མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངེས་པར་བསམ་བློ་གཏོང་དགོས་པ་ཁག

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༣
Share on FacebookShare on TwitterShare on EmailShare on Whatsapp

སྨན་རྩིས་མཐོ་སློབ་ཀྱི་དགེ་རྒན། བསྟན་པ་བཀྲ་ཤིས།

 
དང་པོ།

བོད་གངས་ཅན་པའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་མི་ཡི་གར་དུ་རོལ་ཏེ་ཁ་བ་རི་བ་རྣམས་ཐུགས་བརྩེས་ཇི་ལྟར་བསྐྱངས་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཤིན་ཏུ་རིང་ཞིང་། དེ་ཡང་༸རྒྱལ་མཆོག་སྐུ་ཕྲེང་ལྔ་བ་ཆེན་པོས་དུས་རབས་བཅུ་བདུན་ཏེ་ཕྱི་ལོ་ ༡༦༤༢ ཙམ་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་དབང་དགེ་བཅུའི་ཁྲིམས་ཀྱིས་བསྐྱངས་པའི་དུས་རབས་ཀྱི་འགྱུར་མཚམས་དེ་ནས་བཟུང་༸རྒྱལ་མཆོག་སྐུ་ཕྲེང་ན་རིམ་གྱིས་དགའ་ལྡན་ཕོ་བྲང་གི་མཚན་ཐོག་ནས་ཆོས་སྲིད་བགྱིད་སྒོ་མཐའ་དག་ལེགས་པར་བསྐྱངས་པའི་བཀའ་དྲིན་མངོན་པར་མཐོ་ཞིང་། ཁྱད་པར་དུ་བོད་གྱི་གནས་བབ་ཆེས་ཤིན་ཏུ་ཛ་དྲག་གི་སྐབས་དེར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གིས་སྐུའི་ན་ཚོད་ཧ་ཅང་ཕྲ་ན་ཡང་མི་འཇིགས་སྤོབས་པ་ཆེན་པོས་ལུགས་གཉིས་ཐུགས་འགན་བཞེས་ཏེ། སྔར་སྲོལ་གཞུང་འཛིན་ལམ་ལུགས་མང་དག་ཅིག་ལ་དེ་དུས་ནས་ལེགས་བཅོས་མཛད་ནས་བོད་ཀྱི་གནས་བབ་ཛ་དྲག་ཅན་དེ་སྐྱོབས་ཐབས་ཀྱི་ཐབས་ཤེས་ཡོད་རྒུ་རྩལ་འདོན་གནང་ཡང་། ཤར་ཕྱོགས་གཏུམ་སྤྱོད་ཀྱི་མེ་ལྕེ་འགོག་ཐབས་བྲལ།

 

ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་ནས་གསར་གཏོད་དང་མདུན་སྐྱོད། ཡར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་བཅོས་བསྒྱུར་ཇི་སྙེད་ཅིག་གནང་བའི་བཀའ་དྲིན་ལ་བརྟེན།

ད་ལྟ་བཙན་བྱོལ་བོད་མིའི་སྲིད་གཞུང་འདི་ཉིད་མང་གཙོའི་མ་ལག་ཡོངས་སུ་ཚང་བའི་སྒྲིག་འཛུགས་མངོན་པར་བསྟོད་འོས་སུ་གྲུབ་ཡོད་པ་ཀུན་གསལ་ཡིན་པས་ད་ལམ་དམིགས་ཚོགས་ཆེན་འདིའི་སྟེང་ནས་བཀའ་དྲིན་སྙིང་བཅང་གིས་མགོན་པོ་གང་གིས་རྨད་བྱུང་གི་གསར་གཏོད་དང་ལམ་སྟོན་ཁག་འབྱུང་འགྱུར་བོད་མི་རིགས་འཚོ་གནས་ཀྱི་རིག་པའི་གཞུང་ཤིང་དང་རྩ་དོན་དུ་བཟུང་སྟེ་མི་རེ་ངོ་རེས་ལག་ལེན་དོན་འཁྱོང་ཡོང་བར་ཁྲིམས་ཀྱི་ནུས་པ་ལྡན་པ་བཟོ་རྒྱུ།
 
གཉིས་པ།

ལྷག་དོན་ཉེ་ཆར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག་གསུང་འཕྲིན་རིན་པོ་ཆེ་བསྩལ་བའི་དགོངས་དོན་ལྟར་ཚོགས་ཆེན་འདིའི་སྟེང་ནས་དགའ་ལྡན་ཕོ་བྲང་གི་མཚན་ཐོག་ནས་སྲིད་དབང་སྐྱོང་བའི་ལམ་ལུགས་དེ་བཀྲ་ཤིས་རྒྱལ་ཁའི་ངང་མཇུག་སྒྲིལ་བྱ་རྒྱུ་སྤྱི་མོས་དང་མང་མོས་ཀྱི་ལམ་ནས་ཐག་གཅོད་བྱས་ཏེ་ལོ་རྒྱུས་ཀྱི་ཀྱོག་མཚམས་འདི་ནས་མ་འོངས་རྒྱང་བསྐྱོད་ཀྱི་ལམ་ཕྱོགས་གསར་བ་ཞིག་ཐབས་འཚོལ་བྱ་དགོས་ཤིང་། དེ་ཡང་ལམ་སྲོལ་ལུགས་སྲོལ་ཙམ་ལ་དད་ཞེན་བྱེད་པ་ལྟ་བུ་མ་ཡིན་པར་མང་གཙོའི་འགྲོ་ལུགས་དང་མཐུན་ཞིང་། ངེས་དོན་དུ་ཕྱི་ནང་བོད་མིའི་དད་གུས་མངོན་འདོད་དང་། བོད་མིའི་དུས་གསུམ་དགེ་ཕན་གཞི་རྩར་བཟུང་སྟེ་བོད་མིའི་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྲེང་ན་རིམ་གྱི་གསང་གསུམ་མཛད་འཕྲིན་གྱི་སྐྱབས་འོག་ནས་ནམ་ཡང་འདོར་བ་མེད་པའི་རྗེས་འཛིན་གསོལ་འདེབས་ཞུ་རྒྱུ།

 
གསུམ་པ།

འཕགས་མཆོག་སྤྱན་རས་གཟིགས་ནི་མཉམ་མེད་ཤཱཀྱ་སེང་གེས་ལུང་དུ་བསྟན་པའི་བོད་མིའི་ལྷ་སྐལ་གཅིག་པུ་ཡིན་པར་བརྟེན། མང་གཙོའི་རྒྱལ་ཁབ་གཞན་གྱི་ལམ་སྲོལ་ལྟར་རྒྱལ་པོ་ལྟ་བུའི་ཆེས་མཐོའི་མཚན་གནས་ཤིག་ངེས་པར་འབུལ་དགོས་ཤིང་། དེ་ཡང་བོད་མི་རིགས་ཀྱི་སྐྱབས་མགོན་ལྷ་སྐལ་ཞེས་པ་ལྟ་བུའི་ཆེས་མཐོའི་དབུ་ཁྲིད་ཀྱི་མཚན་གནས་ཤིག་ཚོགས་ཆེན་འདིའི་སྟེང་ནས་ཐག་བཅོད་བྱ་རྒྱུ་འམ་ཡང་ན་རྒྱ་ཆེའི་བོད་མི་ཡོངས་ཀྱིས་འོས་འཕེན་གྱི་ལམ་ནས་ཐག་གཅོད་བྱ་རྒྱུའི་ལས་རིམ་ཞིག་ཚོགས་ཆེན་འདི་ནས་གཏན་འབེབས་བྱ་རྒྱུ།

 
 
བཞི་པ།

རྒྱལ་ཁབ་ཕྱི་ནང་གི་གཞུང་དང་སྒྲིག་འཛུགས་གང་འདྲ་ཞིག་ཡིན་ཡང་ལས་འཁུར་དམ་འབུལ་ཞུ་རྒྱུ་ནི་དར་སྲོལ་ལག་ལེན་ཡོད་པའི་གལ་ཆེའི་སྤྱི་ཁྲིམས་ཤིག་ཡིན་པར་སོང་རང་རེའི་ཆེས་མཐོའི་ཁྲིམས་པ་ཆེན་མོ་དང་། སྤྱི་འཐུས་ཚོགས་གཙོ། བཀའ་བློན་ཁྲི་པ་བཅས་ཀྱི་དམ་འབུལ་ཞུ་ཡུལ་སྔར་རྒྱུན་བཞིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྤྱན་སྔ་ནས་འབུལ་ལམ་ཞུ་རྒྱུ་བཅས་ཀྱི་བསམ་ཚུལ་དུ།

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. ཉི་ཟླ་སྐར་གསུམ། says:
    ལོ་ 15 སྔོན།

    ཡ་བསྟན་པ་ཀྲ་ཤིས་ལགས་། ཁྱོད་ཀྱིས་སེམས་ཁུར་བྱེད་པ་དེ་འགྲིག་པ་རེད་། ཡིན་ན་ཡང་
    ང་ཚོས་༧གོང་ས་མཆོག་ལ་མཚན་བསྟོད་འབུལ་དགོས་ཀྱང་། ༧རྒྱལ་བ་རིན་པོ་ཆེ་ཞེས་པའི་མཚན་དེ་ལས་ལྷག་པ་ཞིག་ང་ཚོའི་རིག་ཞུང་ནང་ནས་མི་རག་ཐག་ཅོད་རེད་།
    ཡོད་ན་སྟོན་ཤོག་དང་

    Reply
  2. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    ལས་ཁུར་དམ་བཅའ་དེ་ཡང་ད་ལྟ་ཙམ་མིན་པར་མ་འོངས་པར་གཅིག་གྱུར་སྲ་བརྟན་དང། ག་དུས་ཡིན་ན་དམ་བཅའ་འབུལ་ཆོག་ཆོག་གི་སྟབས་བདེ་བ་བཅས་ཡིན་དགོས་པས། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱི་དགོངས་འཆར་དེ་ཡག་པོར་མཐོང་སོང། གོང་ས་༸སྐྱབས་མགོན་ཆེན་པོ་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་དོན་གྱི་བདག་པོ་དང་བོད་ལ་དམངས་གཙོའི་ལམ་སྲོལ་གསར་གཏོད་དམ་གནང་སྦྱིན་གནང་མཁན་གྱི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་བཅས་ཡིན་པས། ཁས་ལེན་དམ་བཅའ་འབུལ་ཡུལ་ལ་ཆེས་འཚསམ་ཤོས་སུ་མཐོང་ངོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese