མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱལ་ཡོངས་ཚོཊ་ཆེན་ལ་སྟ་གོན།

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཚོགས་འཆར་ལ། ཚོགས་མི་ ༤༦༠ ཙམ་འཛོམ་རྒྱུ་ཡིན་པ་དང་། རྒྱལ་བལ་འབྲུག་གསུམ་ཕུད་པའི་དང་བླང་བ་ ༡༦ ལས་འབྱོར་མ་སོང་ཟེར།

ཉེ་ལམ་བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་སྙན་ཐོ་དེ་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཡོད་པ་དང་། མི་འགྱང་བར་བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་ཐེངས་གཉིས་པ་འཚོགས་འཆར་ཡོད་སྟབས། འདི་གའི་གསར་འགོད་པས་ཚོགས་དྲུང་སྟོབས་རྒྱལ་ལགས་སུ་གནད་དོན་ཁག་ཅིག་གི་ཐོག་བཅར་འདྲི་ཞུས་ཡོད། ཁོང་གིས་རྒྱལ་ཡོངས་ཚོགས་ཆེན་སྟེང་རྒྱལ་བལ་འབྲུག་གསུམ་ནས་དང་བླང་བ་བསྡུ་ཕྱོགས་སྐོར་གསུངས་དོན། རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང་ལས་འགུལ་གནང་མཁན། ཆེད་ལས་པ། སྤྱི་ཚོགས་ཞབས་ཞུ་བ་བཅས་མཉམ་ཞུགས་གནང་འདོད་ཡོད་རིགས་ཀྱི་དང་བླངས་བ་རྒྱ་བལ་འབྲུག་གསུམ་ནས་མི་ ༣༠ དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་མི་ ༢༠ བཅས་ལ་དམིགས་བསལ་ས་མིག་གསལ་བསྒྲགས་གནང་བ་རེད། དུས་དེ་ནས་བཟུང་མཚན་ཐོ་སྔ་གཞུག་གི་གོ་རི་མ་ལྟར་ཐོ་འགོད་བྱས་ཏེ། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་གྱི་མི་ ༣༠ ས་མིག་ཡོངས་སུ་ཁེངས་ཚར་ཡོད་ལ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མི་ ༡༦ གི་མཚན་ཐོ་འབྱོར་ཡོད། སྤྱི་ཚོགས་ནང་དང་བླང་ཚོགས་མིིའི་སྐོར་ལ་གླེང་སློང་འདྲ་མིན་འབྱུང་གི་ཡོད་སྲིད་ཀྱང་། ཐོག་མའི་གཏན་འབེབས་ལས་བརྒལ་ཏེ་རྒྱ་བལ་འབྲུག་གསུམ་ལ་དང་བླང་བའི་གྲངས་ཀ་སྤར་ཐབས་ཡོད་པ་མ་རེད་ལ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ས་མིག་ལྷག་མ་ཡོད་པའི་ནང་རྒྱ་བལ་འབྲུག་གསུམ་ནས་བཅུག་ཆོག་གི་མ་རེད། གཏན་འབེབས་གཏན་འབེབས་རང་ཡིན་སྟབས། གལ་སྲིད། ཕྱི་རྒྱལ་གྱི་དང་བླང་པའི་ས་མིག་སྟོང་པར་ལྷག་ཀྱང་། རང་འཇགས་སུ་འཇོག་རྒྱུ་ལས་གཞན་མི་གཅིག་ཀྱང་དེའི་ཚབ་ཏུ་ལེན་ཐབས་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་ལ། ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་སྙན་ཐོའི་ནང་དོན་དང་མ་འོངས་པར་༸གོང་ས་མཆོག་གི་སྐུ་ཚབ་དུ་སྤྱི་ཁྱབ་གཙོ་འཛིན་བསྐོ་མིན་གྱི་སྐོར་བཀའ་འདྲི་ཞུས་པར། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་སྟེང་གྲོས་ཆོད་བཞག་སྟེ། ༸གོང་ས་མཆོག་གི་སྐུ་དབང་ཚང་མ་མང་ཚོགས་ལ་མར་གནང་བའི་ལས་དོན་དང་འབྲེལ་བ་ཆགས་ཡོད་སྟབས། ད་ལྟའི་བར་དུ་བཅའ་ཁྲིམས་ནང་གསལ་བའི་༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་དོན་ཚན་མང་པོ་ཞིག་ཡོད་པ་དེ་སྒྲིག་སྲོལ་གྱི་ཐོག་ལ་གང་འདྲ་བྱས་ཏེ་འཆར་འགོད་གནང་མིན་དང་། བཅའ་ཁྲིམས་ནང་འགྱུར་བ་གང་འདྲ་འགྲོ་མིན་སོགས་ཀྱི་ཐོག་ལ་བཀའ་བསྡུར་གནང་རྒྱུ་དེ་སྙན་ཐོའི་གྲུབ་དོན་གཙོ་བོ་རེད། ད་ལྟའི་ཆར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་སྟེང་མི་མང་ལ་བཀྲམས་ཟིན་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་འཆར་ཟིན་ནང་གང་ཡོད་པ་དེ་ལས། དམིགས་བསལ་༸གོང་ས་མཆོག་གི་སྐུ་ཚབ་དུ་སྤྱི་ཁྱབ་གཙོ་འཛིན་བསྐོ་བཞག་སོགས་ཀྱི་གཏན་འབེབས་གང་ཡང་ཡོད་པ་མ་རེད། ཡིན་ནའང་། ཚོགས་འདུའི་སྐབས་སུ་དེའི་ཐོག་ལ་གོ་བསྡུར་དང་བགྲོ་གླེང་ཡོང་སྲིད་པ་རེད། ཅེས་གསུངས་སོང་།

མཐར་ཁོང་གིས་རྒྱལ་ཡོངས་ཚོགས་ཆེན་གྱི་འགྲོ་གྲོན་སྐོར་གསུངས་དོན། ཐེངས་འདིའི་ཚོགས་ཆེན་སྟེང་མི་གྲངས་ ༤༦༠ ལྷག་འདུ་འཛོམས་ཡོང་རྒྱུར་རྩིས་བརྒྱབ་ཡོད། ལམ་གྲོན་གྱི་ཐད་ནས་ཀྱང་ཚོགས་ཞུགས་པ་སྒེར་ངོས་ནས་ལམ་གྲོན་གཏོང་ཐུབ་མཁན་ལས་གཞན་པ་ཚང་མ་གཞུང་གིས་གཏོང་གི་ཡོད། ང་ཚོའི་ངོས་ནས་ཐེངས་འདིའི་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་སྤྱིའི་འགྲོ་གྲོན་ཐད་སྔོན་རྩིས་ཀྱི་སྐབས་སུ་ཧིན་སྒོར་འབུམ་ ༦༥ བཀའ་འཁྲོལ་ཞུས་ཡོད་ཀྱང་། ཚོད་དཔག་བྱས་ན་འགྲོ་སོང་དེ་ཙམ་ཞིག་འགྲོ་བ་མ་རེད་བསམ་ཡོད། ཅེས་དང་། གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྲུབ་རྗེས་གྲོས་ཚོགས་འཕར་མ་ཞིག་འཚོགས་རྒྱུ་རེད། དེའི་ཐོག་གཙོ་བོ་ཚོགས་ཆེན་སྟེང་༸གོང་ས་མཆོག་སྐུ་དབང་དང་འབྲེལ་བའི་དོན་ཚན་ཁག་གི་ཐད་བགྲོ་གླེང་གོ་བསྡུར་གནང་རྗེས། གྲོས་ཚོགས་ཚོགས་དུས་འཕར་མའི་སྐབས་སུ་དོན་ཚན་རེ་རེ་བཞིན་བསྐྱར་བཅོས་གནང་རྗེས་བཅའ་ཁྲིམས་ནང་འཇུག་དགོས་པ་རེད། ཅེས་གསུངས་སོང་།  

གསར་འགོད་པ། དོན་གོ

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist