མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱངས་ལ་ཐིམ་པའི་བོད། བཙོན་ལ་ཚུད་པའི་བུ།

བོད་ཀྱི་དུས་བབ།
༢༠༡༡/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp


བོད་ཀྱི་དམངས་གཞས་ཉམས་ཞིབ་ཆེད་སྒྲིག་གློག་བརྙན་༼ དབྱངས་ལ་ཐིམ་པའི་བོད ༽ཅེས་པ་དེ། ཉིན་འདི་འགར་ངྷ་ས་ཁུལ་གྱི་མི་མང་ལ་གཟིགས་འབུལ་ཞུས་ཡོད་ཅིང་། གློག་བརྙན་དེ་ནི་བོད་རིགས་ངག་དབང་ཆོས་འཕེལ་ལགས་ཀྱིས་མི་ལོ་ ༡༦ རིང་རྒྱུ་ཆ་འཚོལ་བསྡུ་གནང་བ་ཞིག་ཡིན་པ་མ་ཟད། ཁོང་བོད་ནང་དངོས་སུ་བསྐྱོད་དེ་ལོ་ ༦ རིང་རྒྱ་ནག་གི་བཙོན་ལ་ཚུད་པ་སོགས་དཀའ་ཚེགས་ཀྱི་གོ་རིམ་མང་པོ་བརྒྱུད་དེ་བཟོ་སྐྲུན་གནང་བ་ཞིག་རེད།

    འདི་གའི་གསར་འགོད་པ་ངག་དབང་ཆོས་འཕེལ་ལགས་སུ་ཐུག་འཕྲད་བྱས་ཏེ། ཁོང་གི་ཀྱག་ཀྱོག་གི་མི་ཚེའི་བརྒྱུད་རིམ་དང་༼ དབྱངས་ལ་ཐིམ་པའི་བོད ༽ ཅེས་པའི་གློག་བརྙན་བཟོ་ཕྱོགས་སྐོར་བཅས་ལ་གླེང་མོལ་བྱས་སྐབས། ཁོས་འདི་ལྟར་ངོ་སྤྲོད་གནང་བྱུང་། ང་རང་སྐྱེས་ས་སྟོད་མངའ་རིའི་མདའ་བ་རྫོང་ཡིན། ད་ལྟ་རྒྱ་ནག་གིས་རྩ་མདའ་རྫོང་ཟེར་གྱི་འདུག ཕྱི་ལོ་ ༡༩༦༨ ལོར་ངེད་ཚང་དང་གཉེན་ཉེ་མི་ཚང་ ༣ གྱིས་ཁྱིམ་གཞི་གནས་སྤོར་བྱས་ཏེ་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་བ་རེད། སྐབས་དེར་ང་ཚོས་ར་ལུག་ཀྱང་དེད་ནས་ཡོང་བ་ཡིན་ས་རེད། ང་རང་ལོ་གཉིས་རེད་ཟེར། རྒྱ་གར་བྱང་ཤར་ནས་ཟླ་བ་ཁ་ཤས་བསྡད་རྗེས་ར་ལུག་བཙོང་དགོས་བྱུང་འདུག དེའི་རྗེས་རྒྱ་གར་གཞུང་གིས་ལྷོ་ཕྱོགས་མོན་གྷོ་ལ་གཞིས་ཆགས་སུ་བཏང་ཞིང་། ང་སློབ་གྲྭ་འཛིན་རིམ་བཅུ་གཉིས་ཐོན་རྗེས་བོད་གཞུང་ཟློས་གར་དུ་ལོ་གསུམ་རིང་དགེ་རྒན་འོས་སྦྱོང་བྱས་པ་ཡིན། ༡༩༩༣ ལོར་ལོ་གཅིག་རིང་ ( full-bright )ཞེས་པའི་མིང་ཐོག་ཏུ་ཨ་རིར་སློབ་སྦྱོང་དུ་ཕྱིན་ཏེ། གློག་བརྙན་བཟོ་སྟངས་ཐོག་སློབ་སྦྱོང་འཁྱུག་ཙམ་བྱ་རྒྱུ་བྱུང་སོང་། སྐབས་དེར་བོད་པའི་དམངས་གཞས་སྐོར་ལ་གློག་བརྙན་ཞིག་བཟོ་ཐུབ་ན་སྙམ་པའི་བསམ་བློ་འཁོར་སོང་། རྗེས་སུ་སྒེར་ངོས་ནས་སྐར་མ་ ༡༩ ཅན་གྱི་གློག་བརྙན་ ༼ སྐྱབས་བཅོལ་སྒྲ་སྙན ༽ ཞེས་པ་ཞིག་བཟོས་ཏེ། ཨ་རིར་མུ་མཐུད་གློག་བརྙན་ཐོག་སློབ་སྦྱོང་གི་གོ་སྐབས་གནང་རོགས། ཞེས་སྙན་ཞུ་ཞིག་ཕུལ་ཡང་བོད་གཞུང་སྐུ་ཚབ་དོན་གཅོད་ཀྱིས་ཆོག་མཆན་སྤྲད་མ་སོང་། ཞེས་ངོ་སྤྲོད་གནང་བྱུང་།



    ཁོང་ལ་༼ དབྱངས་ལ་ཐིམ་པའི་བོད ༽ ཅེས་པའི་གློག་བརྙན་དེ་ཐོག་མར་མགོ་འཛུགས་ཇི་ལྟར་གནང་བའི་སྐོར་དྲིས་པར་ཁོང་གིས། ང་རང་ཆུང་དུས་ནས་བོད་དུ་འགྲོ་འདོད་ཆེན་པོ་ཡོད་ལ། ཨ་རིར་སློབ་སྦྱོང་བྱས་རིང་འདུན་པ་དེ་སྔར་ལས་ཆེ་རུ་ཕྱིན་སོང་། ཕྱིར་རྒྱ་གར་དུ་ལོག་མ་ཐག་སྐབས་དེའི་བཀའ་བློན་ཁྲི་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ། ངས་དམངས་གཞས་བསྡུ་རུབ་བྱ་འདོད་ཡོད་སྐོར་སྙན་སེང་ཞུས་པ་ཡིན། ཁོང་གིས་དེ་ཡག་པོ་འདུག འོན་ཀྱང་བོད་གཞུང་ཟློས་གར་དང་མཉམ་འབྲེལ་བྱས་ན་བཟང་གི་རེད་གསུངས་སོང་། འོན་ཀྱང་། གནས་ཚུལ་དེར་ངའི་ཨ་མ་ལགས་དང་ཨ་ཞང་གཉིས་ཀྱིས་མོས་མཐུན་རྩ་བ་ནས་གནང་མ་སོང་། མཐར་ངས་ཁོང་ཚོར་རྒྱ་གར་ནང་གི་བོད་པའི་གཞིས་ཆགས་ཁག་ནང་དམངས་གཞས་བསྡུ་རུབ་བྱེད་དུ་འགྲོ་རྒྱུའི་བཀའ་འཁྲོལ་ཞུས་ཏེ། ངྷ་རམ་ས་ལར་ཡོང་བ་ཡིན། སྐབས་དེར་ངའི་གཉེན་ཉེ་ཨ་ཅག་ཅིག་བོད་གཞུང་གི་ལས་བྱེད་རེད། ཁོང་མོའི་ལག་ཏུ་ཡི་གེ་བརྒྱད་དགུ་ཞིག་བཞག་སྟེ། ང་བོད་ནང་འགྲོ་རྒྱུ་ཡིན། ཁྱེད་ཀྱིས་ཟླ་བ་རེ་རེའི་ནང་ཨ་མ་ལགས་སུ་ཡི་གེ་གཅིག་རེ་གཏོང་རོགས། ང་མང་མཐར་ལོ་གཅིག་ལས་མི་འགོར་ཞེས་ཁ་ཆེམས་བཞག་སྟེ་ཕྱིན་པ་ཡིན། ཡི་གེ་དེ་དག་ནང་ང་བོད་མིའི་གཞིས་ཆགས་ཁག་ནང་སྐོར་སྐྱོད་བྱེད་ཀྱི་ཡོད་ཚུལ་འཁོད་ཡོད་པ་རེད། ཅེས་གད་མོ་དགོད་བཞིན་བརྗོད་བྱུང་།



    སྐབས་དེར་ཁོང་གིས་ཅུང་གཟབ་ནན་གྱིས་བོད་ནང་བསྐྱོད་པའི་བརྒྱུད་རིམ་གླེང་མགོ་བརྩམས་སོང་། ང་ ༡༩༩༥ ལོའི་ཟླ་ ༧ པར་གནམ་གྲུ་བརྒྱུད་ལྷ་སར་ཕྱིན་པ་ཡིན། གནམ་གྲུའི་ནང་སྐྱོད་སྐབས་རྒྱ་ནག་གིས་འཇུ་བཟུང་བྱེད་མིན་དང་ཉེས་རྡུང་གཏོང་མིན་ལ་ཞེད་སྣང་གང་ཡང་མི་འདུག ང་རང་གི་སྒྲ་འཇུག་དང་བརྙན་ལེན་འཕྲུལ་ཆས་སོགས་བདེ་བླག་ངང་འཁྱེར་ཐུབ་ན་བསམ་པ་དེ་རེ་བ་ཆེ་ཤོས་རེད། འོན་ཀྱང་ལྷ་ས་གོང་དཀར་གནམ་ཐང་ནས་དཀའ་ངལ་གང་ཡང་འཕྲད་མ་སོང་། དེ་ནས་སྤྱི་སྤྱོད་རླངས་འཁོར་ཞིག་ལ་བསྡད་དེ་ལྷ་སའི་རླངས་འཁོར་འབབས་ཚིགས་སུ་འབྱོར་སྐབས། ཕྱི་རྒྱལ་བ་ཚོར་གླ་ཆ་མཐོན་པོ་ལེན་གྱི་འདུག་ཀྱང་། ང་ལ་གླ་ཆ་དམའ་བོ་བྱས་སོང་། དེ་ལ་ང་རང་དགའ་ཚོར་ཆེན་པོ་ཞིག་བྱུང་སོང་། ལྷ་སར་འབྱོར་རྗེས་དམངས་གཞས་ཐོག་ཆེད་མཁས་པ་ཁ་ཤས་ལ་ཐུག་དགོས་ཀྱི་ཡོད། དེའི་ནང་གི་གཅིག་དམ་པ་ཞོལ་ཁང་བསོད་ནམས་དར་རྒྱས་རེད། མི་ཞིག་གི་མི་ཚེ་ནང་ཡ་མཚན་པའི་གནས་ཚུལ་མང་པོ་ཡོང་གི་ཡོད་ཀྱང་། ང་དམ་པ་ཁོང་ལ་མཇལ་བ་དེ་ཡ་མཚན་ཆེ་ཤོས་ཤིག་ཆགས་སོང་། ཁོང་གིས་བོད་པའི་གནའ་བོའི་རིག་གཞུང་ཉར་ཚགས་བྱེད་སྟངས་དང་། དེ་དག་གི་ཐོག་དགའ་ཞེན་དང་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད་པ་དེར་ང་ཧང་སངས་སོང་། ཞེས་བརྗོད་སོང་།



    ངག་དབང་ཆོས་འཕེལ་ལགས་ཀྱིས་སྐབས་དེའི་ལྷ་སའི་མཐོང་ཐོས་འགའ་བརྗོད་དོན། ང་རང་ལྷ་སར་འབྱོར་སྐབས་ཕྱི་ཟླ་ ༧ ཚེས་ ༢ རེད། ཚེས་ ༦ ཉིན་ནི་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཁེལ་ཡོད་སྟབས་ལྷ་སའི་མི་མང་ཚོས་གྲ་སྒྲིག་བྱེད་ཀྱི་འདུག ལྷ་སའི་བར་སྐོར་ནས་རྨོ་མོ་ཞིག་ལ། ང་རང་རྒྱ་གར་ནས་ཡོང་བ་ཡིན། སང་ཉིན་འཁྲུངས་སྐར་ཐོག་འགྲོ་ཆོག་གམ་ཞེས་དྲིས་སྐབས། རྨོ་མོ་དེ་ངའི་ལག་མགོར་འཐམ་སྟེ་མིག་ཆུ་བཏང་སོང་། ཁྱེད་ཚོ་༧གོང་ས་ཡིད་བཞིན་ནོར་བུར་མཇལ་ཁ་རག་ཡོད་པ་རེད། བསོད་ནམས་ཆེན་པོ་རེད་ཟེར་ནས་ངུ་ཤུམ་བྱས་སོང་། ཚེས་ ༦ ཉིན་གྱི་ཞོགས་པ་བོད་པ་ཚོས་གཟབ་མཆོར་སྤྲས་ཏེ་འཁྲུངས་སྐར་བསང་གསོལ་ལ་སྐྱོད་ཀྱི་འདུག ལོ་དེ་ནི་ལྷ་སར་སྐུའི་འཁྲུངས་སྐར་སྲུང་གཙི་གནང་བ་མཐའ་མ་དེ་ཆགས་ཡོད། དེའི་རྗེས་སུ་རྒྱ་ནག་གིས་བཀག་སྡོམ་བྱས་པ་རེད། ང་ལྷ་ས་ནས་ཉིན་བཅུ་གྲངས་ཤིག་ལ་བསྡད་རྗེས་ལྷོ་ཁར་ཕྱིན་པ་ཡིན། དེར་བསམ་ཡས་དཔལ་ལྷའི་དུས་ཆེན་ལ་འཁེལ་ཡོད་པས་ཉིན་རྟག་པར་འཆམ་འཁྲབ་ཀྱི་འདུག ས་དེ་ནས་ངས་དམངས་གཞས་གང་ལ་གང་འཚམ་ཞིག་བསྡུ་རུབ་བྱ་ཐུབ་སོང་། དེ་ནས་ཡར་ལུང་ཡུམ་བུ་བླ་མཁར་ཡོད་སའི་གྲོང་སྡེ་རུ་ཕྱིན་ཏེ། དམངས་གཞས་ལ་མཁས་པ་སྐད་གྲགས་ཅན་རྒན་པདྨ་དོན་གྲུབ་ལགས་སུ་མཇལ་བྱུང་། ཁོང་སྐབས་དེར་བཀྲ་ཤིས་མཆོད་པའི་ལྷ་མོའི་དགེ་རྒན་རེད་ལ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་དང་བཅུ་བཞི་གཉིས་ཀར་ལྷ་མོ་གཟིགས་འབུལ་ཞུས་མྱོང་འདུག ཁོང་དང་མཇལ་སྐབས་ང་རང་གི་ལས་ཀའི་ཁ་ཕྱོགས་ནོར་མི་འདུག་བསམ་པ་ཞིག་དྲན་སོང་། གནས་ཚུལ་གཞན་ཞིག་ལ། ང་འགྲོ་བའི་ལོ་དེ་ནི་༧གོང་ས་མཆོག་གི་དགུང་གེགས་ལ་འཁེལ་ཡོད་སྟབས། ལྷོ་ཁ་ཁྱོན་ཡོངས་སུ་ས་བརྐོ་རྡོ་སློག་དང་སྡིག་ལས་གཅིག་ཀྱང་བྱེད་ཀྱི་མི་འདུག ཁང་པ་མང་པོ་ཞིག་ཀྱང་བཟོ་འཕྲོས་སུ་བཞག་འདུག ཅེས་བརྗོད་བྱུང་།



    ཡང་ཁོ་རང་རྒྱ་ནག་གི་བཙོན་ལ་ཚུད་པའི་སྐོར་དྲིས་སྐབས། ལྷ་ས་ཁུལ་གྱི་ང་རང་གི་ལས་རིམ་ཡོངས་སུ་གྲུབ་རྗེས་མངའ་རིས་ཕྱོགས་སུ་ཆས་པ་ཡིན། འོན་ཀྱང་སྟབས་མ་ལེགས་པར་གཞིས་རྩེ་ནས་རྒྱ་གཞུང་གི་ཉེན་རྟོག་པས་འཇུས་སོང་། ཅ་ལག་ཡོངས་རྫོགས་གཞུང་བཞེས་བཏང་སོང་། ཁོང་ཚོས་ཉིན་ལྟར་འདྲི་རྩད་བྱས་ཏེ། ལོ་བརྒྱད་ནས་ད་ལྟའི་བར་སློབ་སྦྱོང་གང་ནས་བྱས་པ་དང་། ལས་ཀ་ཅི་ཞིག་བྱས་པ་སོགས་སྐད་ཆ་དྲིས་སོང་། མཐར་གཞིས་རྩེ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ང་ལ་དམངས་གཞས་ལ་ཁ་གཡར་ཏེ་གསང་མྱུལ་བའི་ལས་ཀ་བྱས་པར་ལོ་ ༡༥ དང་། གསར་བརྗེ་ངོ་ལོག་པར་ལོ་ ༣ བཅས་སྡོམ་པའི་ལོ་ ༡༨ ཀྱི་ཁྲིམས་ཐག་བཅད་སོང་། ང་རང་རྒྱའི་བཙོན་དུ་ཚུད་རྗེས་ཨ་མ་ལགས་ཀྱིས་སེམས་ཁྲལ་གནང་བ་བཤད་མ་དགོས་པ་རེད། མོ་རང་གིས་སྣེ་ཁྲིད་དེ་ལས་འགུལ་ཡང་མང་པོ་སྤེལ་འདུག་ལ། མོ་རང་གཅིག་པུས་ཟས་བཅད་ངོ་རྒོལ་ཡང་གནང་འདུག ༢༠༠༠ ལོར་ཨ་མ་ལགས་དང་ཨ་ཞང་གཉིས་རྒྱ་ནག་གི་བཙོན་ཁང་དུ་ང་ལ་ལྟ་རུ་བསླེབས་སོང་། ཞེས་བརྗོད་བྱུང་།

    སྐབས་དེར་གསར་འགོད་པས་ཁོང་ལ། སྐུ་ཉིད་ཀྱི་ལས་དོན་ཁྲོད་ཆབ་སྲིད་དང་འགལ་བའི་ལས་ཀ་གང་ཡང་བྱས་མེད་མོད། ལོ་དེ་འདྲ་མང་པོ་ཞིག་ལ་ཁྲིམས་ཐག་གཅོད་དོན་གང་ཡིན་སྐོར་དྲིས་པར་ཁོང་གིས། ངས་ད་ལྟ་ཕྱིར་འདང་བརྒྱབ་ན། ང་ལ་གསང་མྱུལ་བའི་དོགས་པ་ཟོས་རེད་དྲན་གྱི་མི་འདུག ངས་དམངས་གཞས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་དེ་ཁོང་ཚོས་གནད་འགག་ཅིག་ལ་མཐོང་གི་ཡོད་པ་འདྲ། སྤྱིར་དམངས་གཞས་ཟེར་དུས་མི་རིགས་ཤིག་གི་ལོ་རྒྱུས་སམ། ཤ་དང་ཁྲག་གི་ཁུངས་ཤིག་འདེད་ཀྱི་ཡོད་པ་རེད། དམངས་གཞས་ཀྱི་གདངས་དང་ཚིག་ལས་བོད་མི་རིགས་ནི་མི་རིགས་གཞན་ལས་ལོགས་ཤིག་ཡིན་པ་ཁ་གྲག་གི་ཡོད་པ་རེད། མཐར་གཏུགས་ན་དེ་ནི་མི་རིགས་དབྱེ་འབྱེད་ཀྱི་ལས་ཀ་ཞིག་ཆགས་ཡོད། གཉིས་པ། ཕྱི་གླིང་བ་བོད་དུ་འགྲོ་མཁན་ཚོ་དང་། ལྷག་པར་དུ་ཕྱི་ལོགས་ཀྱི་བོད་མི་ཚོ་བོད་ནང་ཕྱིན་ཏེ། གནས་ཚུལ་འདྲ་མིན་ལ་ཞིབ་འཇུག་བྱེད་པར་འཇིགས་སྐུལ་བྱས་པ་རེད་བསམ་གྱི་འདུག གསུམ་པ། ང་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱོད་བཏང་བ་རེད་དྲན་གྱི་འདུག ང་ལ་ཐོག་མར་ལོ་མང་པོར་ཁྲིམས་ཐག་བཅད་དེ། ཕྱིས་སུ་དགོས་མཁོ་དང་བསྟུན་ཏེ་རྣམ་འགྱུར་ཡག་པོ་ཡིན་མདོག་གིས་ཀློད་གྲོལ་བཏང་བ་རེད། གང་ཡིན་ཟེར་ན། ༢༠༠༢ ཟླ་ ༢ ནང་ཨ་རིའི་སྲིད་འཛིན་ཇོར་ཇི་བྷུ་ཤི་རྒྱ་ནག་ལ་ཕེབས་ཀྱི་ཡོད་པ་རེད། ང་ལོ་དེའི་ཟླ་ ༡ ནང་བཙོན་གྲོལ་བཏང་བ་རེད།  ཅེས་བརྗོད་བྱུང་།



ཁོས་མུ་མཐུད་དུ་རྒྱའི་བཙོན་ནང་གི་གནས་ཚུལ་སྐོར་བརྗོད་དོན། ང་རང་གཞིས་རྩེ་ཉལ་རི་བཙོན་ཁང་ནས་ལོ་ ༣ དང་ཁམས་པོ་རུ་བཙོན་ཁང་ནས་ལོ་ ༢ ། སི་ཁྲོན་ཏི་ཡཱང་བཙོན་ཁང་ནས་ལོ་ ༡ དང་ཕྱེད་བཅས་ལ་བསྡད་པ་ཡིན། སི་ཁྲོན་ཏི་ཡཱང་བཙོན་ཁང་དུ་སྡོད་སྐབས་དེ་གའི་ལས་བྱེད་ཅིག་གིས་ཁྱོད་རང་ཕྱི་མི་ཡིན་པ་དང་། ལྷག་པར་དུ་ཆབ་སྲིད་བཙོན་པ་ཡིན་སྟབས། ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་འགྲོ་དགོས་པའི་མིང་ཐོག་ནས་ནད་དགོངས་ཞུས་ན། གཅིག་བྱས་ན་རེ་བ་ཡོད་པ་རེད་ཟེར། དེ་ནས་ངས་ཡི་གེ་ཞིག་ཕུལ་ཏེ་ཟླ་གཅིག་ཙམ་གྱི་རྗེས་སུ་ང་སྐད་བཏང་སོང་། མ་ཁཱི་ཀྲེང་ཟེར་བའི་ཁ་ཆེ་ལས་བྱེད་ཅིག་ཡོད་པ་དེས། དེ་རིང་ཁྱེད་ལ་གཏམ་བཟང་ཞིག་བཤད་རྒྱུ་ཡོད། ཁྱེད་ཀྱི་རེ་འདུན་དེར་གོང་རིམ་ནས་ཆོག་མཆན་ཐོབ་སོང་ལ། ཨ་རིའི་གཞུང་གིས་ཀྱང་ངོས་ལེན་བྱས་འདུག་ཟེར། དེ་ནས་ ༢༠༠༢ ཟླ་ ༡ པོའི་ཚེས་ ༢༠ ཉིན་ང་དངོས་སུ་བཙོན་གྲོལ་བཏང་བ་མ་ཟད། རྒྱ་ནག་གི་ཉེན་རྟོག་པས་ང་པེ་ཅིན་རྒྱལ་སྤྱིའི་གནམ་ཐང་དུ་བསྐྱལ་སྐབས། དེར་ཨ་རིའི་གཞུང་ཚབ་ཀྱི་མི་གཉིས་ལེན་དུ་ཡོང་འདུག ཅེས་བརྗོད་བྱུང་།

༼ དབྱངས་ལ་ཐིམ་པའི་བོད༽ ཅེས་པའི་ཆེ་སྒྲིག་གློག་བརྙན་དེའི་ནང་དུ། བོད་ཕྱི་ནང་གཉིས་ཀྱི་གཞས་པ་གཞས་མ་དང་། སྤྱི་ཚོགས་ནང་གི་ཤེས་ལྡན་མི་སྣ་མང་པོ་ཞིག་ལ་བཅར་འདྲི་ཞུས་ཏེ། བོད་པའི་སྲོལ་རྒྱུན་དམངས་གཞས་ཀྱི་ཁྱད་ཆོས་སྐོར་ལ་དཔྱད་བརྗོད་བྱས་ཡོད་པ་མ་ཟད། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་རྗེས་བོད་པའི་དམངས་གཞས་ལ་ཉམ་ཉེས་ཆེན་པོ་བྱུང་བ་སོགས་བསྡུས་འདུག་ལ། གློག་བརྙན་འདི་ཐོག་མར་ ༢༠༠༩ ཟླ་ ༡ ནང་ལེགས་འགྲུབ་བྱུང་སྟེ་ཨ་རིའི་གློག་བརྙན་དུས་སྟོན་ཞིག་ཏུ་ཐེངས་དང་པོར་བསྟན་ཡོད་ཅིང་། ད་བར་སྔ་ཕྱིར་གཟེངས་རྟགས་ཀྱང་བཅུ་གྲངས་ཤིག་རག་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 5

  1. ཇ་མ་ says:
    ལོ་ 15 སྔོན།

    ངག་ཆོས་ལགས། ཁྱོད་རང་༢༠༠༢ལོའི་ཕྱི་ཟླ་༢པར་ཨ་རིར་འབྱོར་དུས་ཁྱོད་ཀྱིས་<< རྒྱ་ནག་གཞུང་ང་ལ་དྲིན་ཆེན་ཡིན་>>ཅེས་བཤད་ཡོད། ཚིག་དེ་ནི་ཁྱོད་ཀྱི་ལོ་རྒྱུས་སྟེང་གི་ནག་ཐིག་ཆེན་པོ་ཞིག་ཡིན་ལ་སྔོན་ཆད་ཁྱོད་ལ་རྒྱབ་རོགས་བྱེད་མཁན་གྱི་བོད་མི་རྣམས་ཀྱི་སེམས་གྲང་མོར་ཆགས་བྱེད་ཀྱི་ཁ་བ་མིན་པར་སྙམ།

    Reply
  2. རྒྱ་རྙི། says:
    ལོ་ 15 སྔོན།

    ངག་དབང་ཆོས་འཕེལ་ཁོང་བཙོན་ཁང་ནས་ཀློད་ཏེ་ད་ལྟའི་བར་ལོ་མང་རིང་གྲགས་འགུལ་ཅི་ཡང་མེད་པར་བོར་ཀླག་བྱུང་སོང་། ཡིན་ནའང་ད་རེས་ཁོས་འདི་འདྲའི་བྱེད་སྒོ་ཞིག་སྤེལ་བར་དགའ་བོ་བྱུང་། ད་རེས་ཁོས་བཤད་རྒྱུར། ཁོ་རང་བཙོན་ཁང་དུ་སྡད་ཡུན་རིང་ལ་ཁོའི་ཨ་མས་སྣེ་ཁྲིད་ཀྱིས་ལས་འགུར་སྤེལ་བ་ཙམ་ལས་གཞན་གང་ཡང་གླེང་མི་འདུག་པར་ཅུང་བློ་ཕམ་བྱུང་། དེ་དུས་འདི་ཕྱོགས་སུ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་བོས་ཛ་དྲག་གིས་ལས་འགུལ་རབ་དང་རིམ་པ་མང་བོ་སྤེལ་བ་ཁོ་རང་གི་མ་ཐོས་བསམ། འདིར་ཅིས་ཕྱིར་མི་གླེང་བ་ཡིན་ནམ། ཁོས་ཁོ་རང་གིས་བཙོན་ནས་སྙན་ཞུ་ཞིག་གི་ནུས་པས་ཁོ་ཀློད་པ་རེད་འདོག་འདོག་བྱེད་པ་དེ་ཆེ་མ་རུང་བའི་ཐ་ཤལ་གྱི་རང་འདོག་ངན་པ་ཕྱི་རུ་མངོན་པ་ཞིག་མ་ཡིན་ནམ། དངོས་གནས་བྱས་ན། ཕྱི་ལོག་ན་ཡོད་པའི་བོད་མི་ཆེས་མང་བོས་ག་ས་གང་ནས་ལས་འགུལ་སྤེལ་བ་ལ་བསྟེན་ནས་རྒྱལ་སྤྱིའི་གནོན་ཤུགས་ཀྱིས་ཁོ་ཀློད་གྲོལ་བཏང་བ་ནི། ཆེ་གསལ་བོ་དང་འབྲེལ་བཤད་མ་དགོས་བ་ཞིག་རེད་མོད། ཡིན་ནའང་། ཁོས་དེ་དག་དངོས་ལེན་མི་བྱེད་དོན་ག་རེ་ཡིན་ནམ། ད་དུང་གསལ་འདེབས་བྱེད་དགོས་བ་ཞིག་ལ། ཁོ་བཙོན་གྲོལ་བཐོབ་ནས་ཕྱིར་ཨ་རིར་འབྱོར་སྐབས་གསར་འགོད་པ་དག་གིས་དྲི་བར་ཆེས་སྐྱུག་དྲོ་བའི་ལན་འདེབས་དག་གིས་མི་མང་གི་སེམས་ལ་ཆུ་འཆག་བླུག་པ་མ་ཡིན་ནམ། ད་དུང་མ་ཡིན་ཡིན་འདོག་གི་རྣམ་འགྱུར་བསྟན་པར་ངོ་མི་ཚའམ། དེ་དུས་ཀྱི་གནས་ཚུལ་རོབ་ཙམ་ཚགས་པར་དག་དུའང་གསལ་བོ་བཀོད་ཡོད་སྙམ། ད་རེ་དངོས་གནས་ཁོ་གཟི་དངས་སོང་བ་ཡིན་ན། ད་ལྟ་སྐྲག་མི་དགོས་སྟབས་ཁོའི་བཙོན་གྲོགས་བོད་མི་དག་གི་དཀའ་སྡུག་གི་རིམ་པ་དག་ཅིང་གསལ་བོ་བརྗོད་རོགས། ཅེས་ཞུ་འདོད་བྱུང་།

    Reply
  3. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    དབྱངས་ཀྱིས་བརྒྱལ་བའི་མི་སྟེ། ངག་དབང་ཆོས་འཕེལ་ལ་ཐུགས་རྗེ་ཆེ་ཞུ།

    Reply
  4. ཨ་འཕྲིན། says:
    ལོ་ 15 སྔོན།

    རང་ས་གོར་མོར་རེ་སེམས་མ་ལྷོད་པར། །
    རང་མགོ་ཁུག་མ་གར་ལྷུང་མ་ལྟོས་པར། །
    རང་བྱུང་སྲོལ་རྒྱུན་ཉག་མའི་སྲོག་རྩ་ལ། །
    རང་ནུས་སྲི་ཞུ་བསྒྲུབ་པར་སྤོབས་པ་ཅན། །
    རང་རེའི་ཨོ་ལོ་ཁྱོད་ཀྱང་དཔའ་བོ་རེད། །

    Reply
  5. དྷ་དྷི། says:
    ལོ་ 15 སྔོན།

    ངག་དབང་ཆོས་འཕེལ་ལགས་ལ་ཐུགས་རྗེ་ཆེ་ཞུ། ལས་ག་འདི་འདྲ་ལས་རྒྱུ་རྩ་མོ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese