མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་སྦྱོང་རྒྱུ་དེ་གཞུང་གི་ལས་ཀ་འཚོལ་ཆེད་ཙམ་མ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་བོད་རིགས་མཐོ་རིམ་སློབ་མ་སྐོར་ཞིག་གིས་རང་ཉིད་ཀྱི་གུང་སེང་གི་དུས་ཚོད་ཆུད་ཟོས་སུ་མ་བཏང་བར། རིགས་ཞེན་དང་ལ་ཞེན་གྱིས་ཀུན་ནས་བསླངས་ཏེ། འདི་ན་བོད་སྐད་བོད་ཡིག་སློབ་གཉེར་ལ་རེམ་བཞིན་འདུག

ད་ལོའི་ཕྱི་ཟླ་ ༥ པའི་ཚེས་ ༩ ནས་དབུ་འཛུགས་ཀྱིས་ཟླ་གཅིག་རིང་རཱ་མཐོ་སློབ་ཁང་དུ་དབྱར་ཀའི་གུང་སེང་སྐབས་དང་བསྟུན་ཏེ། ཟླ་གཅིག་རིང་རྒྱ་གར་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་ཚོར་བོད་ཡིག་གཙོ་བོ་བྱས་པའི་བོད་ཀྱི་ལོ་རྒྱུས་དང་ནང་ཆོས་སོགས་ཀྱི་དམིགས་བསལ་འཛིན་གྲྭ་ཞིག་འཚོགས་བཞིན་ཡོད་པ་དང་། དམིགས་བསལ་འཛིན་གྲྭ་འདི་སྐུ་སྒེར་ཡིག་ཚང་གི་བཀའ་དགོངས་ལྟར་ ༢༠༠༣ ནས་མགོ་འཛུགས་བྱས་པ་ཞིག་ཡིན་འདུག ཉེ་ཆར་འདི་གའི་གསར་འགོད་པ་ཆེད་དུ་ས་རཱ་མཐོ་སློབ་ཏུ་ཕྱིན་ཏེ། ཐེངས་འདིའི་བོད་ཡིག་ཆེད་སྦྱོང་ལ་ཕེབས་པའི་རྒྱ་གར་མཐོ་སློབ་ཁག་གི་སློབ་ཕྲུག་སྐོར་ཞིག་ལ་བཅར་འདྲི་ཞུས་ཡོད།

 

ལྷོ་ཕྱོགས་མཱ་ངྷ་རཱ་སི་ལོ་ཡོ་ལཱ་མཐོ་སློབ་ཏུ་དབྱིན་ཇིའི་རྩོམ་རིག་ལོ་རིམ་གསུམ་པ་ཐོན་མཁན་སློབ་གཉེར་པ་ཚེ་རིང་དགྲ་འདུལ་ལགས་ལ། བོད་ཡིག་ཆེད་སྦྱོང་འཛིན་གྲྭ་འདིར་ཞུགས་དོན་གང་ཡིན་དྲིས་པར་ཁོང་གིས། ང་ཚོ་བོད་རིགས་སློབ་ཕྲུག་ཕལ་ཆེ་བར་འཛིན་རིམ་བཅུ་གཉིས་པར་དུ་བོད་ཡིག་སློབ་སྦྱོང་གི་གོ་སྐབས་རག་ཡོད་པ་རེད། འོན་ཀྱང་། བོད་པའི་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཐོན་རྗེས་རྒྱ་གར་མཐོ་སློབ་ཁག་ཏུ་འགྲོ་དགོས་ཀྱི་ཡོད་སྟབས། མཐོ་སློབ་སྐབས་ཀྱི་ལོ་གསུམ་བཞིའི་རིང་བོད་ཡིག་སློབ་ཚན་ཕར་གཞོག ཐ་ན་མཐོ་སློབ་འགའ་རེའི་ནང་བོད་པའི་སློབ་ཕྲུག་གཅིག་གཉིས་རེ་ལས་མེད་སྟབས། ང་ཚོར་བོད་ཡིག་སྦྱོང་ས་དང་བོད་སྐད་བཤད་སའི་ཁོར་ཡུག་མེད་པར་བརྟེན། དབྱར་ཀའི་གུང་སེང་འདི་དམ་འཛིན་ཐོག བོད་ཡིག་སྔར་སྦྱངས་བཞག་པ་དེ་མ་བརྗེད་པ་དང་ཡར་རྒྱུས་ཅུང་ཙམ་གཏོང་ཐུབ་ན། མ་འོངས་པར་བོད་གཞུང་གི་ལས་བྱེད་ཁུངས་ཁག་ཏུ་ཡིག་རྒྱུགས་གཏོང་རྒྱུར་ཕན་ཐོག་ཡོང་གི་རེད་བསམ་སྟེ་ཡོང་པ་ཡིན་ཟེར།

 

མཐར་མ་ངྷི་ར་སི་གྲོང་ཁྱེར་གྱི་ཨི་ཏི་རཱ་ཇཱི་བུད་མེད་མཐོ་སློབ་ཏུ་དཔལ་འབྱོར་རིག་པའི་སློབ་ཚན་ཐོག་ལོ་རིམ་གསུམ་པར་སློབ་སྦྱོང་བྱེད་བཞིན་པ་བཀྲ་ཤིས་དབང་མོ་ལགས་ལ། གུང་སེང་སྐབས་སྐྱིད་པོ་བྱས་ཏེ་མ་བསྡད་པར་བོད་ཡིག་སྦྱོང་རྒྱུའི་བསམ་བློ་ཇི་ལྟར་འཁོར་བྱུང་ཞེས་དྲིས་པར་ཁོ་མོས། ང་རང་འཛིན་རིམ་བཅུ་བའི་བར་ལ་དྭགས་བོད་ཁྱིམ་དང་། འཛིན་རིམ་བཅུ་གཅིག་བཅུ་གཉིས་གྷོ་པལ་པུར་བོད་ཁྱིམ་ནས་ཐོན་པ་ཡིན། བོད་ཡིག་ནི་སོ་སོའི་ཕ་སྐད་ཡིན་སྟབས་སློབ་གྲྭའི་སྐབས་སུ་དེ་ཙམ་སྐྱོ་བོ་མིན། ལྷག་པར་དུ་རང་ཉིད་རྒྱ་གར་གྱི་མཐོ་སློབ་ནང་སློབ་སྦྱོང་བྱེད་ཀྱིན་པའི་སྐབས་སུ་ཕ་མས་དུས་རྒྱུན་ནས། དེང་སང་བོད་པའི་སློབ་ཕྲུག་མང་པོ་མཐོ་སློབ་ཏུ་བསླེབས་ཡོད་ན་ཡང་བོད་ཡིག་ཐོག་སྙན་ཞུ་ཞིག་ཀྱང་འབྲི་མི་ཐུབ་མཁན་ཡོང་གི་འདུག་ཟེར། དེ་འདྲ་ཞིག་མ་ཆགས་པ་བྱ་རོགས་ཞེས་གསུངས་སོང་ལ། སོ་སོ་ཡིན་ནའང་མཐོ་སློབ་ནང་སློབ་ཚན་ཚང་མ་དབྱིན་སྐད་སྟེང་སྦྱང་དགོས་པ་དང་། སྔར་བོད་ཡིག་ག་ཚོད་ཤེས་པ་དེ་ཡང་དྲན་པ་བརྗེད་སོང་བ་ཡིན་ན། རྗེས་མ་བོད་ཡིག་མཐོང་ཡོང་སྐབས་གནའ་སྔ་མོའི་ཡི་གེ་འདྲ་བོ་ཞིག་ཆགས་ཡོང་རྒྱུའི་ཉེན་ཁ་འདུག་པས། གོ་སྐབས་གང་རག་པ་དེ་དམ་འཛིན་བྱས་པ་ཡིན། མཐོ་སློབ་ཐོན་རྗེས་ཨང་དང་པོ་བོད་པའི་སྤྱི་ཚོགས་ནང་ལས་ཀ་འཚོལ་རྒྱུ་ཡིན། གལ་སྲིད་བོད་པའི་སྤྱི་ཚོགས་ནང་རང་ཉིད་ལ་འཚམ་པའི་ལས་ཀ་ཞིག་མ་རག་ཚེ་སྤྱི་ཚོགས་གཞན་ནང་ལས་ཀ་འཚོལ་དགོས་བསམ་ཡོད། ཅེས་བརྗོད་བྱུང་།

 

རྒྱ་གར་ལྷོ་ཕྱོགས་ཝེ་ཇི་ཝ་རཱ་གྲོང་ཁྱེར་ནང་ཚོང་ལས་རིག་པའི་ཐོག་སློབ་གཉེར་བྱེད་བཞིན་པ་ཕུན་ཚོགས་ཉི་མ་ལགས་ལ། བོད་ཡིག་སྦྱང་དགོས་པའི་རྒྱུ་མཚན་གཙོ་གང་ཡིན་དྲིས་པར་ཁོང་གིས། ང་འཛིན་གྲྭ་བཅུ་གཉིས་པར་རྡོ་རྗེ་གླིང་བོད་གཞུང་སློབ་གྲྭ་རུ་སློབ་སྦྱོང་བྱས་པ་ཡིན་ལ། བོད་ཡིག་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཡག་པོ་མེད་སྟབས། ང་རང་བོད་ཡིག་ཡག་པོ་དེ་ཙམ་མེད་པས་གོ་སྐབས་འདི་བཟུང་སྟེ་བོད་ཡིག་གི་ཤེས་ཚད་ཡར་རྒྱས་གཏོང་འདོད་བྱུང་། འོན་ཀྱང་ཐེངས་འདི་གཅིག་པུས་ཡར་རྒྱས་ཆེན་པོ་དཀའ་ཡང་། ཕྲད་དང་རྣམ་དབྱེ་སོགས་དོན་དག་རེ་ཟུང་ཐོག་ཕན་ཐོགས་ཕྲན་བུ་ཡོང་གི་འདུག འདིར་ཕེབས་མཁན་མང་ཆེ་བས་བོད་ཡིག་སྦྱོང་རྗེས་མ་གཞུང་གི་ལས་ཀ་རག་ཆེད་ཡིན་པ་ཞིག་ལ་མཐོང་སོང་། འོང་ཀྱང་ང་རང་གི་བསམ་པར། ང་ཚོའི་རྒྱུ་ནོར་རྩ་ཆེ་ཤོས་དེ་བོད་ཀྱི་སྐད་ཡིག་ཡིན་སྟབས། བོད་ཡིག་སྦྱོང་རྒྱུ་དེ་བོད་གཞུང་གི་ལས་ཀ་རག་མིན་ཙམ་མིན་པར། རྗེས་མ་ལས་ཀ་གང་འདྲ་ཞིག་བྱས་ཀྱང་སོ་སོའི་སྐད་ཡིག་སྲ་ཐག་ཐག་ཅིག་ཤེས་ན་རང་ཉིད་ལ་སྤོབས་པ་ཡོང་གི་རེད། རྒྱལ་ཁབ་གཞན་གྱི་ཡི་གེ་རིམ་བཞིན་ཤེས་འགྲོ་བ་ཞིག་རེད་ལ། ཕྲན་བུ་ཞིག་ལས་མ་ཤེས་ཀྱང་འགྲིག་འགྲོ་བ་རེད། ཅེས་བརྗོད་བྱུང་།

 

ཨ་མེ་ཌ་བྷ་ཌིའི་སན་ཊི་ཛ་ཝར་སི་མཐོ་སློབ་ནང་དབྱིན་ཇིའི་རྩོམ་རིག་སྟེང་སློབ་གཉེར་བྱེད་བཞིན་པ་བསྟན་འཛིན་ལྷ་སྒྲོན་ལགས་ལ། ས་རཱ་མཐོ་སློབ་ཏུ་བོད་ཡིག་ཆེད་སྦྱོང་འཛིན་གྲྭ་ཡོད་པ་ཇི་ལྟར་ཤེས་རྟོགས་བྱུང་བ་དྲིས་པར་ཁོ་མོས་བརྗོད་དོན། གནས་ཚུལ་འདི་དྲ་ཐོག་ནས་ཤེས་སོང་། ངའི་ནང་མི་ལ་དྭགས་ན་ཡོད་པ་རེད། ད་ལོའི་གུང་སེང་སྐབས་ནང་མི་ཚོར། ང་གུང་སེང་ལ་ཡོང་གི་མིན། ས་རཱ་ནས་ཟླ་གཅིག་རིང་བོད་ཡིག་སྦྱོང་གི་ཡིན་ལབ་སྐབས་ཁོང་ཚོས་དེ་ལ་མོས་མཐུན་ཆེན་པོ་གནང་གི་འདུག རང་ཉིད་ལ་རྗེས་མ་བོད་གཞུང་ནང་ལས་ཀ་བྱ་འདོད་ཡོད་པས་ད་ལྟ་ནས་བོད་ཡིག་ཡར་རྒྱས་གཏོང་དགོས་དྲན་གྱི་ཡོད་ཟེར། ཡང་ཁོ་མོར་འདི་འབྱོར་སྐབས་ཚོར་སྣང་གང་འདྲ་བྱུང་ཡོད་མེད་དྲིས་སྐབས། ང་ནང་ལ་གུང་སེང་དུ་འགྲོ་མ་ཐུབ་པར་འགྱོད་པ་མི་འདུག འདིར་བསླེབས་དུས་སྔོན་མའི་སློབ་གྲྭའི་ཁོར་ཡིག་འདྲ་བོ་ཞིག་འདུག་པས་སྐྱིད་པོ་བྱུང་ལ། སྔོན་མ་སློབ་གྲྭ་ནས་སྦྱངས་ཟིན་པ་དྲན་གསོ་དང་བསྐྱར་སྦྱོང་ཞིག་ཀྱང་ཆགས་ཡོང་གི་ཡོད་སྟབས། འདིར་ཡོང་པ་དེ་ང་རང་ལ་ཁེ་ཕན་ཆེན་པོ་རག་འདུག་དྲན་ཡོད། ཅེས་བརྗོད་བྱུང་།

 

བྷ་རོ་ཌ་མཐོ་སློབ་ཏུ་སྲིད་དོན་ཚན་རིག་ལོ་རིམ་གཉིས་པའི་ནང་སློབ་གཉེར་བྱེད་བཞིན་པ་སྐལ་བཟང་རྒྱལ་མཚོ་ལགས་ལ། མ་འོངས་པར་བོད་ཡིག་ལ་མུ་མཐུད་སྦྱང་བརྩོན་བྱ་རྒྱུའི་བསམ་བློ་ཡོད་མེད་དྲིས་པར་ཁོང་གིས། ང་རང་གཞི་རིམ་སློབ་གྲྭ་ཁག་ནང་ཡོད་སྐབས་ནས་བོད་ཡིག་ཐོག་དེ་ཙམ་སྐྱོ་བོ་མིན། མཐོ་སློབ་ཀྱི་ལོ་གཉིས་རིང་བོད་ཡིག་ལྟ་ཀློག་མ་ཐུབ་པའི་རྐྱེན་གྱིས་ཅུང་ཙམ་སྐྱོ་རུ་ཕྱིན་སོང་། ཐེངས་འདིར་ཡི་གེ་དག་ཆ་དང་ཡིག་གཟུགས་ཚུན་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་ཡོད། མ་འོངས་པར་ཡང་མུ་མཐུད་དེ་བོད་ཡིག་ཐོག་སྦྱང་བརྩོན་བྱ་དགོས་བསམ་ཡོད། སྤྱིར་ང་ཚོ་བཙན་བྱོལ་དུ་གནས་ཡོད་སྟབས་དབྱིན་ཡིག་ཤེས་དགོས་ངེས་ཤིག་ཆགས་ཡོད་ཀྱང་། དབྱིན་ཡིག་གི་ཤེས་ཚད་ཡག་པོ་ཡོད་ཀྱང་བོད་ཡིག་ཡག་པོ་མེད་ན། དེ་ནི་ལག་པ་གཡས་པ་མེད་པ་དང་གཅིག་མཚུངས་རེད། བོད་ཀྱི་སྐད་ཡིག་ནི་སོ་སོའི་སྲོག་རྩ་ལྟ་བུ་ཞིག་ཡིན་པས་དབྱིན་ཡིག་ལས་བོད་ཡིག་གལ་ཆེན་པོ་རེད། མ་མཐར་ཡང་རང་ཉིད་གཞུང་ཞབས་སུ་ཞུགས་འདོད་ཡོད་མཁན་ཞིག་ཡིན་ན། བོད་ཡིག་མ་ཤེས་ན་དབྱིན་ཡིག་གཅིག་པུས་ཚུད་ཐབས་ཡོད་པ་མ་རེད། ཅེས་བརྗོད་སོང་།

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༨ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 3

  1. ཅང་མེད། says:
    ལོ་ 15 སྔོན།

    ཐོག་མར་ཁྱེད་རྣམས་པ་ལ་བཀྲིས་བདེ་ལེགས་ཞུ། ཁྱེད་རྣམས་པ་ད་ལྟའི་སློབ་མ་མ་འོངས་གངས་རིས་རྒྱུད་འཛིན་དང་དགེ་རྒན་ཡང་ཡིན། ཡང་ན་དེང་རབས་སློབ་་ཕྲུག་ཚོའི་མིག་དཔེ་ལྟ་ས་ཡང་རེད། དངོས་གནས་ཁྱེད་རྣམས་མི་ལུས་བླངས་པ་དོན་སྙིང་ལྡན་པས་སློབ་སྦྱོང་བྱས་འདུག་ཐུགས་རྗེ་ཆེ། ཁྱེད་རྣམས་པའི་ཐུགས་འདོད་ལྟར་དེ་དེ་བཞིན་དུ་འགྲུབ་པས་སྨོན་ལམ་ལན་བརྒྱར་འདེབས།
    མ་འོངས་པ་བོད་བདེ་སྡུག་གི་ཀྱོག་འཚམ་རེ་ན་”བློ་བཟང་དབང་རྒྱལ་”ལྟ་བའི་འཁྲེལ་མེད་ཀྱི་ཕྱག་ལས་མི་གནང་བར་་་་་་ཞེས་པའི་འབོད་སྐུལ་དུ།

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ཕྱོགས་ཁག་ནས་ཕེབས་པའི་རང་རེ་བོད་གངས་ཅན་པའི་སློབ་ཕྲུག་རྣམས་ཀྱི་མེ་པོའི་སྐད་ལ་འདི་ལྟར་རྩིས་མཐོང་གནང་སྟེ་སློབ་སྦྱོང་གནང་བཞིན་པར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ཁྱེད་རྣམ་པའི་དམིགས་ཡུལ་དེ་དག་དོན་འཁྱོལ་ཡོང་བའི་སྨོན་ལམ་ཡང་རྒྱུན་མར་བྱེད།

    Reply
  3. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    བོད་ཡིག་ལ་དོ་སྣང་བྱེད་མཁན་གྱི་མཐོ་སློབ་ཁག་ཅིག་བྱུང་བ་སེམས་ནས་དགའ་ཡོད། དེ་ནི་ས་འདིར་བོད་ཡིག་གི་རིན་གོང་ཆུ་གྲང་མོ་ལས་ཀྱང་མར་ཟགས་ཡོད་པས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese