མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙས་ཏེ་ལོ་ ༥༣ འཁོར་བ།

བོད་ཀྱི་དུས་བབ།
༢༠༡༡/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp


མི་རབས་གོང་མའི་ཤུལ་བཞག་ཚོགས་པ་འདིའི་དམིགས་འདུན་སྲ་བརྟན་རྒྱུན་གནས་ཡོང་རྒྱུར་འགལ་རྐྱེན་མི་འཕྲད་པའི་འགན་ཁུར་རྒྱུན་སྲིང་བྱ་རྒྱུ་དང་།
སྤྱི་དོན་ཟུར་བཞག་གིས་སྐྱེ་བོ་སྒེར་སོ་སོའི་མིང་དོན་ཁེ་ཕན་ལ་དམིགས་ཏེ་དོན་གནད་ཆུང་ཚེགས་ཐད་ནང་ཁུལ་མི་བདེ་བ་ལྟ་བུ་ཡོང་སྲིད་སྟབས།  མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདིར་དོ་སྣང་ཆེན་པོས་འགན་སྲུང་མི་ལྷོད་པ་གནང་རྒྱུ་གནད་ཀྱི་སྙིང་པོ་ཡིན་ཟེར།  

མདོ་དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༧ དང་ཕྱེད་ཀའི་སྟེང་། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་ངྷ་ས་ལྷ་རྒྱ་རིའི་མཆོད་ཁྲའི་ཐང་དུ།  ཕྱི་ལོ་ ༡༩༥༨ ལོར་བོད་ས་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་སྒར་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་  ༥༣ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཡོད་པ་དང་། དུས་དྲན་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་སྐུ་ཚབ་པདྨ་མ་འབྱུང་གནས་ལགས་གཙོས་པའི་སྤྱི་འཐུས་རྣམས་པ། རྡ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་མགོ་འཛིན། ས་གནས་རང་བདེན་ཚོགས་གཙོ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཀྱིས་མཚོན་པའི་སེར་སྐྱ་མི་མང་རྣམས་མཉམ་ཞུགས་བྱས་ཡོད། 

སྐབས་དེར་སྤྱི་ཟུར་བསོད་ནམས་དགྲ་འདུལ་ལགས་ཀྱིས།  མདོ་སྟོད་ཆོལ་ཁའམ་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དུས་དྲན་མཛད་སྒོའི་ཡིག་ཆ་སྒྲོག་སྦྱོང་གནང་དོན། དེ་རིང་གི་ཉིན་མོ་འདི་ནི་བོད་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་དབུ་ཁྲིད་པའི་བོད་ཀྱི་བསྟན་སྲུང་དང་བླངས་དམག་སྒར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་ནས་ལོ་ ༥༣ འཁོར་བའི་དུས་ཚིགས་ལ་འཁེལ་ཡོད་པ་ཚང་མས་མཁྱེན་གསལ་ལྟར། ཉེ་ཆར་བོད་ཀྱི་བསྟན་སྲུང་རང་དབང་སླར་གསོའི་ཆེད་དུ་ཨ་མདོ་རྔ་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་སྲོག་བློས་གཏོང་གིས་སྐུ་ལུས་མེར་བསྲེགས་བཏང་བ་དང་། རྒྱ་ནག་གཞུང་གིས་རྔ་པ་སྡེ་དགོན་གཉིས་ལ་དྲག་གནོན་ཤུགས་ཆེན་བྱེད་བཞིན་པ། དེ་བཞིན་ཉེ་ལམ་ཆབ་མདོ་ས་ཁུལ་གྱི་འཇོན་མདའ་རྫོང་དང་། ནགས་ཆུ་ས་ཁུལ་གྱི་སོག་རྫོང་། དཀར་མཛེས་ས་ཁུལ་གྱི་ཉག་ཆུ་རྫོང་དང་རྫ་ཁོག  སྐྱེ་དགུ་མདོ་སོགས་ཁམས་ཁུལ་གྱི་ཡུལ་ལུང་མང་པོར་བོད་བསྟན་སྲིད་ཆེད་ཚེ་སྲོག་བཏང་བ་དང་། ཡིག་ཆ་བཀྲམས་པ། ཟས་བཅད་ངོ་རྒོལ་མཁན་ཚང་མར་རྒྱ་གཞུང་གིས་མནར་གཅོད་དྲག་གནོན་བྱེད་བཞིན་པར་གདུང་སེམས་མཉམ་སྐྱེད་ཀྱིས་མྱ་ངན་ཞུ་བ་དང་ཆབས་ཅིག འཛམ་གླིང་གི་དྲང་བདེན་རྒྱལ་ཁབ་ཡོངས་ལ་བོད་མིའི་དཀའ་སྡུག་སེལ་ཐབས་ཐད་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་སོང་།  

ཡང་ཁོང་གིས་མདོ་ཁམས་མི་མང་རྣམས་ལ་ཆེད་དུ་ཞུ་རྒྱུར། ད་ལྟའི་གནས་སྐབས་འདིར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་དང་ལས་དོན་བྱེད་ཕྱོགས། མང་ཚོགས་ཀྱི་རྒྱབ་སྐྱོར་དང་དཔལ་འབྱོར་གྱི་མཐུན་རྐྱེན་སོགས་གང་ཅིའི་ཐད་ནས། བོད་ཀྱི་འཐབ་རྩོད་ལས་གཞིའི་དམིགས་ཡུལ་བསྒྲུབ་བྱ་ཇི་ལྟར་ཡིན་པའི་བརྒྱུད་རིམ་དང་། མི་རབས་གོང་མ་རྣམས་ཀྱི་ལག་རྗེས་རྩ་མེད་དུ་མ་སོང་པར་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བ་དེ་སྲིད་དུ་གནས་བཞིན་པ་ལགས་ན།  སྤྱི་དོན་ཐོག་ཚང་མས་འགན་ཁུར་མཉམ་ལེན་གྱིས་ནུས་ཤུགས་གཅིག་ཏུ་སྤུངས་ཐུབ་པའི་ཐབས་ལ་བརྩོན་རྒྱུ་ཧ་ཅང་གལ་ཆེན་རེད། མི་རབས་གོང་མའི་ཤུལ་བཞག་ཚོགས་པ་འདིའི་དམིགས་འདུན་སྲ་བརྟན་རྒྱུན་གནས་ཡོང་རྒྱུར་འགལ་རྐྱེན་མི་འཕྲད་པའི་འགན་ཁུར་རྒྱུན་སྲིང་བྱ་རྒྱུ་དང་། སྤྱི་དོན་ཟུར་བཞག་གིས་སྐྱེ་བོ་སྒེར་སོ་སོའི་མིང་དོན་ཁེ་ཕན་ལ་དམིགས་ཏེ་དོན་གནད་ཆུང་ཚེགས་ཐད་ནང་ཁུལ་མི་བདེ་བ་ལྟ་བུ་ཡོང་མི་སྲིད་པ་མིན་སྟབས།  མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདིར་དོ་སྣང་ཆེན་པོས་འགན་སྲུང་མི་ལྷོད་པ་དགོས་རྒྱུ་ནི་གནད་ཀྱི་སྙིང་པོ་རེད། ཆུ་སྒང་རྒྱུན་ལས་སྐབས་བཅོ་བརྒྱད་པས་མ་འོངས་དབུས་རྒྱུན་སྐབས་བཅུ་དགུ་པར་རྩིས་སྤྲོད་རྩིས་ལེན་གྱིས་ཕྱི་གསལ་ནང་གསལ་བྱ་རྒྱུ་ཡིན་པ་ལྟར།  རྒྱ་ཆེའི་མང་ཚོགས་ནས་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེ་ལ།  མི་མང་གི་རྒྱུ་དངོས་དང་།  མི་མང་གི་སྐུ་ཚབ་རིམ་པས་ལས་དོན་ཇི་ལྟར་བྱས་ཡོད་མེད་དང་དགེ་སྐྱོན་ཡོ་བསྲང་ཇི་ལྟར་བྱས་མིན་སོགས་ཤེས་རྟོགས་བྱ་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་སོང་། 

དེ་རྗེས་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་དབུས་གཙང་སྤྱི་འཐུས་པདྨ་མ་འབྱུང་གནས་ལགས་ཀྱིས་བརྗོད་དོན། ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་ཉིད་ཆེད་འཛུགས་ཀྱིས་དགྲ་བོར་གཡུལ་འཐབ་སྔ་རྗེས་ལན་མང་བཤམས་ཏེ་རྒྱལ་སྲུང་ཞབས་འདེགས་རླབས་ཆེན་བསྒྲུབས་པར་མ་ཟད། མཐར་མང་སྣེ་ཉུང་གིས་མ་བརྟན་པར་བོད་ས་ཡོངས་རྫོགས་རྒྱ་དམར་གྱི་དབང་འོག་ཏུ་ཤོར་ཏེ།  ༸གོང་ས་མཆོག་གིས་དབུས་བོད་མི་ཁྲི་ཚོ་བརྒྱད་ལྷག་རྒྱ་གར་འཕགས་པའི་ཡུལ་དུ་རང་དབང་སླར་གསོའི་ཆེད་བཙན་བྱོལ་ཏུ་ཕེབས་དགོས་བྱུང་སྐབས་ཀྱང་། མགོན་པོ་མཆོག་གི་ཆིབས་ཞབས་སུ་བཅར་ཏེ་ཉེན་སྲུང་ཞུ་སྒོ་ལྷོད་མེད་བསྒྲུབས་ཡོད་པ་བཅས་ལ། ད་རེ་གོ་སྐབས་འདི་བཟུང་ནས་བཀའ་དྲིན་རྗེས་དྲན་དང་འབྲེལ་གུས་འདུད་ཞུ་རྒྱུ་ཡིན།  ཞེས་བརྗོད་སོང་།

ཡང་ཁོང་གིས། རང་རེའི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༢ ལྷག་ཕྱིན་ཟིན་པའི་རིང་བོད་མིའི་རྩ་དོན་ལྷད་རྒྱ་ནག་དང་ལྷན་དུ་ཐབས་ལམ་ཡོད་དགུ་དང་། གཉིས་ཕན་ལྷག་བསམ་གྱིས་ཀུ་ཡངས་གནང་རྒྱུ་ཡོད་ཚད་གནང་ཡོད་ནའང་།  རྒྱ་ནག་དབང་འཛིན་པ་ཚོས་ད་དུང་དབང་ཤུགས་དང་མགོ་སྐོར་བསླུ་བྲིད་ཁོ་ནས་དུས་ཚོད་སྐྱེལ་ཐབས་བྱས་ཡོད་སྟབས།  བོད་མི་རྣམས་ཀྱིས་ཀྱང་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བ་དེ་སྲིད་དུ་བདེན་པའི་འཐབ་རྩོད་བློས་གཏོང་གནང་སྟེ་བར་མཚམས་འཇོག་མི་སྲིད་པ་བཞིན། རང་རེའི་སྒྲིག་འཛུགས་ཁག་དང་མང་ཚོགས་བཅས་ཚང་མས་སྔར་བས་མཐུན་ལམ་དང་། སྟོབས་ཤུགས་ཆིག་སྒྲིལ་ངང་ནུས་པ་འདོན་དགོས་པའི་དུས་མཚམས་དམིགས་བསལ་ཞིག་ཏུ་བསླེབས་ཡོད་པས། དེ་དོན་ཚང་མས་ཐུགས་ཁུར་གནང་དགོས།  ལྷག་པར་ཉེ་སྔོན་༸གོང་ས་མཆོག་གིས་བོད་མིའི་འདི་ཕྱི་ཚེ་རབས་གཏན་གྱི་མགོན་སྐྱབས་ནམ་ཡང་མི་འབྲལ་བར་དགོས་མཁོ་ནམ་བྱུང་ལ་གཟིགས་སྐྱོང་ལམ་སྟོན་མཛད་རྒྱུའི་ཞལ་བཞེས་བཀའ་དྲིན་གནང་ཐོག   དེ་ནི་འཛམ་གླིང་སྤྱི་སྲོལ་དམངས་གཙོའི་ལམ་སྲོལ་དང་སྒོ་ཀུན་ནས་མཐུན་ཞིང་། མ་འོངས་བོད་མིའི་བདེ་ཐབས་ཁོ་ནའི་སླད་དངོས་ཡོད་གནས་ཚུལ་དང་མཐུན་པའི་དགོངས་བཞེས་བླ་མེད་མཛད་དེ། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག་གསུང་འཕྲིན་རིན་པོ་ཆེ་སྤྱི་བསྩལ་ལྟར། བོད་མིའི་བཅའ་ཁྲིམས་ནང་གསལ།  མགོན་པོ་གང་གིས་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱི་འོས་འདེམས་བྱས་པའི་མགོ་ཁྲིད་རྣམས་ཀྱི་ལག་ཏུ་ཆ་ཚང་གསོལ་བསྩལ་དང་།  རྩིས་སྤྲོད་གནང་བར་རང་ཅག་བོད་མི་རྣམས་ཀྱིས་གོ་དོན་ལོག་སྒྲུབ་དང་། གཡམ་རྒྱུགས་ཀླན་ཀ་འཚོལ་བའི་རིགས་སོགས་མི་ཡོང་བར་མགོན་པོ་གང་གིས་མ་འོངས་སྔོན་གཟིགས་ཀྱི་ལམ་སྟོན་ཡིན་པ་བསམ་ཤེས་ཐུབ་པ་གནང་སྟེ།  ཚང་མས་དངོས་ཡོད་ལག་ལེན་གྱི་སྟེང་ནས་དེང་ལེན་ལྷོད་གཡེང་མེད་པ་ཞུ་དགོས་པའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན། ཅེས་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༤ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༤ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

མཆན། 6

  1. Athup says:
    ལོ་ 15 སྔོན།

    མདོ་ཁམས་ཆུ་སྒང་དབུ་བརྙེས་ཀྱི་དུས་ཚེས་ལ་ཚང་མར་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་བ་དང་ང་ཚོ་ཚང་མས་ཚོགས་པ་འདི་ཐོག་མར་༡༩༥༨ལོར་འཛུགས་སྐབས་ཀྱི་སྐྱེ་བོ་དག་གི་དགོངས་གཞི་དང་མཐུན་པར་ཕྱག་ལས་འཇུགས་སྐྱོང་ལ་བྱ་སྨོན་ཞུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་ངོ་ཕེབས་ལ་དགའ་བསུ་དང་བོད་མིའི་ཆིག་བསྒྲིལ་གྱི་ཙ་དོན་ལ་ཕན་པ་བྱུང་སོང་སྙམ།

    Reply
  2. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    དབུ་བརྙས་མ་རེད། དབུ་བརྙེས་ཞེས་བཅོས་རོགས། ཁ་བྱང་གི་ཡི་གེ་ནོར་འདུག

    Reply
  3. གནས་ཚང་། says:
    ལོ་ 15 སྔོན།

    ཆུ་བཞི་སྒང་དྲུག་ཚོགས་པར་མདོ་སྟོད་ཀྱིས་བདག་གཉེར་གནང་བཞིན་པ་གཟི་བརྗིད་ཅིག་ཡིན་ནའང་། ཆོལ་གསུམ་བོད་མི་མཉམ་རུབ་ཀྱིས་བཙུགས་པ་ཞིག་ཡིན་པས། བོད་སྤྱི་ལ་ཁྱབ་ཀྱི་ཡོད་ལ། ལྷག་པར་དུ་བཙན་བྱོལ་བོད་གཞུང་གི་སྒོ་བརྒྱབ་པ་ནས་འགན་དེ་ལས་ཆེ་བ་ཞིག་ཕྲག་པར་བབས་ཡོད་པའང་ཚབ་མས་ཤེས་གལ་ཆེ་སྙམ།

    Reply
  4. ཕྱུགས་རྫི says:
    ལོ་ 15 སྔོན།

    མདོ་ཁམས་ཆུ་བཞི་སྒང་དྲུག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། དེ་དང་ཆབས་ཅིག་མི་རེ་ཉིས་ཞིག་གི་ང་ཡག་ཁྱོད་སྡུག་དང་ཟ་ཡ་མང་ཉུང་སོགས་མ་རྩོད་ནས་ཆེ་ས་ནས་རྒྱལ་ཁབ་དང་མི་རིགས་ཆུང་ས་ནས་མདོ་སྟོད་མི་མང་གི་བདེ་སྡུག་གཟིགས་པ་གལ་ཆེ་སྙམ།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྤྱི་འཐུས་པདྨ་འབྱུང་གནས་ལགས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་ཐོག་ཏུ་ཕེབས་པ་འདིས་ཆིག་སྒྲིལ་གྱི་རྣམ་པ་ཞིག་སྟོན་ཡོང་གི་འདུག་པས་ཡག་པོ་འདྲ་ཞིག་མཐོང་སོང་། དགའ་པོ་བྱུང་། དེའི་གོང་དུ་སྤྱི་འཐུས་ཚོགས་གཙོ་སྤུན་པ་རྒྱག་པ་ཕེབས་ཡོད་ན་དེ་ལས་ཡག་པོ་ག་འདྲ།

    ཆིག་སྒྲིལ་ཆིག་སྒྲིལ་ཟེར་ནས་འབོད་བཞིན་འབོད་བཞིན།
    ཆུ་སྒང་ཆུ་སྒང་ཟེར་ནས་གཏོར་བཞིན་གཏོར་བཞིན།
    མི་ལོ་ཉེར་ཤུའི་རིང་གི་ཁ་མཁས་ཁོག་ནག
    ད་ནས་རྐུབ་བཀྱག་བཞག་པའི་དུས་སུ་བབ་སོང་།ཧཧཧཧཧཧཧཧཧཧཧའདི་སུ་ལ་ཐུག་གམ། གཅིག་གསུང་དང་།

    Reply
  6. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག བོད་སྤྱིར་སྨན་གྱི་ལས་དོན་གང་ཅི་ལེགས་ལམ་ངང་འགྲུབ་པའི་སྨོན་ལམ་ཡང་རྒྱུན་སྲིང་བྱེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese