ཉེ་ལམ་རྒྱུད་སྟོད་ཀརྨ་བླ་བྲང་ལ་དངུལ་གྱི་དོན་རྐྱེན་ཞིག་བྱུང་བ་དང་བསྟུན་ཏེ། རྒྱ་གར་གསར་ལམ་ཁག་ནང་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་གཞི་རྩ་མེད་པའི་བསྙོན་འཛུགས་སྣ་ཚོགས་བྱས་གསལ་བཤད་ལན་འདེབས་ཤིག་གནང་ཡོད།
དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡༢ དང་ཕྱེད་ཀའི་ཐོག་དྷ་ཤོད་རྡོ་ལ་དྷར་གསོལ་མགྲོན་ཁང་དུ། བཀྲ་ཤིས་ལྗོངས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་ཅིང་། དེ་ནི་ཉེ་སྔོན་རྒྱ་གར་གསར་ལམ་ཁག་ནང་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་སྐོར་ལ་གཞི་མེད་བསྙོན་འཛུགས་སྣ་ཚོགས་བྱས་ཏེ། རྒྱ་གར་མི་མང་ཁྲོད་དོགས་གཞི་འདྲ་མིན་ཞིག་བསླངས་ཡོད་སྟབས། ཐེངས་འདིར་རྒྱ་གར་གྱི་གསར་འགོད་པ་ཚོ་ཆེད་དམིགས་ཀྱིས་བདེན་པ་ར་སྤྲོད་ཀྱི་གསར་འགོད་གསལ་བསྒྲགས་དེ་བསྐྱངས་པ་ཞིག་ཡིན་འདུག
སྐབས་དེར་ས་གནས་གཞོན་ནུའི་དྲུང་ཆེ་ཡེ་ཤེས་ཆོས་རྒྱལ་དང་རའོ་ཞན་ནལ་ལེ་གྷེ་ལགས་གཉིས་ཀྱིས་བོད་སྐད་དང་ཧིན་སྐད་གཉིས་ཐོག་ནས་གསལ་བཤལ་གནང་དོན། ཉེ་སྔོན་དཔལ་རྒྱལ་བ་༸ཀརྨ་པ་མཆོག་གི་སྐོར་ལ། རྒྱ་གར་གྱི་གསར་ཤོག་དང་བརྙན་འཕྲིན་ཁག་མང་པོ་ཞིག་གི་ནང་། བདེན་པ་མིན་པའི་གནས་ཚུལ་སྣ་ཚོགས་སྤེལ་བར་བརྟེན། རྒྱ་གར་མི་མང་ཕལ་ཆེ་བས་ཚགས་པར་ནང་དུ་གང་བྲིས་ཡོད་པ་དེ་དག་བདེན་པ་ཡིན་ལ་བརྩིས་ཏེ། བོད་པ་དེ་ཚོ་རྒྱ་གར་ནང་བསྡད་ན་རྙོག་དྲ་འདུག་བསམ་པའི་དོགས་པ་སྐྱེ་རུ་བཅུག་ཡོད། དོགས་པ་དེ་དག་གཙང་སེལ་ཡོང་ཆེད་རྒྱ་གར་མི་མང་ལ་དངོས་ཡོད་གནས་ཚུལ་ཧ་གོ་རུ་འཇུག་རྒྱུ་དེ་གལ་ཆེན་དོན་ཆེན་ཆགས་ཡོད་སྟབས། དེ་རིང་འདིར་གསར་འགོད་གསལ་བསྒྲགས་གོ་སྒྲིག་བྱས་པ་ཡིན་ལ། གསལ་བསྒྲགས་ཡིག་ཆ་འདིའི་ནང་དོན་ཚན་ ༡༠ སྒོ་ནས་རྒྱ་གར་གསར་ལམ་ཁག་གི་གཞི་མེད་ཉེས་འཛུགས་གང་ཡིན་དང་། དངོས་ཡོད་གནས་ཚུལ་ར་སྤྲོད་བྱས་ཡོད། ཅེས་བརྗོད་སོང་།
གསར་འགོད་གསལ་བསྒྲགས་ཀྱི་ཡིག་ཆའི་ནང་བཀོད་པ་ལྟར་ན། ཉེས་སྔོན་རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་ཏུ། དཔལ་རྒྱལ་བ་ཀརྨ་པ་མཆོག་ནི་རྒྱ་ནག་གིས་ཆེད་དུ་རྒྱ་གར་ནང་གསང་ཉུལ་དུ་བཏང་བའི་མི་ཞིག་ཡིན་ཚུལ་དང་། ཀརྨ་བླ་བྲང་ནས་ཨང་གྲངས་སྟར་ཆགས་སུ་ཡོད་པའི་རྒྱ་སྒོར་གསར་པ་འབུམ་བཅུ་གཉིས་ལྷག་ཐོན་ཡོད་པ་དེ་ནི་གསང་ཉུལ་བའི་དཔང་རྟགས་ཡིན་སྐོར། རྒྱ་ནག་གི་ཁ་པར་བྱང་བུ་མང་པོ་རྙེད་སོན་བྱུང་ཡོད་པ་དང་། བླ་བྲང་ནས་དངུལ་ཕོན་ཆེན་ཐོན་པ་དེ་དག་ནག་ཚོང་བརྒྱབ་པའི་དངུལ་ཡིན་ཚུལ། དེ་བཞིན་ཧིན་རྡིའི་གསར་ཤོག་ཅིག་ཏུ། ལྷ་ཡི་ཞིང་ཁམས་ལྟ་བུའི་ཧི་མ་ཅལ་མངའ་སྡེ་ནང་ཀརྨ་པས་བཙོག་པ་བཟོས་སོང་། ཅེས་སོགས་ཁུངས་ལུང་མེད་པའི་སྐྱོན་འདོག་ཉེས་འཛུགས་ཐད་ཀྱི་གནས་ཚུལ་ཁག་ལྔ་ལུང་འདྲེན་བྱས་ཏེ། དེ་དག་ལ་རེ་རེ་བཞིན་གསལ་བཤད་ལན་འདེབས་བྱས་འདུག
གསལ་བཤད་ནང་བསྟན་དོན། རྒྱལ་བ་ཀརྨ་པ་མཆོག་རྒྱ་གར་དུ་ཕེབས་དུས་སྐུ་ན་ཕྲ་བར་མ་ཟད། ༸གོང་ས་མཆོག་གིས་ངོས་འཛིན་གནང་བའི་སྤྲུལ་སྐུ་ཞིག་ལ་རྒྱ་གཞུང་གིས་ཡིད་ཆེས་བྱ་མི་སྲིད་པ་དང་། ཀརྨ་པ་བཙན་བྱོལ་དུ་ཕེབས་རྗེས་ཁོང་དང་འབྲེལ་ཡོད་རྣམས་རྒྱ་གཞུང་གིས་བཀག་ཉར་བཙོན་འཇུག་བྱས་ཤིང་། ཁོང་གི་ཡབ་ཡུམ་གཉིས་ད་དུང་ཡང་རྒྱ་གཞུང་གིས་ལྟ་རྟོག་བཀག་སྡོམ་ནན་མོས་བྱས་ཡོད་པ་མ་ཟད། ལོ་ཤས་སྔོན་གོང་ནས་བོད་ནང་ཀརྨ་པའི་སྐུ་པར་སྒྲིག་ཤོམ་མི་ཆོག་པའི་དམ་དྲག་བྱས་ཡོད་སྐོར། དེ་བཞིན་འདས་པའི་ལོ་ངོ་བཅུ་ཕྲག་རིང་རྒྱ་གར་གཞུང་དང་ཉེན་རྟོག་པའི་ངོས་ནས་ཁོང་གསང་ཉུལ་བ་ཡིན་སྐོར་གྱི་ལབ་གླེང་ཙམ་བྱུང་མྱོང་མེད་ལ། ཉེ་སྔོན་ཁྲིམས་ཁང་གི་སྔོག་བཤེར་བྱས་པའི་ཡིག་ཆའི་ནང་དུའང་གསར་ལམ་ཁག་དུ་བཀོད་པའི་ཁུངས་མེད་དཀྲོག་གཏམ་དེའི་རིགས་གང་ཡང་ཚུད་མེད་སྐོར་སོགས་བརྗོད་དེ་བདེན་པའི་གནས་ལུགས་ར་སྤྲོད་བྱས་སོང་།
སྐབས་དེར་གསར་འགོད་པས་ཁོང་ལ་ཐེངས་འདིའི་གསར་འགོད་གསལ་བསྒྲགས་བརྒྱུད་དེ། རྒྱ་གར་མི་མང་ཁྲོད་ཀྱི་དོགས་པ་རྣམ་རྟོག་སེལ་རྒྱུར་རེ་བ་ཅི་ཙམ་ཡོད་མེད་དྲིས་པར་ཁོང་གིས། ང་ཚོའི་ངོས་ནས་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ང་ཚོས་དེ་རིང་རྒྱུ་མཚན་རེ་རེ་བཞིན་བགྲངས་ཏེ་གསལ་བཤད་བྱས་ཡོད་པ་རེད། རྒྱ་གར་ཚགས་པར་འགོད་མཁན་དག་གིས་དངོས་ཡོད་གནས་ཚུལ་ཅི་བཞིན་སྤེལ་བ་ཡིན་ན། ཏན་ཏན་རྒྱ་གར་མི་མང་ལ་དངོས་ཡོད་གནས་ཚུལ་ར་འཕྲོད་འགྲོ་བ་རེད། ཅེས་ལན་འདེབས་གནང་སོང་།
གསར་འགོད་པ། ཚེ་རིང་རྒྱལ།
གཞན་གྱི་མ་བསྐུལ་རང་གིས་བྲིས་པའི་དཀོར་འབྱིན་ལས། །གཞན་ལ་མ་སྨད་དྲང་གཏམ་བྱས་ཀྱང་ཚུར་ལ་བཀོན། །རྐ་ཙམ་ལས་ཀྱི་འབྲས་བུར་སོང་ཡང་གཏན་མི་སྲིད། །དཀྱོར་འབྱིན་བྱ་བའི་ལུང་པའི་ཕུ་འདའ་དཀྲུག་ལ་རེམ།
རང་སེམས་ལོག་པར་འཁྲུལ་བའི་ཤེས་ངོ་ལ།།
རང་སྐྱོན་བླ་མའི་མཛད་པ་ཤར་བ་ཀུན།།
རང་སྙིང་གཏིང་ནས་རུལ་བ་ངེས་པ་ཡིས།།
རང་མཚང་ཡིན་པ་གོ་ནས་དུག་བཞིན་སྤོངས།།
༸ གོང་ས་ལྔ་པ་ཆེན་པོའི་གསུང་བྱིན་རླབས་ཅན་ནོ།།
ཕྱོགས་བཅུ་བླ་ལྷའི་ཕྱོགས་སུ་བསྐོར་ན་ཡང་། །ཕྱོགས་ལྷུང་ཅན་གྱི་མི་འཁྱམ་རེ་ཟུང་གིས། །ཕྱོགས་རིས་ཅན་གྱི་ལས་དོན་སྤེལ་བ་ལ། །ཕྱོགས་ལྷུང་བྲལ་བའི་གསལ་འདེབས་ཞུ་ལ་བརྩོན།
ཕྱོགས་བཅུ་བླ་མའི་ཕྱོགས་སུ་བསྐོར་ན་ཡང་། །ཕྱོགས་ལྷུང་ཅན་གྱི་གྲྭ་འཁྱམས་རེ་ཟུང་གིས།ཕྱོགས་རིས་ཅན་གྱི་ལས་དོན་སྤེལ་བ་ལ། །ཕྱོགས་ལྷུང་བྲལ་བའི་གསལ་འདེབས་ཞུ་ལ་བརྩོན།
ཕྱོགས་བཅུའི་བླ་མའི་ཕྱོགས་སུ་འཁོར་བཞིན་དུ།།
ཕྱོགས་ལྷུང་གཏམ་འཆར་ཕྱོགས་བཞིར་བསྒྲགས་པ་དེས།།
ཕྱོགས་རེ་ཙམ་ལས་ཕྱོགས་ཡོངས་གནོད་ཆེ་བས།།
ཕྱོགས་རིས་མེད་པའི་ཕྱོགས་སུ་འབད་ན་བཟང་།།
༈ དངོས་བྱུང་ལོ་རྒྱུས་རྒྱུ་མཚན་ལྡན་པའི་གཟུགས། །དྭངས་ཤེལ་ཡིད་ཁར་ལྷམ་མེར་སྤྲོས་པའི་ཚེ། །གནོང་ཅན་ཤིང་རྟའི་ཚོགས་རྣམས་མ་བཟོད་པར། །དོན་མེད་སྡིགས་བསྐུལ་སྣ་ཚོགས་བྱེད་ལ་རེམ། །འོན་ཀྱང་དྲང་བདེན་གཏམ་གྱི་འགོ་མ་འདི། །ལུང་རིག་ཁུངས་ལྡན་དག་ལ་གཞི་བཅོལ་ནས། །བྲིས་པས་རིན་ཆེན་དང་པོའི་གཟུགས་བརྙན་འདི། །ས་གཞིའི་འོག་ནས་ནམ་མཁར་འཚེར་ལ་ལྟོས།
ཧུབ་གང་བཏུང་བའི་སེམས་འཆོལ་མིན་ཀྱང་དོན་མེད་གཏམ་གྱིས་གཞན་སེམས་དཀྲུག།
དྲན་ཤེས་འཆོལ་བའི་གང་ཟག་མིན་ཀྱང་སྨྱོན་པའི་བརྟུལ་ཞུགས་དང་ལེན་བྱེད།།
བསམ་མེད་བྱིས་པའི་སྐད་ཆ་བཞིན་དུ་གང་དྲན་ངག་གི་སྒོ་མོ་ཕྱེ།།།
གནས་ལུགས་ལྡན་པའི་དགོས་འབྲས་མེད་ན་དོན་མེད་གཏམ་འཆར་སྐྱུར་ན་བཟང་།།
༈ ཁྲུང་གང་བཏུང་བའི་སེམས་འཆོལ་མ་ཡིན་དོན་མེད་གཏམ་དེ་ཅི་ལ་བཤད།
།དྲན་ཤེས་འཆོལ་བའི་གང་ཟག་མ་ཡིན་སྨྱོན་པའི་གཏམ་དེ་ཅི་ལ་བཤད།
།བསམ་མེད་བྱིས་པའི་སྐད་ཆ་མ་ཡིན་མན་མུན་གཏམ་དེ་ཅི་ལ་བཤད།
།ཁུངས་ལུང་ལྡན་པའི་འགྲེལ་བཤད་ཡིན་པས་ཁྱེད་རང་ཚང་མའི་སྙིང་ལ་ཞོག
དེ་ཡང་སྐུ་ཤོག་སྨར་ཀླུང་ལགས། ཁྱེད་ཀྱིས་ལྷག་བསམ་ཞེན་སྐུལ་གྱི་ཚིག་བཅད་ཁ་གྲངས་ཚང་བ་གཅིག་དང་། དེའི་སྔོན་དུ་ཁྱེད་རང་རང་གིས་བྲིས་པའི་ཞེན་སྐུལ་དང་སྦྲག་གསལ་བཤད་ཀྱི་ལན་ཁ་ཤས་འདུག་པར་ལྷག་བསམ་དག་པའི་བཀའ་མོལ་ཞིག་མངོན་ནའང་། དེའི་ནང་ནས་ཁྱེད་དང་ཁྱེད་འདྲ་བའི་མི་རེ་ཟུང་གིས་ཆོས་མགོན་རིན་པོ་ཆེ་དང་། ཁམས་སྤྲུལ་རིན་པོ་ཆེ་རྣམ་གཉིས་ལ་ཡང་སྲིད་གཉིས་གཉིས་ཡོད་པའི་རྒྱུ་མཚན་དུ་བཀོད་ནས། ༧རྒྱལ་བ་ཀརྨ་པ་ལའང་དེ་ལྟ་བུའི་ཕྱོགས་མཚུངས་ཀྱི་བཀའ་མོལ་ཞིག་འདུག་པར་དེ་ལ་ལན་ཞིག་མ་ཞུས་ན་སེམས་ལྡན་རྣམས་ལམ་ལོག་དུ་འགྲོ་ཉེན་ཆེ་བས་ཞིབ་ཏུ་དགོད་པར་བྱ་ཡི་ཉོན། དེའང་ཁྱེད་ཀྱིས་༧ས་སྐྱ་གོང་མ་རིན་པོ་ཆེའི་བླ་མ་བཅོ་བརྒྱད་ཁྲི་ཆེན་གྱིས་ངོས་འཛིན་གནང་བའི་ཀརྨ་པ་ཞེས་པ་དང་། སྐྱབས་རྗེ་ཞྭ་དམར་རིན་པོ་ཆེ་༧རྒྱལ་དབང་གོང་མའི་སྐུ་ཚ་ཡིན་པ་དང་། དེ་ཙམ་དུ་མ་ཟད་ཁོང་ཀརྨ་བཀའ་བརྒྱུད་པའི་ནང་གི་བླ་ཆེན་ཞིག་ཡིན་པ་ཞེས་སོགས་གསུངས་ནས་༧ཞྭ་དམར་རིན་པོ་ཆེས་བསྐོ་བཞག་གནང་བའི་སྤྲུལ་སྐུ་དེ་ཀརྨ་པ་ཡིན་པར་བསྒྲུབས་མཛད་པར། དེ་ལ་ཐོག་མར་ཁྱེད་དང་ཁྱེད་འདྲ་བས་གནས་ཚུལ་ཞིབ་ཕྲ་རྟོགས་ནས་བཀའ་མོལ་འདི་གནང་བ་རྩ་བ་ནས་མིན་ཏེ། བཅོ་བརྒྱད་ཁྲི་ཆེན་རང་གིས་གནང་བའི་ཕྱག་བྲིས་ཤིག་ཀརྨ་པའི་བླ་བྲང་ནས་འགྲེམས་སྤེལ་གནང་སོང་བ་དེའི་ནང་ཁོང་གིས། ངས་ཀརྨ་པའི་ཡང་སྲིད་རྩ་བ་ཉིད་ནས་ངོས་འཛིན་བྱེད་རྒྱུ་མ་བྱུང་ཞེས་ཚིག་ཐག་ཆོད་པོས་གསུངས་གནང་འདུག་པས་དེའི་ལན་དེ་ཡིན། ཡང་བརྒྱ་ལ་གལ་སྲིད་ཁྱེད་རང་ཡིད་མ་ཆེས་ན་ཀརྨ་པའི་བླ་བྲང་ལ་དེའི་འདྲ་ཤུས་ཡོད་ཤག་རེད་ན་དེ་ནས་མཇལ་ན་ཡིད་ཆེས་ཕེར་ངེས་རེད། ༧སྐྱབས་རྗེ་ཞྭ་དམར་རིན་པོ་ཆེ་༧རྒྱལ་དབང་གོང་མའི་སྐུ་ཚ་ཡིན་པ་དེ་ཧ་ལས་རྒྱུ་ཅི་ཨེ་ཡོད་ན། གང་ལགས་ཤེ་ན་བདུད་ལྷས་བྱིན་དེ་བདག་ཅག་གི་༧སྟོན་པའི་ཁུ་བོ་ཉིད་ཀྱི་ཕྲུ་གུ་དང་སྐུ་མཆེད་ཡིན་པ་དང་། དེ་བཞིན་རང་རེ་བཀའ་བརྒྱུད་པའི་མེ་པོ་གྲུབ་ཆེན་༧རྗེ་མི་ལ་ཡང་ཨ་ཁུ་དང་ཨ་ནེས་ཇི་བྱས་རང་ཅག་ཚང་མའི་ཤེས་གསལ་ཡིན་པས་སྐུ་མཆེད་ཡིན་པའི་གཅིག་པུའི་ཅི་ལ་ཕན། ༧སྐྱབས་རྗེ་ཞྭ་དམར་རིན་པོ་ཆེ་དེ་བཀའ་བརྒྱུད་པའི་བླ་ཆེན་ཡིན་པ་འབྲེལ་ཡོད་ཚང་མའི་ཤེས་གསལ་རེད་དེ། བླ་ཆེན་གྱིས་བླ་ཆེན་ཡིན་པའི་ཕྱག་ལས་མ་གནང་པར་དེ་ལས་ལྡོག་སྟེ་ལམ་དུ་ཞུགས་ན། བོད་ཀྱི་གཏམ་དཔེར། བླ་མས་སེམས་ཅན་བཤའ་ཆོག་ས་ལ། ཉེ་གནས་ཀྱི་རྒྱུ་མ་རྒྱང་མི་ཆོག་པའི་རྒྱུ་མཚན་ཅི་ལ་ཡོད། ཟེར་བ་གཞིན་༧ཞྭ་དམར་རིན་པོ་ཆེ་བླ་མ་ཆེན་པོ་ཡིན་ནའང་། བླ་མ་ཆེ་བའི་ཕྱག་ལས་མ་གནང་ན་ཡིད་ཅན་རྣམས་ལོག་ལྟའི་རྒྱུ་ལས་མ་འདས་པས། དེའང་སྟོན་པས་དཀོན་མཆོག་རྗེས་དྲན་གྱི་མདོ་ལས། མཐོང་ན་མ་མཐུན་པ་མེད་པ། དད་པའི་མོས་པ་རྣམས་ལ་མངོན་པར་དགའ་བ། ཞེས་གསུངས་པ་དང་། དེ་ཡི་ཕྱིར་ན་༧ཞྭ་དམར་རིན་པོ་ཆེ་ཞྭ་དམར་རིན་པོ་ཆེ་ཡིན་པ་ལ་ངོས་ལེན་ཡོད་ཀྱང་། ཁོང་གི་གནང་བའི་ཕྱག་ལས་དེ་རྣམས་ལ་ངོས་ལེན་སུའི་ཀྱང་ཞུ་ཐབས་མེད་པ་མ་ཟད། མ་འོངས་པར་བླ་མིང་འཆང་བའི་སུའི་དེ་ལྟ་བུའི་སྤྱོད་པ་བསྟན་ཡང་དེ་ལ་ངོས་ལེན་རྩ་བ་ནས་ཞུ་ཐབས་མེད་པ་ཡིན་ནོ། ས་བཅད་གཉིས་པ་༧རྒྱལ་བ་ཀརྨ་པའི་ཡང་སྲིད་བརྙེད་སོན་བྱུང་ཚུལ་ནི། ཐོག་མར་༧བྱམས་མགོན་སི་ཏུ་རིན་པོ་ཆེ་མཆོག་ལ་༧རྗེ་གོང་མའི་འཇོག་གནང་མཛད་པའི་འདའ་ཁའི་ཞལ་ཆེམས་དེའི་སྟེང་། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མཐའ་བར་གསུམ་དུ་བརྟག་དཔྱད་མཛད་དེ་མཐའ་མའི་ཐག་ཆོད་དེ། ༡༩༩༢ ལོ་འགོར་བོད་རྒྱལ་ཁབ་ཆེན་པོའི་ལུགས་མཐུན་སྦུག་ཐམ་རིན་པོ་ཆེ་སྤྱི་བོར་སྨིན་བསྩོལ་མཛད། དེའང་གང་ཉིད་ཀྱིས་དགོངས་དཔྱད་ཙམ་གཙོ་བོར་མ་མཛད་པར་གོང་མའི་ཞལ་ཆེམས་རིན་པོ་ཆེ་ལ་གཞི་བཅོལ་ནས་གསུང་པའི་ལུང་གྲངས་ན། ༧གོང་ས་མཆོག་གིས། གཤམ་གསལ་ཞལ་ཆེམས་དོན་མཐུན་སྐྱེ་བྱེད་ཀརྨ་དོན་གྲུབ་དང་། མ་ཡུམ་བློ་དགའ་གཉིས་ཀྱི་ཁྱིའུ་ཤིང་གླང་ལོ་པ་དེ་གཞིན་ཀརྨ་པ་བཅུ་དྲུག་པའི་ཡང་སྲིད་དུ་ངོས་འཛིན་གཏན་འཁེལ་བྱེད། ཞེས་ཚིག་གི་བདག་པོས་ཚིགས་སུ་བཅད་པ་དང་། དེ་རྟིང་ཕལ་ཆེར་ཕྱི་ལོ་ ༡༩༩༧ ཙམ་ལ་ཡང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སླར་ཡང་གལ་པོ་ཆེ་ལ་ནན་ཏན་གྱིས། ༧རྒྱལ་བ་ཀརྨ་པའི་ཡང་སྲིད་གཅིག་མ་གཏོགས་གཉིས་རྩ་བ་ནས་མེད་པ་དང་། གདན་ས་མཚུར་ཕུ་དང་། རུམ་བཏེག་སོགས་༧རྗེ་གོང་མའི་གདན་ས་རྣམས་ཀྱི་ཁྲི་འཛིན་ཡང་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ལས་གཞན་ཀརྨ་པའི་ཡང་སྲིད་ཞིག་རྩ་བ་ཉིད་ནས་མེད་ཞེས་གསུངས་ཟིན་པ་ལ་ཁྱེད་དང་ཁྱེད་ཀྱི་ཁུངས་སུ་གཏོགས་པ་བ་རྣམས་ནས་ཡང་སྲིད་གཉིས་ཆར་ཞེས་པའི་གཉིས་ཀྱི་མཐའ་སྙད་དེ་རྒྱུ་མཚན་ཇི་འདྲ་ཞིག་ལ་བསམ་ནས་བྲིས་པ་ཡིན་གསལ་པོ་གསུང་རོགས། ཡང་མིན་ན་ཁྱེད་རང་ཚོ་༧གོང་ས་༧སྐྱབས་མགོན་ཆེན་པོ་ལས་རྟོགས་པ་མཐོ་བ་ཡིན་ན་མ་གཏོགས། དེ་ཙམ་དུ་མ་ཟད་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་ཆེན་པོའི་རྣམ་མཐར་བཀྲ་ཤིས་དབྱངས་ཀྱི་རོལ་མཚོ་ལས། ཀརྨ་པ་ན་རིམ་གྱི་བྱུང་བ་རྣམས་དག་སྣང་ངང་གཟིགས་ནས་གསུངས་པའི་ཚིག་ལས། ཐེག་མཆོག་མྱ་ངན་འདས་འོག་དགོད་པའི་མཚན། །བདེ་བའི་བདག་ཉིད་རིག་པའི་རྡོ་རྗེ་དང་། །ཨོ་རྒྱན་ཕྲིན་ལས་བསམ་གཏན་ལ་སོགས་འབྱུང་། ཞེས་གསུངས་པའི་ལུང་བསྟན་ལས་ཀྱང་ཨོ་རྒྱན་ཕྲིན་ལས་མ་གཏོགས་མཐའ་ཡས་རྡོ་རྗེ་ཞེས་མ་གསུངས་པའི་ཕྱིར་ན་ལུང་དང་རིག་པ་གང་གི་ཀྱང་སྒྲུབ་ཏུ་མེད་པའི་ཆོས་ཤིག་ཁྱེད་རང་ཚོའི་སྒྲུབ་བསྡད་ན་ཕན་ལས་གནོད་ཆེ་བས་རེ་ཞིག་ཡོལ་ན་བཟང་ངོ་ཤར། དེ་བཞིན་དུ་ཕྱི་ལོ་ ༡༩༩༢ ལོར་༧ཞྭ་དམར་རིན་པོ་ཆེ་མཆོག་ནས་ཀྱང་སྤྲུལ་སྐུ་ཨོ་རྒྱན་དཔང་པོར་བཞག་ནས་ཕྱག་བྲིས་ཕྱག་སྟར་མ་གནང་སྟེ་ས་གནས་མངའ་སྡེའི་བློན་ཆེན་མདུན་ཕེབས་ནས་ད་ནས་བཟུང་ནམ་མཁའ་གཡའ་དག་དང་། ས་གཞི་རྡུལ་དག་ཡིན་པའི་ངོས་ལེན་གཙང་མ་གནང་ཟིན་ནའང་། ཁྱེད་དང་ཁྱེད་འདྲ་བའི་ཞབས་གྲས་སོགས་ནས་ངན་སེམས་ཀྱིས་ཐུགས་བརྒྱུད་དཀྲུག་སྟེ་བཞུགས་སུ་མ་བཅུག་པར་སླར་ལོག་ལམ་དུ་ཞུགས་ཀྱང་། དངོས་གཞི་ཁོང་གིས་ངོས་ལེན་གཙང་མ་གྲུབ་པ་ལ་ཁོ་བོ་ནི་ཡི་ཆེས་ཡོད། སླར་སྨྲས་པ།
།རབ་རིབ་བློ་ཡིས་མངོན་པར་མ་གསལ་དོན་མེད་ཚིག་གིས་ཀུ་ཅོ་འདོན།
།ཐག་རིང་སྒྱུ་མར་ཆུ་རུ་འཕྲུལ་ནས་གྱ་ཚོམས་ངང་དུ་ཧོར་གྱིས་རྒྱུགས།
།རྨོངས་པའི་བློ་ལ་ངེས་ཤེས་མེད་ཀྱང་གཅམ་བུའི་ཚིག་གིས་དག་སྣང་སྦྱོང་།
།བཀའ་བརྒྱུད་གོང་མ་མཐུན་འབྲེལ་ཟེར་ཞིང་གཉིས་འཛིན་བློ་ཡིས་དབྱེན་དཀྲུག་བྱེད། ད་དུང་ཡང་ཁྱེད་རང་ཚོ་ཡིད་མ་ཆེས་ན་ཟླ་དུས་ཚེས་གྲངས་སོགས་ཞིབ་ཏུ་དགོད་དེ་༧ཞྭ་དམར་རིན་པོ་ཆེ་ནས་གནང་བའི་ཕྱག་ལས་ཁག་དགོད་རྒྱུ་ཡིན་པས་ཐུགས་བཞག་མཛོད། མཐའ་མ་ཕན་པའི་ཞེན་སྐུལ་ནི།
།དཀར་ནག་འབྱེད་སའི་ས་ཚིགས་ཡིན་གྱི་མཇའ་ཚོན་ལྟ་བུ་སྒྱུར་ས་མིན།
།བདེན་རྫུན་འབྱེད་སའི་ས་ཚིགས་ཡིན་གྱི་རྫུན་མ་གཙོར་འདོན་བྱེད་ས་མིན།
།༧རྒྱལ་བའི་ཡང་སྲིད་གཅིག་ཏུ་ངེས་པས་ཁྱེད་ཚོ་བཞིན་དུ་གཉིས་པ་མིན།
།ལུང་དང་རིག་པ་ཀུན་ལ་གཟིགས་ནས་ཚུལ་མཐུན་ངང་དུ་བཞུགས་ན་ལེགས།
འབྲོང་བུ་སོག་ཚ། ཞེས་པའི་མི་ངན་འདི་མིང་རྫུས་འོག་ཏུ་ཡིབ་ནས་ ཕྲག་དོག་དང་འགྲན་སེམས་ཀྱིས་དོན་མེད་རྙོག་གླེང་མི་ཉུང་བ་ཞིག་སྤེལ་ནས་བོད་པ་ནང་ཁུལ་གྱི་མཐུན་སྒྲིལ་གཏོར་བཅོམ་དང་།
ཆོས་ལུགས་ནང་ཁུལ་མི་མཐུན་པ་ཕྲན་བུ་ཡོད་པའི་ནད་རོ་བསྐྱར་གསོ་བྱེད་མཁན་ཞིག་རེད་འདུག་པས། མི་ངན་འདི་སུ་རེད་འདུག་བརྟག་ན་མ་གཏོགས་འདིས་བོད་པ་ཚང་རྒུད་པའི་ལམ་དུ་ཁྲིད་ངེས་རེད།
༧གོང་ས་མཆོག་གི་སྐུ་དབང་གི་བཞེད་ དགོངས་འདི། སྐུ་དབང་གཅིག་པུའི་དོན་མ་ཡིན་པར་རྒྱུ་མཚན་མང་པོ་ཡོད་པར་སེམས།
སྤྱིར་བོད་མི་མང་འདི་མང་གཙོ་ཡང་དག་པའི་ལམ་དུ་ཤར་བསྐྱོད་དང་མ་འོངས་ཕུག་རྒྱང་རིང་པོའི་དམིགས་འདུན་དང་འབྲེལ་བའི་ཆེས་རླབས་ཆེན་གྱི་མཛད་པ་རིན་ཐང་བྲལ་བ་ཞིག་ཡིན་པ་མ་ཚད་བོད་གཞིས་བྱས་གཉིས་ཀྱི་རེ་བ་ཆུད་ཟས་སུ་མི་བཏང་བར་ཇི་སྲིད་འཐབ་རྩོད་ཀྱི་གཡུལ་ལས་བདེན་པ་ཆེན་པོའི་རྒྱལ་ཁ་མ་ཐོབ་ཀྱི་བར་དུ། གཏན་གནས་དང་མི་མང་གིས་གདམ་པའི་བཀའ་བློན་ཁྲི་པ་མཆོག་༧རྒྱལ་དབང་མཆོག་ལ་ཡིད་ཆེས་དང་རེ་བ་བཅོལ་བ་བཞིན་གདེང་ཁེལ་ཐུབ་པའི་ཟབ་སྦྱོང་ལྟ་བུའི་ཆ་རྐྱེན་སོགས་དོན་སྙིང་མང་པོ་ལྡན་པའི་སྒོ་ནས་བསྒྲེལ་ཡོལ་དང་།
དེང་སང་གཞིས་བྱས་གཉིས་ནས་སྔ་ཕྱི་བར་གསུམ་དུ་གདེང་ཡོད་པའི་སེམས་ཁོང་གི་གཏམ་བཤད་ཡིན་ན་འདྲ། དེ་ག་ཙམ་ཉི་མ་མི་ཆོད་པའི་མཚར་གཏམ་ལྟ་བུ་ཡིན་ན་འདྲ། རང་སྐྱོན་འགེབས་བྱེད་ཀྱི་བསམ་ཚུལ་ཡིན་ན་འདྲ། ཡིད་ཆེས་དང་གོ་བས་གཏིང་ནས་དམར་ལུགས་ངོ་མའི་ལྟ་བས་བསླུ་བྲིད་པ་ཡིན་ན་འདྲ་གང་ལྟར་ཡང་བོད་རྒྱུད་ནང་པ་སངས་རྒྱས་པའི་གྲུབ་མཐའ་དང་། ལྟ་བ་འདི་ལ་ཡིད་ཆེས་དང་དད་འདུན་ནང་འདྲེན་ཤུགས་ཆེ་བའི་རྐྱེན་གྱིས། སྤྱི་ཚོགས་ཡར་རྒྱས། བོད་ཆུས་ཤོར། དུས་རབས་ཀྱི་རྗེས་ལུས། གླད་པ་ལྗང་གུ་གི་བྱ་སྤྱོད་ཡོངས་རྫོགས་ནང་ཆོས་འདིས་བྱེད་པ་ཡིན་ཚུལ་གྱི་གཏམ་བཤད་རབ་དང་རིམ་པས་ཐུགས་མུག་པ།
བོད་བླ་མའི་རྒྱལ་ཁབ་འདི་ཉམས་ཉེས་སུ་མ་བཏང་གི་བར་དུ་བོད་འཆིང་བ་ལས་མི་གྲོལ་བར་སྦུག་འཐུམ་སུ་དེ་སྔ་མུ་བཞིན་འཐོམ་ཡེ་རེ་བར་གཉིད་ཁུག་པ་ལས། ཡར་རྒྱས་དང་འཕེལ་རིམ་ཡོད་ཚད་ལྷ་གཟུགས་དང་རྟེན་གསུམ་སོགས་མི་མགོ་བསྐོར་བྱེད་ཀྱི་ཁྲ་ཁྲ་ཟིང་ཟིང་གི་འགོང་ཆེན་པོའི་ངོ་འབག་གོས་སྐུ་བཞེངས་བསྐྲུན་ཁོ་ན་ལས་སྤྱི་ཚོགས་ལ་སྨན་པའི། སྨན་སློབ་རྒན་ཁང་ཞབས་ཞུའི་རྣམ་གྲང་རྩ་ནས་མེད་པར་ཇི་ལྟར་རྗེས་ལུས་ཐེབ་པ་ལ་ཉན་བཤད་བྱེད་ས་མེད་པ་བཙན་པོ་དབང་བད་ཁོ་ན་སྤྱོད་ཀྱི་འདུག་ཞེས་པའི་བསམ་འཆར་རབས་དང་རིམ་པ་བཟོད་མ་ཐུབ་པ།
དགེ་ཚུལ་སློང་གི་སྡོམ་པ་འདི་མཁན་པོས་སྩལ་རྒྱུ་མ་ཡིན་པར་འགྲོ་བ་མི་ཡི་དབང་ཆ་འཕྲོག་པའི་བྱེད་གཏེ་རུ་ཡིན་པར་ཤོད་ནས་ཆོས་ལུགས་དང་དམངས་སྲིད་གཉིས་ཇི་སྲིད་ཁ་བྲལ་མ་བཏང་གི་བར་དུ་དེ་སྲིད་ཡར་རྒྱས་དང་དུས་རབ་གསར་པའི་ཁ་བྱང་མི་མཐོང་བར་དད་པ་དང་དྭང་བ་མངར་མོས་དདོས་མེད་ལ་དངོས་པོར་རེ་བའི་སྐྱབས་བཅོལ་བ་ལས་ནམ་ཡང་དངོས་པོའི་ཁྱད་ཆོས་ཞིམ་པོ་མི་ཐོབ་པར་བརྗོད་པ་སོགས་ཀྱིས་མཚོན་སྔར་མེད་ཀྱི་དྲི་བ་གསར་པ། བརྗོད་བྱ་གསར་པ། དྲན་ཚུལ་གསར་པ། དགག་བཞག་གསར་པ་མང་པོ་ཞིག་གི་སྔོན་ཆོས་རྒྱལ་མེས་པོ་རྣམས་དང་ལོ་པཎ་ཉི་ཟླ་དང་མཉམ་པའི་མཁས་པ་དང་གྲུབ་པ་བརྒྱ་ཕྲག་དང་སྟོང་ཕྲག་མང་པོ་ནས་དུས་ད་ལྟ་མི་རིགས་འདི་ཤི་གསོན་ལ་ཐུག་གི་བར་དུ་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་ཀྱི་གསེར་གྱི་བསྐྲུན་པའི་ནང་ཆོས་མདོ་སྔགས་གཉིས་ལྡན་གྱི་བསྟན་པ་དེ་དེང་སང་འགྲོ་བ་ཞིག་གི་སྤྱོད་བྱ་ཧ་ལམ་མི་རུང་བའི་མགོ་བསྐོར་བསླུ་བྲིད་ཀྱི་དགག་བཞག་རྒྱ་ཆེ་ལ་དཔང་མཐོ་བ་བརྩིག་པ་འདི་ཚོ་གི་གྲུབ་འབྲས་ཐོན་པ་ལ་ད་ཆར་གོམ་པ་དང་པོ་སྤོ་ཟིན་པ་ཡིན་པས་དེ་ཚོ་དགའ་བ་བསྒོམ་པ་མ་ཚད་བོད་ཆུས་གསར་པ་དང་། བསམ་བློ་གསར་པ། ཁ་ཕྱོགས་གསར་པ། ཐ་སྙད་གསར་པ། ལུགས་སྲོལ་གསར་པ་དེ་དག་ཤེས་ཡོན་ཅན་དང་འཇོན་ཐང་ཅན་རྣམས་ཀྱི་ཁ་བདེ་པོ་ཁོག་ཡང་པོ་ཡོད་ན་ཐབས་དང་ཇུས་སྟོན་རན་པའི་ཚོད་དུ་སླེབ་པ་མ་ཡིན་ནམ་སྙམས་པའི་དགོང་པ་སོགས།
མེད་པའི་ངེས་པ་མི་འདུག་པས་སྐད་ཆ་འདི་ངོས་སེར་མོ་བ་ཞིག་ཡིན་པའི་ཆ་ནས་ཕྱོགས་ཤོད་དང་གཞི་མེད་ཀྱི་སྒྲོ་བརྟག་གཏན་ནས་མིན་པར་བསམ་པའི་འཆར་རིས་ཞིག་འདི་ན་འགོད་པ་ལ་ཉེས་འགལ་དུ་ནམ་ཡང་དགོང་བཞེས་མ་གནང་རོག སྐུ་ངོ་བློ་བཟང་སྦྱིན་པ་ལགས་ཀྱིས་ཀྱང་སྔོན་མར་གྲྭ་སར་ཕྱག་བྲིས་ཞིག་བཏང་འདུག་པའི་ནང་དུ་ཡང་ཐུགས་ཕམ་གནང་བ་གནད་འདི་ཚོ་ལ་གཞིག་ནས་གསུང་པ་ཁོ་ན་ལས་མ་འདས། བསམ་ཚུལ་གང་མང་འགོད་རོག་ཞུ། འཇིན་རྟེན་གྱི་དཔེར། ཁྱི་ཆགས་ནས་མི་དཀྲི་རྔ་མ་མི་ཆགས་ས་ནས་དཀྲི་ཞེས་པ་ལྟར་རྒྱ་གར་བས་ཚག་དགོས་པའི་དངུལ་དེ་ཡི་བསྐོར་ལ་དྲི་གནས་གང་བཏོན་རྒྱལ་ཁབ་དེ་གི་རྒྱལ་ཁྲིམས་གཞིར་བཟུང་ཞིབ་དཔྱོད་བྱེད་དགོས་པ་ནི་ཉན་རྟོགས་པའི་ལས་ཀ་ངོ་མ་ཡིན་དང་ཡིན་བྱེད་ཀྱང་དགོས་དང་དགོས། དེ་འདྲ་མ་ཡིན་པར་༸རྒྱལ་དབང་ཀརྨ་པ་ཉིད་ཀྱི་སྐུ་དོན་ལྟ་བུ་ཞིག་ཡིན་ན་རང་གི་ཕ་ཡུལ་དྲོན་མོ་ནང་རྒྱ་མིའི་ཆེས་མཐོང་གི་བླ་ཆེན་དེ་གང་ལ་མེད་པའི་གུས་བསྐུར་ཚད་མེད་ཞིག་ཡོད་པ་ཡིན་ན་ཡང་མ་འོང་པའི་བོད་ཆོལ་གསུམ་གྱི་རེ་བའི་ཤིང་རྟ་གཅིག་ཏུ་དྲིལ་བའི་༸གོང་ས་ཡིད་བཞིན་ནོར་བུ་མཆོག་ལ་བཙན་བཀའི་སྒོ་ནས་མཚན་སྨོད་བཏང་དགོས་པ་དང་གཅིག པཎ་ཆེན་ཡང་སྲིད་མ་ཡིན་པ་ལ་ཡིན་པའི་མི་ཆོས་བླ་མའི་རྫུན་སྨྲ་མི་ཐུབ་པ་དང་གཉིས། རྒྱལ་དབང་གོང་མའི་དབང་ཁྲིད་མན་ངག་གི་བརྒྱུད་པ་འཁྲུལ་མེད་འཕགས་ཡུལ་འདིར་བཞུགས་པ་དེ་དག་ཉམས་མེད་བུམ་པ་གང་བྱོའི་ཚུལ་དུ་ནོད་ཐུབ་དགོས་པ་དང་གསུམ། ༸གོང་ས་ཡིད་བཞིན་ནོར་བུ་དང་གསེར་ཞལ་མཇལ་ལྷན་དུ་འཛོམ་པའི་དགའ་སྟོན་ནམ་རྒྱུན་སྐོམ་པ་ཆུ་འདོད་བཞིན་ཉིན་མཚན་ཀུན་ཏུ་ཡོད་པ་དེ་མངོན་སུམ་མྱོང་བའི་སྐལ་བཟང་ཐོབ་པའི་ཕྱིར་དང་བཞི། རིས་མེད་ཀྱི་བླ་མ་གོང་མ་རྣམས་དང་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་གཡུ་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་འཛིན་པའི་བླ་ཆེན་རྣམས་དང་ཟབ་རྒྱས་ཆོས་ཀྱི་སྒྲོ་འདོགས་མ་ལུས་པ་བཅད་ཅིང་ཕྱིའི་འབྱུང་གངས་ཅན་པའི་མི་རིགས་འདི་ལ་སྨན་པའི་ལས་དོན་ཞིག་སྒྲུབ་ཐུབ་ན་ཅི་རུང་སྙམས་པའི་མོས་བློ་དང་ལྔ་བཅས་ཀྱིས་རྒྱ་གར་ལ་ཕེབས་ཤིང་རྒྱ་དམར་བ་ཅི་བྱེད་འདི་བྱེད་མེད་པར་ཕྱི་ལ་བོད་ཀྱི་ཆོས་དད་རང་མོས་ཡོད་ཡོད་ཡོད་ཀྱི་སྐད་ཆ་ཐམས་ཅད་རྐུབ་དིབ ནང་ནས་ཆོས་ལུགས་ལ་མི་དགའ་མདོགས་བྱེད་པའི་མཚངས་བུད་ནས་ངོ་ཚ་ཁ་སྐྱེང་དུ་བཞག་ནས་སྐུ་སྲོག་ཀྱང་ཇི་མི་སྙོམ་པའི་སྙིང་སྟོབས་དང་ཆོད་སེམས་ཆེན་པོས་ཧི་མ་ལ་ཡིའི་རི་བརྒྱུད་བརྒལ་ནས་བཙན་བྱོལ་དུ་འབྱོན་པ་མ་ཚད་བྱེས་ཀྱི་བོད་མི་ཡོངས་དང་འཛམ་ཀླིང་ཤར་ནུབ་ཀུན་གྱི་དགའ་བསྐུར་འོས་པའི་སྐྱེས་བུ་ཆེན་པོ་བླ་ན་མེད་པ་ཞིག་ཡིན་པ་མ་ཚད་གངས་ཅན་བོད་པ་ཡོངས་ཀྱི་སྙིང་གི་ནོར་བུ་རིན་པོ་ཆེ་འདི་ལྟ་བུ་ལ་གཞི་མེད་པའི་སྙོན་འཛུག་ཚད་ལས་བརྒལ་བ་དང་གསང་ཉུལ་གྱི་སྐྱོན་འདོག་འདི་ནི་ཆེས་ཤིན་ཏུ་མི་འོས་པ་དང་བྱེད་དུ་མི་རུང་བ་ཞིག་ཡིན། མ་ཚད་རྒྱ་མི་ལྟ་བུ་ཡིན་ན་གོང་དུ་བཤད་པ་བཞིན་གནས་ཚུལ་དེ་འདྲ་ཞིག་གི་ཕན་ཚུན་འབྲེལ་བ་མེད་པའི་སྒང་ལ་ད་དུང་གསང་ཉུལ་གྱི་མིང་འདོགས་བྱེད་པ་ཡིན་ན་རྒྱ་མིའི་ཁོག་ཏུ་ཚི་དྲེགས་འཐུག་པོ་ཞིག་རྒྱ་གར་བས་དངོས་སུ་བསྐུས་པ་རེད། ཡིན་ན་ཡང་དོན་རྐྱེན་འདི་ད་དུང་མཐའ་གཅིག་ཏུ་ཕྱི་གསལ་ནང་གསལ་བཟོ་དགོས་པ་ནི་ཤིན་ཏུ་གལ་ཆེ་སྙམས།
མི་རིགས་ཀྱི་ལ་ཞེན་ཆེན་པོ་རུམ་དུ་སྦས་ནས་མངོན་འདོད་ཀྱི་དུང་བ་ཕྱི་རུ་བཏོན་པའི་སྙན་ཞུ་དེས། མངོན་སུམ་གྱི་བདེན་དོན་དོག་པར་འཆའ་ཞིང་ཉེས་མེད་ལ་ཀྱོག་བཤད་རྫུན་རིས་སུ་བསྒྲང་ནས་མི་ཚེ་འདིར་མུན་ནག་དང་སྨུག་སྤྲིན་དུ་བཅུག་པ་ཟ་འདྲེ་དམར་པོ་ཚོས་ད་དུང་ཡང་བསྐྱར་གང་བརྗོད་ཀྱི་ཡོད་དམ། རྒྱལ་ཞེན་དང་ལ་རྒྱ་མི་རིགས་ལ་དུང་བ་ཆེ་བའི་བརྩམ་པ་པོ་ཁོང་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་མྱུར་དུ་བདེན་མཐའ་གསལ་བའི་སྨོན་འདུན་ཞུ་གི་ཡོད། བདེན་པ་རྒྱལ་ལོ། ༈ དེས་དུས་ཀྱི་རྩོམ་པ་པོ་རྣམས་ལ་གནོག་ཆུང་གི་བསམ་འཆར་འདོན་པ།
དུས་རབ་བཅུ་ཕྲག་གཉིས་དང་ཉག་མ་བཅུ་ལ་ཉེ་བའི་སྐབས་འདིར་བོད་གངས་ཅན་གྱི་ལྗོངས་འདིར་ཤེས་རིག་གི་དཔལ་ཡོན་དང་ཆབ་སྲིད་འཁོར་ཡུག་སྐྱེས་ཁམས་ནང་རིག་ཚན་རྩལ་བཅས་ཕྱོགས་གང་ཐད་ནས་ཕུལ་བྱུང་གི་ལྷག་བསམ་དང། མི་རིགས་འདི་ལ་སྒོ་ཀུན་ནས་ཕན་པའི་ཁ་ད་དང་བརྩེ་སེམས། ཤེས་ཡོན་བཟང་པོས་མིག་དཔེར་འཇོག་ཐུབ་པའི་ལམ་སྟོན་དང་ཞེན་བསྐུལ་སོགས་ཉུང་ཞིང་། ཧམ་སེམས་དང་ལྟག་ཆོད་ཟུར་ཟ་དང་སྐྱོན་བརྗོད་འཚོང་སྟོན་དང་ལེ་བརྡ་ཁོ་ནས་དུས་དེབ་དང་དྲྭ་ཡིག་ཁ་བརྡ་དང་ཡིག་འབྲེལ་ཚག་ཤོག་བཅས་ཀྱི་ནང་དུ་པུས་ཚད་དང་དག་ཆ་ཤིན་ཏུ་ཉུང་ལ་དོན་མེད་ཀྱི་བཤད་རེས་ཁོ་ན་བརྩེ་བ་ལྟ་བུ་ཞིག་མཐོང་གི་འདུག་པས་དེང་དུས་ཀྱི་གོ་སྐབས་བཟང་པོ་འདི་རྒྱུད་ནས་མི་རིགས་འདིའི་གཉེན་འཕྲང་ཡ་ང་བ་འདི་དང། གཞིས་ལུས་སྤུན་ཟླས་རེ་བའི་གསོན་ཤུགས་ཆེན་པོར་འཇོག་པའི་༸རྒྱལ་དབང་ཐམས་ཅད་མཁྱེན་པས་གཙོས་པའི་གང་ཅན་མི་རིགས་ཀྱི་དཔྲལ་བའི་མིག ཁོག་པའི་སྙིང་། མི་ལ་ངོམ་རྒྱུ། རང་གི་སྨོན་རྒྱུ་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཡོད་ཚད་བཅའ་སྡོད་མཛད་སའི་ཞབས་འོག་ཏུ་གཉུག་མར་གནས་པའི་མི་བུ་རྣམས་ཀྱིས་བཟང་སྤྱོད་དང་ཤ་ཞེན། ལ་རྒྱ། འཛིན་སྐྱོང་བཅས་ལ་མགོ་འཇུག་གང་ཡང་མེད་ཅིང་རང་སྣང་གང་ཤར་གྱི་དྲན་ཚད་བཤད་ཆོག་ཆོག་བྲིས་ཚད་དཔར་ཆོག་ཆོག་ཞིག་གི་འགྲོ་སྟང་འདིས་རང་མི་རིགས་ཀྱི་འགྱུང་འགྱུར་ལ་དོ་སྣང་མེད་ཁར་སུ་ལ་ཡང་ཇི་མི་སྙམས་པར་རྩིས་མེད་རྡོག་རོལ་དུ་བཏང་བ་བླ་སྤྲུལ་མཁན་སློབ་གྲྭ་བཙུན་སེར་མོ་བ་རྣམས་དང། གོང་གི་བཀའ་བློན་ཁྲི་པ་ནས་གཞུང་འཛིན་ལས་བྱེད་པ་དང། ལས་ཟུར་པ་སོགས་ཡོད་ཡོད་ཚད་ལ་སྐྱོན་བརྗོད་རེ་དང་ཁ་བརྡུང་རེ་མེད་པ་གཅིག་ཀྱང་མ་ལུས་པ་ལྟ་བུ་ཞིག་འདུག་པ་འདི་ཚོ་མང་གཙོ་དང་སྨྲ་བརྗོད་རང་དབང་ཞིག་ཡོད་ན་ཡང་ཡོད་ཚད་བཤད་ཆོག་ས་ཞིག་དང་མི་ཆོག་སའི་འཁོར་ཡུག་ཞིག་ངེས་པར་དུ་ཡོད་ཀྱི་མ་གཏོག ཉེ་ཆེ་ས་ནས་རུས་དྲུད། རྒྱུ་མ་འཐུག་ས་ནས་བཙོ་དྲི་ཁ་ཤོར་ན་གཞིས་ཀྱི་སྤུན་ཟླ་དང་རང་སྲོག་ལུས་དང་ལོངས་སྤྱོད་འབྱུང་འགྱུར་མི་རིགས་ཀྱི་དོན་དུ་ཕང་མེད་དུ་ཕུལ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཤི་སའི་དུར་ཁུང་ཚུན་ནས་རྟག་པར་མེལ་རྩེ་བྱེད་ཡོད་པ་གོར་མ་ཆགས་པས་རང་གཞན་ཀུན་གྱི་དྲྭ་བ་དང་དུས་དེབ་ཚག་ཤོག་སོགས་ཡོད་ཚད་ཀུན་ལ་དག་གཙང་སྤུས་ལྡན་ཅན་གྱི་དཔྱད་རྩོམ། ཞེན་བསྐུལ། སློབ་གསོ། ཤེས་ཡོན་སྤེལ་རེས། ཉེས་འགོགས་ལེགས་གདམས་བཅས་ཀྱི་གཞིས་བྱེས་བོད་མི་རིགས་ཀྱི་གཉན་འཕྲང་ཡ་ང་བ་འདི་ཡི་དུས་སུ་མཐུན་བསྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས། གྲོགས་ཡོད་ན་གྲི་རྩེ་ཁམ་བགོས། དགྲ་ཡོད་ན་མདུང་མོ་མཉམ་སྒྲིལ་གྱི་ནང་མཐུན་དང་མི་རིགས་ཀྱི་བརྩེ་སེམས། ཆོལ་ཆོས་ཀྱི་དབྱེ་འབྱེད་ཕུང་དཀྲུགས་བྱུར་གྱི་སྣེ་འདྲེན་སྔ་ནས་ད་བར་གྱི་གླད་རྙིང་རུལ་པོ་དེ་ཚོ་གཞི་ནས་གཏོར་ཏེ་རང་མི་རིགས་འདིི་ལ་མེས་པོས་གཉེར་བའི་ཕ་ས་དྲོན་མོ་འདི་ཧམ་བཤད་བསླུ་བྲིད་བཙན་འཛུལ་གྱི་སྤུན་ཟླ་དམར་དགུའི་ཚེ་སྲོག་བཅོམ། བསགས་པའི་ནོར་རྫས་འཕྲོག ས་འཛིན་དཀར་མོའི་ལྟོ་བ་བརྟོལ། རྐང་འཐུང་ནགས་ཀྱི་རྐང་པ་བཅད། རྒྱ་རྫོང་མཁར་གྱི་སྲོག་ཤིང་བསྒྱེལ་བ་མ་ཚད་ད་དུང་བདེན་དོན་ཚིག་གི་ཆོ་ལོ་གཅིག་ཀྱང་བཤད་སའི་འཁོར་ཡུག་ཡོད་ཚད་བཅོམ་ཟིན་པའི་ཕ་ཡུལ་ལ་རྒྱང་ལྟ་བྱེད་ནས་ཚ་བའི་ལུང་པར་སྐྱབས་བཅོལ་དུ་གནས་སྡོད་བྱེད་དགོས་པར་ཐུག་པའི། གངས་ཅན་བོད་ཀྱི་ཤ་རུས་ཁྲག་གི་རིགས་རྒྱུན་ཡོད་པའི་མི་བུ་ཞིག་ཡིན་ན་བྱ་བ་འདི་ཚོ་རང་གར་དུ་ཇི་མི་སྙོམས་པར་འཇོག་ཐུབ་པའི་གནས་ཚུལ་ཞིག་རྩ་བ་ནས་མིན། དེར་བརྟེན་གོ་སྐབས་བཟང་པོ་འདི་ཚོ་རྒྱུད་ནས་རང་མི་རིགས་འདི་ལ་སྨན་པའི་ཐབས་ལམ་ཡོད་ཚད་སྒོ་ཀུན་ནས་འཚོལ་བསྒྲུབ་བསྡུ་ལེན། གོང་འཕེལ། འགྱུང་འགྱུར་གྱི་མི་རབས་གསར་པར། ཕ་ཡུལ་དྲོན་མོར་འཁྱག་པས་མི་བསྡམ་པར། ཚ་སོབ་སོབ་ཞིག་གི་ལེགས་སྐྱེས་སྤྲོད་ཐུབ་པ་ལ། དུས་ནམ་ཡང་ངལ་བ་མི་ཞུམ་པར་སྣེ་ལེན་གྱི་གྲ་བསྒྲིག་ཡོད་ཚད་སྔ་ས་ནས་ཚགས་སུ་ཚུད་པ་བྱེད་དགོས་པ་ལས། དོན་མེད་པའི་དུས་ཚོད་ཅི་འཁྱོལ་གྱིས་བྲི་བཤད་བྱེད་སའི་འཁོར་ཡུག་ཞིག་མེད་པ་ཐུགས་ལས་མི་འདོར་བར་ལམ་ལུགས་གསར་པ་ཞིག་གི་སྲོལ་གཏོད་དགོས་པ་ནི་ཆེས་ཤིན་ཏུ་གནད་ཆེ་བས་ཅི་ནས་ཀྱང་བྱེད་དགོས་པའི་འབོད་བསྐུལ་ཞུ་གི་ཡོད།
སྔོན་བྱོན་མེས་པོས་ཁྲག་རུས་དངུལ་ཆུས་ནོར། །རྗེས་འཇུག་སྙེང་ཉེའི་བགོ་སྐལ་བཟང་པོ་འདི། །རྒྱུད་འཛིན་གཞོན་སྐྱེས་དག་གི་མ་སྐྱོང་ན། །རིན་མེད་ས་ཡི་ནང་དུ་ཐིམ་ཉེན་གདའ། །རྐམ་བཤད་འཚང་འདྲུའི་ཚིག་གི་དམོད་མོ་དང། །ཕན་མེད་གནོད་སྐྱེལ་སྐུལ་བའི་ངན་གཡོ་སོགས། །དྲྭ་བའི་རྒྱུད་དུ་བྲི་བའི་བློ་གསལ་དག །སྨྱོ་བའི་འཆལ་གཏམ་ཡིན་པ་མི་ཤེས་སམ། །རང་གཤིས་མ་སྦས་ཕྱིར་དུ་ཡིན་བསམ་ན། །མགོ་བོ་དུད་ནས་འགྲོ་བར་མ་གཏོགས་པར། །བསམ་ཤེས་སྨྲ་བར་བྱེད་པའི་མི་བུ་ཡིས། །ངོ་ཚ་ཁྲེལ་ཡོད་མི་ཤེས་སུ་ཡོད་དམ། །རང་གི་མེས་པོས་བཞག་པ་དམར་དགུའི་ནོར། །གཅེས་འཛིན་སྲོག་གི་རྩ་བ་བཞིན་བསྲུང་ནས། །མི་རིགས་འདི་ལ་སྨན་པའི་ཆ་ཇི་སྙེད། །ཅུང་ཙམ་ཡིན་ཡང་ལེགས་སྐྱེས་འབུལ་བར་རེམ། །ཁོག་ཏུ་དྲན་པ་ཇི་བཞིན་བཤད་པའི་དུས། །ལེགས་ཉེས་བཀག་བསྡོམ་ཁ་འདིས་མ་བྱས་པར། །མི་བཤད་དགུ་བཤད་སྐྱོན་འཚོང་སྟོན་ཆེ་ན། །མཐའ་མ་རང་རིགས་དམད་པའི་མཐའ་ལ་བསྐྱལ། །རང་གི་རིགས་ལ་རང་གི་སྨད་གྱུར་ན། །རང་བཙན་ཡོད་པའི་རྒྱལ་ཁབ་ཡིན་ན་ཐོང། །དེ་མིན་སྐྱབས་སུ་འཆའ་བའི་སྡོད་ས་འདིར། །སྨད་འཚོང་གཏམ་ལས་སྡུག་པ་འདི་བདེན་ནམ། །བདེན་པ་ཆེན་པོས་ཆོས་ཀྱི་འཁོར་ལོ་དག །མི་མགོ་བསྐོར་བའི་ཕྱིར་དུ་ཁྲིད་བསམ་ན། །རང་རིག་གང་ཅན་པ་ཡི་ཆོས་འདུལ་ལ། །རང་མིས་རང་སྨད་གཏང་ན་ཐབས་དེ་མཆོག །དམ་ཆོས་འདུལ་བའི་བཅའ་ཁྲིམས་ནང་ནས་འཇིགས། །མི་ཁའི་བཤད་ཡམ་དམར་པོ་ནང་ནས་འབུད། །བུ་ཡི་མོ་ཚབ་བཏང་བ་ནང་མིས་བྱེད། །ངོ་ཚ་ཁྲེལ་གཞུང་མེད་པ་ནང་མིས་བཟོས། །འདི་འདྲའི་བཤད་པ་ཁ་ནས་འབུད་དང་གཅིག །ལས་ཐབས་དེ་འདྲ་བཙུན་པས་བརྩམ་དང་གཉིས། །སྐྱོན་འདོན་དེ་འདྲ་བོད་མིས་ཕོད་དང་གསུམ། །ཆོས་གཞུང་ཕལ་ཆེར་ཁྲེལ་པོས་སྣུབ་ལ་ཉེ། །ཉན་གཏུབ་མེད་པ་ཁ་ནས་འཆོར་ཆེ་ནས། །སྐྱབས་གནས་ཕལ་ཆེར་རུལ་སུང་ཁོ་ནར་སྦྱར། །ལས་ཐབས་མེད་པ་ཕོ་ལ་ཕོས་རེག་པ། །ཨ་རེ་གངས་ཅན་བཙུན་པས་འདི་ཕོད་དམ། །གལ་སྲིད་ཕོ་ཡི་འདོད་པ་
༈ དྲང་བདེན་ལྷག་བསམ་ཁུར་གྱིས་གླན་བྱས་ཀྱང། །གཡོ་སྒྱུའི་སྨིག་སྒྱུ་འཁྲུལ་པར་མཐོང་བའི་ལམ། །དག་སེལ་ཉེས་སྐྱོན་གཙང་མའི་མེ་ལོང་ངོགས། ། །བདེན་གཏམ་གཉིས་སྨན་གཏམ་འདི་ཤ་ཚས་ཐལ། །ལེགས་པར་ཉོན་ལ་དུད་འགྲོའི་མིང་ཅན་འབྲོང་བུ། ངོས་སྨར་ཀླུང་པ་གི་མི་གཤིས་ནི་བརྒྱ་བསྐོར་རྒྱང་བསྐོར་ནི་འདས་ལ་ཡང་བྱེད་ཀྱི་མེད་ལ་ད་ལ་ཡང་བྱེད་ཀྱི་མེད་སྔོན་ནས་ཞུས་པ་བཞིན། ང་རང་ཀཾ་ཚང་བ་ལ་མི་དད་པ་ཞིག་དང་འབྲུག་པ་བ་ལ་དད་བཞག་པ་ཞིག་གཏན་ནས་མིན། ཕ་ས་གངས་ཅན་པའི་ཆོས་ལུག་ཆེན་པོ་བཞི་གཡུ་དྲུང་བོན་དང་བཅས་པ་ལ་དམ་ཚིག་གསེར་གྱི་ཞུན་མ་བཞིན་སྲུང་སྡོད་ཉན་ཞིག་དང་དགའ་དད་སྤྲོ་གསུམ་མ་བཅོས་པ་ཞིག་བྱེད་སྡད་ཉན་ཞིག་ལས་ཕྱོགས་དང་རིས་སུ་བཅད་ནས་བཤད་པ་འཐེན་མ་མྱོང་བ་ཞིག་ཡིན་ནའང་བདེན་གཏམ་བཤད་ན་མི་མི་དགའ། དབྱུག་པ་རྒྱོབ་ན་ཁྱི་མི་དགའ་ཞེས་པ་བཞིན། ང་ཡང་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་དང་ལྷག་པར་དུ་མདོ་ཁམས་པའི་རིང་ལུགས་ལ་དད་པ་དང་དག་སྣང་ཕ་མ་བུ་བརྒྱུད་ནས་ཡོད་སྡད་པའི་གྲྭ་འཁྱམས་ཐབས་ཆག་ཐབས་ཆགས་ཞིག་ལས། སྟོད་ནས་དབུབ་ཐུབ་པའི་ཀ་ར་ཅན་དང་། སྨད་ན་བསྡམ་ཐུབ་པའི་ཕུར་པ་ཅན་ཚོ་རྩ་བ་ནས་མིན། ཁྱོད་རང་འབྲུག་པ་བཀའ་བརྒྱུད་ཨི་ཡིན་མི་ཡིན་ང་ལ་ཆ་རྒྱུས་གང་ཡང་མེད་ལ་ཁྱད་པར་ཡང་དེ་ཙམ་མེད། སུ་ཡིན་ཡང་སྤྱིར་ན་ཆོས་རྒྱུད་ཕན་ཚུན་ཆགས་སྡང་དང་ཁོང་ཁྲོ་བྱེད་མི་རུང་ལ་གུས་ནས་བཀའ་བརྒྱུད་པའི་ནང་དུ་མི་མཐུན་པའི་ཁོག་འདྲེ་རློམ་པོ་ཆེ་འདི་ཚོ་འབྱུང་རྩ་དེ་ང་དགའ་ཁྱོད་ཞན་དང་། ང་རྒྱབ་ཁྱོད་འདུག་བྱེད་པ་ལས་བརྟེན་ནས་སྣེ་ཁྲིད་པ་དང་། ཡང་སྒོས་སུ་ཀཾ་ཚང་བཀའ་བརྒྱུད་ཀྱི་ནང་གི་གོད་ཆགས་འདི་ནི་སྔ་ན་བྱུང་མ་མྱོང་བ་དང་ཆོས་བྱེད་ཀྱི་མི་ཡི་དྲན་མི་ཕོད་པའི་དོན་རྐྱེན་རབ་དང་རིམ་པ་ག་ཚོད་བྱུང་ཡོད་མེད་དེ་ཚོ་ངས་ཟུར་བཤད་ཙམ་ཡང་བྱས་མེད་ལ་དངོས་ཀྱི་ཉེས་པ་བྱུང་ཟིན་འདི་ལ་སུ་གི་ཡང་ངོ་ལག་པས་འགེབས་ན་འགེབས་མི་ཐུབ་པ་བཞིན། གུས་མི་དགའ་ནས་སྡང་ཟུག་གི་ཚིག་དེ་བས་ཀྱང་ལབ་ཕོད་ཀྱི་ཡང་མེ་ད་ལ་ལབ་དགོས་པའི་རྒྱུ་མཚན་ཡང་གཏན་ནས་མེད། ཁྱོད་རང་ཀརྨ་པ་ལ་སངས་རྒྱས་མཐོང་བ་དང་དད་པ་ཚིག་གི་ཤུན་པ་ཙམ་མིན་པར་ཡོད་ན། དཔེར་ན་འཇིགས་གླིང་པའི་ཡང་སྲིད་མཁྱེན་བརྩེའི་མིང་ཅན་སྐུ་གསུང་ཐུགས་ཡོན་གྱི་སྤྲུལ་སྐུ་འབྱུང་དུ་ཡོད་པ་དང་མ་ཚད་དེང་གི་དུས་སུ་ཆོས་སྡེ་འདིར་ཡང་ཁམས་སྤྲུལ་གཉིས་དང་། ཆོས་མགོན་གཉིས་སོགས་ཡོད་ཀྱང་དད་དམ་ཡོད་ཚད་འགལ་ཟླ་བྱེད་ནས་གཅིག་དམ་ཉམས་དང་གཅིག་ལྷ་གཟུགས་སུ་དཀར་ནག་གཟུར་ཀྱིས་མི་འདུག་ལ་སུ་དང་གང་གི་རང་རང་སོ་སོས་དགའ་དད་བྱེད་ན་དེ་ལ་བཀག་འགོག་བྱེད་པ་ཡང་མཐོང་ཐོས་མེད། མ་གཞི་ཁྱོད་ཀྱི་ཁམས་པ་སྒར་ལ་དོན་མེད་པའི་ཐེ་ཇུས་ཡང་དགོས་ཀྱི་མི་འདུག་ལ་བཤད་པ་ཐམས་ཅད་གཅིག་དགའ་གཅིག་སྨད་ཀྱི་ཐག་ཆོད་དགོས་ཞེས་དབྱེན་དཀྲུག་ཁོ་ནའི་བསྐུལ་མ་ཡང་བྱེད་དགོས་མི་འདུག་པར་སེམས། ཁྱོད་ཀརྨ་པ་ལ་དད་མདོག་དང་གུས་མདོག་བཅོས་མ་དེ་ཡང་དབྱེན་དཀྲུག་དང་ཕྲག་དོག་ཁོ་ནའི་ཁོག་དབུབ་ཡིན་པ་ཡང་ཤེས་ཀྱི་ཡོད། འདིར་དོན་དག་གཙོ་བོ་ཁྱོད་གལ་སྲིད་དད་པ་བྱེད་ས་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་ཡིན་ན་དེའི་བླ་མ་ནི་བཅོ་བརྒྱད་ཁྲི་རིན་པོ་ཆེ་ཡིན་པ་ཀུན་ཤེས་ཀུན་གསལ་རེད། ཀརྨ་པ་མཐའ་ཡས་རྡོ་རྗེ་ནི་དེ་གི་ངོས་འཛིན་གནང་བའི་སྤྲུལ་སྐུ་རེད། ད་དུང་ཁྱོད་རང་གི་རྩ་བའི་བླ་མ་སངས་རྒྱས་ཀརྨ་པ་ཡིན་ན་དེས་ངོས་འཛིན་མཛད་པའི་ཀརྨ་པ་ཞྭ་དམར་རིན་པོ་ཆེ་སྤྱིར་ཀཾ་ཚང་པའི་ནང་དུ་ཞྭ་དམར་ནག་གཉིས་ཞེས་ཆོས་བརྒྱུད་དེའི་རྩ་བའི་གཞུང་ཤིང་ལྟ་བུ་འཆང་བའི་བླ་ཆེན་ཡིན་པ་མ་ཚད་ཞྭ་དམར་རིན་པོ་ཆེ་ནི་སངས་རྒྱས་ཀརྨ་པའི་སྐུ་ཚ་གྲུང་པོ་རེད། དེས་ཀཾ་ཚང་བཀའ་བརྒྱུད་ལ་ཕན་ཅི་ཐོག་བྱེད་པ་ཞིག་ལས། ཙི་ཙི་ལ་ངན་བྱེད་ནས། ཕ་ཁང་ལ་མེ་བཀྱེ་ཉན་ཞིག་དང་ཨི་ཡིན་ནམ་ལེགས་པར་དཔྱོད་ཅིག དེ་ཡི་ཕྱིར་ངས་སྔ་ས་ནས་ལབ་ཀྱང་ཁྱོད་རང་གི་ཉན་ཤེས་མི་འདུག དམ་ཚིག་གི་གཙོ་བོ་བླ་མ་ལ་དད་པ་གཏན་པོ་དང་བླ་མའི་བཀའ་བཞིན་སྒྲུབ་པ་དང་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དེ་ཁྱོད་ལ་དངོས་ཡོད་ཡིན་ན་༧རྒྱལ་དབང་རིན་པོ་ཆེའི་སྐུ་ཡི་ཡང་སྤྲུལ་གཉིས་ཆར་ཡང་སངས་རྒྱས་དངོས་མཐོང་མི་བྱེད་པར་གཅིག་ལ་དགའ་དད་ཡོད་མདོག་དང་གཅིག་ལ་སྡང་བའི་དམོད་ཚིག་སྟོན་མདོག་བྱེད་པའི་འཁོར་ཡུག་ཞིག་འདུག་གམ། འདི་གི་བརྒྱུད་ནས་ཁྱོད་རང་གི་རྒྱུད་དེ་ཆགས་སྡང་གི་འགོང་པོ་དང་ཡང་ན་སྲིད་དོན་གྱི་སྤྲེལ་ལེགས་གཉིས་གང་རུང་ཡིན་པ་ལས་ཀརྨ་པ་ལ་དད་དམ་ཏིལ་འབྲུ་ཙམ་ཡང་མེད་པར་རིག་པས་གྲུབ། རྒྱལ་དབང་རིན་པོ་ཆེའི་སྐུའི་ཡང་སྲིད་གཉིས་པོ་ལ་མིག་འབྲས་གཡས་གཡོན་བཞིན་གཉིས་ཀ་ལ་གུས་རྩི་དང་ཡི་རང་དགའ་དད་བྱེད་པའི་རྒྱུ་མཚན་འདིར་བརྟེན་ཕན་ཚུན་གཉིས་མཐུན་དང་གཉིས་ངོས་ནས་བརྩི་བསྐུར་འོག་མིན་ཁམས་པ་སྒར་ཀྱི་བླ་སྤྲུལ་ཡོངས་རྫོགས་ལ་གནང་གི་འདུག་པ་འདི་ནི་ཕྱོགས་རིས་མ་གཅད་ནས་རྒྱལ་དབང་སྐུ་གོང་མ་ལ་དད་དམ་གྱི་འབྲེལ་བ་ཐུན་མིན་ཡོད་པ་མ་ཚད་དམ་ཚིག་གསེར་བསྲུང་ལས་ཕན་ཚུན་སུ་ལའང་ཤར་ནུབ་ཀྱི་ལྷ་ཕྱག་བཞིན་བྱེད་དགོས་པའི་རྒྱུ་མཚན་ཏིལ་གྱི་འབྲུ་མ་ཙམ་ཡང་མེད་པར་རིག་པས་གྲུབ་པ་མ་ཡིན་ནམ། ཁྱོད་ཡི་མ་རང་ན་ཡང་འཇོག་རྒྱུ་ལས་གཞན་པར་གསལ་བཤད་བྱེད་དགོས་དབེན། ཁྱོད་ཀྱིས་སྐྱབས་རྗེ་ཡབ་སྲས་ལ་ཇུས་ཏོག་བྱེད་མདོག་གི་ཁྲི་མཐོ་དམན་གྱི་སྐད་ཆ་ཞིག་ལས་༧སྐྱབས་རྗེ་ཆོས་མགོན་རིན་པོ་ཆེ་ཁམས་པ་སྒར་གྱི་བླ་སྤྲུལ་རྣམས་ཀྱིས་ཁམས་སྤྲུལ་པའི་འོག་ཏུ་གཡུག་བཞག་པ་བཤད་པ་འདི་ནི་ངོ་མ་ཁྱོད་རང་དགེ་འདུན་ནང་དང་། ནང་གཅིག་པའི་དགོན་སྡེ་ཕན་ཚུན་དབྱེན་སྦྱོར་དང་སྐད་ཆ་གང་བཤད་ན། ཡ་ང་དང་བག་ཚ་ཙམ་ཡང་མེད་པ་དྲེད་པོ་ལོང་ཤོར་ནང་རུལ་ཕྱི་ལ་ཨབ་རིའི་སོ་ཙམ་མེད་པར་ནང་ལ་གླ་ཕོའི་མཆེ་བ་བཙིགས་པ་ཁྱོད་ནི་སྙིང་རྗེ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་རྒྱུད་ཞིག་མིན་པ་ཁོ་ཐག་ནང་ནས་ཆོད་སོང། ༧སྐྱབས་རྗེ་ཆོས་མགོན་རིན་པོ་ཆེའི་ཐུན་མིན་དོན་དམ་གྱི་རིགས་བདག་དེ་ཁམས་སྤྲུལ་གོང་མ་ཡིན་པ་ཁྱོད་ཀྱི་ཨེ་ཤེས། ཤེས་ན་དེ་གི་སྐྱེ་སྤྲུལ་འཁྲུལ་བྲལ་དེ་ངེས་དོན་བཤད་སྒྲུབ་ཉི་མ་ཡིན་དུས་ཁྱོད་རང་གི་བསམ་པ་རྭ་ཅོ་གི་སྦུག་ལྟར་མ་ཡིན་པར། གོང་མ་རིན་པོ་ཆེ་ཉིད་ལ་དད་དམ་སྔ་ཕྱི་མེད་པར་གསེར་གྱི་ཞུན་མ་ལྟ་བུ་མཚོན་བྱེད་༧སྐྱབས་རྗེ་ཆོས་མགོན་རིན་པོ་ཉིད་ཀྱི་ཡང་སྲིད་བཤད་སྒྱུབ་ཉི་མ་དང་མཉམ་དུ་མི་བཞུགས་པ་ཞིག་ལས་རྒྱལ་པོས་བཀས་བཅད་ནས་བྱེད་པ་ཞིག་མཚན་མོའི་རྨི་ལམ་ནང་དུ་ཡང་ཁམས་ཆོས་གཉིས་ཆར་ལ་མེད་པ་མ་ཚད་སྐུ་གསུང་ཐུགས་རྟེན་ཕར་འབུལ་ཚུར་འབུལ་དང་དབང་ལུང་མན་ངག་ཕར་འབུལ་ཚུར་འབུལ་དགོན་སྡེ་གཉིས་ཆར་ནང་། སྐྱིད་སྡུག་གཅིག་འདྲེས་ཡིན་པ་བཀྲ་ཤིས་ལྗོངས་ཁམས་པ་སྒར་གྱི་༧སྐྱབས་རྗེ་རིན་པོ་ཆེ་རྣམ་པ་ལྟ་བུ་ཟོལ་བཤད་གཏན་ནས་མེད་པར་ཐུགས་ནང་མཐུན་པ་དེང་སང་ཆོས་བརྒྱུད་དགོན་སྡེ་སུ་གང་ལ་མེད་པ་ཕྱི་གསལ་ནང་གསལ་རེད། གལ་སྲིད་ཡོད་ན་གོད་མགོ་གི་གཡང་བརྟེན་བྱས་ན། གོད་སྲི་གི་རྒྱུན་མི་ཆད་པ་ཞིག་དེང་གི་དགོན་སྡེ་ཁག་ལ་དེ་རིགས་འབྱུང་བ་བཞིན་དགོན་སྡེ་འདི་ལ་མི་འབྱུང་བ་ཞིག་ཅི་ལ་ཡོད་དེ། ཆོས་སྡེ་འདི་ནི་དེ་འདྲིའི་དྲི་མ་ཙམ་ཡང་མེད་པར་སྐྱབས་རྗེ་རྣམ་པའི་དད་དམ་ནི་དམིགས་གསལ་བ་ཞིག་ཡིན་པ་འུད་ཤོད་དང་། མ་ཡིན་ཡིན་སྒྲོག་བསམ་ན་ཁྱོད་རང་དངོས་སུ་ཡོང་ནས་དཔྱོད་དང་ཁྱོད་མ་རུང་པའི་དབྱེན་དཀྲུག་གི་གནོ་བསམ་ལོག་པ་དེ་གི་དད་དམ་གཙང་ན་དགེ་མཚན་ཆེན་པོ་ཡོད་པ་གཞི་ནས་དངོས་ར་འཕྲོད་པ་ཡོངས་ས་འདུག་པས་ཤེས་པར་གྱིས་ཤིག མདོར་ན་རྒྱུ་མཚན་ཏིལ་འབྲུ་ཙམ་ཡམ་ཡང་མེད་པར་ངན་གཤེ་དང་བསྙོན་འཛུག་གི་ལབ་གླེང་སུ་དང་ཡང་མི་མཐུན་པར་གྲུ་གསུམ་གྱི་གླད་པ་དེ་དུས་ཚིག་འདི་ནས་གཡུག་བཞག་ན་ཤིན་ཏུ་མཛེས་པར་སེམས། དགེ་འདུན་གྱི་དབྱེན་ནི་མཚམས་མེད་ཀྱི་ལས་ཤིན་ཏུ་ཁུར་ལྕི་བས་འབྲོང་བུ་ལགས་ཁྱོད་ཀྱི་སེམས་དེ་ལ་ཇི་འདྲ་ཞིག་འཆར་གི་འདུག བླ་མ་དཀོན་མཆོག་གསུམ་གྱིས་ཐུགས་རྗེས་གཟིགས་ཁྱོད་སྙིང་རྗེ། ག་ཚོད་བཤད་ཀྱང་མ་གོ་ན་ད་ནི་བསྐྱར་ལན་བྱེད་ཀྱི་མིན།
བོད་པས་རོང་པར་རྣམ་རྟོག་བྱེད་ཀྱི་འདུག་པ་དེ་རྒྱུ་མཚན་ཅི་ཡིན་ནམ།
འགའ་ཞིག་གིས་རོང་པ་རྣམས་དངུལ་རྐྱང་རྐྱང་ལ་དགའ་རབས་དང་དངུལ་བྱུང་ན་གང་བྱེད་ཀྱང་བྱེད་ཀྱི་རེད་ཟེར་བ་དེ་ཅུང་ཐལ་ཆ་ཆེ་བ་མིན་ནམ།
དེ་ལྟར་ན་་་་་ཤཀྱ་ཐུབ་པ་དང་རྒྱ་གར་གྱི་པཎ་གྲུབ་རྣམས་དེ་ལྟར་ཡིན་ནམ།
རི་རྫོང་རིན་པོ་ཆེ་ཡང་རོང་པ་མིན་ནམ།
དེ་འདྲའི་རང་ཕྱོགས་ཀྱི་ལྟ་ངན་ཐ་དག་འདོར་དགོས།
ད་ལྟ་ངེད་ཅག་རྣམས་རོང་པར་སྐྱབས་བཅོལ་ནས་ཡོད་པ་དེ་ཤེས་དགོས།
གནས་ཚང་ལ་དེ་ལྟར་ཤོད་ཕོད་དམ།
དྲྭ་གྲོགས་ཆུ་ལ་མེ་འབར་ལགས། མིང་འཛུན་ང་ཙམ་མ་ཡིན་པར་ཁྱེད་རང་གི་མཚན་དེའང་ལྡོག་ཟླ་ཅན་གྱི་མིང་རྫུན་ཞིག་བཀོད་གནང་བའི་རྒྱུ་མཚན་ཅི་ཡིན་གསུང་རོགས་གནང་དང་། ༧སངས་རྒྱས་ཀརྨ་པའི་མཛད་ཕྲིན་ཉི་ཟེར་སྦར་རུའི་འགེབ་རྩིས་བྱེད་མཁན་སུ་ཡིན་འབྲེལ་ཡོད་ཚང་མའི་མཁྱེན་གསལ་རེད། སྔར་ཕྱི་ལོ་ ༡༩༩༤ ལོར་ཁམས་སྒར་གྱིས་༧རྒྱལ་བ་ཀརྨ་པ་ངོ་མ་བོད་དུ་བཞུགས་བཞིན་པར་སྣང་མེད་དང་སྡིག་པ་མིག་བཙུམ་གྱིས་ལྡི་ལི་དགོན་པའི་ནང་རྫུན་མ་ཞིག་ཁྲི་འདོན་སྐབས་མཐུན་འགྱུར་གྱི་རོགས་རམ་བྱས་པ་དེ་ཡིས། ༧རྒྱལ་བ་ཀརྨ་པའི་མཛད་ཕྲིན་སྦ་རུའི་འགེབ་མཁན་སུ་ཡིན་པ་རྟོགས་ཐུབ།
འབྲོང་བུ་སོག་ཚ། ཞེས་པའི་མིང་རྫུན་འོག་ཡིབ་པའི་དམ་ཉམས་འདིས་མི་བཤད་དགུ་བཤད་ལུང་པ་གང་བཤད། བཀྲ་ཤིས་ལྗོངས་ཀྱི་སྡེ་དགོན་གཉིས་དང། རྡོ་རྫོང་རིན་པོ་ཆེ་སོགས་ཕྱོགས་མང་པོ་ཞིག་ནས་གླེང་ཁུལ་གྱིས་དོན་ངོ་མ་༸རྒྱལ་དབང་ཀརྨ་པའི་མཛད་འཕྲིན་གྱི་ཉི་གཞོན་གང་སར་ཁྱབ་བཞིན་པ་ལ་ཕྲག་དོག་གིས་མ་བཟོད་ནས། ཉི་ཤར་སྦར་མོས་འགེབ་རེ་བྱས་ནས་སྐད་ངན་ཤོར་བསྡད་པ་ཞིག་ལས་གང་ཡང་མི་འདུག བརྒྱ་བཤད་སྟོང་ལ་བབ་ཀྱང་། ཡོས་ལ་བབ་རྒྱུ་རྩམ་པ། ཟེར་བའི་དཔེ་ལྟར་ཁྱོད་མ་དགའ་ས་ངོ་མ་དེ་༸རྒྱལ་དབང་ཀརྨ་པ་རང་ལས་གཞན་གང་ཡང་མིན་པ་ཟུར་བལྟས་ལེབ་མཐོང་རེད། དེས་ན་ཁྱེད་རང་གིས་སྐྱེ་བ་འདི་ལ་ཐབས་ཤེས་ཡོད་དགུ་རྩལ་དཀྲུག་ཇི་ལྟར་བྱས་ཀྱང་༸རྒྱལ་དབང་ཀརྨ་པ་ནག་པོ་ཞིག་བཟོ་མི་ཐུབ། མ་གཞི་ཁྱོད་ལ་དེ་འདྲའི་སྡུག་ནན་མ་ཁྱོག་པ་ཡོད་ན་མིང་རྫུན་འོག་ནས་ཡིག་འཁྱར་འབྲི་དགོས་དོན་མེད། དངོས་སུ་གོང་གཏུག་ནས་ཕེབས་དང།
གངས་ཅན་པ་ལགས། ཁ་སེང་ཁྱེད་ཀྱི་དྲྭ་མཆན་ནང་། ཀརྨ་པའི་ཉེ་འཁྲིས་སུ་རོང་པ་ཀྱང་ཀྱང་ཡིན་པ་དང་། དེ་རྣམས་ལ་དངུལ་མ་གཏོགས་བསམ་རྒྱུ་གང་ཡང་མེད་ཟེར་གསུང་འདུག་པར། དེ་ཏོག་ཙམ་ཐལ་ཆ་ཆེ་བའི་བཀའ་མོལ་ཞིག་མ་ཡིན་ནམ། གང་ཡིན་ཞུས་ན། ང་ཚོ་སངས་རྒྱས་པའི་ཆོས་ཀྱི་ཁྱད་ཆོས་དེ་མི་རིགས་ལ་དབྱེ་བ་མེད་པར་རང་གི་ཆོས་ཚུལ་བཞིན་དུ་ཉམས་སུ་ལེན་མཁན་གང་ཟག་གང་ཡང་རུང་བའི་འབད་བརྩོན་བྱས་ན་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཐུབ་རྒྱུ་ཡིན་པ་ལས། བོད་མི་གཅིག་པུ་སངས་རྒྱས་པ་དང་། གཞན་རྒྱས་མི་རུང་བའི་བཀའ་ཞིག་ག་པར་འདུག་གསུང་རོགས་གནང་དང་། དཔེར་ན་ཐོག་མའི་སེམས་བསྐྱེད་སྐབས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་དེའི་རྒྱུ་ལ་སོགས་པ་དང་བྲལ། ཞེས་གསུངས་འདུག་མ་གཏོགས། བོད་པ་ཐམས་ཅད་བདེ་བ་དང་། སྡུག་བསྔལ་གྱི་རྒྱུ་དང་བྲལ་ཞེས་གསུང་མི་འདུག་པས་རྒྱུ་མཚན་ལས་དཔོག་ཐུབ། གཉིས་ནས་དེང་སྐབས་གདན་ས་ཁག་ནང་རོང་མཚམས་ཀྱི་མི་རིགས་ཞེ་ཅིག་མ་གཏོགས་བོད་མི་རིགས་ཀྱི་ཆོས་སྒོར་ཞུགས་མཁན་ཉི་མོའི་སྐར་མ་ལྟར་གྱུར་པ་དང། དེའི་རྐྱེན་གྱིས་དེང་སང་རི་བོ་དགེ་ལྡན་པའི་ཁྲི་པའང་ལ་དྭགས་པ་༧སྐྱབས་རྗེ་རི་རྫོང་རིན་པོ་ཆེ་མཆོག་དང་། དེ་བཞིན་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་ནི་རང་རེ་བོད་ཆོས་སྲིད་གཉིས་ཀྱི་བདག་པོས་ཀྱང་གོང་དུ་བཀུར་བའི་ཚད་ལྡན་གྱི་རོང་པའི་བླ་མ་ཞིག་ཡིན་པས། རོང་མཚམས་པ་རྣམས་ཀྱི་སྙིང་རུས་ལ་ང་ཚོ་བོད་གངས་ཅན་པ་ཚོ་མིག་དཔེ་བལྟས་ཏེ་དེ་ལྟ་བུ་ཡོང་རེ་བྱེད་རྒྱུ་ཞིག་ལས། འགྲན་སེམས་ཀྱིས་གདོང་ལེན་གནང་ན་ཤིན་ཏུ་མི་ལེགས་པ་མ་ཟད། ང་ཚོ་བོད་པའི་བླུན་པོའི་རང་མཚང་སྟོན་པ་ཡིན་པས་རྣམ་ཀུན་ཐུགས་གཟབ་གྱིས། དངུལ་ལ་དགའ་མཁན་རོང་མཚམས་ཙམ་མ་ཡིན་པར་ང་ཚོ་བོད་པའི་ཀྱང་དགའ་མྱོང་བའི་ལོ་རྒྱུས་རྒན་གོན་དག་གིས་ངག་ལམ་ནས་ཐོས་མ་མྱོང་ངམ། དཔེར་ན། ཐོག་མར་བོད་དུ་རྒྱ་དམར་ཡོང་དུས་བོད་པ་ཚོས། །རྒྱ་གུན་ཕྲན་དྲིན་ཆེན་ཕ་མ་རེད། །རྡ་ཡང་ཡང་ཆར་པ་འབབ་འབབས་རེད། ཞེས་པའི་གླུ་ཚིག་དེའི་དངུལ་དང་། དེ་སྤྲད་མཁན་གཉིས་ལ་རྩིས་མཐོང་ག་འདྲ་གནང་མི་འདུག་གམ་གཟིགས་དང་།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ས་སྐྱ་གོང་མ། སངས་རྒྱས་ཀརྨ་པ། སྨིན་གླིང་ཁྲི་ཆེན་དེ་ལྟ་བུའི་བླ་མ་འཛམ་གླིང་ས་ཡི་སྟེང་ཡོད་པའི་ཉེ་འཁྲིས་སུ་ལས་ངན་ང་མིར་མ་སྐྱེ་ནས། བདུད་དུ་སྐྱེ་ནའང་འགྱོད་པ་ལྟ་ཅི་བསོད་ནམས་ཀྱི་ཕུངས་པོ་གཞལ་བར་མི་ནུས་པའི་སེམས་ཅན་ཞིག་ཡིན་བསམ་ནས་ཉིན་མཚན་དགའ་སྒོམ་གྱི་གནས་སུ་བསྡོད་རྒྱུ་ལས་གཞན་མ་མཆིས། གང་ལགས་ཞུས་ན། སངས་རྒྱས་དེ་རྣམས་ལ་བསྟེན་ནས་བཟང་འབྲེལ་ཚེ་གཅིག་གི་སངས་མ་རྒྱས་ཀྱང་། ངན་འབྲེལ་འཁོར་བ་མཐའ་ཅན་ཡོང་བར་གདོན་མི་ཟ་བས་རྒྱུ་མཚན་ལས་ཡིན། ལར་ཁྱེད་རང་གི་གཤིས་སྤྱོད་ནི་མི་གཞན་ཞིག་ལ་སྐྱོན་འཛུགས་བྱེད་རྒྱུ་ཞིག་ལས་ཡོན་ཏན་གྱི་ཆ་མཐོང་མཁན་ཞིག་མིན་པར་མངོན་སུམ་གྱིས་གྲུབ་སྟེ། ས་ཆེན་གྱིས། གཞན་པ་ལྟ་བའི་མིག་ཡོད་ན། །རང་ཉིད་ལྟ་བར་མེ་ལོང་དགོས། ཞེས་གསུང་འདུག་པས་དུས་ཚོད་དྲྭ་རྒྱའི་སྟེང་ཆུད་ཟོས་སུ་མ་གཏང་བར་དེ་ལྟ་བུའི་དྲན་དབང་རྣམ་པའི་གསུང་ལ་ཉིན་རེར་ཐེང་རེ་མཇལ་ཐུབ་ན་གྲོགས་མཆོག་ལགས་ལ་བློ་སྐྱེད་དང་། མ་འོངས་འདུན་ལམ་གང་ལའང་ཕན་ངོ་ཤར་བས་བློར་འཇགས་གྱིས། ༧རྒྱལ་བ་ཀརྨ་པའི་མ་འོངས་པ་ཁོང་གི་འགྲོ་དོན་གདུལ་བྱ་དང་འབྲེལ་བའི་མཛད་ཕྲིན་ཁག སྔར་གྱིས་སྨོན་ལམ་དང་། སེམས་ཅན་གྱི་ལས་དབང་ལ་བརྟེན་ནས་ཡོང་རྒྱུ་ཞིག་ལས། ཁྱེད་ང་གཉིས་ལྟ་བུའི་མཛུབ་མོ་བཙུགས་ཏེ་བཅོས་དཀའ་བའི་ཡུལ་འདས་པས་བཤད་ན་དོན་སྒོ་ཆུང་།
དྲྭ་གྲོགས་འབྲོང་བུ་སོག་ཚ།
ཁྱེད་རང་ཀརྨ་པའི་ཞབས་གྲས་ཀྱི་མིང་གི་ཞབས་འདྲེན་པ་ཞིག་མིན་པ་ཤིན་ཏུགས་ལེགས་གལ་ཏེ་ཡིན་ན་ སྔར་བསགས་བསོད་ནམས་ཀྱིས་འབྲས་བུ་ཡིན་དང་སྔར་བསགས་ཀྱི་ལས་ངན་གྱི་འབྲས་བུ་ཀརྨ་པའི་ཞབས་འདྲེ་པ་ཞིག་ཡིན་སུ་ཤེས། གང་ཡིན་ཞེས་ཀརྨ་པའི་ཞལ་ནས། 《གཏེར་ལུང་ཞིག་ཏུ་ཀརྨ་པ་བླ་མ་དུས་གསུམ་སངས་རྒྱས་དེ་དང་མཉམ་དུ་བདུད་ཀྱི་སྤྲུལ་པ་བརྒྱུན་མར་འབྱུང་བ་ཡིན་གསུངས་ཡོད་པས། 》༼དྲུང་ཉིད་ཀྱི་སྐུ་ཚེ་ཞབས་བརྟན་སྐོར་གྱི་བླང་དོར་བཀའ་སློབ།༽ ཞེས་པ་དེབ་ཆུང་དེའི་ཤོགས་གྲངས་༡༣་ནས་བཏུད༽ དེ་འདྲ་ཡིན་དུས་ཁྱེད་རང་ཡང་བདུད་ཀྱི་སྤྲུལ་པ་ཞིག་ཡིན་ཡང་སྲིད།
བླ་གཞུང་ལ་དངུལ་གྱི་དོན་རྐྱེན་བྱུང་བ་དེ་རྒྱ་གར་གཞུང་རང་གིས་གསལ་བསྒྲགས་ནང་། ནོར་འཕྲུལ་ཡིན་པ་གང་ཡང་བཤད་མི་ན། ཡག་པོ་འདུག་ཟེར་ནས་དོན་རྐྱེན་དེ་བྱུང་བ་རེད་དམ། ཡག་དྲགས་ནས་ཀརྨ་པ་བླ་བྲང་འཁྲིམས་ལ་འབྱར་བ་རེད་དམ། དེ་ལྟ་བུ་འབྱོན་ཐང་དེ་ཀརྨ་པས་ཞབས་གྲས་ཚོས་བྱས་རྗེས་རེད་དམ། གཅིག་བྱས་ན་ཡག་པོ་ཡིན་ས་རེད། རྐུ་མ་ལ་ཇག་པ་ཤོར་བ་རེད། ཞབས་གྲས་རྐུ་མ་ཀྱི་ལག་ནས་རྒྱ་གར་ཉེན་རྟོག་པས། ཧཧཧ་་་ཧ་ཧ་་་་་ཧ་་
མཐའ་དོན་སྨར་ཀླུང་དང་། དོན་རྡོར་རྣམ་གཉིས་དབུས་ཕྱོགས་སུ་གཏོགས་པ་རྣམས་ལ་རེ་སྐུལ་ཞིག་ཞུ་རྒྱུ་ཡོད་པ་ནི། །ཡང་ན་དབྱར་ཀ་གནང་དང་། །ལྕང་ལིང་སྔོ་ཁྲ་ཤིག་ཤིག །བྱིའུ་ཆུང་འཇོལ་མོ་ང་ཡང་། །གསུང་ཞིག་འགྱུ་བའི་ཁྱད་འདུག །ཡང་ན་དགུན་ཁ་གནང་དང་། །མཚོ་མོ་དར་ཁ་འགྲིགས་དང་། །གསེར་བྱ་ངང་པ་ང་ཡང་། །བློ་ཐག་ཆོད་པའི་ཁྱད་འདུག།
སྨར་ཀླུང་ལགས། ངས་དྲི་བར་ཁྱེད་རང་ནས་ཁ་ཐུག་གི་ལན་སྣེ་གཅིག་ཀྱང་མེད་པར་རི་སྐོར་ཀླུངས་སྐོར་གྱིས་བོད་བརྡའི་འཇུག་པས་སྟོང་པའི་ཚིག་སྐམ་ཁ་ཤས་ཤིག་བྲིས་འདུག་པར། དེ་ལ་ལན་ཞིག་སྤྲོ་བར་སེམས། དེའང་ཐོག་མར་ང་རང་མ་ཕྱོགས་ཀྱི་ཆོས་ཁུངས་འབྲུག་པ་བཀའ་བརྒྱུད་པ་ཞིག་ཡིན་གཤིས། རྒྱུན་ལྡན་དེ་ཕྱོགས་ལ་བློ་ཁ་ཉེ་བར་ཡོད་ལ། དེ་བཞིན་ཁམས་པ་སྒར་དེ་དེའི་ཆོས་བརྒྱུད་ཞིག་དང་། ཁམས་སྤྲུལ་སྐུ་གོང་མ་དེ་དེའི་བསྟན་བདག་ཞིག་ཡིན་པ་མ་ཟད། ཚད་ལྡན་གྱི་བླ་མ་ཞིག་ཀྱང་ཡིན་པའི་ལོ་རྒྱུས་རྒན་རབས་དག་གིས་ཞལ་རྒྱུན་ལས་ཐོས་པས་རྐྱེན་ལས་རྣམ་ཀུན་ཁོང་ལ་དགའ་གུས་ལྡན་ལ་ཞུ་སྤོབས་མ་ནུས་ནའང་། ཁྱེད་རང་བླ་གྲྭ་ཚོ་དེ་ལས་ལྡོག་སྟེ་ཁམས་སྤྲུལ་གོང་མའི་མཛད་རྗེས་ལ་རང་འཚམས་ཀྱིས་དག་བཅོས་བྱེད་མཁན་ཞིག་ཏུ་སོང་བས་མི་ཞུ་ཐབས་མེད་བྱུང་། དེ་ཡང་སྔར་ཁམས་སྤྲུལ་གོང་མའི་༧རྒྱལ་དབང་གོང་མར་ཞབས་དྲུང་ཆོས་མགོན་གྱི་ཡང་སྲིད་ངོས་འཛིན་ཞུས་ཏེ་བརྟག་ཡིག་ཇི་བཞིན་བརྙེད་སོན་བྱུང་སྟེ། དབུ་སྐྲ་གཙུག་ཕུད་དང་། གསེར་ཁྲི་མངའ་གསོལ་རིགས་རྗེ་གོང་མ་རང་ནས་མཛད་དེ། བཞུགས་ཁྲི་ཡང་རྗེ་ཉིད་ལས་མཐོ་བའི་སྟེང་བཞུགས་སུ་གསོལ་ཡོད་ན་ཡང་། རིང་པོར་མི་ཐོག་པར་ཁམས་སྤྲུལ་རིན་པོ་ཆེ་དགོངས་པ་རྫོགས་ཟིན་འཕྲལ་ཆོས་མགོན་རིན་པོ་ཆེ་ཁྲི་མཐོ་བ་ལས་འཕབ་སྟེ། ཁྲི་དེའི་སྟེང་ཁམས་སྤྲུལ་ཡང་སྲིད་བཞུགས་སུ་བཅུག་ནས་བཟུང་། ང་དང་ང་འདྲ་བའི་ཆོས་བརྒྱུད་ཀྱི་མི་རྣམས་ལ་དྭོག་པ་དང་མ་དད་པའི་ས་བོན་རིམ་གྱིས་བསྐྲུན་པ་མ་ཟད། ཁྱེད་ཅག་གི་གཤིས་སྤྱོད་ངོ་མ་དེ་གང་ཡིན་པར་རྗེན་པར་སྟོན་ཡོད་པས་ཤེས་པར་གྱིས་ཤིག དེ་དང་ཕྱོགས་མཚུངས་༧རྒྱལ་བ་ཀརྨ་པའི་ཡང་སྲིད་སྐོར་ལའང་ང་ཚོ་ནི་འབྲུག་པ་བཀའ་བརྒྱུད་ཡིན་ཀརྨ་པའི་ཡང་སྲིད་ལ་ཐེ་བྱུས་མེད་གསུང་གི་ཡོད་ན། ཕྱི་ལོ་ ༡༩༩༤ ལོར་ཞྭ་དམར་རིན་པོ་ཆེ་ནས་དགོས་མཁོ་ལ་གཞིགས་པའི་ཀརྨ་པ་ཡིན་རྒྱུ་བ་ཞིག་ཁྲིར་འདོན་མཛད་སྒོའི་སྐབས་ཁྱེད་རང་ཚོ་ལྷ་འདྲེ་དཔུང་གདངས་མཉམ་ཤིབ་ཀྱིས་འཁོས་བབས་ལ་གཞིགས་པའི་ནུས་ཤུག་རྩལ་འདོན་གྱི་གྲོགས་རམ་བྱས་པ་དེ་ཐེ་བྱུས་བྱས་པ་མ་ཡིན་ན་གང་ཡིན། དེ་ལ་འགྲེལ་བཤད་ཇི་འདྲ་ཞིག་རྒྱག་རྩིས་ཡོད། ད་ཆ་ཁྱེད་རང་ཚོ་གནས་སྐབས་ཀྱི་དགོས་མཁོ་གཞན་ཞིག་ལ་གཟིགས་ནས་གློ་བུར་འགྱུར་བ་བཏང་སྟེ། ང་ཚོ་ནི་སྔར་ནས་སེམས་དཀར་བློ་དཀར་ཅན་ཡིན་ཞེས་དད་དམ་ཆེ་མདོག་གིས་བཅོས་མའི་རྣམ་འགྱུར་ཞིག་སྟོན་པ་མ་ཟད། སྔར་བྱས་རྣམས་མངོན་སུམ་དུ་སྦས་ཤིང་རྫུན་ཚིག་གི་གླེང་སློང་ཕྱོགས་ཀུན་ཏུ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པ་དེ་མྱལ་བར་སུ་འགྲོ་མི་ཤེས་པས་ཡིད་གཟབ་གྱིས་ཨ།
དྲྭ་གྲོགས་དོན་གྲུབ་རྡོ་རྗེ་ལགས། ཁྱེད་རང་གིས་ཁམས་སྤྲུལ་ཡང་སྲིད་རིན་པོ་ཆེས་༧རྒྱལ་བ་ཀརྨ་པར་དེང་སང་བརྟན་བཞུགས་ཤིག་བསྟེགས་འབུལ་ཞུས་པར། སྔར་བྱས་རྣམས་བརྗེད་རེ་བྱེད་ཁུལ་དུ་གནས་ན་ཡང་། ངས་དྲིས་པའི་ཚིག་ལ་རྡོག་དོན་ཡང་སྙིང་ཚིག་ཐག་ཆོད་པའི་ལན་ཞིག་སྨར་དོན་ཁྱེད་རང་ཚོའི་སུས་ཀྱང་ཁ་ཐུག་གི་སྤྲད་རྒྱུ་མེད་པར། རི་སྐོར་ཀླུངས་སྐོར་གྱིས་སྔ་རྗེས་མཆོད་སྣ་དམ་ཚིག་བཤད་ཁུལ་བྱས་པ་དེ་ལྟར་ཡིན་ན། ༧རྒྱལ་བ་ཀརྨ་པ་ཕྱི་ལོ་ ༡༩༩༢ ལོར་རིམ་བྱོན་གདན་ས་མཚུར་ཕུར་གསེར་ཁྲི་མངའ་གསོལ་ཞུས་ཟིན་ནའང་། ད་དུང་ཁྱེད་ཚོ་ཞྭ་དམར་རིན་པོ་ཆེའི་རྗེས་སུ་ཚུལ་མིན་བསྙེགས་པའི་རྒྱུ་མཚན་གང་ལགས། དེ་ཡི་ལན་ཞིག་ཁུར་ཤོག་དང་། ང་རྒྱ་མིའི་རྒྱུག་ཁྱི་ཡིན་མིན་རིམ་པའི་ཤེས་གསལ་རེད།
འབྲོང་བུ་སོག་ཚ། ཞེས་པའི་མཆན་འབྲི་མཁན་འདིའི་སྐད་ཆ་ལ་གླེང་རིན་ཡོད་པ་སྣ་གཅིག་མ་མཆིས་ཀྱང། ཁོ་པས་དགོས་འདུན་ངོ་མ་དེ་ཉེ་ཆར་༸རྒྱལ་བ་མདོ་ཁམས་པ་ཆེན་པོ་སྐུ་ཕྲེང་དགུ་པ་ངེས་དོན་བཤད་སྒྲུབ་ཉི་མ་མཆོག་གིས་གཙོས་དཔལ་ལྡན་འབྲུག་པའི་བླ་ཆེན་ཁག་ཅིག་གིས་༸རྒྱལ་དབང་ཀརྨ་པ་དང་ཁམས་སྤྲུལ་སྐུ་ཕྲེང་གོང་འོག་གི་བསྟན་དོན་དམ་ཚིག་ཆིག་བསྒྲིལ་གྱི་ལ་རྒྱར་དགོངས་བཞེས་ཀྱིས་ད་ལྟའི་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ལ་མི་ཕྱེད་དང་བས་བརྟན་བཞུགས་བསྟར་འབུལ་ཞུས་པར། ཕྲག་དོག་དང་འགྲན་སེམས་ཀྱིས་དོན་མེད་རྙོག་གླེང་མི་ཉུང་བ་ཞིག་སྤེལ་འདུག་པར་སྙིང་རྗེའི་ཡུལ་ལས་མ་འདས་ཀྱང། སྤྱིར་ན་བོད་རིགས་ནང་ཁུལ་དཀྲུག་ཤིང་གི་ལས་ཀ་སྤེལ་བཞིན་པའི་མི་ངན་འདི་ཚོར་རྒྱ་ནག་པོས་རྒྱུ་དངོས་ཕོན་ཆེན་བཏང་ནས་བཙན་བྱོལ་བོད་མིའི་ནང་དུ་རྐང་བཙུག་ནས་བཏང་བ་ཞིག་མིན་རྒྱུའི་ངེས་པ་མེད་པས་དོགས་ཟོན་དགོས་པ་ལས་ཁོ་པ་ཚོས་དཀྲུག་ཤིང་ལ་ཡིད་རྟོན་བྱ་མི་རུང་བ་ནི། བོད་མི་རིགས་ཀྱི་ལ་རྒྱ་དང་ལྟ་བ་ཡོད་མཁན་ཀུན་གྱིས་མཁྱེན་གསལ་དུ་གྱུར་ཡོད། གཉིས་ནས་འབྲོང་བུ་སོག་ཚ། ཞེས་པ་འདི་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ལ་ཞེན་ཁོག་ཡོད་མདོག་གིས་དོན་ལ་ཁོང་ལ་རྒྱབ་སྐྱོར་དང་འཁོར་ཚོགས་མང་དུ་སོང་ན་ཕྲག་དོག་གིས་མི་བཟོད་མཁན་གྱི་མི་ངན་ཐབས་ཆག་ཅིག་ཡིན་པ་གསལ་སྟོན་བྱས་པ་ཙམ་ལས་གང་ཡང་མི་འདུག གཞན་ཁོ་པས་བཤད་པ་དེ་ཚོར་རྒྱུ་མཚན་སྣ་གཅིག་ཀྱང་མ་མཐོང་བས་ཚིག་བརྗོད་རེ་རེ་བཞིན་དགག་དགོས་མ་མཆིས་སོ།།
དྲྭ་གྲོགས་གངས་ཅན་པ་ལགས། ཐོག་མར་གསལ་བཤད་དགོས་རྒྱུར་མི་ང་ལྟ་བུ་༧རྒྱལ་བ་ཀརྨ་པའི་ཞབས་གྲས་སུ་ག་ལ་ཚུད་ལ། གལ་ཏེ་ཚུད་པའི་དབང་དུ་བཏང་ཡང་སྔར་བསགས་བསོད་ནམས་ཀྱིས་འབྲས་བུ་ལས་མ་འདས། དེ་ཡང་ཁྱེད་ཀྱི་ལན་དུ། སྤྱིར་གཞུང་སུ་དང་སུ་ཡིན་ཡང་གནས་སྐབས་དགོས་མཁོ་དང་བསྟུན་རྒྱུ་དེ་རྒྱུ་མཚན་གཙོ་བོར་འཛིན་པ་ཞིག་ཡིན་འདུག དཔེར་ན་རྒྱ་གར་གཞུང་ནས་ད་བར་རང་ཅག་བོད་དེ་རང་བཙན་ཡིན་པར་ངོས་འཛིན་གནང་གི་མེད་པའི་རྒྱུ་མཚན་དུ་བྱས་ནས་ཁྱེད་རང་གི་སྔར་ནས་རང་བཙན་མ་ཡིན་པ་ཞིག་ལ་ཁས་ལེན་གནང་ཐུབ་བམ། གཉིས་པ་རང་རེ་བོད་ཆོས་ལྡན་གྱི་རྒྱལ་ཁབ་དེའང་༧རྒྱལ་དབང་སྐུ་གོང་འོག་ནས་ཐུགས་འཁུར་རིམ་པར་གནང་ཡང་མ་ཟློག་པར་རྒྱ་ལག་ཏུ་སོང་བ་དེ། རང་རེ་བོད་པའི་སྤྱི་ཚོགས་ནང་སྐུ་དྲག་ཚོས་ཞེས་གླེང་དང་གླེང་བཞིན་པ་ཡིན་པས་དེ་ལྟར་ཡིན་ན་སྐུ་དྲག་འདི་དང་འདི་ཞེས་བརྗོད་ན་མི་ལེགས་སམ། བླ་གཞུང་ལ་དངུལ་གྱི་དོན་རྐྱེན་བྱུང་བ་དེར་རྒྱ་གར་གཞུང་རང་གིས་གསལ་བསྒྲགས་ནང་། ནོར་འཕྲུལ་ཡིན་པ་གང་ཡང་བཤད་མི་འདུག་པས་ཁྱེད་ཀྱི་དེ་ནོར་འཁྲུལ་ལ་གཟིགས་པ་ག་འདྲ་ཡིན་ན། བླ་བྲང་ནས་རྒྱ་གར་གཞུང་ལ་ཞུ་སྐུལ་རིམ་ཞུས་བྱས་ཀྱང་ཆོག་མཆན་མ་ཐོབ་ན་བྱེད་ཐབས་བྲལ་བ་ལས་གཞན་པའི་ཐབས་ཅི་ཡོད་གསུང་རོགས་གནང་། དགོན་པའི་ཁྱི་ལ་ཞུས་ན། །བླ་མའི་ཐུགས་ལ་འཕོག ཞེས་པ་དེ་བོད་ཀྱི་ཡོངས་གྲགས་ཀྱི་གཏམ་དཔེ་ཞིག་ཡིན་པས་དེ་ལ་ཁྱེད་ཀྱི་འགྲེལ་བཤད་ག་འདྲ་ཞིག་སྐྱོན་རྩིས་ཡོད།
འབྲོང་བུ་སོག་ཚ་ལགས་ཁྱེད་རང་ཡང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེའི་ཞབས་གྲས་ཀྱི་མིང་གི་ཞབས་འདྲེན་པ་ཞིག་ཡིན་ས་རེད།
༡ ༼ཀརྨ་པའི་ཞབས་གྲས་ནང་རྒྱ་དཀར་ནག་གི་སོ་པ་ཡོད་པའི་སྐོར་བྲིས་ཏེ་མ་འགྲིག་པ་བྱུང་ཚེ་བོད་གཞུང་ལ་ཁ་གཏོང་གིས་འདུག་ཞེས་རྒྱུ་མཚན་དུ་བཀོད་གནང་འདུག་པར། ཉེ་འཁྲིས་སུ་རྒྱ་ནག་གི་སོ་པ་ཡོད་ཞེས་པ་དེ་མཚན་སྨད་དེ་ལས་ཆེ་བ་མེད་པས་ཐུགས་བཞག་མཛོད། ༽ཞེས་དེ་ལེན་དུ། དེ་འདྲ་ཡིན་དེ་སྔོན་ཀརྨ་པ་སྐུ་སྲུང་བ་ཞིག་རྒྱ་མི་སོ་པ་རེས་ཞེས་རྒྱ་གར་བས་རྒྱ་གར་ནས་ཕྱི་ཕུས་ངབྱས་པ་མ་རེད་དམ།
༢༼བོད་གཞུང་ཞེས་པ་དེ་ལས་བྱེད་ཚོགས་པ་གཅིག་ལ་གཞུང་ཞེས་མིང་དུ་བཏགས་པ་ཡིན་སྟབས། ལས་བྱེད་རེ་ཟུང་གི་ངོས་ནས་ཐུས་ཤོར་འགྲོ་གི་ཡོད་དུས་གསལ་འདེབས་ཞུས་པ་ཞིག་ལས། བོད་གཞུང་ལ་རྩ་བ་ནས་མི་དགའ་བའི་ཐོག་ནས་དེ་ལྟར་བྱས་པ་མིན་ཤས་ཆེ། ༽ཞེས་པ་དེ་གསལ་བཤད་ཡིན་གཅིག་གནང་རོགས་ད་ལྟ་བར་དུ་བོད་གཞུང་ལས་སུ་དང་ལས་ཐོག་གང་གི་ཀརྨ་པ་རིན་པོ་ཆེ་ལ་ཐུས་ཤོར་གང་བྱུང་པ་རེད་དམ་ག་དུས་བྱུང་པ་རེད་དམ། ཀརྨ་པའི་བླ་བྲང་ལ་བྱུང་བའི་དངུལ་གྱི་དོན་སྐྱེན་དེ་བོད་གཞུང་གི་ལས་པའི་ཐུས་ཤོར་རེད་དམ་ཀརྨ་པའི་ཞབས་གྲས་ཀྱི་མིང་གི་ཞབས་འདྲེན་པ་ཁྱེད་ཚོས་ཐུས་ཤོར་རེད་དམ།
༣༼དེ་ཡིན་དུས་འཆི་མེད་བརྡུང་བ་དེའི་ན་ཚ་དེ་༧རྒྱལ་བ་ཀརྨ་པ་ལ་ཡོད་པ་ཐེ་ཚོམ་གང་ཡང་མེད། དཔེར་ན་དགོན་པའི་ཁྱི་ལ་བཞུས་ན། བླ་མའི་ཐུགས་ལ་ཕོག ༽ཞེས་པ་དེ་ཐེ་ཚོམ་དེ་བས་ཆེ་གང་ལ་ཞེས་དཔལ་ཀརྨ་པ་རང་ཉིད་ཞལ་ནས། ང་རང་ཡུལ་དང་མཚུར་ཕུ་གཉིས་ཀར་ལོ་བརྒྱད་རེ་ལས་བསྡད་མི་འདུག་ཅིང་། ད་ལྟ་རྒྱ་གར་དུ་ཡང་ཅི་ཡིན་འདི་ཡིན་མེད་པར་ལོ་བརྒྱད་ཟིན་ལ་ཉེ་བ་ཡིན་ཀྱ་ད་དུང་བསམ་དོན་མ་འགྲུབ་པ་དེ་མཚུར་ཕུ་བླ་བྲང་ལ་ཡང་ལལན་པ་ཡོད།
༈ ཁུངས་མེད་གཅམ་བུའི་ཚིག་གིས་བླ་ལྷ་ཁག །བསླུ་བར་བརྩམ་པར་འབྲོང་བུ་སོག་ཚ་ཡིས། །རྒྱུ་མཚན་ལྡན་པའི་དངོས་བྱུང་མྱོང་བ་རྣམས། །ཡི་གེར་དཔོད་ནས་དན་རྟགས་གསལ་བར་བྱས། །གོང་མ་རྣམ་གཉིས་ཐུགས་མཐུན་ཡིན་ལོ་ཞེས། །གོང་མ་རྣམ་གཉིས་དམ་ཚིག་གཙང་ངོ་ཞེས། །དེ་ལྟར་ཡིན་ན་མགོ་གཉིས་བྱེད་དོན་ཅི། །མིན་ན་དངོས་རྫས་གཡར་བའི་རྒྱུ་མཚན་གང་། །ཞིབ་ཏུ་དཔྱད་ན་ཁྱེད་ཅག་གཞིས་དགོན་རྣམས། །དངུལ་དང་འཕྲད་ན་རྒྱ་མི་ཡིན་འདོག་དང་། །དགོས་གལ་བྱུང་དུས་རྒྱ་གར་ཡིན་འདོག་གི། །ཕ་མ་དྲིན་ཆེན་བཙོང་ལ་ཐེ་ཚོམ་དབེན།།
གངས་ཅན་པ་ལགས། ཀརྨ་པའི་ཞབས་གྲས་ནང་རྒྱ་དཀར་ནག་གི་སོ་པ་ཡོད་པའི་སྐོར་བྲིས་ཏེ་མ་འགྲིག་པ་བྱུང་ཚེ་བོད་གཞུང་ལ་ཁ་གཏོང་གིས་འདུག་ཞེས་རྒྱུ་མཚན་དུ་བཀོད་གནང་འདུག་པར། ༧རྒྱལ་བ་ཀརྨ་པ་རྒྱ་ནག་པོ་རྒྱབ་ཏུ་བསྐུར། རྒྱ་དཀར་པོར་དཔུང་དུ་བཅོལ་ཏེ་བོད་ཀྱི་བདེ་དོན་ཁོ་ནའི་ཆེད་ཕེབས་པས། ཉེ་འཁྲིས་སུ་རྒྱ་ནག་གི་སོ་པ་ཡོད་ཞེས་པ་དེ་མཚན་སྨད་དེ་ལས་ཆེ་བ་མེད་པས་ཐུགས་བཞག་མཛོད། བོད་གཞུང་ཞེས་པ་དེ་ལས་བྱེད་ཚོགས་པ་གཅིག་ལ་གཞུང་ཞེས་མིང་དུ་བཏགས་པ་ཡིན་སྟབས། ལས་བྱེད་རེ་ཟུང་གི་ངོས་ནས་ཐུས་ཤོར་འགྲོ་གི་ཡོད་དུས་གསལ་འདེབས་ཞུས་པ་ཞིག་ལས། བོད་གཞུང་ལ་རྩ་བ་ནས་མི་དགའ་བའི་ཐོག་ནས་དེ་ལྟར་བྱས་པ་མིན་ཤས་ཆེ། ཁ་དང་ཁ་སྤུ་དབྱེ་མཚམས་ངེས་པར་ཕྱེ་དགོས། ཡང་ཁྱེད་ཀྱིས་ཀརྨ་པའི་མགྲོན་གཉེར་འཆི་མེད་ཟེར་བ་ཞིག་དོན་མེད་མིའི་བརྡུང་བ་དེར་རྒྱབ་སྐྱོར་དང་། ད་དུང་ཡང་ཞབས་གྲས་རྣམས་ལ་དེ་ལྟར་བྱེད་དགོས་པའི་རེ་བསྐུལ་ཞིག་འདུག་པར། ང་རང་སྒེར་ངོས་ནས་མགྲོན་འཆི་མེད་སུ་ཡིན་མི་ཤེས་ཀྱང་། ཡང་སྙིང་མི་དེ་༧རྒྱལ་བ་ཀརྨ་པའམ། ཁོང་གི་བླ་བྲང་གི་འགན་ཡོད་ལས་བྱེད་ཞིག་གིས་བསྐོ་བཞག་གནང་ཡོད་པ་ཐག་ཆོད་རེད། དེ་ཡིན་དུས་འཆི་མེད་བརྡུང་བ་དེའི་ན་ཚ་དེ་༧རྒྱལ་བ་ཀརྨ་པ་ལ་ཡོད་པ་ཐེ་ཚོམ་གང་ཡང་མེད། དཔེར་ན་དགོན་པའི་ཁྱི་ལ་བཞུས་ན། བླ་མའི་ཐུགས་ལ་ཕོག ཟེར་བ་བཞིན་ལགས་ན་ཤེས་རྒྱ་ཡངས་པའི་དྲྭ་གྲོགས་ཚོའི་མཆན་འགོད་སྐབས་བསམ་བློ་ཞིབ་ཏུ་གཏང་རྒྱུ་དེ་གལ་ཆེར་མཐོང་།
སྨར་ཀླུང་ལགས། ༧རྒྱལ་དབང་གོང་མ་རིག་པའི་རྡོ་རྗེ་དང་། ཁམས་སྤྲུལ་གོང་མ་རྣམ་གཉིས་ཐུགས་སྣང་གཤིན་པོ་ཡོད་པའི་ལོ་རྒྱུས་ཤིག་རྒན་རབས་རྣམས་ཀྱིས་བརྒྱུད་ནས་གོ་ཐོས་བྱུང་བར་རྒྱུ་མཚན་དུ་བྱས་ནས། གནས་སྟངས་ཉག་ཕྲའི་དུས་འདིར་གཞན་ལས་རེ་བ་ཆེ་བཅོལ་བྱས་ཁུལ་བྱས་ཀྱང་། རེ་བ་དོན་མེད་དུ་སོང་བར་མ་བཟོད་པར་ཡིག་ལམ་དུ་བཀོད་དགོས་བྱུང་། ད་དུང་ཡང་ཁྱེད་རང་ངན་པ་ཇེ་རྒྱལ་དུ་སོང་སྟེ་ཀམ་ཚང་ཁྱེད་རང་ཚོ་
ཞེས་པ་དང་། བྱམས་མགོན་སི་ཏུ་རིན་པོ་ཆེ་དང་། སྐྱབས་རྗེ་ཞྭ་དམར་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་སྒེར་གྱི་རྩོད་རྙོག་ཅིག་ཏུ་འཁྲིད་རྩིས་བྱེད་བཞིན་པ་དེ་ཤིན་ཏུ་མ་འཚམས་པའི་གནས་ཤིག་ལས་མ་འདས། གང་ལགས་ཤེ་ན། བྱམས་མགོན་སི་ཏུ་རིན་པོ་ཆེ་ལ་༧རྗེ་གོང་མའི་འཇོག་གནང་མཛད་པའི་འདའ་ཁའི་ཞལ་ཆེམས་དེ་ཉིད་སྟེང་། བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་པོ་མཆོག་གིས་ཐུགས་ཐག་གཙང་བཅད་གནང་བ་དེ་ལ། ཞྭ་དམར་རིན་པོ་ཆེའི་མ་བཟོད་པར་ངོ་རྒོལ་བྱས་པར་འཛམ་གླིང་ཚང་མའི་མཁྱེན་གསལ་ཡིན་པའི་བདེན་པ་བདེན་ཐུབ་དེ་ལ་རྒྱབ་སྐྱོར་ཞུས་པ་ཞིག་ལས། ཁྲིམས་མེད་ལུང་མེད་ཀྱིས་བཟོས་ནས་རྒྱབ་སྐྱོར་ཞུས་པ་ཞིག་མ་ཡིན་པ་དེ་ཁྱེད་དང་ཁྱེད་འདྲ་བའི་མི་རྣམས་ཀྱི་ངེས་པར་ཤེས་པར་གྱིས། ད་དུང་ཡང་ཁྱེད་རང་གིས་ང་ཚོ་ནི་གཉིས་ཀར་བརྩི་བཀུར་ཞུ་མཁན་ཡིན་ཞེས་མགོ་གཉིས་ཀྱི་གསལ་བཤད་ཞིག་གནང་འདུག་པས། བདེན་བརྫུན་གང་ལ་རྒྱབ་སྐྱོར་ཞུ་མཁན་ཡིན་གསལ་པོ་བཀོད་རོགས་གནང་།
ཝ་མི་རྒྱས་ཁ་མེད་འདྲེ་གི་འགྲམ་ལྕག་བརྒྱབ། ཁྱི་མི་ཟུག་ཁ་མེད་རྐུ་མས་ནག་འབུར་བཅའ། ཟེར་བ་བཞིན་ཀ་འབྲོང་གཉིས་ལ་མང་པོ་ལབ་རེས་བརྩེ་ན་དགོས་མེད་དང་ཆོ་མེད་ཞིག་ལས་རྒྱུ་མཚན་དེ་ཙམ་ཡོད་པར་མི་སེམས་ཀྱང་ལེ་ལེན་རྔ་དང་རྔ་ལྕག །སྐྱེ་ལན་བྲག་དང་ཤུག་པ་ཟེར་བ་བཞིན་འདྲ་མ་ཙམ་ཞིག་མ་བཤད་ན་རྒྱལ་དབང་ཀརྨ་པ་སྐུ་གོང་འོག་དང་ཁམས་སྤྲུལ་སྐུ་གོང་འོག་གི་ནང་གཟིགས་ཐུན་མིན་གྱི་ཐུགས་འབྲེལ་དེ་དངུལ་གྱི་དོན་རྐྱེན་དང་སྤྲེལ་ལད་དུ་བསྒྱུར།
འོག་མིན་ཁམས་པ་སྒར་གྱི་སྐྱབས་རྗེ་ཡབ་སྲས་ལ་ཉེས་མེད་ཉེས་འགེལ་གྱི་དམོད་ཚིག་སྣ་ཚོགས་པ་ཞིག་ང་དང་ང་འདྲ་བའི་འཁྱམ་ཉུལ་བ་ཚོས་ཁ་ནས་གང་དོན་ཡིག་ཐོག་ལ་བྲིས་ནས་རྒྱལ་དབང་རིན་པོ་ཆེ་ལ་སྐུ་ཆུས་ཡོད་མདོག་དང་/
ཁམས་པ་སྒར་ལ་རྒྱུས་མངའ་ཡོད་མདོག་གི་བཤད་པ་གནང་འདུག་ཀྱང་དོན་གྱི་གལ་པོ་རྒྱལ་དབང་རིན་པོ་ཆེ་ཉིད་ཀྱི་སྐུ་ཆུས་ཀྱི་དོན་ལ་བསམ་ཤེས་ལྡན་པའི་མི་སྣ་ཞིག་མིན་པ་ལྟ་ཞོག་ཕུང་དཀྲུག་དང་དབྱེན་སྦྱོར་གང་ཐུབ་ཐུབ་ཀྱི་དམ་ཉམས་དྲེད་པོ་དེ་འདྲ་ཤར་ཅིག་རེད་འདུག་པ་དཔྱད་པས་གྲུབ།
ཡིན་ན་ཡང་རྒྱལ་དབང་རིན་པོ་ཆེ་ཉིད་ཀྱིས་ཀྱང་སྤྲེལ་ལེགས་སུ་གི་འཁྲབ་པ་ཡིན་མིན་དང་དང་དམ་ཚིག་སུ་གི་བསྲུང་མིན་དེ་ཙམ་སོ་སོར་རྟོགས་པའི་ཤེས་རབ་དང་མཁྱེན་པ་ཡོད་ཉན་ཞིག་ལས། མདོ་མེད་ཅལ་རྒྱུག་ཁྱེད་རྣམ་པ་ལྟ་བུ་ཞིག་ནི་མིན་པ་དེ་དང་པོ་ངེས་པའི་སྒོ་ནས། མར་མེའི་གསལ་སྒྲོན་དེ་ཉི་གུང་ལ་མི་དགོས་པར་སྣང་།
ད་ལྟ་རྒྱལ་དབང་འདི་ཉིད་ཀྱིས་ཀྱང་རྒྱལ་དབང་ཡང་སྲིད་གཉིས་ཆར་ནང་མཐུན་ཡོང་རེ་དང་ཀརྨ་ཀཾ་ཚང་གི་ནང་འཁྲུགས་སྤྱིར་ན་ནང་པ་སངས་རྒྱས་པའི་ཞབས་འདྲེན་འདི་ཚོ་ཡ་ང་བ་དང་ཡི་མུག་པ་ཆོས་བྱེད་ཀྱི་མི་ཡི་བླང་བྱ་མ་ཡིན་པ་དེ་ཐབས་ཤེས་གང་ཞིག་གི་སྒོ་ནས་ནང་མཐུན་འབྱུང་བར་ཐུགས་འདུན་དང་གོ་སྐབས་རབ་དང་རིམ་པ་བཏོན་གནང་མཛད་པ་དེ་ཚོ་རྒྱུ་མཚན་གང་ལ་བརྟེན་ནས་མཛད་པ་ཡིན་པ་ཁྱེད་རྣམ་གཉིས་ཀརྨ་པ་ལ་རྒྱུས་མངའ་ཡོད་པ་ཞིག་ཡིན་ན་ཤེས་པར་གྱིས་ཤིག ཁམས་པ་སྒར་འདི་ཁྱོད་རང་མ་དགའ་ན་ཡང་རྒྱལ་དབང་རིན་པོ་ཆེ་སྐུ་གོང་མ་བཅུ་དྲུག་རིག་པའི་རྡོ་རྗེ་མཆོག་དང་། སྐྱབས་རྗེ་ཁམས་སྤྲུལ་གོང་མ་བརྒྱད་པ་རིན་པོ་ཆེ་རྣམ་གཉིས་དབང་ལུང་མན་ངག་ཕར་ཚུར་ཕུལ་གནང་མཛད་པའི་ཐུགས་འབྲེལ་དང་ཐུགས་ནང་མཐུན་པོ་ཡོད་པ་ཡིན་པ་མ་ཚད་ཁམས་པ་སྒར་གྱི་སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་གཙོས་པའི་བླ་སྤྲུལ་ཡོད་ཚད་རིག་པའི་རྡོ་རྗེ་མཆོག་གི་ཞལ་སློབ་དུ་མ་གྱུར་བ་ཕལ་ཆེར་མེད་པ་རེད། དེ་འདྲ་ཡིན་དུས་ཡང་སྲིད་ཀྱི་ཐད་ལ་རྙོག་གྲ་བྱུང་བ་འདི་ལ་ཁམས་པ་སྒར་གྱིས་གཅིག་ཤོས་ལ་དགའ་དད་བྱས་ནས་གཅིག་ཤོས་ལ་དགའ་དད་མི་བྱེད་དགོས་པའི་རྒྱུ་མཚན་གང་ཡང་ཡོད་པར་མི་སྣང་། འདི་ཤ་གྲི་སོ་སོ་ཡིན་དུས་རྙོག་གྲ་དེ་ཚོ་རྒྱལ་དབང་ཉིད་ཀྱི་ཞབས་འབྲིང་རྣམས་དང་ཀཾ་ཚང་བའི་ནང་དུ་བྱུང་བ་ཞིག་ལས་རྒྱལ་དབང་རིན་པོ་ཆེ་ཉིད་དང་ཁམས་པ་སྒར་ངོས་ཀྱི་རྙོག་གྲ་ཟུར་ཙམ་ཡང་མེད་པ་གསལ་གསལ་ཐིང་ཐིང་ལ་དོན་མེད་པའི་སྐད་ཆ་དེ་ཚོ་འདིར་མི་དགོས་པ་ངེས་པར་གྱིས་ཤིག དེ་ཡི་ཕྱིར་རྒྱལ་དབང་ཉིད་ཀྱི་སྐུ་ཚ་ཞྭ་དམར་རིན་པོ་ཆེ་དང་། སྐྱབས་རྗེ་སིདྡྷི་རིན་པོ་ཆེ་རྣམ་གཉིས་ལ་ཁམས་པ་སྒར་གྱིས་ཕན་ཚུན་གཉིས་མཐུན་གྱི་འདུམ་བྱེད་པ་ལས་གཉིས་ཆར་ལ་མི་དགའ་དགོས་པའི་རྒྱུ་མཚན་གང་ཡང་ཤོད་རྒྱུ་འདས་ལ་ཡང་མེད་དེ་ད་ཡང་མེད་པ་ཡིན་ཚོད་ལ་ཤེས་པར་གྱིས་ཤིག སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་བོད་གཞུང་གི་ངོ་ལོག་པ་ཞིག་རེད་ཞེས་ཁྱོད་ཀྱིས་བཟོ་གི་ཡོད་ན། ས་སྐྱ་གོང་མ་རིན་པོ་ཆེ། གྲུབ་དབང་པད་ནོར་རིན་པོ་ཆེ། མཁས་དབང་ཟམ་གདོང་རིན་པོ་ཆེ་སོགས་དེ་ནང་གི་མགོ་གཙོ་ཡིན་པ་ངེས་པར་གྱིས་ཤིག སྤྱིར་གཏམ་དེ་ཚོ་འཁོ་མེད་དང་དགོས་མེད་ཀྱི་གཏམ་འབའ་ཞིག་ལས་ཁྱི་ཁ་སློག་ན་སྐྱག་པའི་དྲི་ལས་མེད་པས་དེ་ཚོ་མ་བཤད་ན་མཛེས་པར་སེམས། སངས་རྒྱས་ཀུན་འདུས་བྱས་ནས་དད་དམ་ལྡན་པ་ཡོད་ཚད་ལ་མགོ་གཉིས་དང་ཡིད་གཉིས་ཞེས་བརྗོད་ན་ཁྱོད་རང་ནོར་བས།
ཁམས་པ་སྒར་ལ་བཤད་མི་རུང་བ་ཞིག་དང་དགྲ་གཉེན་རིས་སུ་བཅད་དགོས་ས་དེ་ཙམ་མེད་པ་ཉམས་ཆུང་དམ་ཚིག་གསེར་སྲུང་བྱེད་ནས་སྡོད་པ་ཞིག་ཡིན་ཚོད་འདུག་པས་ཁྱོད་དག་སྣང་ཞིག་སྦྱང་ཐུན་ན་ཆོས་མཐུན་གྱི་བྱ་བ་ཆེས་མཆོག་ཏུ་གྱུར་པ་ཡིན་པས་འབྲོང་བུ་དང་ཀར་རྡོ་གཉིས་དམྱལ་བ་ནང་རྒྱུག་པའི་གྲབ་མ་ཤོམས་ཤིག།
དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེན་ནི་བོད་རིགས་ཀྱི་ཆེད་དུ་རྒྱ་གར་ལ་ཕེབས་པའི་བླ་ཆེན་ཞིག་རེད་ཁོང་ནི་རྒྱ་ནག་གི་གསང་ཉུལ་བ་གང་ལ་ཡིན། ཡིན་ན་ཡང་ཀརྨ་པ་རིན་པོའི་ཞབས་རྗེ་དེ་ཚོ་ནི་རྒྱ་ནག་གི་གསང་ཉུལ་བ་དང་རྒྱ་གར་བའི་གསང་ཉུལ་བ་གཉིས་ཀར་ཡོད་པ་གསལ་པོ་རེད། གང་ཡིན་ཞེས་ན་དུས་རྒྱུན་ཀརྨ་པའི་ཕྱིབས་འགྱུར་སོགས་ལ་དཀའ་ངན་འདྲ་བྱུང་པ་ཡིན་ན་ལམ་སང་བོད་གཞུང་བཀག་པ་རེད་ཟེར་ནས་བོད་གཞུང་དང་ཀརྨ་པ་རིན་པོ་ཆེའི་འབྲེལ་བ་ལ་གནོས་སྐྱོན་བཟོ་ཡི་ཡོད། ད་དུང་དེ་སྔོན་རབས་རྒྱས་ཆོས་བཟང་ཟེར་བའི་གྲྭ་བ་དེའི་ཉལ་ཁང་ནས་དོན་པའི་དངུལ་དེ་དག་ནི་ཀརྨ་པའི་བླ་བྲང་གི་ལས་བྱེད་ ཆེ་ཆུང་ཚང་མས་དངུལ་དེ་ལ་ཡོེད་པ་དང་ག་ཚོད་ཡོད་པ་སོགས་གང་ཤེས་ཀྱི་མེད་ཞེས་ཚང་མ་བརྗོད་འདུག་ཐ་ན་ཀརྨ་པ་རིན་པོ་ཆེའི་ཨ་ཅག་ཨ་ནི་ཀྱང་ཤེས་ཀྱི་མིན་འདུག་དེ་འདྲ་རྩིས་སོགས་གང་མེད་པའི་དངུལ་དེ་དག་ནི་རྒྱ་གར་གཞུང་གི་དེ་རིང་མ་ཟིན་པ་ཡིན་ན་དངུལ་དེ་དག་ནི་རབས་རྒྱས་ཆོས་བཟང་དང་མཁན་པོ་བསྟན་རྣམ་ཟེར་དེ་གཉིས་ནས་རྐུ་ཡག་གསལ་པོ་རེད། ད་ལྟ་ཀརྨ་རིན་པོ་ཆེའི་ཞབས་རྗེ་ནི་རོང་པ་རྐྱང་རྐྱང་རེད་རོང་པ་དེ་དག་ལ་དངུལ་བྱུང་ན་གང་དགོས་པ་མ་རེད། དེ་འདྲ་ཡིན་དུས་ཁ་སྔོན་ཀརྨ་པའི་མགྲོན་གཉེར་འཆི་མེད་ཆོས་རྒྱལ་ཟེར་བ་དེ་ལ་ཉེས་རྡུང་ཡག་པོ་ཞིག་བཏང་འདུག་པས་དེ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ད་དུང་ཀརྨ་པའི་ཞབས་རྗེའི་མིང་གི་ཞབས་འདྲེན་པ་དེ་དག་རང་ཚམ་གི་དགོང་པ་མ་ཞུས་ན་འཆི་མེད་ཆོས་རྒྱལ་ལ་གང་བྱུང་པ་དེ་འདྲ་ཞིག་དགོས་ས་རེད།
སྐུ་ཞབས་སྨར་ཀླུང་ལགས། ངས་འདས་པའི་བྱུང་རིམ་ཁག་རོབ་ཙམ་བྲིས་པར་ཁྱེད་དེ་ལྟ་བུའི་སྐུ་རླུང་བཞེངས་དགོས་དོན་གང་ཡིན་ན། མ་གཞི་བོད་ཀྱི་གཏམ་དཔེར། མི་གནོང་ཅན་ཁྲོ། རྟ་རྒྱབ་ཆད་འཕག་ཟེར་བ་བཞིན་ཁྱེད་རང་རྣམ་པས་རང་གནོང་ངོས་ལེན་བྱས་པ་ཞིག་ལས་མ་འདས། གཉིས་པ་ཁྱེད་ཀྱི་བྲིས་པའི་ལན་ནང་ཁམས་པ་སྒར་ནི་༧རྒྱལ་དབང་རིན་པོ་ཆེ་གཉིས་ཆར་འབྲེལ་འདྲིས་དང་དགའ་དད་པ་ཡོད་ཞེས་པའི་ཚིག་ལས་ཁྱེད་རྣམས་མགོ་གཉིས་ཅན་ཡིན་ཁྱེད་རང་རང་གིས་ངོས་ལེན་གནང་འདུག་པ་དེར། བོད་ཀྱི་གཏམ་དཔེར། ཤར་གྱི་ལྷ་ལ་ཕྱག་འཚལ་ན། ནུབ་ཀྱི་ལྷ་ལ་རྒྱབ་རང་བཞིན་གྱི་བསྟོན་ཟེར་བའི་དཔེ་ལས་དུས་གཅིག་ལ་ཕྱོགས་གཉིས་སུ་ཕྱག་འཚལ་བའི་ལུགས་འདི་ཁྱེད་རང་ཚོ་ལས་གཞན་སུ་ལ་ཡོད། བརྟགས་ཁས། བོད་ཀྱི་གཏམ་དཔེར། ཨ་ཕ་མེད་ལ་ཨ་ཕ་བྱུང་། ཇ་སྒམ་ཁྱོད་ལ་ཕྱག་འཚལ་ལོ། ཟེར་བ་བཞིན་ཁྱེད་རང་དངུལ་གྱི་རྗེས་སུ་འཇུག་རྒྱུ་ཞིག་ལས་གཞན་པའི་ལང་ཕྱོགས་གཏན་པོ་ཞིག་མེད་པ་ཁྱེད་ཀྱིས་གསུང་ལས་རྟོགས་ཐུབ་སོང་།
སྨར་ཀླུང་དཔའ་ལ་ལགས། ཁྱོད་ཀྱི་ཁམས་པ་སྒར་ལ་བཟང་བཟང་དང་ཡག་ཡག་མང་པོ་བཤད་ན་ངོ་ཚ་རོགས་མིན་ནམ། འདས་པའི་ལོ་རྒྱུས་ནང་ན་ཕྱི་མིག་ཞིག་བལྟ་ན་ཁམས་པ་སྒར་ནི་སྔོན་ཆད་༧གོང་ས་ཡིད་བཞིན་ནོར་བུ་ལ་མཚན་སྨད་ཞུ་མཁན་གཏེ་བོ་ཡིན་པ་ཡོངས་གྲགས་རེད། ༼སྐྱབས་རྗེ་རྡོ་རྫོང་རི་པོ་ཆེ།༽སྐྱབས་རྗེ་ཡིན་མིན་གང་ཤེས། ཐོག་མ་བོད་མདོ་དབུས་ཁམ་སོགས་ལ་༧གོང་ས་ཡིད་བཞིན་ནོར་བུ་ལ་མཚན་སྨད་ཞུ་མཁན་གཏེ་བོ་ཡིན་པའང་ཡོངས་གྲགས་རེད། སྔོན་རྗེས་རིམས་པས་བོད་གཞུང་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་ཡང་གནོད་པའི་བྱ་བ་མང་པོ་བྱས་པའི་ལོ་རྒྱུས་ཡང་ཡོངས་གྲགས་རེད། ད་ཆ་ཁོ་རང་ཁེ་བཟང་གི་མཆེད་དུ་བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེ་ལ་སྤྲེའུ་ལེ་ཁྲབ་པ་ལས་དད་སེམས་མིན་པ་ཡང་གསལ་བོ་རེད། དང་པོ་ཞྭ་དམར་ལ་ངོ་དགའ་བཤད་ནས་ ༡༩༩༤ ལོར་ཞྭ་དམར་པས་ངོས་འཛིན་གནང་བའི་ཀརྨ་པ་ཡིན་རྒྱུ་བ་དེ་ཁྲི་འདོན་སྐབས་མཆོད་རྫས་རིགས་དྭང་བླང་གིས་གཡར་པོ་བྱས་བྱས་པས་མ་ཚད། གྲྭ་བཙུན་ཚང་མ་ཞྭ་དམར་པས་ངོས་འཛིན་པའི་ཀརྨ་པ་དེ་ཁྲི་བཏོན་ལ་ཕྱིན་པའི་རྔན་པ་ཕྱིའི་རྒྱལ་ཁབ་ཁག་ལ་བསྐོར་རྒྱུ་བྱུང་བའང་ཡོངས་གྲགས་རེད། སྔོན་ལོ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་མཆོག་གི་དངུལ་འབོར་ཆེན་སྤྲད་ནས་ད་ཆ་མ་ཡིན་ཡིན་འདོག་བྱེད་པའང་གསལ་བོ་རེད། རྗེས་སོར་དངུལ་དེ་ལས་མང་བ་སྤྲད་མཁན་རག་ན་ཕྱི་ནང་རྗེ་རྒྱུ་ཡིན་པའང་གསལ་བོ་རེད། མི་འདི་ཚོ་རིགས་ལ་གཟབ་དགོས། ཉིན་གཅིག་རང་རེ་བོད་ཀྱི་གཏན་སྲིད་རྒྱ་ལག་སྤྲད་རྒྱུ་ཉེན་ཁ་རེད། ཁྱོད་རང་འདོད་བློ་མ་གང་ན་ངས་ད་དུང་མུ་མཐུད་ནས་ཁོང་ལུང་རྒྱུ་མཚན་ཡོད་པའི་འབྲེལ་བཤད་ཞུ་མཆོག
རྐམ་པ་རྒྱ་ནག་གི་གསང་ཟེར་མཁན་ནི་རྒྱ་གར་གྱི་གསར་འགོད་པ་རེད། རྐམ་པས་རྒྱ་ནག་གི་ཁ་པར་གྱི་བྱང་བུ་འཁུར་འདུག་ཟེར་མཁན་སོགས་ནི་རྒྱ་གར་གྱི་ཉེན་རྟོགས་སོགས་ཡིན་པ་ལས་གཞན་སུ་རེད། དེའི་རྐྱེན་གྱི་གལ་ཏེ་རྐམ་པ་དེ་དག་དང་འབྲེལ་བ་མེད་ན་གསལ་བཤད་དེ་ཡང་རྒྱ་གར་བ་ལ་བྱེད་དུ་འཇུག་དགོས་པ་ལས་་ ་་་ ང་ཚོས་ང་ཚོ་དཀར་པོ་ཡིན་ཟེར་ན་དེ་ཙམ་གྱི་ནུས་བ་མེད། དེ་རིང་རྒྱ་གར་གྱི་གསར་འགྱུར་གྱི་ནང་དུ་སླེབས་མི་འདུག་པ་གང་རེད། ཁ་སྔོན་རྒྱ་གར་གྱི་གསར་འཕྲིན་དང་TVསོགས་གྱི་ནང་དུ་ཉིན་རྟག་པར་ཡོང་གི་ཡོད་མོད
འབྲོང་བུ་ལགས་སུ་ཁྱོད་རང་གི་ཀརྨ་པའི་སྐུ་ཆུས་ཞིག་སྒྲུབ་འདོད་ནས་སྐད་ཆ་ཞིག་ཡིན་ན་སྔོན་ནས་བཟུང་ཀམ་ཚང་བའི་མི་ངན་གྲྭ་ངན་ཚོས་འདི་འདྲ་བཤད་ནས་གནས་སྟང་དཀའ་ངལ་ཅན་འདི་འདྲ་བ་ཆག་པ་ཡིན་པ་ཁྱོད་ཀྱིས་གསལ་པོ་ངེས་པར་གྱིས་ཤིག དེ་སྔ་བར་དུ་བཀྲས་ཤིས་ལྗོངས་གཞིས་ཆགས་འདི་བོད་ཆུས་ཤོར་ནས་ཉིན་བཞིན་ཉིན་བཞིན་ཡར་རྒྱས་དང་སུ་ལ་ཡང་འཁོན་འབྲས་མེད་པར་གནས་པའི་གཞིས་དགོན་ཉམས་ཆུང་ཞིག་སྡོད་པ་ལ་ཆོས་དད་རང་དབང་ཡིན་གྱི་གཅིག་ལ་དད་པ་བྱས་ན་གཅིག་ཤོས་དོར་དགོས་པ་དང་གཅིག་ལ་འབྲེལ་པ་བྱ་དུས་གཅིག་ཤོས་སྨད་དགོས་པའི་རྒྱུ་མཚན་གང་ཡང་ཤོད་མི་ཐུབ། ཁམས་པ་སྒར་ནི་རྒྱལ་དབང་རིན་པོ་ཆེ་གཉིས་ཆར་ལ་འབྲེལ་འདྲིས་དང་དགའ་དད་ཡོད་ཀྱི་ཁྱོད་མ་དགའ་ན་ཡང་བྱ་ཐབས་བྲལ། འདི་དངུལ་གྱི་དོན་རེད་བསམ་ན་སུ་གི་དོག་ཟོན་དགོས་ན་བྱེད་རྐྱང་བྱེད་རོག་དང་དགོན་གཞིས་གཉིས་ཆར་གྱི་ངོས་ནས་བསམ་འཆར་གང་ཡང་མེད་གོ་ཨི་ཐལ།
དྲང་སྲོང་ལགས་སུ་ཀརྨ་པའི་དངུལ་(སྐོག)་ལྐོགས་ཉར་(བྱའི)བྱས་པའི་སྐོར་དང་། ཞེས་པ་ནི་ལྐོགས་ཏུ་ཡིན་མིན་ནི་རྒྱ་གར་དབུས་གཞུང་གི་དངུལ་ཁང་ནང་༢༠༠༨་ནས་ནས་སྙན་ཞུ་ཕུལ་ཀྱང་ཡ་ལན་མ་བྱས་ནས་ད་བར་ལུས་སོང་བ་ཞིག་ལས་ལྐོག་ཏུ་ཉར་ནས་རྐུ་ཇག་བྱེད་པ་འདྲ་ཞིག་དང་ངན་པ་ལག་སྦྲེལ་བྱས་པ་འདྲ་ཞིག་གཏན་ནས་མ་རེད།
ས་མཚམས་ནས་ས་ཆ་ཉོ་ཚོང་བྱས་པའི་སྐོར་ལ་ཡག་བཤད་བྱེད་རྒྱུ་ཅི་ཡང་མི་འདུག ཞེས་པ་ནི་རིན་པོ་ཉིད་ཀྱི་ཆོས་སྡེ་བཞེང་ས་དེ་མི་རིགས་དེ་དང་འབྲེལ་བ་ཡོད་ས་ཞིག་ལས་ས་སྡེ་འཛུག་རྒྱུའི་ཐུགས་ཆར་སྔོན་མ་ནས་ཡོད་ཡོད་པ་ཞིག་ལས་ཡག་བཤད་བྱེད་རྒྱུ་མེད་པའི་སོ་ཉུལ་དང་དམག་སྒར་ལྟ་བུ་རྒྱག་སའི་ས་ཆར་ཡིན་པ་སོགས་ཀྱི་ཁྱོད་དོགས་པ་ཙམ་ཡང་མི་དགོས་པར་སེམས།
ད་དུང་རྒྱ་གཞུང་དང་འབྲེལ་བ་ཡོད་མེད་དེ་མ་འོངས་པ་ག་ལེར་གསལ་འོང་རྒྱུ་ཞིག་རེད་མ་གཏོགས་ད་སྐབས་སུས་ཀྱང་དག་སེལ་བྱེད་མི་ཐུབ། ཞེས་པ་ནི་ཁྱོད་རང་ལ་གསལ་བཤད་གང་ཡོད་ན་བཤད་དགོས་པ་དང་དོག་པ་གང་ཡོད་ན་གཙང་སེལ་བྱེད་དགོས་པའི་དུས་ཚོད་ཡིན་གྱི་ཀརྨ་པའི་དོན་རྐྱེན་འདི་དག་སེལ་བྱེད་མ་ཐུབ་པ་ཞིག་ཅི་ལ་ཡིན། དག་སེལ་དང་ཁུང་ལུང་ནི་བོད་མི་རིགས་རྣམས་ཀྱི་སྐྱེལ་དགོས་ཀྱི་སྒུག་སྡོད་ན་ག་ལེར་སུ་ཡིས་གསལ་འོང་རྒྱུ་རེད་ཁུང་ལུང་དང་འབྲེལ་པ་གང་ཡང་མེད་པའི་གཏམ་ཉིད་དུ་ཟད།
ཀརྨ་མ་པ་རང་ཉིད་ཀྱི་ཐད་གར་རྒྱ་གཞུང་ལ་(འབྲེད་)འབྲེལ་བ་བྱས་མེད་སྲིད་ཀྱང་། ཞེས་པ་ནི་རྒྱལ་དབང་ཀརྨ་པ་ལ་དེ་ཙམ་སྲིད་མཐའ་བཀར་དགོས་པའི་ཡིད་ཆེས་མེད་པ་ཁྱོད་རང་ཇི་ཡིན་ཆ་མི་འཚལ་ཡང་གསལ་བསྒྲག་འདི་དང་ཀརྨ་པའི་དོན་རྐྱེན་འདི་ཅི་ཡིན་གང་ཡིན་མི་ཤེས་ནས་རང་སྣང་གང་ཤར་གྱིས་བསམ་འཆར་འདིའི་ཕན་ཐོག་སྤྱི་སྒེར་གཉིས་ཀྱི་ཐོག་ལ་ཇི་ཙམ་ཡོད་པ་ཁྱོད་རང་གི་གསལ་པོར་ངེས་པར་གྱིས་ཤིག
བླ་བྲང་ནང་ན་མི་འདྲ་མིན་ཡོད་པ་ཡོངས་གྲགས་ཞིག་མ་ཡིན་ནམ། ཞེས་པ་ནི། སྤྱིར་མི་འདྲ་མིན་ཡོད་པས་ཉེས་པའི་སྐྱོན་འབྱུང་སྲིད་པ་ཡིན་ཡང་། ད་རེས་ཀྱི་དོན་རྐྱེན་འདི་དེའི་གནད་མིན་པ། རྒྱ་གར་ལྟོ་ལུག་རྣམས་ཀྱིས། ཁྱི་ཆག་ས་ནས་མི་དཀྲི། རྔ་མ་མི་ཆག་ས་ནས་དཀྲི་བ་ཡིན་པ་འདིའི་དོན་རྐྱེན་ཞིབ་ཚག་པོ་བཤད་ན་ཤིན་ཏུ་མང་པོ་བཤད་རྒྱུ་ཡོད་པས་བཤད་མི་དགོས་པ་བྱེད་ནས།
དྲྭ་གྲོགས་དྲང་སྲོང་ཁྱོད་རང་མདོར་ན་འདི་ཡི་བསྐོར་གྱི་གནས་ཚུལ་གྱི་ཟུར་ཙམ་ཡང་ཤེས་ཀྱི་མི་འདུག་པས་ཁྱོད་ཁུ་སིམ་པོ་སྡོད་རོག་གནང་ཞེས་ཞུ་གི་ཡིན།
དེའི་སྐོར་ངས་གནས་ཚུལ་ཞིབ་ཕྲ་ཐེང་གསུམ་བཀོད་ཡོད་ནའང་དྲ་རྒྱའི་རྩ་བ་ནས་བཀོད་གནང་གི་འདུག་པས་རྒྱུ་མཚན་ཅི་ཡིན་མི་ཤེས། ད་དུང་ཞིབ་ཕྲ་འདྲ་དགོས་ན་རིམ་པའི་ཕུལ་ཆོག
ཁམས་སྒར་བླ་གྲྭ་ཡོངས་ནས་སྔར་ཕྱི་ལོ་ ༡༩༩༤ ལོར་ཞྭ་དམར་རིན་པོ་ཆེའི་ངོས་འཛིན་གནང་བའི་ཀརྨ་པ་ཡིན་རྒྱུ་བ་དེ་ཁྲི་འདོན་སྐབས་མཆོད་རྫས་རིགས་དྭང་བླང་གིས་གཡར་པོ་བྱས་ཤིང་། མ་ཟད་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེར་དད་འདུན་དང་ཤ་གཞེན་ཅན་ཚོའི་སྟེང་མཚང་འབྲུ་དང་འཁང་ར་བྱས་པ་འབྲེལ་ཡོད་བླ་གཞུང་གིས་ལས་བྱེད་ཚོའི་མཁྱེན་གསལ་རེད། ད་ལན་དོན་གྱི་བདག་པོ་རྒྱ་གར་གཞུང་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ། བཙན་བྱོལ་བོད་གཞུང་སོགས་ནས་ཀརྨ་པ་ཡང་དག་པ་ཡིན་པ་དང་། ནག་ཉེས་མེད་པའི་ལུགས་མཐུན་གསལ་བསྒྲགས་ཟིན་པ་ལ། ཡང་སྐྱར་ཁམས་སྒར་ནས་དེ་ལྟར་བྱས་པ་དེ་གོང་སྨོས་འབྲེལ་ཡོད་གསུམ་ལས་ལྷག་པ་ཡིན་ན་མ་གཏོགས་གཞན་དགོས་གལ་མ་མཐོང་། གཙོ་བོ་ཁོང་ཚོའི་དམིགས་ཡུལ་ནི། ༧རྒྱལ་བ་ཀརྨ་པའི་མདུན་ནས་དངུལ་གཅིག་པུའི་ཆེད་གཡོ་སྒྱུའི་འཕྲུལ་འཁོར་འདི་སྐོར་བ་ལས་གཞན་ཅི་ཡང་མ་ཡིན་པས་བླ་བྲང་གི་ལས་བྱེད་ཚོའི་ཟབ་ནན་བྱེད་གལ་དུ་མཐོང་།
ཁམས་པ་སྒར་བྱས་སྟངས་ལ་མཚུར་བླའི་ལས་བྱེད་ཚོའི་བསམ་བློ་གཏོང་བའི་དུས་ཡིན། ཡིད་རྟོན་མི་རུང་།
ཀརྨ་པའི་དངུལ་སྐོག་ཉར་བྱའི་པའི་སྐོར་དང་། ས་མཚམས་ནས་ས་ཆ་ཉོ་ཚོང་བྱས་པའི་སྐོར་ལ་ཡག་བཤད་བྱེད་རྒྱུ་ཅི་ཡང་མི་འདུག ད་དུང་རྒྱ་གཞུང་དང་འབྲེལ་བ་ཡོད་མེད་དེ་མ་འོངས་པ་ག་ལེར་གསལ་འོང་རྒྱུ་ཞིག་རེད་མ་གཏོགས་ད་སྐབས་སུས་ཀྱང་དག་སེལ་བྱེད་མི་ཐུབ། ཀརྨ་མ་པ་རང་ཉིད་ཀྱི་ཐད་གར་རྒྱ་གཞུང་ལ་འབྲེད་བ་བྱས་མེད་སྲིད་ཀྱང་། བླ་བྲང་ནང་ན་མི་འདྲ་མིན་ཡོད་པ་ཡོངས་གྲགས་ཞིག་མ་ཡིན་ནམ།
བདེན་པ་ར་སྤྲོད་དགོས་ཡ་དེ་གལ་ཆེན་ཞིག་རེད། དང་ཐོག་གསལ་བསྒྲགས་བྱེད་མཁན་རྒྱ་གར་པ་དེ་ཚོ་སྐྱག་པ་ཤོར་ཤོར་བཟོ་དགོས་རེད།
གསལ་བཤད་བྱེད་ཡ་དེ་གལ་ཆེན་པོ་རེད། དང་ཐོག་ཁུང་མེད་གསལ་བསྒྲགས་བྱེད་མཁན་གྱི་རྒྱ་གར་པ་དེ་ཚོ་སྐྱག་པ་ཤོར་ཤོར་བྱེད་དགོས་ས་རེད།
གནས་ཚུལ་འདི་ཡི་སྐོར་ངའི་གསལ་བཤད་ལན་གཉིས་བྱས་པ་ཡིན་ནའང་དེ་རྩ་བ་ཉིད་ནས་བཀོད་གནང་མ་སོང་བའི་རྒྱུ་མཚན་ཅི།
རྡོ་རྗེ་ལགས་བཀྲ་ཤིས་ལྗོངས་འདིའི་གཞིས་ཆག་ནི་གནས་ཡུལ།
ཧི་མ་ཅལ་ཀང་ར། པ་ལང་པཱུར། པ་པོ་ལར་རྒྱ་གར་གཞུང་གི་ས་ཡིག་ནང་འཁོད་བཀྲ་ཤིས་ལྗོངས་ན་ཡོད་རེད། གཞིས་ཆགས་འདི་ནང་བོད་རང་གི་རིག་མི་རིགས་ཡིན་པ་མ་ཚད་མང་ཤོས་ཁམས་པ་དང་མདོ་དབུས་ཁམས་གསུམ་གྱི་མི་སྣ་འདྲ་མིན་ཡོད་ཚོད་འདུག གཞིས་ཆགས་དང་པོ་ཆག་བཏབ་ཉན་ནི་༧སྐྱབས་རྗེ་ཁམས་སྤྲུལ་དགུ་པ་རིན་པོ་ཆེ་བསྐལ་བཟང་དོན་བརྒྱུད་ཉི་མ་མཆོག་རེད། ད་ལྟ་བར་དུ་བོད་རང་གི་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་སྣ་ཚོགས་དང་གཞིས་ཆགས་ཀྱང་དར་ཤིང་རྒྱས་ལ་བདེ་སྐྱིད་ལྡན་པ་གང་ཅིའི་ཐད་ངོ་གནོང་མི་དགོས་པའི་གཞིས་ཆགས་གཏན་པོ་ཞིག་དང་ཉམས་ཆུང་ཞིག་རེད་འདུག
ཉེས་པ་མེད་ན་གསལ་བཤད་བྱེད་མི་དགོས་པ་ཤེས་ཉན་ཀྱང་ཡོད་ཚོད་འདུག་པས་ཁྱེད་སེམས་ཕྲན་མ་བྱེད་རོག རྒྱ་གར་གཞུང་གི་ཁྲིམས་ཁང་ནང་ལ་འགྲོ་མ་ཕོད་ནས་གསལ་འགོད་གསལ་བསྒྲག་བྱེད་པ་ཡིན་པ་ཞིག་གི་དོགས་པ་ཡང་མི་དགོས་པ་ཙམ་ཡིན་ས་འདུག་པས་ཡིད་བདེ་བར་མཛོད་ཅིག
བཀྲ་ཤིས་ལྗོངས་ས་གནས་གཞོན་ནུ་ལྷན་ཚོགས་ཟེར་བ་འདི་ཧི་མ་ཡའི་རིགས་རྒྱུད་གྱི་ཚོགས་པ་ཞིག་རེད་དམ། ཉེས་བ་མེད་པའི་གསལ་བཤད་བྱེད་དགོས་ན་རྒྱ་གར་གྱི་ཁྲིམས་ཁང་ནས་བཤད་དུ་འཇུག་དགོས
རྒྱ་མི་དམར་པོས་ཉེས་མེད་ལ་ཉེས་འཛུགས་བྱས་པ་ནི་བོད་མི་མང་གི་སེམས་གཏིང་གི་མི་དགའ་བ་བྱེད་ས་ཞིག་ཡིན་མིན་ཤོད་མི་དགོས་པ་ཞིག་ཡིན་དང་ཡིན། འོས་མེད་པའི་རྒྱ་གར་བས་ཀྱང་བོད་མི་ཀུན་གྱི་སྙིང་ཁོང་ན་ནམ་ཡང་བརྗེད་མི་གཏུབ་པའི་རྒྱལ་དབང་ཀརྨ་པའི་རྙོག་གྲ་འདི་ནི་བསམ་བློ་གང་ལ་བཏང་ན་འདི་ནི་རྒྱུད་བསྐུལ་ཆེན་པོ་ཞིག་གི་བོད་མི་ལ་ཅི་བྱེད་ཚོད་དཔག་བྱེད་ས་ཞིག་གི་ཉུལ་སོ་བཏང་བ་ཡིན་པ་ནི་དངོས་འབྲེལ་གྱི་སྟེང་ནས་ར་འཕྲོད་གསལ་པོ་འདུག རྒྱ་གར་བས་གསར་འགྱུར་འགོད་པ་པོ་འདི་ཚོ་གཅིག་པུའི་མགོ་ལ་གཡུག་གི་འདུག་ཀྱང་གོང་ནས་འདི་དགོས་ཀྱི་བཀའ་ཁྲོལ་མེད་པར་ལས་བྱེད་པའི་ལས་ཀ་ཇི་ལྟར་བྱེད་ཐུབ་ཏེ་གྱོད་ཁ་མཆུ་སྒེར་གྱི་སྟེང་དུ་སུས་ཀྱང་ལེན་མི་ཐུབ། དེར་བརྟེན་བཀྲ་ཤིས་ལྗོངས་གཞིས་ཆག་གཞོན་ནུ་དང་ཁུ་ནུ་བ་མཁས་པ་ནེ་གིའི་རོ་ཤིན་ཀེ་ལ་ཤའི་རྒན་བྱམས་པ་དབང་འདུས་བཅས་མཉམ་སྐྱོང་ཐོག་གསལ་བསྒྲག་གསར་འགོད་བྱེད་པ་རྗེས་སུ་ཡི་རང་ཡོད། ཉེ་ཆར་ཟླ་འདིའི་སྤྱི་ཚེས་དགུ་དང་། བོད་ཚེས་༦སྤེན་སྣར་དཔལ་བེ་འགྲུབ་སྦྱོར་ཉིན། ༧སྐྱབས་རྗེ་མདོ་ཁམས་པ་ཆེན་པོ་ངེས་དོན་བཤད་སྒྲུབ་ཉི་མ་རིན་པོ་ཆེ་དང་། ༧སྐྱབ་རྗེ་འབྲུག་པ་ཆོས་མགོན་དགུ་པ་རིན་པོ་ཆེ། སྐྱབས་རྗེ་རྡོ་རྫོང་རི་པོ་ཆེ། སྐྱབས་རྗེ་གྲུ་གུ་ཆོས་རྒྱལ་རིན་པོ་ཆེ། སྐྱབས་རྗེ་ནུབ་དགོན་ཆོས་རྒྱལ་བརྒྱད་པ་རིན་པོ་ཆེ། རྗེ་བཙུན་མ་བསྟན་འཛིན་དཔལ་མོ། སོགས་རྟོགས་ལྡན་མཁན་པོ་བླ་སྤྲུལ་སུམ་བརྒྱ་ལས་བརྒལ་བའི་འདུས་ཚོགས་ཀྱིས། ༧རྒྱལ་དབང་རིན་པོ་ཆེར་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་སྒོ་ནས་ཚེ་སྒྲུབ་དང་འབྲེལ་བའི་སྐུ་ཚེ་བརྟན་བཞུགས་རྒྱས་པར་སྟར་སོང་། ད་ཡང་འདི་ལྟར་གསར་འགོད་གསལ་བསྒྲག་བྱེད་དགོས་པའི་རྒྱུ་མཚན་ནི་སྤྱིར།
ཁམས་པ་སྒར་དང་མཚུར་ཕུ་དགོན་གཉིས་མདོ་སྟོད་སྨད་གྱི་དགོན་སྡེ་ཡིན་ཀྱང་༧རྒྱལ་དབང་སྐུ་གོང་མ་བཅུ་དྲུག་རིག་པའི་རྡོ་རྗེ་མཆོག་དང་ཁམས་སྤྲུལ་སྐུ་གོང་མ་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མ་རྣམ་གཉིས་ཐུགས་སྣང་མཐུན་པ་མ་ཚད་གཉིས་ཀར་ཕན་ཚུན་ངེས་དོན་གྱི་བླ་མ་བསྐུར་རེས་བྱེད་པའི་ཤིན་ཏུ་ནང་བརྩེའི་གཟིགས་པ་ཟབ་པ་དང་། ཡང་སྲིད་རིན་པོ་ཆེ་འདིའང་དང་པོ་ཁམས་པ་སྒར་གྱི་གྲྭ་ཁུང་ནང་བཞུགས་མྱོང་བ་མ་ཚད་སྐུ་ཡི་འོག་མ་ཨ་བུ་པོ་ཚེ་དབང་ཀྱང་ཁམས་པ་སྒར་རྟོགས་རྒན་ཆོས་ལེགས་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་མཛད་ནས་ད་ཆར་ཆོས་སྡེ་དེར་བཞུགས་བཞིན་པ་དང་། ཡབ་ཡུབ་རྣམས་ཀྱི་སྔོན་ནས་ད་བར་རང་གི་དད་དམ་གཙང་མ་འཆང་ས་དང་ཡིད་ཆེས་བྱེད་ས་སྐྱིད་སྡུག་གི་བློ་འདྲི་ས་ཡང་ཁམས་པ་སྒར་ཉིད་ཡིན་ཚོད་འདུག་དེར་བརྟེན་མཐའ་མའི་རྒྱལ་ཁ་འདི་གསལ་གསལ་ཐིང་ཐིང་འདོད་བློ་མ་ཁེང་པར་མ་གྱུར་གྱི་བར་དུ་གཞོན་ལྷན་ནས་རྒྱབ་སྐྱོར་རོག་རམ་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡོད་ཚོད་འདུག འདིར་བསྐྱར་ཞུ་ཞིག་ལ་རྡ་རམ་ས་ལ་ནས་(ཁམས་སྤྲུལ་རིན་པོ་ཆེ་)ཞེས་ལབ་དུས་འདི་གར་ནོར་བུ་གླིང་གར་དགོན་པ་གསར་རྒྱག་གནང་བའི་༼མཁར་དབང་རིན་པོ་ཆེ་༽ལ་གོ་བ་མ་ཚད་ཕ་ཡུལ་ནས་གསར་དུ་འབྱོར་བ་ཁ་ཤས་ཀྱིས་དད་འབུལ་ཡང་ཁོང་ལ་འབྱོར་འགྲོ་བའི་གནས་ཚུལ་ཡང་མི་ཉུང་བ་འདུག་པས། ཁམས་སྤྲུལ་རིན་པོ་ཆེ་དང་། མཁར་དབང་རིན་པོ་ཆེ། གཉིས་པོ་མི་ནོར་བ་བྱེད་རོག་ཞེས་ཞུ་རྒྱུ་དང་། མཐའ་དོན་འདི་ལྟར་གནས་ཚུལ་རྒྱུད་བསྒྲག་བྱེད་པ་ལ་དགའ་བསུ་ཡང་ཞུ་གི་ཡོད། བདེན་པ་རྒྱལ་ལོ། བདེན་པ་རྒྱལ་ལོ། བདེན་པ་རྒྱལ་ལོ། བདེན་པ་རྒྱལ་ལོ།
ཀརྨ་རྣམ་རྒྱལ་ལགས། ༸གོང་ས་མཆོག་གིས་ངོས་འཛིན་དང་ངོས་ལེན་གཉིས་ཀ་གནང་རེད། ཐུགས་བློ་བདེ་བོ་གྱིས། དོན་དག་ཡོད་པ་ཞིག་ལ་གླེང་མོལ་གནང་རོགས།
དོགས་གཞི་ ༼རྒྱལ་བ་ཀརྨ་པ་མཆོག་རྒྱ་གར་དུ་ཕེབས་དུས་སྐུ་ན་ཕྲ་བར་མ་ཟད ༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་སྤྲུལ་སྐུ་ཞིག་ལ་རྒྱ་གཞུང་གིས་ཡིད་ཆེས་བྱ་མི་སྲིད་པ་དང་།༽ཞེས་འདུག་པ། ༧གོང་ས་མཆོག་གི་ངོས་འཛིན་ཡིན་དང་ངོས་ལེན་ཡིན་གསལ་བོ་གསུང་རོགས་གནང་།