༧གོང་ས་མཆོག་གི་དགོངས་པའི་ཟུར་ནས་རྟོགས་ཐུབ་པ་ཞིག་ལ། ཟམ་གདོང་རིན་པོ་ཆེ་མཆོག་ནི་༧གོང་ས་མཆོག་གིས་ཐུགས་གཏོད་ས་ཞིག་དང་། གང་ཉིད་ཀྱི་དགོངས་པ་བསྐང་ཐུབ་མཁན་གྱི་སྐྱེས་བུ་ཞིག་ཡིན་པའི་ངོས་འཛིན་གནང་གི་འདུག དེ་ནི་རྩ་ཆེ་ཤོས་ཤིག་དང་གལ་ཆེ་ཤོས་ཤིག་ཏུ་མཐོང་གི་ཡོད། ཅེས་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གསུངས་སོང་།
དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་། ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བྷེལ་ཇམ་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་མཆོག་གི་མཛད་རྗེས་ལ་ཡི་རངས་དང་། བཀའ་དྲིན་རྗེས་དྲན་མཚོན་པའི་མཛད་སྒོ་རྒྱས་པ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གཙོས་པའི་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་བཅར་བ་ཡོངས། དེ་བཞིན་གཞུང་ཞབས་ལས་བྱེད་ཆེ་ཕྲ་དང་ངྷ་ས་ཁུལ་གྱི་མི་མང་བཅས་ཁྱོན་མི་ ༣༠༠༠ ཙམ་ལྷན་ཞུགས་གནང་འདུག
མཛད་སྒོའི་ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཛད་རིམ་ངོ་སྤྲོད་གནང་རྗེས་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་བྷེལ་ཇམ་བོད་རིགས་མི་མང་གི་ཚབ་ཞུས་ཏེ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཐུབ་པའི་རྟེན་སྐུ་དང་ཐང་ཀའི་ཆེ་བསྟོད་གཟེངས་རྟགས་བཅས་ཕུལ་སོང་ལ། དེའི་རྗེས་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཡུན་རིང་འབྲེལ་འདྲིས་དང་རྒྱུས་མངའ་ཆེ་བའི་ཝར་ནཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་དང་བཀའ་ཟུར་པད་མ་ཆོས་འབྱོར། ལ་དྭགས་བླ་མ་བློ་བཟང་། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན། དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་གྱི་མི་སྣ་ཁག་ཅིག་བཅས་ཀྱིས་རེ་རེ་བཞིན་འདས་པའི་ཀྱག་ཀྱོག་གི་ལོ་རྒྱུས་དང་འབྲེལ་ཟམ་གདོང་རིན་པོ་ཆེ་མཆོག་གི་འོད་སྟོང་འཕྲོ་བའི་མཛད་རྗེས་ལ་བསྔགས་བརྗོད་དང་། ལྷག་པར་དུ་ཁོང་གིས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཐོག མི་ཚེ་ཧྲིལ་བོ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཕུལ་དང་འབུལ་བཞིན་པའི་རླབས་ཆེན་གྱི་མཛད་སྤྲོད་ངོ་སྤྲོད་གནང་སོང་།
སྐབས་དེར་བྷེལ་ཇམ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཙ་ཡུས་སྐལ་བཟང་ལགས་ཀྱིས་ཟམ་གདོང་རིན་པོ་ཆེ་མཆོག་ལ་གཟེངས་རྟགས་དེ་འབུལ་དགོས་པའི་རྒྱུ་མཚན་སྐོར་ངོ་སྤྲོད་གནང་དོན། ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མི་བཙན་བྱོལ་དུ་ཐོག་མར་འབྱོར་རྗེས། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་རྡོར་གླིང་དང་སིམ་ལ་གཉིས་སུ་ཆོས་དགེ་དང་། དེ་ནས་ཝ་ཎ་མཐོ་སློབ་ཀྱི་སློབ་སྤྱིའི་འགན་བཞེས་ཤིང་མ་འོངས་བོད་ཀྱི་སོན་རྩ་སྐྱེད་སྲིང་བྱ་ཆེད་ཤེས་ཡོན་བསྟི་གནས་ཁང་དེ་རུ། བོད་མིའི་ཤེས་ཡོན་རྨང་གཞི་བཏིང་སྟེ་རྒྱུན་རིང་སྲི་ཞུ་བསྒྲུབས་ཡོད་ལ། སྤྱི་འཐུས་ལས་རྒྱུན་ཐེངས་གཉིས་བཞུགས་པའི་སྐབས་སུའང་། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་དམངས་གཙོའི་ཀ་བ་གསུམ་དང་། ཁྱད་པར་དུ་ཁྲིམས་བཟོའི་ལས་རིམ་འཐུས་ཚང་ཅན་དུ་བསྒྱུར་ཡོད།
བཀའ་བློན་ལས་ཐོགས་དུས་ཡུན་ཐེངས་གཉིས་བཞུགས་པའི་རིང་། བོད་གཞུང་གི་འཛིན་སྐྱོང་དང་དཔལ་འབྱོར། ཤེས་ཡོན་སོགས་ལ་གསར་གཏོད་དང་ལེགས་བཅོས་ཆེན་པོ་གནང་ཡོད་པ་མ་ཟད། བོད་ཀྱི་ལོ་རྒྱུས་ནང་ཐེངས་དང་པོར་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་འཐུས་སྒོ་ཚང་བ་བཟོ་གནང་མཛད་ཡོད། ཁོང་གིས་ལས་གཞི་རྣམས་བདེན་པ་དང་འཚེ་བ་མེད་པ། རྒྱུན་གནས་ཐུབ་པ་བཅས་ལ་བརྟེན་ཏེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་སྔར་ལས་ཡར་རྒྱས་ཚགས་ཚུད་བཏང་ཡོད་ལ། ཁོང་གིས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་ཀྱི་དོན་དུ་ཕྱག་ལས་རླབས་ཆེན་གནང་ཡོད་སྟབས། ཐེངས་འདིར་ང་ཚོ་བྷེལ་ཇམ་བོད་རིགས་ཚོགས་པའི་ངོས་ནས་ཁོང་ལ་བཀའ་དྲིན་རྗེས་དྲན་ཡི་རངས་བསྔགས་བརྗོད་མཚོན་པའི་གཟེངས་རྟགས་འདི་འབུལ་བཞིན་ཡོད། ཅེས་བརྗོད་བྱུང་།
༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གསུངས་དོན། བྷེལ་ཇམ་བོད་རིགས་ཚོགས་པས་ཟམ་གདོང་རིན་པོར་ཆེར་གཟེངས་རྟགས་ཕུལ་བ་འདི་འོས་ཤིང་འཚམ་པ་ཞིག་རེད། བོད་པ་ཚོ་ཡ་རབས་ཡིན་ཚུལ་བཤད་ཀྱི་ཡོད་ཀྱང་། སྐབས་རེར་ཐུགས་རྗེ་ལེགས་འབུལ་ཉུང་དྲགས་པ་དང་སྐྱོན་བརྗོད་མང་དྲགས་པའི་གནས་སྟངས་ཡོང་གི་འདུག ང་ཚོའི་གཞུང་དང་ཚོགས་པ་གང་ཡིན་རུང་བོད་སྤྱི་པའི་ལས་དོན་ཐོག་དཀའ་ལས་རྒྱག་མཁན་ཚོར་ངོས་འཛིན་གནང་རྒྱུ་དེ་ཧ་ཅང་གལ་གནད་ཆེན་པོ་རེད། ཅེས་དང་། ད་ལྟ་རྒྱལ་རབས་ལོ་རྒྱུས་ནང་གནད་འགག་གི་ས་མཚམས་ཤིག་ཏུ་བསླེབས་ཡོད་སྟབས། ཁ་སང་ངེད་སྐུ་ཚབ་གཉིས་༧གོང་ས་མཆོག་གི་མདུན་དུ་བཅར་ཏེ། མཐའ་མའི་ལས་བསྡོམས་དེ་ཕུལ་བ་ཡིན། སྐབས་དེར་༧གོང་ས་མཆོག་གིས་ཐད་ཀར་དབུ་ཁྲིད་པའི་གཞུང་ས་དགའ་ལྡན་ཕོ་བྲང་གི་ལེའུ་རྫོགས་འགྲོ་ཡི་ཡོད་ལ། ང་ཚོ་གསུམ་གྱི་འགན་འཁུར་གྱི་ལེའུ་དེ་ཡང་རྫོགས་འགྲོ་བཞིན་ཡོད་པ་རེད་ཅེས་ཞུས་པ་ཡིན། ལོ་བརྒྱ་ཕྲག་རྗེས་སུ་བོད་མི་ཚོས་ཕྱིར་བལྟ་ཞིག་བྱས་ཚེ། ༧གོང་ས་མཆོག་གིས་བོད་མི་རིགས་ཀྱི་ཆེད་དུ་དཀའ་ལས་ཅི་ཙམ་བརྒྱབ་ཡོད་མེད་དང་། བོད་རྒྱའི་གནད་དོན་ཐོག་ཕྱག་ལས་ག་རེ་གནང་ཡོད་མེད་ཧ་ཅང་གསལ་པོ་ཆགས་ཡོང་གི་རེད་ལ། ཟམ་གདོང་རིན་པོ་ཆེས་དབུ་ཁྲིད་པའི་སྐུ་ཚབ་གཉིས་ཀྱི་ངོས་ནས་ཀྱང་གྲུབ་འབྲས་བྱུང་མིན་ལ་མ་ལྟོས་པར་སྤོབས་པ་ལྡན་པ་ཞིག་བྱུང་ཡོད། གྲུབ་འབྲས་འཐོན་རྒྱུར་བོད་པ་གཅིག་པུར་རག་ལས་པ་ཞིག་མིན་པར་རྒྱ་ཕྱོགས་ལ་བལྟ་དགོས་པ་ཞིག་རེད། གནད་འགག་གི་དུས་སྐབས་དེ་འདྲ་ཞིག་ལ་མིག་རྒྱང་རིང་པོའི་ལས་ཀ་བྱས་འདུག་སྙམ་པའི་ཚོར་བ་ཞིག་ཡོང་ངེས་ཡིན། ཟམ་གདོང་རིན་པོ་ཆེའི་བཀའ་ཁྲིའི་ལས་ཡུན་རིང་བོད་རྒྱ་འབྲེལ་མོལ་ལ་ཕན་འབྲས་ཆེན་པོ་ཐོན་པའི་རེ་བ་རྒྱག་གི་མེད་ཀྱང་། རླབས་ཆེན་ཕྱག་ལས་གནང་ཡོད་སྟབས་དེ་ནི་ཁོང་གི་གཟི་བརྗིད་ཅིག་ཆགས་ཡོད་ལ། ང་ལ་མཚོན་ནའང་རིན་པོ་ཆེ་དང་ལྷན་དུ་བོད་སྤྱི་དོིན་ལ་ཕྱག་ལས་གནང་ཐུབ་པ་དེ་མི་ཚེ་འདིའི་སྐལ་བ་བཟང་ཤོས་ལ་བརྩི་བཞིན་ཡོད། ཅེས་གསུངས་བྱུང་།
དེའི་རྗེས་བདམས་ཐོན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གསུངས་དོན། ངས་འོས་བསྡུའི་ལས་རིམ་སྐབས་ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་བཅས་གཞི་རིམ་གྱི་ལྟ་གྲུབ་གསུམ་བཤད་པ་ཡིན། ལས་གཞི་དེ་ཚོ་གཞི་ནས་མགོ་བརྩམ་དགོས་པ་ཞིག་ཡིན་ཡང་། ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་ཕྱིར་མིག་ཅིག་བལྟས་ན། ཁོང་གིས་ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་གསུམ་གྱི་ཐོག་ཕྱག་ལས་གནང་ཚར་ཡོད་པ་ཞིག་རེད། ཅེས་དང་། ཟམ་གདོང་རིན་པོ་ཆེ་ནི། ཆོས་སྲིད་དང་ལེགས་སྦྱར་གྱི་ཤེས་ཡོན་གང་ཐད་ནས་མཁས་པ་ཡིན་དུས། ཁོང་རང་སྒེར་ལ་གདམ་ཀ་མང་པོ་ཡོད་ཀྱང་། མི་ཚེ་ཧྲིལ་པོར་བོད་ཀྱི་རྩ་དོན་ཐོག་སྐུ་ལས་བསྐྱོན་པ་རེད། རྒྱ་གར་མི་མང་ལ་མཚོ་ན་༧གོང་ས་མཆོག་གི་རྗེས་ནས་བོད་མི་བརྩི་མཐོང་ཆེ་ཤོས་དེ་ཟམ་གདོང་རིན་པོ་ཆེ་ཆགས་ཡོད། དེ་སྔོན་ང་རང་གིས་ཁས་ལེན་བྱས་ཡོད་པ་ལྟར། ངས་མགོ་ཁྲིད་པའི་བཀའ་ཤག་གི་ལས་ཡུན་རིང་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཆབ་སྲིད་ལམ་སྟོན་ཡང་ཡང་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
སྐུ་མགྲོན་གཙོ་བོ་རྒྱལ་བ་ཀརྨ་པ་མཆོག་གིས་གསུངས་དོན། བྷེལ་ཇམ་བོད་རིགས་ཚོགས་པས་རིན་པོ་ཆེར་གཟེངས་རྟགས་ཕུལ་བ་དེ་ཡ་རབས་སྤྱོད་བཟང་དང་མིག་དཔེ་བལྟ་འོས་པ་ཞིག་རེད། དེ་མིན། བསྟོད་བསྔགས་བྱེད་སྐབས་གཞན་ལ་སྤྲེལ་ལད་འཁྲབ་རྒྱུ་དང་། མདུན་ནས་བསྟོད་པ་བཏང་། རྒྱབ་ནས་སྨད་ར་བཏང་ན་ཡག་པོ་ཡོད་པ་མ་རེད། རིན་པོ་ཆེ་མཆོག་གི་འདས་པའི་མི་ལོ་ ༥༠ རིང་བོད་ཀྱི་བདེན་དོན་འཐབ་རྩོད་དང་། ཆོས་དང་རིག་གཞུང་ཐོག་རླབས་ཆེན་གྱི་ཕྱག་རྗེས་བཞག་པར་རྗེས་སུ་ཡི་རངས་ཡོད། ཅེས་དང་། ང་རང་ནམ་རྒྱུན་༧གོང་ས་མཆོག་གི་སྐུ་མདུན་ལ་བཅར་རྒྱུའི་སྐལ་བ་བཟང་པོ་ཡོང་གི་ཡོད། སྤྱིར་༧གོང་ས་མཆོག་གི་དགོངས་གཞི་རྒྱ་ཆེན་པོ་ཡིན་དུས། ངས་ཁོང་གི་དགོངས་གཞི་ཚང་མ་རྟོགས་རྒྱུ་ཁག་པོ་ཡིན་ཡང་། ༧གོང་ས་མཆོག་གི་དགོངས་པའི་ཟུར་ནས་རྟོགས་ཐུབ་པ་ཞིག་ལ། ཟམ་གདོང་རིན་པོ་ཆེ་ནི་༧གོང་ས་མཆོག་གིས་ཐུགས་གཏོད་ས་ཞིག་དང་གང་ཉིད་ཀྱི་དགོངས་པ་བསྐང་ཐུབ་མཁན་གྱི་སྐྱེས་བུ་ཞིག་ཡིན་པའི་ངོས་འཛིན་གནང་གི་འདུག དེ་ནི་རྩ་ཆེ་ཤོས་ཤིག་དང་གལ་ཆེ་ཤོས་ཤིག་ཏུ་མཐོང་གི་ཡོད། ཅེས་གསུངས་བྱུང་།
མཇུག་ཏུ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་དོན། ང་ལ་ཐུགས་རྗེ་ཆེ་ཞེས་པའི་མཛད་སྒོ་རྒྱ་ཆེན་པོ་ཞིག་གོ་སྒྲིག་གནང་བ་དེ། ཡ་རབས་བཟང་སྤྱོད་དང་མཐུན་པ་ཡིན་ན་ཐུགས་རྗེ་ཆེ་ཞུ་དགོས་ཀྱི་ཡོད་ཀྱང་། ངའི་བསམ་བློའི་ནང་འཚེར་སྣང་ཞིག་བྱུང་བ་ལས་དགའ་སྤྲོ་གང་ཡང་བྱུང་མ་སོང་། སྔོན་མ་ཝ་རཱ་ན་སིར་བསླེབས་ཏེ་ལོ་ཤས་སོང་རྗེས་རྒྱ་གར་མཐོ་སློབ་ཁག་ནང་འབུམ་རམས་པའི་ཆེ་བསྟོད་གཟེངས་རྟགས་སྤྲོད་མགོ་བཙུགས་ཡོད་ཀྱང་། ངས་གཟེངས་རྟགས་དེ་འདྲ་མི་ལེན་རྒྱུའི་ཆོད་སེམས་བཞག་སྟེ། ད་བར་རྒྱ་གར་དང་རྒྱལ་སྤྱིའི་ནང་གཟེངས་རྟགས་གང་ཡང་བླངས་མྱོང་མེད། སྟབས་ཉེས་པ་ཞིག་ལ་ད་ལོར་དམ་བཅའ་དེ་ཤོར་སོང་། ས་རཱ་མཐོ་སློབ་ཏུ་རྒྱ་གར་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས། སློབ་ཕྲུག་ཚོས་ང་ལ་ལེགས་སྐྱེས་ཤིག་འབུལ་འཆར་ཡོད་སྐོར་དང་། དེ་ནི་གཟེངས་རྟགས་དེ་འདྲ་མིན་ཕྱག་རྟགས་ཙམ་ཡིན། ཕྱག་རྟགས་དེ་ཀརྨ་པ་རིན་པོ་ཆེ་མཆོག་གིས་གནང་རྒྱུ་ཡིན་གསུངས་སོང་བས། ངས་རིན་པོ་ཆེའི་མདུན་ནས་ཞུ་ཐུབ་ན་སྐལ་བ་བཟང་པོ་རེད་སྙམ་ནས་ཁས་བླངས་བ་ཡིན། རྗེས་མ་མཐོང་དུས་དེ་ནི་ཕྱག་རྟགས་ཙམ་མིན་པར་ཐང་ཀའི་ནང་བྲིས་པའི་ཆེ་བསྟོད་མང་པོ་བཀོད་ཡོད་པ་ཞིག་རེད། ཅེས་གསུངས་སོང་།
གསར་འགོད་པ། དཔལ་ལྡན།
ཟམ་གདོང་རིན་པོ་ཆེས་རང་ཉིད་ཕྱིར་མ་བཞུས་པའི་སྔ་རོལ་ནས་ཡོད་ཚད་ལ་ཕྱག་ཟུང་བསྐྱངས་ཏེ་ཐ་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁང་ཆེན་དེ་ཡང་རང་ཉིད་ཀྱིས་བྱས་པའི་ངོམ་སོར་འཁྱེར་ནས་སྒོ་འབྱེད་བྱ་རྒྱུ་རེད།
བློ་སེང་བཀའ་ཁྲིར་ཕེབས་དུས་ལས་ཡུན་ལྔའི་ནང་དུ་ཕྱག་ལས་གལ་ཆེན་གང་ཡང་གནང་མི་དགོས་སྐུ་ངལ་གསོས་ཏེ་བཞུགས་སུ་འཇུག་གིན་ཡོད།
ད་དུང་བློ་སེང་གིས་ཁོང་སློབ་སྟོན་པ་ཡིན་ཚུལ་གསུངས་ཀྱིན་འདུག འོན་ཀྱང་བློ་སེང་གིས་གསུང་བཤད་གཅིག་ལ་ཆིག་བསྒྲིལ་དང་། གསར་གཏོད། རང་མགོ་རང་ཐོན་གསུམ་ག་ཟམ་དོང་རིན་པོ་ཆེས་གནང་ཚར་ཤག་ཅེས་ཁོང་ལ་བྱ་རྒྱུའི་ལས་ཀ་ལག་ཆེན་ཅི་ཡང་མེད་པའི་གཏམ་བཤད་གཅིག་གནང་བ་དེ་དོན་དངོས་རེད།
ཐོ་རེངས་མཆོག་གི་གསུང་ལ་གུས་པས་ཐུགས་རྗེ་ཆེ་ཞེས་ཞུ་གི་ཡོད་སྐུ་ཞབས་མཆོག་གི་གསུང་པ་བཞིན་དངོས་གནས་གུས་པས་བརྩོན་པ་བྱེད་ཀྱི་ཡིན། གུས་པ་ནི་རྔ་བརྡུང་སྦུབ་ཆོལ་ལ་སྦྱང་པ་སོན་པ་ཞིག་ལས་སུམ་རྟགས་ཀྱི་གླིང་ཁར་འགྲོ་རྒྱུ་ཉུང་ཉུང་ཡིན་པས་དེ་བཞིན་བྱེད་ཀྱི་ཡིན་
གཞོན་སྐྱེས་ང་དང་ང་ལྟ་བུ་ད་དུང་མང་དག་ཞིག་ཡོད་སྲིད་པས་ཀུན་གྱི་རང་མི་རིགས་ཀྱི་སྲོག་སྙིང་སུམ་རྟགས་གཉིས་ལ་ཤུག་རྒྱག་རོག་ཞེས་ཞུ་གི་ཡོད།
མཁས་དབང་ཟབ་གདོང་རིན་པོ་མཆོག་གི་སྤྱི་དོན་ཕྱག་ལས་འཇུག་འཁྱོང་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད་ལགས། དགེའོ། །
ཐུགས་རྗེ་ལེགས་གསོའི་བསྟོད་ཚིག་དགྱེས་པའི་གླུ་དབྱངས།
༄༅ ། ། བརྗིད་ཅིང་མཚར་བའི་མཚན་དཔེའི་མེ་ཏོག་གངས་ཅན་ཞིང་དུ་བཞད་དང་ལྷན།།
གཞོན་ནུའི་དུས་ནས་༸རྒྱལ་བའི་བསྟན་ལ་དད་གསུམ་གྱིས་དྲངས་རབ་ཏུ་བྱུང་།།
བཅུ་ཕྲག་རིག་པའི་གནས་ལ་བསླབས་ནས་ཁྱད་དུ་འཕགས་པའི་དྲན་དབང་མཆོག །
མཁས་བཙུན་བཟང་པོའི་སྐྱེད་ཚལ་སྣུམ་པོར་འཆད་རྩོད་རྩོམ་པའི་མེ་ཏོག་འབར། །
བོད་ཁམས་སྣོད་བཅུད་གཡར་སར་ལྷུང་བའི་དུས་ཀྱི་རྒུད་ཚོགས་རྡོལ་བའི་ཚེ།།
དཔའ་མཛངས་ཁྱེད་ཀྱི་རྨད་བྱུང་སྙིང་སྟོབས་རི་རྒྱལ་ལྷུན་པོ་ལྟ་བུས་ནི།།
༸གོང་ས་ཆེན་པོའི་བཀའ་ལུང་བདུད་རྩི་ཐུགས་ཀྱི་མཐིལ་དུ་ལེགས་བསྐྱིལ་ནས།།
གངས་ཅན་བསྟན་སྲིད་དོན་ཆེན་ཁོ་ནར་ལེགས་སྐྱེས་ཕུལ་འདི་ཆེས་རྨད་བྱུང་།།
བཀའ་ཡི་བློན་པོ་ཁྲི་བ་དང་ནི་གྲོས་ལ་དབང་བའི་གཙོ་བོ་སོགས།།
དུ་མའི་ལས་ཀྱི་སྣེ་མོར་བཞེངས་ཏེ་ལུགས་གཉིས་མཛོད་ལ་དབང་བསྒྱུར་ནས།།
ཐབས་མཁས་ཐུགས་རྗེས་རྒྱལ་ཐབས་འཕྲིན་ལས་ཆེ་རྒུའི་ཡིད་དབང་འཕྲོག་དང་ལྷན།།
བོད་འབངས་འཕྲལ་ཕུགས་བདེ་ལ་བཀོད་པའི་བརྟན་བརླིང་ལམ་བཟང་ཁྱེད་ཀྱིས་བསྐྲུན།།
ཨེ་མ་ཁྱེད་ཀྱི་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་བཀྲ་བའི་མཁའ་དབྱིངས་ནས།།
རླབས་ཆེན་ཁྱེད་ཀྱི་བསྟན་སྲིད་མཛད་བཟང་མཚན་སྙན་འབྲུག་སྒྲ་ལྡིར་བ་ལ།།
བདག་ཅག་བོད་འབངས་དགའ་མགུའི་ཚོར་ཤུགས་རྨ་བྱའི་སྒྲོ་མདོངས་རྒྱས་པའི་ངང་།།
ཁྲེད་ཀྱི་བཀའ་དྲིན་ཡིད་ལ་བསམ་བཞིན་ཐུགས་རྗེ་ལེགས་གསོའི་ཆར་ཆེན་འབེབས།།
བཀའ་ཡི་མདུན་ན་འདོན་ཁྲི་བ་སེམས་དཔའ་ཆེན་པོ་མཁས་དབང་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས། ༸གོང་ས་མཆོག་གི་བཀའ་དགོངས་ཐུགས་ཀྱི་གན་མཛོད་དུ་བཟུང་ནས། སྐུ་ཚེ་རིལ་བུའི་མཛད་འཕྲིན་བོད་བསྟན་སྲིད་ཀྱི་སླད་དུ་ལེགས་སྐྱེས་སུ་ཕུལ་བའི་རླབས་ཆེན་གྱི་མཛད་རྗེས་ལ། འདི་ག་ཡུ་རོབ་རྦེལ་ཇམ་གནས་སྡོད་བོད་རིགས་ཚོགས་པས་སྣེ་འཁྲིད་དེ་བོད་རིགས་སྤུན་ཟླ་མཉམ་རུབ་ཀྱིས་ཐུགས་རྗེ་ལེགས་གསོའི་ཆེད་བསྟོད་ཚིག་དགྱེས་པའི་གླུ་དབྱངས་ཀྱིས་སྣ་དྲངས་ཏེ། སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་མཐོང་གྲོལ་མ་འདི་བཞིན་བོད་རྒྱལ་ལོ་༢༡༣༨ ཕྱི་ལོ་ ༢༠༡༡ ཟླ་བ་༠༥ ཚེས་༢༤ དགེ་བར་ཕུལ་བས་སྐུ་ཚེ་མཛད་འཕྲིན་སླར་ཡང་རྒྱས་པའི་རྒྱུར་གྱུར་ཅིག་གུ །།
སྙིང་ཁོག་རུས་པའི་བཏིང་ནས་དགའ་བསུ་དང་མཚམས་འདྲི་བའི་བཀྲིས་བདེ་ལེགས་ཞུ་བཞིན་ཡོད་།
དྲ་གྲོགས་ནད་པ་དང་འབྲོང་སོག་གཉིས་ཀྱི་དགོངས་ཚུལ་ཡག་པོ་གསུངས་འདུག བློ་ཕམ་པ་ཞིག་ནི་ཁྱོད་གཉིས་ནང་བཞིན་དཔྱོད་ཤེས་ཉུང་བ་འདི་རེད། ལོ་བཅུ་བཀའ་ཁྲི་བྱས་ནས་བཙན་བྱོལ་ནང་གི་ད་ལྟའི་གནས་སྟངས་དང་བོད་ཀྱི་མ་འོངས་རྩ་དོན་གཉིས་ཀ་རི་བླུགས་པ་ཐག་པས་མི་སྡོམས་པའི་ཚད་ལ་བསྐྱལ་ཟིན་པ་ད་དུང་བཙན་བྱོལ་བོད་མི་དམངས་ནང་ངོས་འཛིན་མ་ཐུབ་པ་གང་ཡིན་ནམ། ད་རེབ་ཀྱི་རྒྱལ་བ་ཀརྨ་པའི་གསུང་འདི་ངས་གཏན་ནས་ཁེས་ལེན་མི་ཐུབ་གང་ཡིན་ཞེ་ན། ཟམ་གདོང་ཐེངས་གཉིས་པ་བཀའ་ཁྲི་ཐོབ་དུས་༧གོང་ས་མཆོག་ནས་ཕྱི་རྒྱལ་གསར་འགོད་པ་ཞིག་ལ་་་འཇོན་ཐང་གང་ཡང་མེད་མཁན་བླ་རྒན་ཁོ་ཡང་བསྐྱར་ཐོབ་འདུག དེ་ངས་གང་ཡང་བྱེད་ཐུབ་ཀྱི་མ་རེད་བོད་མི་དམངས་ཀྱི་འོས་བླུག་པ་རེད། ཅེས་གསུངས་འདུག་པ་ཕལ་ཆེར་ཚང་མས་མཁྱེན་གསལ་ཡིན་པ།
ཟབ་གདོང་བླ་མར་ངོ་བསྟོད་ཆེ་མ་དྲགས། །ཟབ་གདོང་བླ་མའི་ལས་ཀ་ཅི་བྱས་ལྟོས། །ཟབ་གདོང་བླ་མས་བོད་གཞུང་མཚན་གནས་དེ། །འཁོས་ཆུང་བསྒྲིག་འཛུག་ཞིག་ཏུ་བསྒྱུར་ལ་བལྟོས། །མི་ལོ་བཅུ་ལ་བཞུགས་པའི་བཀའ་ཁྲི་དེས། །མི་ལོ་ལྔ་བཅུའི་བྱས་རྗེས་རླུང་ལ་བསྐུར། །ད་དུང་བསྟོད་བསྔགས་ཚད་མེད་ཕུལ་བ་དེའི། །སྤྱང་ཀི་ཚེ་ཐར་རྐུན་པོར་དཔའ་དར་ལགས།
དྲྭ་གྲོགས་ཚོ། དེ་བའི་རྒྱ་རི་བློ་གྲོས་ཀྱི་བཤད་པ་ལ་ཟུར་བལྟས་ཤིག་བྱོས་དང་། ཁོ་དང་ཁོ་འདྲ་བ་ལའང་དེ་ལྟ་བུ་དགོས་པའི་སྐད་ཆའི་གོ་བ་ཞིག་འདུག་པས། ད་ནི་བློ་སེང་གི་འགོ་ཁྲིད་པའི་བཙན་བྱོལ་སྒྲིག་འཛུག་དེ་ཡི་མུ་མཐུད་བསྟོད་བསྔགས་དང་། གཟེངས་རྟགས་ཀྱི་དུས་མི་འདའ་བའི་ངེས་པ་མི་འདུག་ན་བོད་མིའི་གནད་དོན་ཕལ་ཆེར་སྔར་ལམ་བཞིན་རང་མལ་དུ་གནས་རྒྱུ་གདོན་མི་ཟའོ།
གསེར་དངུལ་གྱི་གཟེངས་རྟགས་སོགས་གང་སྤྲད་ནའང་ང་ཚོརརྒྱལ་ཁ་ཞིག་དང་གྲུབ་འབྲས་ཤིག་མ་ཐོབ་ན་ཆུ་ཡི་ནང་གི་ལྦུ་བ་ཞིག་དང་འདྲ་བས་ན་དེར་དགའ་སྤྲོ་སྐྱེ་འོས་པ་ཞིག་ཆགས་ཀྱིན་མེད།
བོད་རང་བཙན་དང་། བོད་ཀྱི་གནད་དོན། བོད་གཞུང་བཅའའ་ཀྱི་མིང་ཐོག་ནས་རྒྱ་མིས་གྲོས་མོལ་བྱེད་ཀྱིན་མེད་ཀྱང་ཏྰ་ལའི་བླ་མའི་ཐད་ལ་སྒོ་མོ་ཕྱེ་ཡོད་ཅེས་རྒྱ་ནག་གིས་རྟག་པར་ཤོད་ཀྱིན་ཡོད།
རྒྱ་ནག་གསར་བརྗེའི་གནས་བབ་དང་། བོད་རྙིང་རྙིང་པའི་གནས་བབ། བཙན་བྱོལ་བོད་མིའི་གནས་བབ། ཨ་རི་དང་རྒྱ་གར་གྱི་གནས་བབ། ཏྰ་ལའི་བླ་མ་དང་རྒྱ་ནག་གི་གནས་བབ། རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་བཅས་ཕྱོགས་ནས་བལྟས་ཀྱང་རྒྱ་བོད་འབྲེལ་མོལ་གྱི་དམིགས་བསལ་སྐུ་ཚབ་ཀྱི་གནས་སྟངས་ཞིབ་འཇུག་བྱས་ན་ཏྰ་ལའི་བླ་མའི་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་ལས་ལྷག་པ་ཞིག་སུ་ཡང་མེད།
འོན་ནའང་ཟམ་དོང་རིན་པོ་ཆེས་ད་བར་མི་ལོ་ཧྲིལ་པོ་ ༡༠ བཀའ་ཤག་གི་ལས་ཡུན་ནང་རྒྱ་ནག་དང་ཏྰ་ལའི་བླ་མའི་སྐུ་ཚབ་ཐད་ཀྱི་གྲོས་མོལ་དེར་གནས་བབ་དང་དོན་སྙིང་ལྡན་པའི་སྐུ་ཞབས་རྒྱལ་ལོ་དོན་གྲུབ་གར་སོང་ཆ་མེད་ཀྱིས་གནས་སུ་གྱར་སྟབས་ད་བར་རྩ་བ་ནས་རྙེད་ཐུབ་མེད།
ཡིན་ནའང་བགྲེས་སོང་ཁོང་དབུ་སྐྲ་དུང་ལས་དཀར་ཞིང་ལུས་སྟོད་སྒུར་པོར་སོང་ནས་ན་སོ་རྒས་ན་ཡང་ཁོང་གི་སེམས་ཁམས་གྱི་ངར་ཤུགས་དེ་མ་ཆགས་པར་ད་རེས་ཚོགས་འདུའི་སྐབས་སུ་མདུན་གྲལ་དུ་ཕེབས་འདུག
སྐུ་ཞབས་རྒྱ་རི་རིན་པོ་ཆེས་ཟམ་དོང་རིན་པོ་ཆེར་བསྟོད་བསྔགས་མ་ཞུ་ཀ་མེད་ཀྱི་གནས་སུ་གྱར་ཡོད། ད་དུང་བསྟོད་བསྔགས་དང་ཟམ་དོང་གི་མཚན་སྙན་དགུང་དུ་བཏེགས་ཐུབ་ན་ལོ་ན་ཕྲ་བའི་བཀའ་ཁྲི་བློ་སེང་ལའང་ཁོང་གི་ཐུགས་རྗེའི་གཟིགས་རྒྱང་དེ་མུར་གནས་ཐབས་ཡོང་རྒྱུའི་རེ་བ་ཆེ་ཙམ་ཡོད།
བཀའ་ཁྲི་གསར་པ་སྐུ་ཞབས་བློ་སེང་ལགས་ཀྱིས་ཟམ་དོང་རིན་པོ་ཆེར་ཆབ་སྲིད་མཁས་པའི་ལམ་སྟོན་ཞུ་རྒྱུའི་དགོངས་ཚུལ་གསུངས་འདུག ཁྱེད་ཀྱི་བོད་རྒྱལ་ཁབ་དང་མི་རིགས་གཅིག་གི་གྲགས་ཅན་ཆབ་སྲིད་པ་ཆགས་འདོད་ཚེ་ངེས་པར་བསམ་བློ་གཏོང་དགོས།
ཁྱེད་རང་ཕྱིས་བྱུང་བོད་ཀྱི་བཀའ་ཁྲིའི་ཞབས་སྟེགས་བཞག་ཏེ་གྲྭ་པ་ཡག་པོ་ཞིག་དང་། ཆོས་པ་ཡག་པོ་ཞིག ཆོས་དང་རིག་གཞུང་ལ་མཁས་པ་ཞིག་བྱེད་འདོད་བྱུང་ཚེ་ངེས་པར་དུའང་སྐྱབས་རྗེ་ཟམ་དོང་རྩ་བའི་བླ་མར་བསྟེན་དགོས།
བོད་པའི་གྲྭ་བཙུན་གྱི་མཁས་དབང་སུ་ཞིག་ཡོད་ཀྱང་ཁོང་ཚོས་སྲིད་དོན་དང་ཆབ་སྲིད་ཀྱི་གནད་དོན་རྩ་བ་ནས་ཤེས་ཀྱིན་མེད་ལ་འཇོན་གྱི་ཡང་མེད། དཔེར་མཚོན་ཆུང་ངུ་ཞིག་བཤད་ན་ཟང་དོང་རིན་པོ་ཆེ་མཁས་དབང་ཆེན་པོ་ཞིག་ཡིན་ཀྱང་ཁོང་གི་སྐུ་ཚེ་ཧྲིལ་པོར་ཞིང་ལས་ཉིན་གཅིག་ཕལ་ཆེར་གནང་མྱོང་མེད་ཅེས་བཤད་ཐུབ།
འོན་ཀྱང་ཁོང་བཀའ་ཁྲིར་ཕེབས་པ་ནས་བཟུང་ད་བར་མི་ལོ་༡༠ ནང་དུ་བོད་མིའི་གཞིས་ཆགས་ཁག་དུ་སྲོལ་རྒྱུན་སོ་ནམ་པའི་ཞིང་ལས་སྐོར་ཀྱི་ཆབ་སྲིད་བེད་སྤྱད་དེ་བཙན་བྱོལ་གཞུང་གི་ཞིང་ལས་ཐོན་བསྐྱེད་དང་མི་དམངས་ཀྱི་འཚོ་བའི་དགོས་མཁོ་བསྐོང་མ་ཐུབ་པའི་མ་ཚད་གཞུང་ཕོན་ཆེན་འཕྲོ་བརླགས་སོང་བ་དང་། ད་དུང་ཡང་ཞིང་ལས་ཐོན་བསྐྱེད་ཡོང་བབ་ཕར་བཞག་ཞིང་པ་དབུལ་པོ་དག་བུ་ལོན་ནང་དུ་ཚུད་ཡོད་པ་རེད།
ཉེ་བའི་ཆར་སྲོལ་རྒྱུན་སོ་ནམ་འདེབས་ལས་བྱེད་བཞིན་པའི་ཁྱིམ་ཚང་གཅིག་གི་གནས་སྟངས་དེ་ན་ནིང་འབྲས་ཞིང་བཏབ་ནས་ཁེ་བབ་ཕར་བཞག་ད་དུང་ཧིར་སྒོར་ཉིས་ཁྲི་ལྔ་སྟོང་གི་ ༢༥༠༠༠ གྱོང་གུན་རག་འདུག དེ་ནི་དངོས་ཡོད་ཀྱི་གནས་ཚུལ་ཡིན། མི་དམངས་ཀྱི་ཉིན་རེའི་འཚོ་བའི་གནས་བབ་ཁུངས་མ་འཁྱོལ་ན་རྒྱལ་ཁབ་དང་མི་རིགས་གཅིག་གི་ལས་དབང་ལྕི་མོ་དེ་ཇི་ལྟར་བྱས་ནས་སྐྱོབ་ཐུབ་བམ།
ད་དུང་ཁོང་གི་ཤེས་ཡོན་སྲིད་ཇུས་དེ་ལག་བསྟར་བྱེད་ཐུབ་མེད་ལ་དངོས་ཡོད་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་། མི་རྣམས་ཀྱི་འཚོ་བའི་དཔལ་ཡོན། ཉིན་རེའི་འཚོ་གནས་ཀྱི་དགོས་མཁོ་དང་ཆབ་སྲིད་མཉམ་གཤིབས་ཐུབ་དང་མ་ཐུབ་ཀྱི་དབང་ལས་ཆབ་སྲིད་མཁས་པའི་ལམ་སྟོན་ཕམ་ཉེས་སུ་འགྲོ་དགོས་པ་དེ་ལྟར་རེད།
དེ་མིན་མི་དམངས་དང་། ཆབ་སྲིད། འཚོ་བ། ཤེས་ཡོན། དཔལ་འབྱོར་། གནས་བབ་བཅས་ཀྱི་རང་འགོ་རང་ཐོན་བྱེད་དགོས་ཟེར་བ་འང་རང་འགོ་ཇི་ལྟར་ཐོན་ཐུབ་བམ། ཞེས་པའི་དྲི་བ་དེ་རེད། ད་དུང་ཟངམ་དོང་གི་སྲིད་ཇུས་ལྟར་ན་དཔལ་འབྱོར་ལས་ཁུངས་ཡོངས་རྫོགས་བསྡུ་གསོག་བརྒྱབ་ནས་ཕྱིས་འབྱུང་རང་འགོ་རང་ཐོན་ཕར་བཞགགཞུང་དང་། ཕྱི་རྒྱལ། རོགས་ཚོགས། སྦྱིན་བདག་བཅས་ལ་བསྟེན་དགོས་པའི་གནས་སུ་བསྐྱལ་ཡོད།
གནས་ཞུགས་དེ་དག་ནི་ངས་ཤམ་དོང་བླ་མར་མི་དགའ་བའི་རྒྱུ་མཚན་གྱིས་ཆེད་མཚན་དམས་བྱས་པ་ཞིག་མ་ཡིན་པར་དེ་ནི་བོད་ཀྱི་གྲྭ་བཙུན་གྱིས་ཆབ་སྲིད་དང་སྲིད་དོན་གྱི་སྣེ་འཁྲིད་ཐུབ་ཀྱི་མེད་པའི་རྒྱུ་མཚན་བཤད་ཀྱི་ཡོད།
འདས་པའི་ལོ་རྒྱུས་ལའང་ཕྱིར་བལྟས་ཞིག་བྱས་ན་བོད་རྒྱལ་གླང་དར་མ་སྐུ་དཀྲོངས་པ་ནས་བཟུང་བོད་ཀྱི་ཆབ་སྲིད་ཉམས་ཆགས་སུ་ཕྱིན་ཡོད། དེའི་མཇུག་ཏུ་ས་སྐྱ་ནས་དགའ་དགའ་ལྡན་ཕོ་བྲང་གི་བར་དུ་ཆོས་ལུགས་གྲལ་རིམ་གྱིས་བོད་དེ་དབང་བསྒྱུར་བྱས་ཡོད་ཀྱང་ད་བར་བོད་འདི་རང་བཙན་དང་། ཆིག་བསྒྲིལ་དང་། སྟོབས་ཤུགས། མངའ་ཐང་ལྡན་པ་ཞིག་ཆོས་ལུགས་སུ་ཞིག་གིས་ཀྱང་བཟོས་མ་ཐུབ་པ་མ་ཟད་ཐ་ན་ད་ལྟའི་སྐྱབས་བཅོལ་གྱི་གནས་ཐབས་སྡུག་འདི་འདྲ་ཞིག་གི་གནས་སུ་གྱར་ཡོད།
ད་ལྟའི་གནས་སྟངས་འདི་འདྲ་ཆགས་བཞིན་ཡོད་པ་དེ་ད་སུས་སྐྱོབ་ཐུབ་བམ། ང་ཚོས་རང་ཉིད་ཀྱིས་རང་ཉིད་སྐྱོབ་ཐུབ་རྒྱུའི་ཆབ་སྲིད་བེད་སྤྱད་དགོས། ང་ཚོར་ཞུམ་མེད་ཀྱི་སྙིང་སྟོབས་དང་། ཆབ་སྲིད་བློ་གྲོས། དཔའ་མཛངས་ཀྱི་ཐབས་ཇུས་བཅས་ལྡན་ན་མཐའ་མཇུག་ང་ཚོའི་རྒྱལ་ཁབ་དང་། རང་དབང་ནི་ང་ཚོར་ཐོབ་ཐུབ་པའི་ཡིད་ཆེས་བྱེད་དགོས།
དགྲ་བོའི་སྟོབས་ཤུགས་དང་། དམག་ཤེད། བཙན་ཤེད་སོགས་ཇི་ཙམ་ཡོད་ཀྱང་ང་ཚོས་རང་ཉིད་ཀྱི་འགན་ཁྲི་ལྕི་མོ་དེ་ནམ་ཡང་མཛམས་འཇོག་མ་བྱས་པར་ཐ་ན་ཤི་རྒྱུར་ཡང་མི་སྐྲགས་པའི་བློ་སྟོབས་ཡོད་ན་ནམ་ཞིག་ང་ཚོར་ཏན་ཏན་རྒྱལ་ཁའི་ཉིན་མོ་ཞིག་འཆར་ཐུབ་ལ་ཤར་རྒྱུར་ཡོད་ཆེས་བརྟན་པོ་བྱེད་དགོས།
དེ་དུས་ང་ཚོས་བྱས་པ་ཅན་སུ་ཞིག་ཡིན་མིན་ཞིབ་ཚགས་ཀྱིས་ནན་ཏན་བྱས་ཏེ་ལོ་རྒྱུས་ཀྱི་ནང་དུ་བཀོད་དེ་མཚན་སྙན་གཟེངས་སུ་བསྟོད་དེ་བླ་མེད་ཀྱིས་གུས་བརྩི་བྱེད་དགོས།
གསེར་དང་དངུལ་གྱི་གཟེངས་རྟགས་སོགས་གང་སྤྲད་ནའང་ང་ཚོརརྒྱལ་ཁ་ཞིག་དང་གྲུབ་འབྲས་ཤིག་མ་ཐོབ་ན་ཆུ་ཡི་ནང་གི་ལྦུ་བ་ཞིག་དང་འདྲ་བས་ན་དེར་དགའ་སྤྲོ་སྐྱེ་འོས་པ་ཞིག་ཆགས་ཀྱིན་མེད།
བོད་རང་བཙན་དང་། བོད་ཀྱི་གནད་དོན། བོད་གཞུང་བཅས་ཀྱི་མིང་ཐོག་ནས་རྒྱ་མིས་གྲོས་མོལ་བྱེད་ཀྱིན་མེད་ཀྱང་ཏྰ་ལའི་བླ་མའི་ཐད་ལ་སྒོ་མོ་ཕྱེ་ཡོད་ཅེས་རྒྱ་ནག་གིས་རྟག་པར་ཤོད་ཀྱིན་ཡོད།
རྒྱ་ནག་གསར་བརྗེའི་གནས་བབ་དང་། བོད་རྙིང་རྙིང་པའི་གནས་བབ། བཙན་བྱོལ་བོད་མིའི་གནས་བབ། ཨ་རི་དང་རྒྱ་གར་གྱི་གནས་བབ། ཏྰ་ལའི་བླ་མ་དང་རྒྱ་ནག་གི་གནས་བབ། རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་བཅས་ཕྱོགས་གང་ནས་བལྟས་ཀྱང་རྒྱ་བོད་འབྲེལ་མོལ་གྱི་དམིགས་བསལ་སྐུ་ཚབ་ཀྱི་གནས་སྟངས་དེར་ཞིབ་འཇུག་བྱས་ན་ཏྰ་ལའི་བླ་མའི་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་ལས་ལྷག་པ་ཞིག་སུ་ཡང་མེད།
འོན་ནའང་ཟམ་དོང་རིན་པོ་ཆེས་ད་བར་མི་ལོ་ཧྲིལ་པོ་ ༡༠ བཀའ་ཤག་གི་ལས་ཡུན་ནང་རྒྱ་ནག་དང་ཏྰ་ལའི་བླ་མའི་སྐུ་ཚབ་ཐད་ཀྱི་གྲོས་མོལ་དེར་གནས་བབ་དང་དོན་སྙིང་ལྡན་པའི་སྐུ་ཞབས་རྒྱལ་ལོ་དོན་གྲུབ་གར་སོང་ཆ་མེད་ཀྱིས་གནས་སུ་གྱར་སྟབས་ད་བར་རྩ་བ་ནས་རྙེད་ཐུབ་མེད།
ཡིན་ནའང་བགྲེས་སོང་ཁོང་དབུ་སྐྲ་དུང་ལས་དཀར་ཞིང་ལུས་སྟོད་སྒུར་པོར་སོང་ནས་ན་སོ་རྒས་ན་ཡང་ཁོང་གི་སེམས་ཁམས་གྱི་ངར་ཤུགས་དེ་མ་ཆགས་པར་ད་རེས་ཚོགས་འདུའི་སྐབས་སུ་མདུན་གྲལ་དུ་ཕེབས་ཐུབ་པ་བྱུང་འདུག
སྐུ་ཞབས་རྒྱ་རི་རིན་པོ་ཆེས་ཟམ་དོང་རིན་པོ་ཆེར་བསྟོད་བསྔགས་མ་ཞུ་ཀ་མེད་ཀྱི་གནས་སུ་གྱར་ཡོད། ད་དུང་བསྟོད་བསྔགས་དང་ཟམ་དོང་གི་མཚན་སྙན་དགུང་དུ་བཏེགས་ཐུབ་ན་ལོ་ན་ཕྲ་བའི་བཀའ་ཁྲི་བློ་སེང་ལའང་ཁོང་གི་ཐུགས་རྗེའི་གཟིགས་རྒྱང་དེ་མུར་གནས་ཐབས་ཡོང་རྒྱུའི་རེ་བ་ཆེ་ཙམ་ཡོད།
བཀའ་ཁྲི་གསར་པ་སྐུ་ཞབས་བློ་སེང་ལགས་ཀྱིས་ཟམ་དོང་རིན་པོ་ཆེར་ཆབ་སྲིད་མཁས་པའི་ལམ་སྟོན་ཞུ་རྒྱུའི་དགོངས་ཚུལ་གསུངས་འདུག ཁྱེད་ཀྱི་བོད་རྒྱལ་ཁབ་དང་མི་རིགས་གཅིག་གི་གྲགས་ཅན་ཆབ་སྲིད་པ་གཅིག་ཆགས་འདོད་ཚེ་ངེས་པར་བསམ་བློ་གཏོང་དགོས།
ཁྱེད་རང་ཕྱིས་བྱུང་བོད་ཀྱི་བཀའ་ཁྲིའི་ཞབས་སྟེགས་བཞག་ཏེ་གྲྭ་པ་ཡག་པོ་ཞིག་དང་། ཆོས་པ་ཡག་པོ་ཞིག ཆོས་དང་རིག་གཞུང་ལ་མཁས་པའི་མི་ཞིག་བྱེད་འདོད་བྱུང་ཚེ་ངེས་པར་དུའང་སྐྱབས་རྗེ་ཟམ་དོང་རྩ་བའི་བླ་མར་བསྟེན་ནས་གུས་བཀུར་ཞུ་དགོས།
བོད་པའི་གྲྭ་བཙུན་གྱི་མཁས་དབང་སུ་ཞིག་ཡོད་ཀྱང་ཁོང་ཚོས་སྲིད་དོན་དང་ཆབ་སྲིད་ཀྱི་གནད་དོན་རྩ་བ་ནས་ཤེས་ཀྱིན་མེད་ལ་འཇོན་གྱི་ཡང་མེད། དཔེར་མཚོན་ཆུང་ངུ་ཞིག་བཤད་ན་ཟང་དོང་རིན་པོ་ཆེ་མཁས་དབང་ཆེན་པོ་ཞིག་ཡིན་ཀྱང་ཁོང་གི་སྐུ་ཚེ་ཧྲིལ་པོར་ཞིང་ལས་ཉིན་གཅིག་ཕལ་ཆེར་གནང་མྱོང་མེད་ཅེས་བཤད་ཐུབ།
འོན་ཀྱང་ཁོང་བཀའ་ཁྲིར་ཕེབས་པ་ནས་བཟུང་ད་བར་མི་ལོ་༡༠ ནང་དུ་བོད་མིའི་གཞིས་ཆགས་ཁག་དུ་སྲོལ་རྒྱུན་སོ་ནམ་པའི་ཞིང་ལས་སྐོར་ཀྱི་ཆབ་སྲིད་བེད་སྤྱད་དེ་བཙན་བྱོལ་གཞུང་གི་ཞིང་ལས་ཐོན་བསྐྱེད་དང་མི་དམངས་ཀྱི་འཚོ་བའི་དགོས་མཁོ་བསྐོང་མ་ཐུབ་པའི་མ་ཚད་གཞུང་དངུལ་ཕོན་ཆེན་འཕྲོ་བརླགས་སོང་བ་དང་། ད་དུང་ཡང་ཞིང་ལས་ཐོན་བསྐྱེད་ཡོང་བབ་ཕར་བཞག་ཞིང་པ་དབུལ་པོ་དག་བུ་ལོན་ནང་དུ་ཚུད་ཡོད་པ་རེད།
ཉེ་བའི་ཆར་སྲོལ་རྒྱུན་སོ་ནམ་འདེབས་ལས་བྱེད་བཞིན་པའི་ཁྱིམ་ཚང་གཅིག་གི་གནས་སྟངས་ནི་ན་ནིང་འབྲས་ཞིང་བཏབ་ནས་ཁེ་བབ་ཕར་བཞག་ད་དུང་ཧིར་སྒོར་ཉིས་ཁྲི་ལྔ་སྟོང་གི་ ༢༥༠༠༠ གྱོང་གུན་རག་འདུག དེ་ནི་དངོས་ཡོད་ཀྱི་གནས་ཚུལ་ཡིན། མི་དམངས་ཀྱི་ཉིན་རེའི་འཚོ་བའི་གནས་བབ་ཁུངས་མ་འཁྱོལ་ན་རྒྱལ་ཁབ་དང་མི་རིགས་གཅིག་གི་ལས་དབང་ལྕི་མོ་དེ་ཇི་ལྟར་བྱས་ནས་སྐྱོབ་ཐུབ་བམ།
ད་དུང་ཁོང་གི་ཤེས་ཡོན་སྲིད་ཇུས་དེ་ལག་བསྟར་བྱེད་ཐུབ་མེད་ལ་དངོས་ཡོད་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་། མི་རྣམས་ཀྱི་འཚོ་བའི་དཔལ་ཡོན། ཉིན་རེའི་འཚོ་གནས་ཀྱི་དགོས་མཁོ་དང་ཆབ་སྲིད་མཉམ་གཤིབས་ཐུབ་དང་མ་ཐུབ་ཀྱི་དབང་ལས་ཆབ་སྲིད་མཁས་པའི་ལམ་སྟོན་ཕམ་ཉེས་སུ་འགྲོ་དགོས་པ་དེ་ལྟར་རེད།
དེ་མིན་མི་དམངས་དང་། ཆབ་སྲིད། འཚོ་བ། ཤེས་ཡོན། དཔལ་འབྱོར་། གནས་བབ་བཅས་ཀྱི་རང་འགོ་རང་ཐོན་བྱེད་དགོས་ཟེར་བ་འང་རང་འགོ་ཇི་ལྟར་ཐོན་ཐུབ་བམ། ཞེས་པའི་དྲི་བ་དེ་རེད། ད་དུང་ཟངམ་དོང་གི་སྲིད་ཇུས་ལྟར་ན་དཔལ་འབྱོར་ལས་ཁུངས་ཡོངས་རྫོགས་བསྡུ་གསོག་བརྒྱབ་ནས་ཕྱིས་འབྱུང་རང་འགོ་རང་ཐོན་ཕར་བཞགགཞུང་དང་། ཕྱི་རྒྱལ། རོགས་ཚོགས། སྦྱིན་བདག་བཅས་ལ་བསྟེན་དགོས་པའི་གནས་སུ་བསྐྱལ་ཡོད།
གནས་ལུགས་དེ་དག་ནི་ངས་ཟམ་དོང་བླ་མར་མི་དགའ་བའི་རྒྱུ་མཚན་གྱིས་ཆེད་དུ་མཚན་དམས་བྱས་པ་ཞིག་མ་ཡིན་པར་དེ་ནི་བོད་ཀྱི་གྲྭ་བཙུན་གྱིས་ཆབ་སྲིད་དང་སྲིད་དོན་གྱི་སྣེ་འཁྲིད་ཐུབ་ཀྱི་མེད་པའི་རྒྱུ་མཚན་བཤད་ཀྱི་ཡོད།
འདས་པའི་ལོ་རྒྱུས་ལའང་ཕྱིར་བལྟས་ཞིག་བྱས་ན་བོད་རྒྱལ་གླང་དར་མ་སྐུ་དཀྲོངས་པ་ནས་བཟུང་བོད་ཀྱི་ཆབ་སྲིད་ཉམས་ཆགས་སུ་ཕྱིན་ཡོད། དེའི་མཇུག་ཏུ་ས་སྐྱ་ནས་དགའ་དགའ་ལྡན་ཕོ་བྲང་གི་བར་དུ་ཆོས་ལུགས་གྲལ་རིམ་གྱིས་བོད་དེ་དབང་བསྒྱུར་བྱས་ཡོད་ཀྱང་ད་བར་བོད་འདི་རང་བཙན་དང་། ཆིག་བསྒྲིལ་དང་། སྟོབས་ཤུགས། མངའ་ཐང་ལྡན་པ་ཞིག་ཆོས་ལུགས་སུ་ཞིག་གིས་ཀྱང་བཟོས་མ་ཐུབ་པ་མ་ཟད་ཐ་ན་ད་ལྟའི་སྐྱབས་བཅོལ་གྱི་གནས་སྟངས་ཐབས་སྡུག་འདི་འདྲ་ཞིག་གི་གནས་སུ་བསྐྱལ་ཡོད།
ད་ལྟའི་གནས་སྟངས་འདི་འདྲ་ཆགས་བཞིན་ཡོད་པ་དེ་ད་སུས་སྐྱོབ་ཐུབ་བམ། ང་ཚོས་རང་ཉིད་ཀྱིས་རང་ཉིད་སྐྱོབ་ཐུབ་རྒྱུའི་ཆབ་སྲིད་བེད་སྤྱད་དགོས། ང་ཚོར་ཞུམ་མེད་ཀྱི་སྙིང་སྟོབས་དང་། ཆབ་སྲིད་ཀྱི་བློ་གྲོས། དཔའ་མཛངས་ཀྱི་ཐབས་ཇུས་བཅས་ལྡན་ན་མཐའ་མཇུག་ང་ཚོའི་རྒྱལ་ཁབ་དང་། རང་དབང་ནི་ང་ཚོར་ཐོབ་ཐུབ་པའི་ཡིད་ཆེས་བྱེད་དགོས།
དགྲ་བོའི་སྟོབས་ཤུགས་དང་། དམག་ཤེད། བཙན་ཤེད་སོགས་ཇི་ཙམ་ཡོད་ཀྱང་ང་ཚོས་རང་ཉིད་ཀྱི་འགན་ཁྲི་ལྕི་མོ་དེ་ནམ་ཡང་མཚམས་འཇོག་མ་བྱས་པར་ཐ་ན་ཤི་རྒྱུར་ཡང་མི་སྐྲགས་པའི་བློ་སྟོབས་ཡོད་ན་ནམ་ཞིག་ང་ཚོར་ཏན་ཏན་རྒྱལ་ཁའི་ཉིན་མོ་ཞིག་འཆར་ཐུབ་ལ་ཤར་རྒྱུར་ཡོད་ཆེས་བརྟན་པོ་བྱེད་དགོས།
དེ་དུས་ང་ཚོས་བྱས་པ་ཅན་སུ་ཞིག་ཡིན་མིན་ཞིབ་ཚགས་ཀྱིས་ནན་ཏན་བྱས་ཏེ་ལོ་རྒྱུས་ཀྱི་ནང་དུ་བཀོད་དེ་མཚན་སྙན་གཟེངས་སུ་བསྟོད་དེ་བླ་མེད་ཀྱིས་གུས་བརྩི་བྱས་ན་དེ་ནི་དོན་སྙིང་དང་ལྡན་པ་ཞིག་རེད།
རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་གསུངས་ལུགས་ལ་བལྟས་ན། ཁོང་ལ་ཡང་གསེར་གྱི་གཟེངས་རྟགས་འབུལ་དགོས་ཀྱིན་ཡོད་པ་འདྲ།
སྨར་ཀླུང་དཔའ་ལགས། ཁྱེད་ལ་ལྷག་བསམ་ནི་དགའ་འོས་པ་ཡོད་པ་འདྲ་ཡང་། བོད་ཡིག་གི་ཆུ་ཚད་ནི་སྐྱོ་འོས་པ་ཞིག་རེད། གྲོགས་པོ་ལགས་དང་པོ་བོད་ཀྱི་སུམ་རྟགས་དག་གསུམ་ལེགས་པོ་ཞིག་སྦྱངས་ནས། ད་གཟོད་ཡི་གེ་འབྲི་རོགས་ཞུ།
སྤྱིར་བཙན་བྱོལ་བོད་མིའི་བོད་ཡིག་གི་ཆུ་ཚད་ནི། བོད་ནང་གི་ལོ་རིམ་དྲུག་པའི་སློབ་ཕྲུག་ཞིག་གི་ཡན་ལ་གཞི་ནས་སླེབ་མི་འདུག་ལགས། དེའི་མཚོན་ནས་བཙན་བྱོལ་བོད་པས་བོད་ཀྱི་རིག་གཞུང་ལ་ཤུགས་ཇི་ཙམ་རྒྱབ་ཀྱིན་ཡོད་མེད་གསལ་པོ་རྟོགས་ཐུབ།
༄༅། མཁས་དབང་ཟམ་གདོང་རིན་པོ་ཆེ་ལ་ཕུལ་བའི་ལེགས་སྨོན།
ཕུལ་བྱུང་བསྟན་དང་མི་རིགས་གསོན་ཐབས་སླད། །གཉིས་སྨན་དབུ་མ་ཆེན་པོའི་ལམ་བཟང་ལ། །གཅིག་ཏུ་གཞོལ་མཛད་གངས་ཅན་མགོན་པོ་ཆེའི། །མཛད་ཕྲིན་ལུས་མེད་སྒྲུབ་པ་ཁྱེད་ལས་སུ། །དྲང་བདེན་རིགས་རུས་ཆོལ་ཁའི་དབྱེ་འབྱེད་དང་། །དགའ་ཉེ་སྤུན་འབྲེལ་གཤིས་སུ་མི་འགེལ་བ། །སེམས་དཔའ་ཆེན་པོའི་རྣམ་ཐར་འདི་བསམ་ན། །སྙིང་གི་དབུས་ནས་དད་དགའི་པདྨོ་ཟུམ། །ཁྱོད་ཀྱི་མཛད་ཕྲིན་ཚངས་པའི་ཐིག་སྐུད་ལ། །གཡོན་ཅན་ཟུང་འགའ་དབང་པོའི་གཞུར་མཐོང་ཀྱང་། །དྲང་ལ་དགའ་བའི་གངས་ཅན་གཟུ་བོ་ཚོས། །བསྟོད་པའི་ཚིག་གཡང་སྒྲོག་པ་ཉུང་ཉུང་མིན། །རྣམ་དག་ཐུགས་ཀྱི་དཀྱེལ་སྟོབས་རབ་གླིང་པས། །སྙོན་བྲལ་བཀའ་ཁྲི་མཆོག་གི་མཚན་བཟང་ལ། །བསྒྲང་བྱ་བཅུ་ཕྲག་རིང་གི་མཛད་འཕྲིན་ཕུལ། །གཞིས་བྱས་གདོང་དམར་བོད་པའི་སྲོག་བརྟེན་གཙུག །ཁྱོད་ཀྱི་བསྟན་སྲིད་བརྟན་པའི་ཞལ་སློབ་ཀུན། །གངས་ཅན་བོད་མི་ཀུན་གྱི་སྙིང་དབུས་སུ། །ཟུབ་མེད་རྡོ་བརྐོས་རི་མོ་ཇི་བཞིན་དུ། །ཕུལ་བྱུང་སློབ་དཔོན་དམ་པ་བཅང་བཞིན་ཡོད། །མཛད་འཕྲིན་ཁ་འབབ་བཞི་ཡི་རླབས་ཕྲེང་ཆེར། །འགྲིབ་མེད་ལང་ཚོ་གསར་པའི་རྒྱུན་འཛུགས་ནས། །ཁྱོད་ཀྱི་མཁས་བཙུན་བཟང་པོའི་ལེགས་བཤད་ཀུན། །རྣམ་དཔྱོད་ཧུབ་ཀྱིས་ལུས་ཟུང་སིམ་ལ་བྲོད། །མཁས་པས་མཁས་པ་མཆོག་གི་མཛད་ཕྲིན་དང་། །བཙུན་པས་བཙུན་པ་མཆོག་གི་ལམ་དབུ་མ། །བཟང་པོས་བཟང་པོ་མཆོག་གི་དབུ་ཁྲིད་རྣམས། །བསྒོ་བས་བསྐོ་བ་རྣམས་ཀྱི་སྙིང་དུ་སྦ། །༧གངས་ཅན་མགོན་དང་གཉིས་པའི་དབུ་ཁྲིད་ནི། །གངས་ཅན་ལྗོང་འདིརཁྱོད་ཉིད་དང་པོ་ཞེས། །སྤོབས་པའི་ལག་ཟུང་གདེང་ནས་བཤད་པ་ལ། །ཞུམ་མེད་མགྲིན་པ་མཐོན་པོས་ཅིས་མི་སྒྲོག །ཇི་སྲིད་བོད་འདིའི་བདེན་མཐའ་མ་གསལ་བར། །རེ་བའི་གཟིགས་པ་ནམ་ཡང་མི་འདོར་བར། །གཉིས་སྨན་དབུ་མ་ཆེན་པོའི་ལམ་བཟང་ལ། །གསུང་མཆིད་ཆུ་བོའི་རྒྱུན་བཞིན་གཞུར་བར་སྨོན། །རྗེས་འཇུག་བུ་སློབ་ཀུན་གྱི་མགོན་དཔུང་དུ། སྐུ་ཚེ་འཆི་མེད་རྒྱལ་མོའི་ངོ་བོ་རུ། །རབ་བརྟན་ལུགས་ཟུང་རྒྱས་པའི་དོ་ར་རུ། །ལྷང་ངེར་རྟག་བཞུགས་དམ་ཆོས་བདུད་རྩིའི་ཆར། །བློ་བཟང་བསྟན་པའི་ཉིན་བྱེད་འཚོ་བཞེས་ཤོག། ཅེས་སྐྱབས་རྗེ་རིན་པོ་ཆེ་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་གི་མཛད་རྣམ་ལ་སྙིང་ནས་རྗེས་སུ་ཡི་རང་དང་ལེགས་མཛད་རྣམས་ལ་ངོ་མཚར་ཆེན་པོས་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་དུ་བཀོད་པ་ལགས།
མཁས་མཛངས་ཟུང་ལྡན་གྱི་ཟམ་གདོང་པ་ནི། དུས་རབས་འདིའི་ནང་གི་རླབས་ཆེན་
སྐྱེས་བུ་ཚོའི་གྲལ་རིམ་ནང་ཏན་ཏན་འཚངས་ཐུབ་ཡོད།
སྐྱེས་ཆེན་གྱི་མིང་བཏགས་པ་ཡིན་ན་རིན་པོ་ཆེ་འདི་ལྟ་བུ་ཞིག་ངེས་པར་དུ་དགོས་ཏེ། སྐྱོན་ཟད་ཡོན་ཏན་ཀུན་ལྡན་གྱི་སེམས་དཔའ་ཆེན་པོ་ཁོང་གིས་མཁས་བཙུན་བཟང་པོའི་མཛད་ཕྲིན་ཡོད་ཚད་ཀྱི་ལེགས་སྐྱེས་ནི་བླ་མའི་བཀའ་སྒྲུབ་དང་མངོན་ལྐོགས་གཉིས་མེད་བསྟན་སྲིད་མི་རིགས་ཀྱི་དོན་དུ་མ་གཏོག་སྒོར་ཟུར་གཅིག་གི་རུལ་སུང་རང་དོན་མེད་པ་འཛམ་གླིང་ས་སྒང་འདིར་རང་དོན་དགའ་ཉེ་ཤག་ཕྱོགས་མེད་པ་བསྟན་སྲིད་མི་རིགས་ཀྱི་ཕྱིར་དུ་ཕྱི་གཙང་ནང་གཙང་པདྨ་དཀར་པོའི་སྦུབ་འདི་ནང་བཞིན་ཚོགས་པ་དང་གཞུང་སྒེར་གྱི་དབུ་ཁྲིད་ལ་མཁས་དབང་རིན་པོ་འདི་དང་པོ་ཡིན་པའི་ངེས་ཤེས་གཏིང་ནས་ཡོད། མི་རིགས་འདི་ཉིད་ཀྱི་ཕྱིར་དུ་བཀའ་སློབ་ཡོངས་རྫོགས་དེབ་ཐོག་ཏུ་རྗེས་འཇུག་པ་ཞིག་གི་བཀོད་ཐུབ་འདུག་པ་དེ་དག་ལ་ཡི་རང་དང་ཐུགས་རྗེ་དཔག་ཏུ་མེད་པ་ཆེ་ཞེས་ཡང་ཡང་ཞུ་གི་ཡོད། མ་འོངས་པའི་རང་རེ་བཙན་བྱོལ་བའི་དབུ་ཁྲིད་རྣམ་པས་གང་ཅིའི་ཐད་རིན་པོ་ཆེ་འདི་བཞིན་ཕྱག་ལས་གནང་ཕྱོགས་ལ་མིག་འཕང་གཏོད་ཐུབ་ན་ཡུན་རིང་གི་དགེ་མཚན་ལྡན་ལ་སུས་ཀྱང་གནོན་ཤུགས་སྤྲོད་མི་ཐུབ། དེ་མ་ཡིན་པའི་མཐོ་མཐོ་དམའ་དམའི་ཕྱག་ལས་མང་པོ་ཞིག་བྱུང་ཤོར་ན་སྔོན་དང་མི་འདྲ་བར་རིམ་བཞིན་ཉན་ཁ་ཆེ་རུ་ནས་ཆེ་རུ་ཡོངས་པའི་ཚོར་སྣང་འདུག རིན་པོ་ཆེ་ལ་ཐུགས་རྗེ་ལེགས་སྨོན་འབུལ་མཁན་ཚོགས་པ་ཁག་ལ་ཡང་སྙིང་ནས་རྗེས་སུ་ཡི་རང་ཡོད།།།།
སྟབས་ཡག ཟབ་གདོང་བླ་མས་བོད་གཞུང་དེ་བོད་མིའི་སྒྲིག་འཛུག་ཞིག་ཏུ་མ་བསྒྱུར་བའི་སྔོན་དུ་ཕར་བྱོན་ཟིན་པར་ལེགས། དེ་མིན་ན་མི་འདིའི་སྐྱེལ་ས་གཅིག་ལ་བསྐྱེལ་རྒྱུ་ཐག་ཆོད་རེད་འདུག་ད།
གྲུབ་འབྲས་བྱུང་ལ་མིན་ལ་མ་ལྟོས་པ། རིན་པོ་ཆེ་མཆོག་གི་འདས་པའི་མི་ལོ་ ༥༠ རིང་བོད་ཀྱི་བདེན་དོན་འཐབ་རྩོད་དང་། ཆོས་དང་རིག་གཞུང་ཐོག་རླབས་ཆེན་གྱི་ཕྱག་རྗེས་བར་ཐུགས་རྗེ་མི་ཉུང་བ་ཞུ། བཀའ་དྲིན་ཆེའོ།
ཟམ་གདོང་རིན་པོ་ཆེ་མཆོག་ནི་༧གོང་ས་མཆོག་གིས་ཐུགས་གཏོད་ས་ཞིག་དང་། གང་ཉིད་ཀྱི་དགོངས་པ་བསྐང་ཐུབ་མཁན་གྱི་སྐྱེས་བུ་ཞིག་ཡིན་པའི་ངོས་འཛིན་གནང་གི་འདུག དེ་ནི་རྩ་ཆེ་ཤོས་ཤིག་དང་གལ་ཆེ་ཤོས་ཤིག་ཏུ་མཐོང་གི་ཡོད།ཅེས་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གསུངས་སོང་།
མཛད་སྒོ་འདི་བསྡུས་པར་ཡི་རངས་བསྔགས་བརྗོད་ཡོད། རིན་པོ་ཆེ་ཁོང་ནི་གཟེངས་སུ་བསྟོད་དགོས་པའི་བརླབས་ཆེན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པར་བསྙོན་དུ་མེད།