མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉོག་གཏམ་ཅི་བཤད་ལྟ་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp
ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་སྔོན་ཆད་རང་ཉིད་སློབ་མཐར་ཕྱིན་སའི་ཆིན་ཧྭ་སློབ་ཆེན་དུ་སོང་སྟེ། ད་ལྟའི་རྒྱ་ནག་སྲིད་འཛིན་དཔོན་རིགས་ཚོའི་བྱ་སྤྱོད་ལ་ཁ་རྡུང་སྐྱོན་བརྗོད་བྱས་ཡོད་པ་རེད། འདི་ནི་ཁོ་རང་སྲིད་སྟེགས་ནས་ཕབས་རྗེས་ཀྱི་ལོ་ ༩ ནང་ཡོངས་གྲགས་ཐོག་སྤྱི་ཚོགས་གར་སྟེགས་སྟེང་ཐོན་པ་ཐེངས་གཉིས་པ་དེ་ཆགས་ཡོད་ལ། ཐེངས་འདིར་ཁོའི་འགྲོ་རོགས་སུ་ད་ལྟའི་རྒྱ་ནག་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལིག་ཡན་ཏུང་དང་། སློབ་གསོ་སྡེ་ཁག་གི་མགོ་གཙོ་ཡོན་ཀོས་རན་སོགས་གནད་ཡོད་མི་སྣ་འགའ་ཡང་མཉམ་དུ་ཡོད་འདུག 
 
ཀྲུའུ་རོང་ཅི་ཡིས་གཏམ་བཤད་སྐབས།    ཁོ་རང་གིས་འཆར་ཅན་གྱི་དགོང་མོའི་ཆུ་ཚོད་ ༧ ནས་ ༧།༣༠ བར་རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་ལེ་ཚན་ནང་། ད་སྐབས་ཁོ་ཚོས་ཉོག་གཏམ་ཅི་ཞིག་བཤད་ཀྱིན་ཡོད་མེད་ལ་ལྟ་བཞིན་ཡོད་སྐོར་དང་།   ཉེ་སྔོན་ཁོ་ཚོས་བརྗོད་ཀྱིན་པའི་རྒྱལ་ཁབ་ཀྱི་དུས་རིམ་འབྲིང་རིང་གི་སློབ་གསོའི་འཆར་གཞི་ཞེས་པ་དེ་ནི་སྟོང་བཤད་ཅིག་ཡིན་པའི་བསྐྱོན་བརྗོད་ཀྱང་བྱས་ཡོད་པར་མ་ཟད།   ད་ལྟ་རྒྱ་ནག་ནང་རང་བྱུང་གོད་ཆགས་ལས་ཀྱང་མིས་བསླངས་པའི་སྤྱི་ཚོགས་གནོད་སྐྱོན་ཚབས་ཆེ་བ་ཡོད་སྐོར་ཐེར་འདོན་དང་། དགེ་སློབ་རྣམས་ལ་སྐད་ཆ་བདེན་པ་དང་གནས་ལུགས་དྲང་པོར་བརྗོད་དགོས་སྐོར་ནན་བཤད་བྱས་ཡོད་འདུག གཞན་ཡང་། ཁོས་ཉེ་སྔོན་རྒྱ་ནག་ནང་བཀག་སྡོམ་བྱས་ཡོད་པའི་ ༼རྒྱ་ནག་གི་ཞིང་པ་མི་སེར་སྐོར་གྱི་ཞིབ་བཤེར༽ ཞེས་པའི་དེབ་དེ་གླེང་སློང་དང་སྦྲགས། ཉེ་ཆར་འགྲེམས་སྤེལ་བྱ་འཆར་ཡོད་པའི་༼ཀྲུའུ་རོང་ཅི་ཡི་གཏམ་བཤད་ཟིན་ཐོ༽ ཞེས་པའི་ཁོ་རང་གི་དཔེ་དེབ་ཀྱི་མ་ཡིག་ཅིག་སློབ་གྲྭ་དེ་གའི་དཔེ་མཛོད་ཁང་ལ་སྤྲད་དེ། དགེ་སློབ་རྣམས་ཀྱིས་དངོས་ཡོད་གནས་ཚུལ་དང་བསྡུར་ཏེ་ངའི་བཤད་པའི་སྐད་ཆ་དྲང་མོ་དང་བདེན་པ་ཡིན་མིན་གཤིབ་བསྡུར་དགོས་པའི་རེ་བ་བཏོན་ཡོད་འདུག 
 
གསར་ལམ་ཁག་ཏུ་གནས་ཚུལ་བཀོད་པ་ལྟར་ན། ཀྲུའུ་རོང་ཅི་ཡི་ཉིན་དེའི་གཏམ་བཤད་ཀྱི་ནང་དོན་ནི་ད་ལྟ་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དག་ལས་ཀྱང་ལྡབ་འགྱུར་གྱི་རྣོ་ངར་ལྡན་པ་ཞིག་ཡོད་པར་མ་ཟད། ཆིན་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་དགེ་སློབ་རྣམས་དང་ལྷན་དུ་མཉམ་སྒྲོན་གྱི་འདྲ་པར་ལེན་སྐབས་ཀྱང་། ཀྲུའུ་རོང་ཅི་ཡིས་ཀུ་རེ་དང་སྦྲགས་ཏེ་མཉམ་སྒྲོན་གྱི་པར་ལེན་པ་ནི་ད་ལྟའི་སྲིད་བློན་གྱི་དགའ་ཕྱོགས་རེད་ཅེས།ཝུན་ཇ་པའོ་ལའང་ཟུར་ཟ་བྱས་ཡོད་པར་མ་ཟད། མཇུག་མཐར་སློབ་གྲྭ་དང་ཁ་གྱེས་སྐབས་ཀྱང་དགེ་སློབ་རྣམས་ལ་གདོང་ཕྱོགས་ཏེ། དེ་རིང་ཁོས་བཤད་པའི་སྐད་ཆ་རྣམས་ཕྱི་ལོག་ཏུ་བརྒྱུད་སྒྲོག་བྱེད་རོགས།ཅེས་འབོད་སྐུལ་བྱས་ཡོད་འདུག 

ཉེ་ལམ་ཆིན་ཧྭ་སློབ་ཆེན་གྱི་མཛད་སྒོའི་དང་སྟབས་བསྟུན་ནས། སྔོན་ཆད་སློབ་གྲྭ་དེའི་ནང་སློབ་མཐར་ཕྱིན་པའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཧའོ་ཅིན་ཐོ་དང་། ཝུའུ་པང་ཀོ  ཞི་ཅིན་ཕེན་སོགས་སྔ་རྗེས་སུ་སློབ་གྲྭའི་ནང་སོང་སྟེ་འཚམས་འདྲིའི་ལྟ་སྐོར་བྱས་ཡོད་པར་མ་ཟད། ཕྱི་ཚེས་༢༤ཉིན་གྱི་ཆིན་ཧྭ་སློབ་ཆེན་བཙུགས་ནས་ལོ་༡༠༠འཁོར་བའི་དུས་དྲན་མཛད་སྒོ་དེའང་། རྒྱ་ནག་གི་ཚོགས་ཆེན་གཉིས་དང་འདྲ་བར་ཆབ་སྲིད་ཀྱི་རྣམ་པའི་ཐོག་ནས་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོ་ཟེར་བའི་ནང་ཚོགས་ཡོད་པ་རེད། ཆབ་སྲིད་དབྱེ་ཞིབ་པ་དག་གིས།ཐེངས་འདིའི་ཀྲུའུ་རོང་ཅི་ཡི་གཏམ་བཤད་དང་། ཆིན་ཧྭ་སློབ་ཆེན་གྱི་དུས་སྟོན་གྱི་རྣམ་འགྱུར་དེས་ད་ལྟ་རྒྱ་ནག་མཐོ་རིམ་དཔོན་རིགས་ཚོའི་བར་འགལ་བ་སྔར་བའི་ཇེ་དྲག་ཏུ་འགྱུར་བཞིན་པ་གསལ་བོ་མཚོན་ཡོད་སྐོར་བརྗོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

 
 
 
 

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༥ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༦ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༦ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 3

  1. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    རྒྱ་རྒན་ཁོ་ལ་དབང་ཆ་ཡོད་སྐབས་ཀྱི་བྱས་ངན་དག་ད་ལྟ་མི་དམངས་ཀྱིས་བརྗེད་ཟིན་པ་འདྲ།

    Reply
  2. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    འབྱུང་འགྱུར་ལོ་བཅུ་ཕྲག་ནང་རྒྱ་ནག་གི་ཕམ་ཁ།
    རྒྱ་ནག་དམར་གཞུང་གི་དབང་འཛིན་པ་རྣམས་ཀྱིས་མིང་དང་དབང་ཆ་སྒོར་མོ་གསུམ་གྱི་ཆེད་དུ་མི་མང་གི་བསམ་བློ་འགྱུར་འགྲོ་དང་།འབྱུང་བ་འཁྲུག་ལོག་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་གང་ལ་ཡང་མི་འཛེམས་པར།མིང་གི་ཆེད་དུ་དུས་རབས་དང་མང་མོས་སྔོན་ཐོན་གྱི་བསམ་བློ་དང་འཚམ་པའི་ཆབ་སྲིད་ལ་འགྱུར་བ་གཏོང་མི་ཕོད་པ་དང་།དབང་ཆ་དང་རང་ཉིད་སྲུང་སྐྱོབ་ཀྱི་ཆེད་དུ་མིའི་རང་དབང་དང་ཁྲིམས་ལུགས་ལ་རྩིས་མེད་གཏོང་བ།མི་དམངས་ཀྱི་བདེ་སྐྱིད་དང་འཚོ་བ་ལ་མིང་དོན་མཚུངས་པའི་འགན་སྲུང་མེད་པ།འཛམ་གླིང་གི་གད་སྙིགས་རྣམས་ཅ་དངོས་སུ་བཟོ་བསྐྲུན་བྱེད་སའི་བཟོ་གྲྭ་ཡོད་ཚད་ནང་འདྲེན་བྱས་པ།སྐྱེས་སྒོ་འགོག་པ།ཁྲིམས་ལུགས་ལྟར་ཕྱི་གསལ་ནང་གསལ་གྱི་ལས་ཀ་བྱེད་མི་ཕོད་པ།ཚུལ་མིན་གྱི་ཁྲིམས་ལུགས་འདྲ་མིན་བེད་སྤྱོད་བྱེད་བཞིན་པ།དངུལ་གྱི་ཆེད་དུ་གཙང་ཞིང་ཡིད་དུ་འོང་བའི་གཙང་པོ་ཡོད་ཚད་ལ་ཆུ་མཛོད་རྒྱག་པ་དང་མཛེས་ཤིང་ལྟ་ན་སྡུག་པའི་ཤིང་ནགས་ཡོད་ཚད་གང་འདོད་གཅོད་པ།བརྗིད་ཆགས་ལྡན་པའི་གནས་རི་དང་རི་བོ་རྣམས་ལས་གཏེར་ཁ་གང་བྱུང་སྔོག་འདོན་བྱེད་པ།མདོར་ན་ས་སྟེང་གི་རྩི་ཤིང་རྣམས་གཅོད་འབྲེག་དང་གཙང་པོ་རྣམས་ལ་ཆུ་རགས་བརྒྱབ་པ།ས་འོག་གི་གསེར་དངུལ་ཟངས་ལྕགས་གཏེར་ཁ་ཡོད་ཚད་སྔོག་པ་སོགས་བྱས་ངན་དེ་དག་ལ་བརྟེན་ནས་ལོ་༡༠་ཕྲག་གི་ནང་རྒྱ་ནག་ལ་ཉེན་ཁ་ཆེན་པོ་༦་མི་འདོད་བཞིན་དུ་མགྲོན་དུ་འབོད་པ་ལྟར་འབྱུང་ངེས་ཡིན།
    ༡་མི་དམངས་གྱེན་ལོག་གིས་རྒྱལ་ཁབ་མགོ་རྟིང་སློག་པའི་ཉེན་ཁ།
    ༢དཔོན་རིགས་བར་ལྟ་གྲུབ་མི་མཐུན་པས་ཕན་ཚུན་ཕམ་ཉེས་ཀྱི་སྦོ་ལུགས་པའི་ཉེན་ཁ།
    ༣་འབྱུང་བ་འཁྲུགས་པ་ལ་བརྟེན་ནས་ས་གཡོས་ཀྱིས་ཆུ་མཛོད་རྣམས་འབར་གས་ཀྱི་ཉེན་ཁ།
    ༤གནམ་གཤིས་འགྱུར་ལྡོག་གིས་ཆུ་ལོག་འབྱུང་བའི་ཉེན་ཁ།
    ༥མཁའ་རླུང་བརྩོག་པ་དང་དུག་རླངས་ཀྱིས་བཅོས་ཐབས་བྲལ་བའི་ནད་ཡམས་འབྱུང་བའི་ཉེན་ཁ།
    ༦གཞོན་སྐྱེས་ཉུང་བས་རྒན་ཁོག་རྣམས་ལ་ལྟ་རྟོག་བྱེད་ཐབས་བྲལ་བའི་ཉེན་ཁ།
    ཉེན་ཁ་དེ་དག་མཐོང་བཞིན་དུ་ཆེད་གཉེར་གྱིས་ལས་ངན་དེ་རྣམས་བརྩམས་པ་ནི་དམར་གཞུང་གི་དཔོན་རིགས་རྣམས་ལྟ་རྒྱ་དང་ཐོས་རྒྱ་མེད་པ་མཐོང་རྒྱ་ཆུང་བ་བསམ་རྒྱ་དོག་དྲགས་པ་སོགས་ཀྱི་རྒྱུ་ལ་བརྟེན་ནས་འབྲས་བུ་དཔོག་མི་ནུས་པ།འབྲས་བུ་ལ་བརྟེན་ནས་རྒྱུ་དཔོག་མི་ཤེས་པས་ལྟ་བ་དང་བསམ་བློ་ལོག་པ།
    སྲིད་བྱུས་དང་ཐབས་ལམ་ལོག་པ།དམིགས་ཡུལ་དང་འབྲས་བུ་ལོག་པ་སོགས་ལ་འཇུག་བཞིན་པ་དེ་དག་རེད།
    དྲག་པོའི་དམག་ཤུགས་ཀྱི་དབང་བསྒྱུར།
    སྲིད་བྱུས་ངན་པའི་ཐབས་བརྒྱ་བྱུས་སྟོང་།
    འབྱོར་ལྡན་གྱི་སྟོབས་ཤུགས་སོགས་ལ་བརྟེན་ན་ཡང་ཉེན་ཁ་དེ་རྣམས་ལས་རྒྱལ་ཐབས་གཏན་ནས་མེད་པ་ནི་ཕམ་ཁ་རེད།
    ཕམ་ཁ་དེ་ལ་བརྟེན་ནས་བོད་པ་ཚང་ལ་ཁེ་བཟང་ལོས་ཡོད།
    ཕྲན་གྱི་རྟོག་འཆར་གྱི་ཡིག་གེ་ཐུང་ངུ་འདི་བསམ་ཚུལ་ལ་འགོད་རོགས་གནང།

    Reply
  3. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    ཁོང་གིས་སློབ་ཆེན་སློབ་མའི་རྒྱབ་རྟེན་འཚོལ་སྟངས་འདི་ངོ་མ་རེ་བ་ཡོད་པའི་ལམ་ཞིག་རེད། སྔ་བཞི་ལས་འགུལ་དེ་སླར་ཡང་མི་བསླངས་པའི་ངེས་པ་མེད། ང་ཚོ་བོད་མི་ཚོས་འཇོན་པ་ནི་རང་གི་རང་གཟུགས་འགྱུར་དུ་མི་འཇུག་པ་འདི་ཡིན། འདི་ནི་སྒྱུར་བཅོས་ཀྱིས་སྒྱུར་དཀའ་ཡང་རང་བཞིན་གྱིས་འགྱུར་སླ། འགྱུར་བཞིན་པ་ཚང་མས་ལོས་མཐོང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese