མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་མེ་སྟག་དང་གདོང་དེབ་དུ་འཕྲད་པ།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

བཙན་མེ་སྟག ཡ་གང་ན་ཡོད།
ཁ་སང་ཁྱོད་བུད་སོང་ཟིག་མོའི།
ངས་ཁྱོད་ཁ་བརྡ་ཞིག་བྱེད་དགོས་བསམ་སོང་།7:57pm

ང་། རེད ཁ་སང་ཁྱེད་རང་ལ་ལན་ཞིག་སྤྲད་དུས།
ཁྱེད་རང་ཕེབས་ཚར་འདུག་ལགས། 7:58pm

བཙན་མེ་སྟག རེད། རེད། དགོངས་པ་མ་ཚོམ། དེ་རིང་ནས་བཟུང་ལགས་སྦྱར་མི་དགོས། 8:00pm

ང་རང་། དེ་གོམ་སོང་ཟིག་ཡ་ལགས། ཧཧཧཧ ཨ་རོགས་དེང་སང་ག་རེ་བྱེད་ཀྱི་ཡོད་དམ 8:00pm

བཙན་མེ་སྟག ཡ་ཡ། དེང་སང་དཀའ་གི་མེད་ལ། དེ་རིང་ཁོམ་པ་ཨེ་ཡོད། མེད་ཀི

ང་རང་། ཡོད་ནི་རེད ཁྱེད་རང་གིས་ག་རེ་བྱེད་ཀྱི་ཡོད། མི་འགྱངས་པར་ཞི་མོ་ཉལ་སའི་ནང་དུ་འཇོག་དགོས། དེ་ནས་ད་ཡོང་ཡ་ 8:01pm

བཙན་མེ་སྟག ང་ཁོམ་དཱ་ཡོད།8:01pm
ཁ་བརྡ་གང་བྱེད་རེད་ཡ

ང་རང་། ཨ་རོགས་ཁ་སང་ངས་ཁྱེད་ཚང་གི་གདོང་དེབ་ནས་ཞི་མོ་ཞིག་རིག་སོང་དེ་སུ་རེད། ང་སོང་ནས་ཞི་མོ་ཉལ་སའི་ནང་དུ་བཞག་ནས་ཡོང་ཡ།གཅིག་བྱས་ན་སྐར་མ་ཁ་ཤས་ཤིག་འགོར་ནི་རེད 8:02pm

བཙན་མེ་སྟག ཡ་ཡ་ཡ།

བཙན་མེ་སྟག སྐྱེས་ཕོ་རེ་རྩིབ་ན་མོ་རེ་ཟེར་བའི་དཔེ་ལྟར་ང་ཡང་དེ་བཞིན་ལས་མ་འདས། ཁྱོད་སྔོན་མ་གྲྭ་བ་ཡིན་པས་སོ་ཟེར་ན། ཁྱོད་ཀྱང་སྔོན་མ་གྲྭ་བ་ཡིན་པས་སོ་ཞེས་པའི་རིགས་འགྲོས་ཀྱི་ལམ་ཁ་འདི་མི་སྙེགས་ཐབས་མེད་རེད། སྔོན་གྱི་ལས་སམ་ཡང་ན་འཕྲད་ཀྱིས་རྐྱེན་ཅི་ཞིག་ཡིན་པ་མ་ངེས་མོད། གང་ལྟར་ཀྱག་ཀྱོག་ཆེ་བའི་མི་ཚེའི་བརྒྱུད་རིམ་ཁྲོད་ནས་ཆེས་མཐར་ཐུག་གིས་འདམ་ཁ་དེ་ལ་ང་ཡེ་ནས་འགྱོད་པ་སྐྱེ་གི་མེད་ལ། སྐྱེ་དགོས་དོན་ཀྱང་མེད་བསམ། གང་ཡིན་ཞེ་ན། ཆེས་མཐར་ཐུག་གི་ཐག་ཆོད་རང་བཞིན་ཅན་གྱི་བསམ་བློ་འདི་རང་ཉིད་ཀྱི་རྣམ་དཔྱོད་ལས་འཁྲུངས་པས་སོ། 8:50pm

ང་རང་། ཨ་རོགས་ཞི་མོ་ཉལ་སའི་ནང་དུ་འཇོག་པ་ལ་དོ་ནུབ་དངོས་ནས་དཀའ་ལས་ཁག་ཙམ་བྱུང་། སོ་གསར་བ་ཁ་ཤས་ཤིག་སྐྱེ་ཡི་ཡོད་ས་རེད། 8:50pm

བཙན་མེ་སྟག ཨོ་སྐྱོན་མེད་ཀི 8:50pm

ང་རང་། གང་ལྟར། ངས་ཁྱམས་ར་ལ་སོང་ནས་དུ་བ་ཁམ་པུ་ཁ་ཤས་ཤིག་འཐེན་ནས་ཡོང་ཡ། འབྲི་རྐྱང་བྱོས། ཕྱིར་་ཡོང་ནས་ལན་འདེབས་ཡ། ག་ལེར་ཡིན་ཡ། ཐོན་ཡོད། དེ་ནས་ཤོད་ར། ག་དུས་ཤིག་ལ་འདམ་ག་དེར་ཞུགས་པ་ཡིན། དེང་སང་གང་དུ་ཡོད། ཞི་མོ་དེ་གང་ནས་རེད། ཇི་ལྟར་འཕྲད་སོང་། སྟབས་མི་བདེ་བ་འདྲ་མེད་ན་ལོ་རྒྱུས་ཐུང་ཐུང་ཞིག་ཤོད་དང་། 8:53pm

བཙན་མེ་སྟག ཞི་མོ་དེ་གཞིས་ཆགས་ཤིག་རེད། དེང་སང་སློབ་གྲྭ་ན་ཡོད། སྐར་མ་གཉིས་ལ་སྒུག་དང་ལས་ཀ་ཏོག་ཙམ་ཡོད། ཁྱོད་ཀྱིས་འབྲི་རྐྱང་བྱོས།8:55pm

ང་རང་། ཡ་ཡ་ གཞིས་ཆགས་གང་ནས་རེད། ཇི་ལྟར་འཕྲད་སོང་། སྙིང་གཏམ་གང་ནས་འགོ་བཙུགས་པ་ཡིན།
དེང་སང་ག་རེ་བྱེད་ཀྱི་ཡོད། 8:59pm

བཙན་མེ་སྟག སྦེལ་ཀོབ་ནས་རེད། བྷེང་ལོར་ནས་ཐུག་ནི་ཡིན། དེང་སང་རྒྱ་གར་མཐོ་སློབ་ན་ཡོད།8:59pm

ང་རང་། ཁྱེད་རང་གང་དུ་ཡོད་དམ་། 9:00pm
བཙན་མེ་སྟག བྷེང་ལོར་རེད།9:00pm
ང་རང་། ཁྱེད་རང་གང་དུ་ཡོད་ཅེས་འདྲི་བཞིན་ཡོད་ཡ 9:00pm
བཙན་མེ་སྟག ང་ཡང་སློབ་གྲྭ་ན་ཡོད། 9:01pm
ང་རང་། སློབ་གྲྭ་གང་དུ་ ས་ར་རེད་དམ9:01pm
བཙན་མེ་སྟག དེང་སང་ཁྱོད་ཅི་ཞིག་བྱེད་བཞིན་ཡོད།

ང་རང་། ང་མ་བྱན་རེད་ཡ། ལས་ཀ་ཡང་དེ་རེད། དམྱལ་འཁོར་གྱི་སྐྱེ་བ་བླངས་ཡོད། 9:02pm

བཙན་མེ་སྟག དེ་འདྲ་ཡིན་ས་རེད། 9:02pm

ང་རང་། ཉིན་གཅིག་ལ་ཆུ་ཚོད་་བཅུའི་རིང་དུ་ལས་ཀ་བྱེད་ཀྱི་ཡོད།ག་དུས་སློབ་ཐར་ཕྱིན་གྱི་ཡོད 9:02pm

བཙན་མེ་སྟག དེ་ཡིན་དུས་དཀའ་ངལ་ཕྲད་ཀི་ཡོད་ཀྱི་རེད།ཉིས་སྟོང་བཅུ་གསུམ་ལོ་མཐར་ཕྱིན་གྱི་ཡོད།9:03pm

ང་རང་། མེད་ཀི གང་དུ་སོང་ན་ལས་ཀ་མ་བྱས་ན་གང་ལ་ཡོང་། ཤུ་རེ་བྱོས། གོ་སྐབས་ཡག་ཤོས་ཀྱི་དུས་ཚོད་རེད་ཡ 9:03pm

བཙན་མེ་སྟག བདེན་པ་རེད། རེད་རེད། མི་ཚེའི་མཐའ་མ་ལ་སྐྱིད་པོ་བྱེད་དགོས་ནི་རེད།9:05pm

ང་རང་། སྐྱིད་དང་མ་སྐྱིད་ཟེར་བ་ནི་བསམ་པའི་འཁྱེར་ཕྱོགས་ཤིག་རེད་ཡ 9:05pm

བཙན་མེ་སྟག ཁྱོད་ཀྱིས་བྱིས་པ་ལ་ལྟ་དགོས་ན་མཚམས་བྱས་ན་འགྲིག་གི་རེད། དེའང་བདེན་པ་རེད།9:06pm

ང་རང་། ཞི་མོ་ཉལ་ཚར་བ་རེད། ད་སྔ་མོ་བར་དུ་བླངས་ནི་མ་རེད། 9:06pm

བཙན་མེ་སྟག། ཁྱོད་རྒྱ་གར་ལ་ཡོང་རྩིས་ཨེ་ཡོད།9:06pm

ང་རང་། ད་དུང་ཤེས་མ་སོང་ 9:06pm

བཙན་མེ་སྟག ཁྱོད་ཡོད་སའི་རྒྱལ་ཁབ་ཀྱི་མིང་ལ་ཅི་ཟེར། དེ་ནས་བོད་པ་ལ་ལྟ་སྟངས་ཨེ་ཧྲ་གི9:07pm

ང་རང་། ཨེས་སུ་རལ་རེད 9:08pm

བཙན་མེ་སྟག བོད་པ་ག་ཚོད་ཡོད་ནི་རེད། རགས་རྩིས་བྱས་ན། 9:08pm

ང་རང་། བཟའ་ཚང་འབྲེལ་ཟིན་པ་བརྒྱད། སོ་ནམ་སློབ་མ་ལྔ་བཅུ། ལས་ཀ་བྱེད་དུ་ཡོང་བ་བུ་དང་བུ་མོ་གཉིས་ཀ་བཅུ་གྲངས་ལས་བརྒལ་བ་ཡོད། 9:08pm

བཙན་མེ་སྟག དམིགས་བསལ་གྱི་བོད་པ་ལ་སློབ་གྲྭ་འགྲོ་ས་ཞིག་ཡོད་ནི་རེད། ཡང་ན་ཁོང་ཚོའི་སློབ་གྲྭ་ལ་འགྲོ་དགོས་ནི་རེད།9:10pm

ང་རང་། མ་རེད སོ་ནམ་སློབ་སྤྱོང་དུ་ཡོང་མཁན་གཞིས་ཆགས་ཁག་ནས་རེད། 9:10pm
བཙན་མེ་སྟག ཨ་ལེ།དེ་ནས་སྒོར་མོ་གསོག་ཨེ་ཐུབ་ཀི 9:11pm

ང་རང་། གསོག་མཁན་དག་གིས་གསོག་བཞིན་ཡོད་ཀི་ཡ། རྒྱ་གར་དང་གཏན་ནས་བསྡུར་ཐབས་ཡོད་ནི་མ་རེད། 9:12pm

བཙན་མེ་སྟག དེ་དཱ་ཡིན་གྱི་རེད།9:12pm
ང་རང་། མིན་ནས་ཨོ། ཁྱེད་རང་གི་དགའ་རོགས་མ་ལ་ཡང་གོ་སྐབས་འདི་ཡོད་ཀི་ཡ།9:14pm
བཙན་མེ་སྟག དེ་ནས་དུས་ཚོད་ག་ཚོད་རེད། ད་ལྟ། 9:14pm
ང་རང་། དགུ་དང་སྐར་མ་བཅུ་བཞི་རེད 9:14pm
བཙན་མེ་སྟག དུས་ཚོད་རྒྱ་གར་མགྱོགས་ནི་རེད། 9:15pm
ང་རང་། རེད་རེད། ཁྱེད་ཚོ་སྔོན་དུ་ཉལ་བཞིན་ཡོད་པ་རེད། ང་ཚོ་རྗེས་སུ་ཉལ་བཞིན་ཡོད་པ་རེད། ལས་ཀ་ཡང་ཁྱེད་ཚོས་སྔོན་དུ་བྱེད་ཀི་རེད 9:15pm

བཙན་མེ་སྟག བྱིས་པ་ག་ཚོད་བཞག་ཡོད། 9:15pm
ང་རང་། ཡིང་ཡང་སྒོར་མོ་མང་ཤོས་ང་ཚོས་ལེན་ནི་རེད་ ཨ་རོགས ཧཧཧཧ ཞི་མོ་ལོ་གཅིག་དང་ཕྱེད་ལྷག་རེད། མི་འགྱངས་པར་བུ་ཞིག་སྐྱེ་རྒྱུ་ཡོད་ཡ། ད་ང་ཨེ་ངར་གི ཧཧཧ 9:16pm

བཙན་མེ་སྟག ང་བྱིས་པ་ཕྱེད་ཀ་ཟིག་མ་གཏོགས་མེད། ད་རུང་ཁོག་ན་ཡོད་ནི་རེད། ཧ་ཧ་ཧ་ཧ་ཧ 9:17pm
ང་རང་། དངོས་ནས་ཡིན་ནམ 9:17pm
བཙན་མེ་སྟག ང་གྲྭ་བ་ལོག་ནས་ཟླ་ལྔ་མ་གཏོགས་འགྲོ་གི་མེད། 9:18pm

ང་རང་། དམྱལ་བ་བོ། ཐུག་མ་ཐག བྱིས་པ་ཞིག་བཟོས་ཚར་ཡིན་ནམ དངོས་ནས་མགྱོགས་ཀི་ཡ།
དེ་ངས་ཀྱང་འདི་ན་བརྩི་བཞིན་པའི་སྒང་ཡིན། ཉེ་དུས་སུ་ང་རང་ཡོང་དུས་སུ་ཁྱེད་རང་གི་གྲྭ་ཆས་གོན་ནས་རྒྱུགས་ཀྱི་འདུག ད་དུང་དུས་བབ་ཚང་གི་གསར་འགྱུར་ཞིག་གི་དངོས་ནས་ཀྱང་། ཁྱེད་རང་གི་གྲྭ་ཆོས་གོན་ཡོད་པ་མཐོང་སོང་། གྲྭ་བ་མིན་ཟེར་ན་ཡིད་ཆེས་པ་དཀའ་ནི་ཞིག་རེད 9:19pm

བཙན་མེ་སྟག འཇིག་རྟེན་ཟེར་བ་དེ་འགྱུར་བའི་རང་བཞིན་ཅན་ཞིག་ཡིན་པ་ཤེས་པར་གྱིས། ཅི་ཟིག་གཱ 9:21pm
ང་རང་། དེ་མིན་ནས་ད། འགྱུར་བ་ནི། སྐར་ཆ་གཅིག སྐར་མ་གཅིག རྡུལ་ཕྲ་རབས་གཅིག མ་འགྱུར་བར་བསྡོད་ཐབས་ཤིག་གང་ན་ཡོད། སྐྱེ་འགྲོ་སྲོག་ཐོག་ཡོད་ཚད་དང་རྩྭ་དང་རྩི་ཤིང་ཡོད་ཚད། མ་རེད་དམ9:22pm

བཙན་མེ་སྟག ། རྟག་པ་ཅི་ཞིག་ཡིན་རྒྱུ། 9:23pm
ང་རང་། ཡོད་ནི་མ་རེད། རྟག་མི་རྟག་བརྩད་དེ་ད་བར་དུ་བསྡད་ནི་རེད། བོད་ཀྱི་གྲྭ་ལོག་ང་ཚོས། རེད་དེ། ངས་ཁྱེད་རང་ལོག་ཡོད་མེད་ལ་ཁས་ལེན་བྱེད་མ་ཐུབ་པར་བསྡད་ཡོད། 9:25pm

བཙན་མེ་སྟག རྟག་པ་འགྱུར་བའི་རང་བཞིན་ཅན་ཞིག་ཡིན་པ་ཞིག་ཤོད་དང་། རྒྱུ་མཚན། 9:25pm
ང་རང་། རྟག་པ་ཟེར་བ་ཞིག་མེད་ཀི་ཡ། འཇིག་རྟེན་འདི་ན། གནམ་འོག་འདི་ན། ས་ཐོག་འདི་ན། མི་ཡུལ་འདི་ན། ཡོད་ཚད་མི་རྟག་པ་རེད། 9:25pm

བཙན་མེ་སྟག ཐམས་ཅད་ཐལ་བར་འགྱུར་རོ། 9:26pm
ང་རང་། ཨ་རོགས་ང་དམ་བཅའ་བ་རེད་དམ། རིག་ལུང་བ་རེད། ཧཧཧ9:27pm
བློ་བཟང་། དེའི་ངེད་གཉིས་ཀ་དགོས་ནི་ཞིག་མ་རེད། དེ་བལྟས་ན་ང་གྲྭ་བ་ལོག་ཡོད་མེད་དེ་གཙོ་བོ་རེད།
ང་གྲྭ་བ་ལོག་མེད་པའི་རྒྱུ་མཚན་ཞིག་བཤད་རོགས། 9:28pm

ང་རང་། གཅིག་ནས་ང་རང་ཁྱེད་ལ་ཡིད་ཆེས་ཤིག་འདུག 9:28pm
བཙན་མེ་སྟག ། གང་ཡིན།9:28pm
ང་རང་། དེ་ནི་བཤད་མི་ཤེས་པའི་ཚོར་བ་ཞིག་གི་བཟུང་བས་རེད། ད་ལྟ་ཡང་ངས་ཁྱེད་རང་ནི་བོད་ཀྱི་སྣེ་ཁྲིད་པ་གསར་བ་ཞིག་ཆགས་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། སྔོན་ཆད་ཡང་དེ་ལྟར་ཡིན། དེ་ཡི་ལྗིད་ཁོག་གི་མིན་འགྲོ 9:32pm

བཙན་མེ་སྟག ངས་བལྟས་ན་དེ་ལ་འབྲེལ་བ་མེད་ཀི་བསན་ཀི9:32pm
ང་རང་། ཡིན་ན་ཐང་། རེད་དེ ང་ལ་ཚོར་བ་དེ་ཡི་བརླན་པ་འདྲ 9:32pm
བཙན་མེ་སྟག འདོད་ཆགས་དང་ལར་ཞེན་མི་འདྲ་བས་སོ། 9:33pm
ང་རང་། མི་རིགས་ཤིག་དང་། རླབས་ཆེན་གྱི་ལས་ཀ་ཞིག་བྱེད་པ་ལ་འདོད་ཆགས་ཀྱི་བཀག་རྡོ་ལས་ཐར་དགོས་པས་ཡིན། དེ་གཉིས་མཉམ་དུ་སོང་དུས། ཉེན་ཁ་ཆེ་ལ། ལས་དོན་མི་འཁྱོངས། བུ་མོའི་ཐུགས་དང་བསྟུན་ན། བླ་མའི་བཀའ་དང་འགལ་འགྲོ བླ་མའི་བཀའ་དང་བསྟུན་ན། བུ་མོའི་ཐུགས་དང་འགལ་འགྲོ
མི་ཡོང་ཡ། དངོས་ནས་ཡིན 9:35pm

བཙན་མེ་སྟག སྔོན་གྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན་ཆབ་སྲིད་གཤེགས་ཟེར་བ་གོ་རྒྱུ་ཆེན་པོ་ཞིག་ཡོད་པར་ངེས། འཛམ་གླིང་ན་འགྲན་ཟླ་བྲལ་བའི་སྲོང་བཙན་སྒམ་པོས་ཀྱང་མཙུན་མོ་ལྔ་ལངས་པ་རེད། 9:36pm

ང་རང་། ཨ་རོགས ཆབ་སྲིད་ཟེར་བ་དངོས་ནས་ཁྱེད་རང་གི་ད་ལྟའི་འཆར་འགོ་ཡག་པོ་མི་ཚོས། དེ་ལས་འུ་གཉིས་ཀྱི་དྲང་བདེན་ཟེར་བ་ཞིག་བཤད་ན་རེད་ཡ། དེ་སྐབས་ཀྱི་དུས་ཚོད་དང་། གོ་གནས། དབང་ཐང་སོགས་ལ་བསམ་གཞིགས་བྱེད་རོགས་ཞུ། 9:38pm

བཙན་མེ་སྟག ཁྱོད་ཀྱི་སྐད་ཆ་དེའང་བདེན་ཤས་ཆེ། གང་ཡིན་ཞེ་ན། ཁྱོད་ལ་ཉམས་མྱོང་ཡོད། འོན་ཀྱང་ང་ལའང་དེ་ལ་དོན་སྣང་ཡོད་པས་ཆབ་སྲིད་ལ་རིགས་གསུམ་ཕྱེ་གི་ཡོད། 9:39pm

ང་རང་། ཆབ་སྲིད་རིགས་གསུམ་དུ་འགར་ཚུལ་གང་ཡིན། དེ་དངོས་ནས་ཁྱེད་རང་གི་ལྟ་ཚུལ་རེད་ཡ། རིགས་ད་དུང་མང་དུ་ཕྱེ་ཆོག རེད་དེ་ཡོངས་གྲགས་ཀྱི་བཤད་ཚུལ་དེ་ལ་ཉན་དགོས་པ་ཡིན། བསྟུན་དགོས་པ་ཡིན། 9:40pm

བཙན་མེ་སྟག སྤྱིའི་ཆབ་སྲིད་གཅིག་དང་། རྒྱ་ནག་གི་ཆབ་སྱིད་གཅིག བོད་ཀྱི་ཆབ་སྲིད་གཅིག་བཅས་གསུམ་མོ། ངའི་ལྟ་བ་དངོས་གནས་དེ། གནས་ལུགས་རྒྱུ་མཚན་ཡོད་ན་བྱིས་པའི་ངག་ལ་ཉོན། གནས་ལུགས་རྒྱུ་མཚན་མེད་ན་རྒྱལ་བའི་བཀའ་ཡང་དོར་ཟེར་བ་དེ་ཡིན། 9:41pm

ང་རང་། སྤྱིའི་ཆབ་སྲིད་ཟེར་ན་གང་ལ་བཤད་ཀྱི་ཡོད། རྒྱ་ནག་གི་ཆབ་སྲིད་ཟེར་ན་གང་རེད། དེ་ནས་བོད་མིའི་ཆབ་སྲིད་ཟེར་བ་དེ་ཇི་ལྟར་འཇོག་གི་ཡིན། གནས་ལུགས་ཟེར་བ་ནི། རང་དབང་གི་མཁའ་དབུགས་རྔུབ་ནས་བསྡད་ཡོད་མཁན་དག་གི་སྐད་ཆ་ཡིན། རྒྱུ་མཚན་ཟེར་བ་དེ་ཡང་ཆབ་སྲིད་ལས་དྲང་བདེན་ལ་དགའ་མཁན་དག་གི་སྐད་ཆ་ཞིག་རེད་ཡ 9:45pm

བཙན་མེ་སྟག མདོར་བསྡུས་ན། ཐབས་ལམ་གང་ཞིག་ལ་བརྟེན་ནས་རང་རྒྱལ་ལ་རྒྱ་ཁ་ཐོབ་པ་སྤྱིའི་ཆབ་སྲིད་ཀྱི་འགྲོ་སྟངས་དང་། ཐབས་ལམ་གང་ཞིག་ལ་བརྟེན་ནས་རང་ཉིད་ལ་རྒྱལ་ཁ་ཐོབ་དགོས་པ་རྒྱ་ནག་དང་། ཐབས་ལམ་གང་ཞིག་ལ་བརྟེན་ནས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབ་དགོས་པ་བོད་ཀྱི་ཆབ་སྲིད་དོ། 9:46pm

ང་རང། དངོས་ནས་ཁྱེད་རང་གི་མདོར་བསྡུས་ཤིག་གསུངས་འདུག རེད་དེ། མ་གཞི་ནས་ཁྱེད་རང་གི་ལྟ་ཚུལ་དེ་ཁྱབ་ཆུང་འདུག་ལ། སྤྱིའི་ཆབ་སྲིད་ཅེས་པ་དེར་གཏན་ནས་མོས་མཐུན་བྱེད་མི་ཐུབ་ཀི ལྷག་དོན་དུ་བོད་མིའི་ཆབ་སྲིད་ཀྱི་ལྟ་བ་བཤད་པ་དེ་ཡང་དངོས་ནས་ཁྱད་མཚར་ཞིག་རེད། · 9:47pm
བཙན་མེ་སྟག གནས་ལུགས་ཟེར་བ་དེ་བདེན་པ་དང་གོ་དགོས་པ་དང་། རྒྱུ་མཚན་ཟེར་བ་དེ་གཏན་ཚིགས་གོ་དགོས་སོ། 9:47pm

ང་རང་། རྒྱ་ནག་སྲིད་གཞུང་གི་འདོད་རྔམ་ལ་བལྟས་ན་དེ་འཚམ་པོ་ཞིག་རེད་ཅེས་ཁས་ལེན་གནས་སྐབས་སུ་ཁྱེད་ལ་སྤྲོད་ཡ། འཇིག་རྟེན་ན། མི་མང་བོ་ཞིག་དང་། མཁས་པ་སོ་སོ་དང་། ཆབ་སྲིད་པ་སོ་སོ། འགྲུལ་བཞུད་པ་སོ་སོ། 9:48pm
བཙན་མེ་སྟག ང་ཧམ་པ་ཆེ་བ་མིན་ན། ངས་དཔྱོད་པ་རྫོགས་ཡོད། 9:48pm
ང་རང་། ཚང་མར་རང་རང་གི་ལྟ་གྲུབ་ཞིག་ཡོད་ལ། དེ་ལ་ཡང་ཁོང་ཚོའི་རྒྱུ་མཚན་རེ་ཡོད་ནི་རེད། ཧམ་པ་མ་རེད། དཔྱད་པ་ད་དུང་བྱོས། རྫོགས་ཟེར་བ་དེ་ནི་སྔ་དྲགས་པ་རེད 9:49pm

བཙན་མེ་སྟག ལགས་སོ། 9:49pm
ང་རང་། ལོ་དུ་རེད། 9:49pm
བཙན་མེ་སྟག ལོ ༢༦ ཡིན། 9:49pm

ང་རང་། ཁྱེད་རང་གི་བསམ་བློ་འདི་བཏང་ནས་ལོ་ག་ཚོད་འགོར་ཡིན། ཁྱེད་རང་ད་ལྟ་ལོ་ག་ཚོད་རེད། མི་ཚེ་རིང་ཞིག་གི་ཚེ་དུས་ག་ཚོད་ཅེས་བསམ་བློ་གཏོང་ཡ། དེ་ནས་ད་གཟོད་རྫོགས་ཞེས་པ་དེ་ནི་སྔ་དྲགས་པ་ཤེས་ནི་རེད། ཞི་བདེ་དམག་མི་བར་དོ་བ་ལགས། ངས་ཁྱེད་རང་ལ་མེ་ཞིག་ཆགས་བཞག་ནས་བཤད་ཡ། ཁྱེད་རང་གི་ད་ལྟའི་བསམ་བློ་དེ་ནི་ངར་ཤུགས་རེད་ལ། ཐབ་ནང་གི་མེ་རེད 9:51pm

བཙན་མེ་སྟག ང་ཆབ་སྲིད་ཀྱི་ལམ་ཁ་ཞུགས་ནས་ལོ་ལྔ་འགྲོ་སོང་ཡོད། 9:51pm
ང་རང་། མེ་ཤུགས་ཡོད་ཀྱང་མེ་རིའི་དོ་ཟླ་མི་ཡོང་། དེ་ཡིན་དུས། ངས་ཁྱེད་རང་གི་བསམ་བློ་དང་རྣམ་དཔྱོད་མེ་མ་རེད་ཅེས་ག་ལ་བཤད་སྲིད། མེ་ཞིག་རེད་ཡ། ཧཧཧ ལོ་ལྔ། བྱིས་པ་ཞིག་གི་གཅུན་ལམ་རེད་ཟེར་ན་འགྲིག་གི་ཡ། སྐད་ཆ་ཁ་ཐུག་ཡིན་ཡ 9:52pm

བཙན་མེ་སྟག གང་ལྟར་དཔྱད་པ་གཏོང་དགོས་པ་གལ་ཆེན་པོ་རེད། ཛ་དྲག་གི་དུས་འདི་ལ། 9:52pm

ང་རང་། སེམས་ལ་གང་དྲན་དག་ཞིབ་དུ་ཤོད་ཡ། མིན་ནས་ད། གནམ་དང་ས་གཞི། སྐྱེ་འགྲོ་ཡོད་ཚད་ལ་དཔྱད་པ་ལོས་བྱེད། ཛ་དྲག་ཡོད་མེད་ལ་མ་བལྟས་པར། བླངས་དུས། ཉལ་དུས་ 9:53pm

བཙན་མེ་སྟག རྣམ་དཔྱོད་ཡོད་ན་དུས་ཡུན་རིང་མི་དགོས། 9:53pm

ང་རང་། དུས་ཚོད་ཉེར་བཞིའི་རིང་ལ། དེ་ཡང་ཁྱེད་རང་གི་ཧམ་པ་རེད། དུས་ཐུང་གི་ཧམ་པ་རེད།
ད་གོ་སོང་ང་། དེང་སང་ཕྱི་རྒྱལ་ཁག་གི་བུ་ཕྲུག་དག་ཆུང་དུས་ནས་གློག་ཀླད་དུ་འཐམ་ནས་ལོ་བཅུ་གྲངས་ལས་བརྒལ་དུས་སུ། འཚར་ལོངས་བྱུང་ཡོད་དང་བསམ་བློ་བ་ཡིན་ཟེར་ནས་འགྲོ་བ་དང་འདྲ་བོ་རེད། 9:56pm

བཙན་མེ་སྟག ཁྱོད་ཀྱི་བསམ་བློ་ཅུང་གུ་དོག་པ་འདྲ། མི་ཚང་མ་འདྲ་ནི་མ་རེད། 9:56pm

ང་རང་། དེ་མིན་ནས་ད། ཚང་མ་འདྲ་ན་རྩོད་པ་མེད། རྙོག་དྲ་མེད། དཀའ་ལས་ཤིག་གང་ན་ཡོད། ང་ཚོ་ཚང་མ་ལ་ནང་ཟེར་ནས་བསྡོད་ས་ཞིག་ཡོད་ནི་རེད་ཡ 9:58pm

བཙན་མེ་སྟག སི་ཏུས་སྡོམ་ཚིག ལ་ལས་ལོ་བརྒྱར་སྦྱངས་པ་ཡང་། ལ་ལས་སྐད་ཅིག་ཉིད་ལ་རྟོགས་ཟེར་བ་མ་གོའམ། 9:58pm

ང་རང་། དེ་ཚོ་སྙན་ངག་ལ་གོམ་པ་ཞིག་བཤད་པ་རེད། སྐད་ཆ་དེ་འདྲ་ད་ལྟ་རང་ཡིད་ལ་དྲན་ནི་ཞིག་བྱས་ན་འགྲིག་གི་རེད། ཡིན་ཡང་། ཤེས་དགོས་པ་ཞིག་ནི། ཚང་མ་འདྲ་མཉམ་གྱི་འདུ་ཤེས་ཤིག་འཛིན་དགོས་པ་དེ་ནི། སྐྱེ་འགྲོ་ཚང་མ་བདེ་སྡུག་གི་བྲན་གཡོག་ཡིན་པ་དེ་ཡིན། དེ་ནི་དངོས་ཡོད་ཡིན་ལ། དཔྱད་ན་ཇེ་གསལ་དུ་ཡང་འགྲོ་ནི་རེད། 10:02pm

བཙན་མེ་སྟག དེ་མ་རེད། སྐྱེ་འགྲོ་ཚང་མ་བརྩེ་དུང་གི་བྲན་གཡོག་རེད་ཟེར་ན་འགྲིག་གི། ངས་རྣམ་རྒྱུན་མི་ཟེར་བ་དེ་བརྩེ་དུང་ལ་འཐབ་འཛིང་མི་ཐུབ་པའི་ཕམ་དམག་ཅིག་རེད་ཟེར་བཞིན་ཡོད།10:03pm

ང་རང་། བརྩེ་དུང་ཟེར་ན་ཡང་། དེ་ཡང་ངེས་མ་ཟིན་པའི་བདེ་སྡུག་ཞིག་ཡིན། མིང་འདོག་སྟངས་མ་འདྲ་བ་རེད། དེས་ན། ངས་ཁྱེད་ལ་བོད་ཀྱི་སྐོར་ནས་དྲི་བ་ཞིག་འདྲི 10:03pm

བཙན་མེ་སྟག ཡ་ 10:03pm
ང་རང། ད

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༦ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 7

  1. sha tak ri sim says:
    ལོ་ 14 སྔོན།

    ངེད་གཉིས་སླར་ཡང་ཐུག་ནི་རེད། དེ་དུས་ཁྱེད་རང་ཉན་དུ་ཕེབས་ཤོག་ཡ

    Reply
  2. sha tak ri sim says:
    ལོ་ 14 སྔོན།

    ཁམས་པ་ལགས། ང་རང་གི་ལས་ཀ་བྱེད་སར་ཉ་རིགས་ཀྱི་གཙོ་བའི་སེམས་ཅན་ཆེ་ཆུང་གང་ཡང་གསོན་པོ་ཞིག་སླེབས་ཀྱི་མེད་ཀྱང་། གསད་ཟིན་པའི་སེམས་ཅན་དེ་དག་ལ་དུས་རྒྱུན་དུ་ལག་པ་འཆང་ཐེངས་རེ་ལ། དངོས་ནས་སེམས་པ་སྐྱོ་ནི་ཞིག་རེད། གཅིག་ནི་རང་ཉིད་ནང་བའི་རྗེས་མཇུག་དུ་འབོད་པའི་མི་ཞིག་དང་། གཉིས་ནས་རང་ཉིད་ནི་ཤ་མི་ཟ་བའི་མི་ཞིག་ཡིན་པས་ལོས་ཡིན། དེ་ཙམ་མོ།

    Reply
  3. karmadentse says:
    ལོ་ 14 སྔོན།

    ཁྱེད་གཉིས་ཀ་ཡང་བསྐྱར་ཐུག་ཉན་ས་མ་རེད།

    Reply
  4. tinzen123456 says:
    ལོ་ 14 སྔོན།

    བོད་ཀྱི་ཤ་ཁྲག་རུས་གསུམ་ལགས། ཁྱེད་ཀྱིས་མ་བྱན་བྱེད་སྐབས་སུ་ཉ་དང་ཆུ་འབུ་དེ་ཚོ་གསོད་ཀི་ཡོད་དམ། ངས་དྲི་དགོས་པ་ཞིག་དྲིས་པ་ཡིན། དེ་མིན་ཅོ་འདྲི་དང་ཀླན་ཀའི་སྒོ་ནས་དྲིས་པ་མིན་པ་དགོངས་འཇགས་འཚལ།

    Reply
  5. sha tak ri sim says:
    ལོ་ 14 སྔོན།

    རས་པ་ལགས། ས་མཐའི་མི་ཟེར་བ་འདི་ལ་སྡུག་བསྔལ་མང་ནི་རེད་ཡ། ཉིད་ནས་ཅིག་གླེང་ནི་ག་འདྲ་འདུག

    Reply
  6. མེ་ཆར། says:
    ལོ་ 14 སྔོན།

    ངས་གཏམ་གླེང་རིང་མོའི་འདི་ས་མཐའི་མི་ཡི་ཁ་བརྡ་ཟེར་ནོ་ཡིན་ས་རེད།

    Reply
  7. sha tak ri sim says:
    ལོ་ 14 སྔོན།

    བཙན་མེ་སྟག ཡ་ 10:03pm
    ང་རང། ད་ལྟའི་འཆར་བོད་མི་ཞིག་གི་སྐྱེ་བ་ལེན་མཁན་ཞིག་གི་དངོས་ནས་བོད་དོན་དུ་ཆབ་སྲིད་ཀྱི་ལས་གང་ཞིག་བྱེད་དགོས་སམ 10:04pm
    བཙན་མེ་སྟག དེ་ལ་རིགས་གཉིས་ཡོད། བཙན་བྱོལ་བ་དང་། གཞིས་ལུས་བོད་མིའོ 10:05pm
    ང་རང། ངས་དྲིས་པ་དེ་ནི་བོད་ཕྱི་ནང་གཉིས་བཀར་མེད། བོད་མི་ཞིག་གི་སྐྱེ་བ་ལེན་མཁན་ཚང་མ་ལ་ཟེར་བ་ཡིན། གང་ལྟར། ཉིད་ནས་རིགས་གཉིས་ལ་ལྟ་ཚུལ་ཡོད་པ་བཞིན་བཤད་ན་འགྲིག་གི་རེད། ཤོད་དང10:06pm

    བཙན་མེ་སྟག བཙན་བྱོལ་བ་ཞིག་ཡིན་ན་དང་པོ་ང་བོད་པ་ཡིན་བསམ་པའི་འདུ་ཤེས་རྣལ་མ་ཞིག་སྐྱེ་དགོས་ལ། དེ་སྐྱེས་པའི་རྗེས་ལ་ལྷག་བམས་རྣམ་དག་གིས་ལས་ཀ་བྱེད་དགོས་པ་རེད། 10:07pm
    ང་རང་། དེ་ནས་· 10:07pm

    བཙན་མེ་སྟག ལས་ཀ་བྱེད་ཕྱོགས་ལ་གཞིགས་ནས་ཁྱོད་ལྟ་བུ་མཚོན་ན་དེར་གནས་ཀྱི་ཕྱི་རྒྱལ་ཚོ་ལ་བློ་གཟུར་བོར་གནས་པའི་ཐོག་ནས་སྐད་ཆ་བཤད་དགོས་པ་རེད། 10:08pm
    ང་རང་གི་སྐོར་དྲིས་མེད་ལགས། ཨོ་རེད ང་རང་ཡང་བོད་མི་ཞིག་རེད་ལ། བཀའ་སློབ་གནང་བ་དེར་སྐུ་དྲིན་ཆེ་ལགས

    གཞུག་འདི་ནས་ངེད་གཉིས་ཀྱི་བོད་དོན་དང་འབྲེལ་བའི་སྐད་ཆ་མི་ཉུང་བ་ཞིག་གླེང་ན་ཡང་། སྟབས་མ་ལེགས་པར་བོར་འདུག ད་དུང་། བདག་གིས་ཆབ་སྲིད་ནི་དུག་ཡིན་པ་དང་། དེ་འཐུང་མཁན་སུ་ཞིག་ཡིན་ན་ཤི་ལམ་མ་གཏོགས་མེད་ཅེས་བཤད་པ་ཡིན་ལ། ཆབ་སྲིད་ལས་དྲང་བདེན་བརྩད་ན་ཡག་གི་རེད་ཅེས་ཞུས་པ་ཡིན། ཁོང་གིས་ཀྱང་། རང་ཉིད་ཀྱིས་སྔར་བྱས་པའི་བྱ་བ་དེ་དག་ནི་བྱེད་འོས་པ་ཞིག་གི་ངོས་ནས་བྱས་ཀྱང་། དེང་སང་མི་ཁ་ཤས་ཀྱི་ཟུར་ཟ་བྱེད་ཀྱི་འདུག་པ་དེ་ལ་ཡིད་འཕངས་ཚུལ་གསུངས་པའི་ལན་དུ། མི་ཞིག་གིས་བྱ་བ་རླབས་ཆེན་ཞིག་བྱེད་པ་དེ་ལ་བསམ་བློ་གཏོང་དགོས་པ་དང་། དེ་ནས་འགོ་འཛུགས་དགོས། འཛུགས་རྗེས་སུ་གཞུག་མུ་མཐུད་དུ་སྐྱོང་དགོས་པར་ཞུས་པ་དེར་ཁོང་གིས་ཀྱང་མོས་མཐུན་བྱས་སོང་། ད་དུང་། ཁོང་གིས་རང་ཉིད་ནི་བོད་ཀྱི་མི་ཞིག་ཡིན་དུས་བོད་དོན་དུ་ལས་ཀ་གང་བྱེད་ཐུབ་པ་དེ་དག་ད་ལྟ་ཡང་ལོས་བྱེད་ཅེས་གསུངས་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese