཅིག་གི་སྐུ་ཚབ། དེ་བཞིན་ཞིང་ཆེན་གཞན་པའི་སྐུ་ཚབ། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་རིམ་པ་དང་། ཡུལ་ཤུལ་ཁུལ་དམར་ཤོག་དྲུང་ཆེ་བསྟན་ཁོ་དང་ཁུལ་དཔོན་ཝང་ཡུས་ཧུའུ་བཅས་ཀྱིས་གཙོས་པའི་ལས་ཁུངས་ཁག་གི་མགོ་ཁྲིད་བཅས་མཉམ་ཞུགས་བྱས་ཡོད་འདུག

ཕྱོགས་གཞན་ཞིག་ནས་ཉེ་ཆར་ཕྱི་ཚེས་ ༡ ཉིན་ནས་བཟུང་སྐྱེ་རྒུ་མདོའི་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་མགོ་འཛུགས་བྱས་ཡོད་ཅིང་། ཚེས་ ༤ ཉིན་གྱི་མཚན་མོར་གཞུང་གིས་ཉེན་རྟོག་པ་དང་དམག་མི་ཕོན་ཆེན་བཏང་སྟེ། ངོ་རྒོལ་བ་རྣམས་འཛིན་བཟུང་དང་གཅར་རྡུང་དྲག་པོ་བཏང་ཡོད་པ་མ་ཟད། ཉིན་དེ་ནས་བཟུང་སྐྱེ་རྒུ་མདོའི་གྲོང་ཁྱེར་དང་གྲོང་གསེབ། མཐའ་འཁོར་གྱི་དགོན་སྡེ་ཁག་ལ་དམ་དྲག་བྱེད་མགོ་བཙུགས་ཡོད་ཅིང་། ལྷག་པར་དུ་མྱ་ངན་དུས་དྲན་བསླེབ་ལ་ཉེ་སྐབས་ཏེ། ཕྱི་ཚེས་ ༡༠ ཡས་མས་ནས་མང་ཚོགས་དཀྱུས་མ་རྣམས་ཁུལ་དང་རྫོང་གི་ལས་ཁུངས་ཁག་ལ་འགྲོ་སྐྱོད་བྱེད་འཇུག་གི་མེད་པ་དང་། ཁུལ་ཐོག་གི་མི་མང་འདུས་སྡོད་བྱེད་ཡུལ་དག་ཏུ་ཡང་ཉེན་རྟོག་པ་ཇེ་མང་ལ་བཏང་སྟེ་མང་ཚོགས་ལ་འདྲི་རྩད་ཞིབ་བཤེར་བྱེད་མགོ་བཙུགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཡུལ་ཤུལ་ཁུལ་སྲིད་གཞུང་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱི་གོ་སྒྲིག་འོག སྐྱེ་རྒུ་མདོའི་ ༤༌༡༤ ཡི་ས་ཡོམ་ཆེན་མོ་བྱུང་ནས་ལོ་གཅིག་འཁོར་བའི་རྗེས་དྲན་དགོང་ཚོགས་ ༼བརྩེ་ཆེན་འོད་ཀྱི་མདུད་པ། ༽ ཞེས་པ་ཞིག་ཟི་ལིང་གྲོང་ཁྱེར་དུ་བསྡུས་ཡོད་ཅིང་། དགོང་ཚོགས་དེའི་སྟེང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་འགན་འཛིན་པད་མ་དང་།  ཡུལ་ཤུལ་ཁུལ་གྱི་དམར་ཕྱོགས་དྲུང་ཆེ་བསྟན་ཁོ་གཙོས། མཚོ་སྔོན་གྱི་འབྲེལ་ཡོད་ལས་བྱེད་དང་བོད་མདོ་དབུས་ཁམས་གསུམ་གྱི་གཞས་པ་གཞས་མ་དང་འཁྲབ་སྟོན་པ། ཟི་ལིང་དུ་ཡོད་པའི་ཡུལ་ཤུལ་ས་ཁུལ་གྱི་བོད་རིགས་མང་ཚོགས་བཅས་མི་ ༨༠༠ ལྷག་འདུ་འཛོམས་བྱུང་ཡོད་ཅིང་། དེ་རིང་མཚོ་སྔོན་བོད་སྐད་རྒྱང་སྒྲོག་དང་མཚོ་སྔོན་བོད་སྐད་བརྙན་འཕྲིན། ཟི་ཁྲོན་ཁམས་པའི་བརྙན་འཕྲིན་བཅས་སུ་འཁྲབ་སྟོན་དགོང་ཚོགས་དེ་གཏོང་རྒྱུ་ཡིན་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 5

  1. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    ངས་གོ་ཐོས་ལ་རྡ་སར་ཡོད་པའི་ཡུལ་ཤུལ་ས་ཡོམ་གདུང་གསེལ་ཚོགས་པའི་ངོས་ནས་༸རྒྱལ་བ་ཀརྨ་པ་མཆོག་གདན་ཞུས་ཐོགས་ཐེགས་ཆེན་ཆོས་གླིང་གཙུགས་ལག་ཁང་དུ་འདས་པོ་རྣམས་ཀྱི་ཆེད་མཆོད་འབུལ་གཟབ་རྒྱས་ཞིག་བྱས་ཡོད་ཚོད་འདུག

    Reply
  2. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    དྷ་རམ་ས་ལར། ཡུལ་ཤུལ་གདུང་སེལ་ཚོགས་ཆུང་གིས་ག་རེ་བྱེད་ཀྱིན་འདུག། གནས་ཚུལ་མཁོ་འདོན་བྱེད་རོགས

    Reply
  3. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    སྐྱེ་རྒུར་ས་ཡོམ་གྱིས་གནོད་ཚེ་ཕོག་ནས་ལོ་གཅིག་འཁོར་བར་མྱ་ངན་ཞུ། ས་ཡོམ་ཆེན་པོའི་གནོད་འཚེ་དེས། ཕུ་ནུ་མིང་སྲིང་མང་བོར། མི་རྒྱུ་སྲོག་གསུམ་གྱི་གྱོང་གུད་དང་སྡུག་བསྔལ་རི་བོ་བཞིན་ཆེ་ལ་རྒྱ་མཚོ་བཞིན་གཏིང་ཟབ་ན་ཡང། ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་ཕུ་ནུ་མིང་སྲིང་དག་གི་འགོག་མེད་མཐུན་སྒྲིལ་གྱི་སེམས་པ། རྒྱ་མཚོའི་རྦ་རླབས་ལྟར་དགུང་ལ་འཕྱོ་བའི་མི་རིགས་ཤིག་གི་འདུ་ཤེས་འཁྲུངས་བའི་ཉི་མོ་ཡིན་ཕྱིར་སྐྱོ་བ་མཐའ་ཅན་དུ་གྱུར། སྤུན་ཟླ་ཚོ་ང་ཚོས་མི་རིགས་གཅིག་པའི་འདུ་ཤེས་འདི། དུས་ནམ་ཡང་སེམས་འདུན་དྲོན་མོའི་ཡལ་དུ་མ་འཇུག་དང་། དཀའ་བ་བརྒྱ་ཕྲག་གི་རི་ལུང་བརྒལ་ནས་མཐའ་འཇུག་གི་རྒྱལ་ཁ་ང་ཚོའི་ཡིན།

    Reply
  4. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ས་ཡོམ་གྱི་གོད་ཆག་འདིའི་འོག་རྐྱེན་འདས་སུ་ཕྱིན་པའི་ཉམས་ཆུང་སྐྱབས་མེད་མགོན་མེད་རྣམས་ནི་ངོ་མར་སྙིང་རྗེའི་ཡུལ་རང་རེད། ཁོང་རྣམས་མྱུར་དུ་དལ་བའི་རྟེན་བླངས་ནས་འུ་ཅག་བོད་མི་རིགས་དང་ལྷན་དུ་དགའ་མགུར་སྤྱོད་རྒྱུ་ཡོང་བའི་སྨོན་འདུན་ཡོད། དེ་ཙམ་མ་ཟད། རྒྱ་རིགས་རྣམས་ཀྱང་དལ་རྟེན་ཡག་པོ་ཐོབ་པའི་སྨོན་འདུན་ཡོད།

    ཡིན་ན་ཡང། གོང་གི་པར་རིས་དེ་མཐོང་སྐབས། གནས་ཚུལ་རྒྱུས་མེད་ཅིག་གིས་བལྟས་ན། རྒྱའི་དཔོན་རིགས་རྣམས་ལ་ཡི་རངས་སྐྱེ་སྲིད། འོན་ཀྱང་། ཉམས་མྱོང་ཡོད་མཁན་ཞིག་གིས་བལྟས་ན། དེ་རྣམས་ནི་འཛམ་གླིང་གི་མདུན་དུ་འཁྲབ་སྟོན་ཙམ་ཞིག་ལས་མ་འདས་པར་ཤེས་ཐུབ།

    Reply
  5. GYAMTSO says:
    ལོ་ 15 སྔོན།

    ཡུལ་ཤུལ་འདས་པོ་ཡོངས་ཀྱི་ཐར་པ་དང་ཐམས་ཅན་མཁྱེན་པའི་གོང་འཕང་ཐོབ་རྒྱུ་དང་གསོན་པོ་རྣམས་ཀྱི་མི་ཚེ་དོན་ལྡན་ཡོང་བའི་འཕགས་མཆོག་སྤྱན་རས་གཟིགས་ལ་གསོལ་བ་སྙིང་ནས་འདེབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese