མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་གཅོད་གསར་བསྐོ་དངོས་སུ་ཕྱིར་བསྡུ།

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp

སྐུ་ཚབ་དོན་གཅོད་ཀྱིས་མཚོན་པའི་དམིགས་བསལ་བསྐོ་བཞག་ཡིན་ནའང་འདྲ་འདུག  དེ་དག་ཚང་མ་ག་དུས་བསྐོ་དགོས་པ་དང་། ག་དུས་ཕྱིར་བསྡུ་བྱ་དགོས་མིན་གྱི་སྐུ་དབང་དེ་དག་བཀའ་ཤག་ལ་ཡོད་པ་རེད། བཀའ་ཤག་གིས་སྐུ་དབང་དེ་བེད་སྤྱོད་ཇི་ལྟར་བྱེད་ཀྱི་ཡོད་མེད་ཀྱི་རྒྱུ་མཚན་དེ་ལ་དྲི་བ་གཏོང་སའི་གཞི་རྩ་ཞེ་དྲག་ཡོད་པ་མ་རེད་བསམ་གྱི་འདུག་ཟེར།

 

ཕྱི་ཟླ་ ༥ ཚེས་ ༣༡ ཉིན་བཀའ་དྲུང་ཡིག་ཚང་ནས་ཐུབ་བསྟན་རྒྱ་མཚོ་ལགས་ལ་དོན་གཅོད་གསར་བསྐོའི་བཀོད་རྒྱ་ནང་འཁོད་དུས་ཚེས་ལྟར་ཕྱག་ལས་དབུ་འཛུགས་མ་དགོས་པ་དང་། ཞིབ་ཆའི་གནས་ཚུལ་རྗེས་སུ་འབུལ་རྒྱུ་དགོངས་འཇགས་དགོས་སྐོར་གྱི་བཀོད་ཁྱབ་ཅིག་ཕེབས་ཏེ། སྐབས་དེར་ཁོང་སྦར་སིལ་སྐུ་ཚབ་དོན་གཅོད་དུ་གསར་བསྐོ་གནང་བ་ཕྱིར་བསྡུའམ་ལས་བཅར་ཕྱིར་འགྱངས་གང་ཡིན་གསལ་ཁ་གནང་མེད་ནའང་། ཟླ་ ༦ ཕྱི་ཚེས་ ༢༣ ཉིན་བཀའ་དྲུང་ཡིག་ཚང་ནས་དེའི་མཇུག་སྐྱོང་བརྡ་ཁྱབ་ཅིག་ཕེབས་པའི་ནང་ “འདི་ག་ལས་ཁུངས་ཀྱི་ཡི་གེ་ཨང་བཀའ་ ༡༦༩ ༼ ༥༥ ༽ ༢༠༡༡ ། ༡༢ ། ཕྱི་ལོ་༢༠༡༡ ཟླ་ ༤ ཚེས ༢༩ འཁོད་པའི་ནང་སྐུ་ཉིད་སྦར་སིལ་སྐུ་ཚབ་དོན་གཅོད་ཀྱི་མཛད་འགན་བཞེས་རྒྱུའི་རེ་འདུན་ཞུས་ཡོད་ཀྱང་། ད་ཆ་གོང་གསལ་རེ་འདུན་ཡིག་ཆ་དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་༥ ཚེས་ ༢༩ སྔ་དྲོ་ནས་རང་བཞིན་ནུས་མེད་དུ་ཕྱིན་ཟིན་པ་དེ་ལུགས་དགོངས་འཇགས་དང་། འགྱུར་བ་འདིས་སྤྱི་སྒེར་སུར་ཡང་ཐུགས་སྟབས་མི་བདེ་བ་བྱུང་ཡོད་ཚེ་བློ་ཕམ་ཞུ་རྒྱུ་བཅས” ཞེས་བཀོད་དེ། ཁོང་སྦར་སིལ་སྐུ་ཚབ་དོན་གཅོད་དུ་གསར་བསྐོ་གནང་བ་དངོས་སུ་ཕྱིར་བསྡུ་གནང་ཡོད་འདུག

 

གོང་གསལ་གནད་དོན་འདིའི་སྐོར་ལ་ཕྱི་ཚེས་ ༢ ཉིན་འདི་གའི་གསར་འགོད་པ་བཀའ་དྲུང་ཡིག་ཚང་དུ་བཅར་ཏེ། བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཐུབ་བསྟན་རྒྱ་མཚོ་ལགས་སྦར་སིལ་སྐུ་ཚབ་དོན་གཅོད་ནས་ཕྱིར་བསྡུ་བྱ་དགོས་པའི་རྒྱུ་མཚན་དེ་བཀའ་ཤག་གིས་མཁྱེན་གྱི་རེད་མ་གཏོགས། བཀའ་དྲུང་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་ཡོད་པ་མ་རེད། ཡིན་ནའང་། གཅིག་ནས་སྤྱི་ཚོགས་ནང་དོ་སྣང་གནང་གི་ཡོད་སྟབས། བརྒྱུད་རིམ་དེ་བཤད་བཞག་པ་ཡིན་ན་ཕན་ཐོགས་མི་ཡོང་ངམ་བསམ་གྱི་འདུག  གཉིས་ནས་མཁྱེན་དགོས་པ་ཞིག་ལ་གཞུང་ཞབས་མིང་ཐོག་ན་ཡོད་པའི་ལས་བྱེད་ཡིན་ན་འདྲ་འདུག  དེ་བཞིན། སྐུ་ཚབ་དོན་གཅོད་ཀྱིས་མཚོན་པའི་དམིགས་བསལ་བསྐོ་བཞག་ཡིན་ནའང་འདྲ་འདུག  དེ་དག་ཚང་མ་ག་དུས་བསྐོ་དགོས་པ་དང་། ག་དུས་ཕྱིར་བསྡུ་བྱ་དགོས་མིན་གྱི་སྐུ་དབང་དེ་དག་བཀའ་ཤག་ལ་ཡོད་པ་རེད། བཀའ་ཤག་གིས་སྐུ་དབང་དེ་བེད་སྤྱོད་ཇི་ལྟར་བྱེད་ཀྱི་ཡོད་མེད་ཀྱི་རྒྱུ་མཚན་དེ་ལ་དྲི་བ་གཏོང་སའི་གཞི་རྩ་ཞེ་དྲག་ཡོད་པ་མ་རེད་བསམ་གྱི་འདུག ཅེས་གསུངས་སྟེ།  དང་པོ་ཐུབ་བསྟན་རྒྱ་མཚོ་ལགས་ལ་བཀའ་ཤག་གིས་བཀའ་འབྲེལ་བྱས་ཏེ། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༩ ཉིན་ཁོང་སྦར་སིལ་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་དང་འབྲེལ། ཕྱི་ཟླ་ ༦ ཚེས་ ༡ ནས་བཟུང་ལས་འཁུར་ཞུ་དགོས་ཚུལ་གསུངས་ཡོད་ནའང་།  བར་སྐབས་དེར་བཅའ་ཁྲིམས་བསྐྱར་བཅོས་གནང་སྟེ་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་གི་གནས་བབ་ཐོག་འགྱུར་བ་ཕྱིན་ནས།  དེ་སྔའི་འཆར་འབུལ་ཕྱག་རྟགས་ཀྱི་ཐོག་ནས་བསྐོ་བཞག་བྱས་པའི་བཀའ་བློན་ལས་ཁུངས་ཁག་གི་དྲུང་ཆེ་དང་བཀའ་དྲུང་།  དེ་བཞིན་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་ཁག་ཚང་མའི་འཆར་འབུལ་ཕྱག་རྟགས་ཀྱི་ལེའུ་དེ་རྫོགས་པ་དང་། ཕྱི་ཟླ་ ༥ ཚེས་༣༠ ཡས་མས་ཤིག་ལ་ད་ལྟའི་བཀའ་ཤག་གིས་དེ་དག་ལ་བཀོད་རྒྱ་གསར་བ་མ་འབྱོར་བར་དུ་ལས་འགན་རང་འཇགས་མུ་མཐུད་དུ་བྱ་དགོས་ཚུལ་གྱི་བཀོད་ཁྱབ་གནང་བ་རེད། བརྒྱུད་རིམ་དེའི་ནང་བཀའ་ཤག་གིས་ཐུབ་བསྟན་རྒྱ་མཚོ་ལགས་ལའང་ཕྱག་ལས་དབུ་འཛུགས་གནང་མ་དགོས་པ་དང་། བཅའ་ཁྲིམས་ལ་འགྱུར་བ་ཕྱིན་པ་དེས་དོན་གཅོད་གསར་བསྐོའི་བཀོད་རྒྱ་རང་བཞིན་གྱིས་ནུས་མེད་དུ་ཕྱིན་པ་ཡིན་ཞེས་བཀའ་ཕེབས་པ་རེད། དོན་རྩ་རྡོག་རྡོག་འདི་རེད། ཅེས་བཀའ་དྲུང་ཡིག་ཚང་ནས་གོང་གསལ་མཇུག་སྐྱོང་བརྡ་ཁྱབ་གནང་བའི་བརྒྱུད་རིམ་ཐད་གསལ་བཤད་གནང་།

 

སྐབས་དེར་ཁོང་སྒེར་གྱི་བསམ་ཚུལ་འགའ་གསུངས་དོན།  ང་རང་གི་བསམ་ཚུལ་ལྟར་ན། ཐུབ་བསྟན་རྒྱ་མཚོ་ལགས་ཁོང་དམིགས་བསལ་གྱིས་ཐུགས་ཕམ་གནང་དགོས་པའི་གནས་བབ་གང་ཡང་ཡོད་པ་མ་རེད་བསམ་གྱི་འདུག རྒྱུ་མཚན་གང་ཡིན་ཟེར་ན། ༸གོང་ས་མཆོག་གིས་འཆར་འབུལ་ཕྱག་རྟགས་ཀྱི་དུས་ཚོད་རྫོགས་ཟིན་པ་དེ། ཁོ་རང་གི་དུས་ཚོད་དེར་ཁེལ་ཟིན་པར་བརྟེན། དེ་ནུས་མེད་དུ་ཕྱིན་སོང་ཞེས་པའི་བཀའ་དེ་གནང་གི་ཡོད་པ་རེད། བསྐྱར་དུ་གསར་པ་སུ་ཞིག་བསྐོ་འཇོག་བྱེད་མིན་ཐད། བཀའ་ཤག་ནས་བསྐྱར་དུ་དགོངས་པ་བཞེས་དགོས་པའི་གནས་ཚུལ་ཞིག་ཆགས་བསྡད་ཡོད་པ་རེད་མ་གཏོགས། དེ་ལས་གཞན་གང་ཡང་ཡོད་པ་མ་རེད།  དེ་མིན། དང་ཐོག་བསྐོ་བཞག་གནང་སྟངས་སྐོར་ལ་ཁྱེད་རང་གིས་ང་ལ་སྐད་ཆ་དྲིས་པ་ཡིན་ན། ང་ལ་ལན་རྒྱག་རྒྱུ་མེད། ང་བཀའ་དྲུང་རེད། བཀའ་ཤག་ནས་བཀའ་ག་རེ་ཕེབས་པ་དེ་ཕར་བསྒྱུར་རྒྱུ་དེ་ངའི་ལས་འགན་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

 

བཀའ་ཤག་གི་འགྱུར་བ་འདིའི་ཐད་དགོངས་ཚུལ་གང་ཡོད་ཧྥ་རན་སིའི་སྐུ་ཚབ་དོན་གཅོད་ཟུར་པ་ཟླ་བ་དོན་གྲུབ་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས། དེ་ཅུང་ཡ་མཚན་འདྲ་ཞིག་མ་རེད་དམ། དོན་གཅོད་བསྐོ་བཞག་གནང་སྐབས་ཀྱི་སྒྲིག་གཞི་ཟེར་ན་རེད། སྤྱིར་བཏང་འགྲོ་སྟངས་བྱས་ན། དང་པོ་ཕྱི་དྲིལ་ལས་ཁུངས་ཀྱིས་བཀའ་ཤག་ལ་འཆར་གཞི་ཕུལ། བཀའ་ཤག་ནང་ལ་བཀའ་བསྡུར་གནང་། བཀའ་བསྡུར་གནང་གྲུབ་རྗེས་འོས་གཞི་གང་ཡོད་པ་རྣམས་ཡར་སྐུ་མདུན་ལ་ཕུལ་ནས་ཕྱག་རྟགས་གནང་གི་ཡོད་པ་རེད། ཕྱི་དྲིལ་གྱི་འཆར་གཞི་ལ་བཀའ་ཤག་གིས་རྒྱུ་མཚན་གཙོ་བོ་གསུམ་སྒང་ནས་བརྟག་དཔྱད་ཐུགས་ཞིབ་ཀྱི་བཀའ་བསྡུར་གནང་གི་ཡོད་པ་རེད། དང་པོ་ས་གནས་ཀྱི་གནས་སྟངས། གཉིས་པ་འོས་མི་དེའི་ཤེས་ཚད་དང་འཇོན་ཐང་། ལྷག་བསམ། གསུམ་པ་བསྐོ་བཞག་གནང་སའི་ཡུལ་ལུང་ནང་བོད་གཞུང་གི་འཕྲལ་ཕུགས་རྒྱང་གསུམ་གྱི་ཁེ་ཕན་ཆེད་ལས་དོན་བསྒྲུབ་ཐུབ་ཀྱི་ཡོད་མེད་བཅས་རེད། ད་ལྟ་ཐུབ་བསྟན་ལགས་དོན་གཅོད་ལ་བསྐོ་བཞག་གནང་སྟངས་ཡང་། དུས་རྒྱུན་གྱི་འགྲོ་སྟངས་ནང་བཞིན་བཀའ་ཤག་གིས་རྒྱུ་མཚན་གཙོ་བ་དེ་དག་གཞི་ལ་བཞག་སྟེ་ཐུགས་ཞིབ་བཀའ་བསྡུར་གནང་གྲུབ་པ་དང་། སྐུ་མདུན་ལ་འཆར་འབུལ་ཕྱག་རྟགས་ཀྱང་ཞུས་བསྩལ་གནང་གྲུབ་པ་རེད།  སོང་ཙང་། བརྟག་དཔྱད་ཐུགས་ཞིབ་གནང་གྲུབ་པ་དང་། བསྐོ་བཞག་ཀྱང་གནང་གྲུབ་པ་ཞིག་ལ་མིའི་བསམ་ཚུལ་དང་སྐྱོན་བརྗོད་ཡོང་གི་འདུག་གསུངས་ནས་འགྱུར་བ་བཏང་བ་ཡིན་ན་དེ་ཡ་མཚན་པོ་ཞིག་དང་། སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ཏག་ཏག་ཅིག་ཨེ་ཡིན་བསམ་གི་འདུག ༽ ཅེས་གསུངས།

 

གཞན་ཡང་། ཧྥ་རན་སི་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་ཡུལ་མི་རེ་འགས་འབྲེལ་ཡོད་ལས་ཁུངས་ཁག་ལ་ཐུབ་བསྟན་རྒྱ་མཚོ་ལགས་དོན་གཅོད་དུ་བསྐོ་བཞག་བྱས་པར་བློ་ཕམ་སྙན་ཞུ་དང་། བཀའ་ཤག་གིས་ཀྱང་ཁོང་ལ་དུས་ཚེས་ལྟར་ལས་བཅར་མི་དགོས་པའི་བཀོད་རྒྱ་གནང་རྗེས། ཕྱི་ཟླ་༦ ཚེས་༤ ཉིན་ཧྥ་རན་སིའི་བོད་རིགས་ཚོགས་པས་དེ་སྐོར་ལ་དམིགས་བསལ་ཚོགས་ཆེན་ཞིག་ཚོགས་ཡོད་ལ། ཚོགས་ཆེན་སྐོར་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀླུ་སྒྲུབ་ལགས་ལ་བཀའ་འདྲི་ཞུས་པར། ཁོང་གིས་ཕྱི་ཟླ་༥  པའི་ཚེས་ཤར་ལ་གཞུང་གིས་ཐུབ་བསྟན་ལགས་དོན་གཅོད་ལ་བསྐོ་བཞག་གནང་བ་རེད། ཡིན་ནའང་རྗེས་ལ་མི་འགའ་ཤས་ཤིག་གིས་བསམ་ཚུལ་ཕུལ་བ་ལ་བརྟེན་ནས་འགྱུར་བ་གཏོང་རྩིས་གནང་བ་རེད། སོང་ཙང་། དེ་ལ་ས་གནས་བོད་མི་མང་པོ་ཞིག་བསམ་ཚུལ་ཡོང་བསྡད་པ་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་གང་མང་ཞིག་གིས་དགོངས་ཚུལ་གནང་བ་རེད། མང་པོ་ཞིག་གིས་བོད་རིགས་ཚོགས་པས་འགན་རྐང་ལེན་བྱས་ནས་གནས་ཚུལ་དེ་གསལ་བོ་བཟོ་རོགས་གནང་ཞེས་བསམ་ཚུལ་སླེབས་ཙང་དམིགས་བསལ་ཚོགས་ཆེན་དེ་བསྐོངས་པ་རེད།  ཅེས་དང་། ཚོགས་ཆེན་ནང་ས་གནས་བོད་མི་ཚོས་བསམ་ཚུལ་གང་གསུངས་པ་དང་། རེ་སྐུལ་གང་གནང་བ་དེ་དག་ཡིག་ཐོག་ནས་ཚིག་ཐོ་དང་བརྙན་འཕྲིན་དུ་ཕབ་པ་མ་ཟད། གཞུང་གིས་སུ་བདེན་སུ་རྫུན་གྱི་དངོས་ཡོད་གནས་ཚུལ་ལ་ཐུགས་ཞིབ་གནང་རྒྱུ་དང་། ཐུབ་བསྟན་རྒྱ་མཚོ་ལགས་མུ་མཐུད་ནས་སྐུ་ཚབ་དུ་རང་འཇགས་འཇོག་རོགས་གནང་ཞེས་རྒྱབ་སྐྱོར་གྱི་ས་ཡིག་ཀྱང་བསྡུས་ནས་འབྲེལ་ཡོད་ལས་ཁུངས་ཁག་ལ་ཕུལ་ཡོད་ཚུལ་འགྲེལ་བརྗོད་གནང་།

 

ཁོང་གིས་མུ་མཐུད་ནས། ༼མི་མང་གིས་རང་གི་གཞུང་ལ་བརྩི་བཀུར་གནང་གི་ཡོད་པ་གནང་བཞིན་གཞུང་གིས་ཀྱང་མི་མང་ལ་ཆ་འཇོག་གནང་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ང་ཚོས་གཞུང་ལ་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་དང་གསལ་བཤད་གནང་རོགས་ཞེས་རེ་སྐུལ་ཕུལ་ནའང་ད་བར་བཀའ་ལན་གང་ཡང་འབྱོར་མ་སོང་། འདི་ལ་བློ་ཕམ་ཆེན་པོ་འདུག མི་འགའ་ཤས་ཤིག་གིས་སྙན་ཞུ་ནང་འདྲ་མི་འདྲ་བྲིས། གཞུང་གིས་དེ་ལ་ཡིད་ཆེས་གནང་བ་ནས་ཐག་བཅད་ན་འགྲིག་གི་ཡོད་པ་མ་རེད། ང་ཚོའི་གཞུང་འདི་མང་གཙོ་དང་ཕྱི་གསལ་ནང་གསལ་ཡིན་གསུང་གི་ཡོད་པ་རེད། གསལ་བཤད་དང་བཀའ་ལན་གང་ཡང་མེད་པར་འགྱུར་བ་བཏང་བ་ཡིན་ན། འདི་ན་ཡུ་རོབ་དམིགས་བསལ་སྐུ་ཚབ་ཡོད་པ་རེད། དེ་ག་ནང་བཞིན་སྤྱི་འཐུས་གཉིས་ཀྱང་ཡོད་པ་རེད། ད་དུང་འདི་ལྟར་གསལ་བཤད་བཀའ་ལན་མེད་པར་སོང་བ་ཡིན་ན། འདི་ནས་གང་མགྱོགས་དམིགས་བསལ་སྐུ་ཚབ་དང་སྤྱི་འཐུས་རྣམ་པ་གདན་འདྲེན་ཞུས་ནས་དམིགས་བསལ་ཚོགས་ཆེན་བསྐོང་རྒྱུའི་ལས་རིམ་ཞིག་སྒྲིག་བཞིན་པ་ཡིན། གང་ལྟར་དོན་དག་འདི་སླ་བོ་བྱས་ནས་མཇུག་རྫོགས་ཐབས་ཡོད་པ་མ་རེད། ༽ཅེས་ཀྱང་འགྲེལ་བརྗོད་གནང་སོང་།

 

ཕྱི་ཟླ་༤ ཚེས་༢༩ ཉིན་བཀའ་དྲུང་ཡིག་ཚང་ནས་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཆར་འབུལ་ཕྱག་རྟགས་ཞུས་དགོངས་ལྟར། ཐུབ་བསྟན་རྒྱ་མཚོ་ལགས་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་དང་འབྲེལ། ཕྱི་ཟླ་ ༦ ཚེས་༡ ཉིན་ནས་ལས་བཅར་མགོ་འཛུགས་ཞུ་དགོས་པའི་བཀོད་རྒྱ་ཞིག་ཕེབས་ཡོད་ནའང་། ཕྱི་ཟླ་༥ ཚེས་༣༡ ཉིན་བསྐྱར་དུ་བཀོད་ཁྱབ་གསར་པ་ཞིག་ཕེབས་ཏེ། དེ་སྔའི་བཀོད་རྒྱའི་ནང་འཁོད་དུས་ཚེས་ལྟར་ཕྱག་ལས་དབུ་འཛུགས་མ་དགོས་པ་དང་། ཞིབ་ཆའི་གནས་ཚུལ་རྗེས་སུ་འབུལ་རྒྱུའི་དགོངས་འཇགས་དགོས་སྐོར་བཀོད་ཡོད་ལ། ཕྱི་ཚེས་༢༣ ཉིན་བཀའ་དྲུང་ཡིག་ཚང་ནས་བཀོད་ཁྱབ་གསར་པའི་མཇུག་སྐྱོང་བརྡ་ཁྱབ་ཕེབས་ཏེ་ཁོང་གི་དོན་གཅོད་ལས་གནས་ཕྱིར་བསྡུ་གནང་ཡོད། འདི་ནི་བཀའ་ཤག་གིས་དོན་གཅོད་གསར་བསྐོའི་བྱུང་རིམ་ནང་ལས་བཅར་མགོ་འཛུགས་མ་བྱས་པར་ལས་གནས་ཕྱིར་བསྡུ་གནང་ཐེངས་དང་པོ་དེ་ཆགས་ཡོད་འདུག

གསར་འགོད་པ། ཟླ་བ་ཚེ་རིང་དང་ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༡༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།

མཆན། 31

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཨ་ལ་ལ་ད་ཨ་ལ་ལ་རང་རེད། ཕྲུ་གུ་བསམ་མེད་དེ་སུ་ཡིན་མིན་ད་དུང་ཤེས་དཀའ་གི སེམས་ནད་སུ་ལ་ཡོད་མེད་དེ་ཡང་སོ་སོ་རང་ལ་གསལ་ནི་རེད། ངས་ནི་ང་ཚོས་རྒྱུ་མཚན་ངོ་མ་མ་རྟོགས་གོང་ལ་མུན་ནག་མདའ་འཕེན་མ་བྱས་ན་བཟང་གི གཞུང་སྒེར་གཉིས་ལ་ཅིག་ཅིག་ནག་པོ་རེད་ཅིག་ཅིག་མ་རབས་རེད་ཟེར་བའི་སྐད་ཆ་དེ་ཚོ་ང་ལ་བཤད་པའི་དབང་ཆ་མེད། རྒྱུ་མཚན་གནད་དོན་ངོ་མ་ཅི་ཡིན་མི་ཤེས་པས་སོ།

    Reply
  2. ཨ་ལ་ལ says:
    ལོ་ 14 སྔོན།

    ཆབ་བྲག་ལགས། ང་ཐུབ་བསྟན་གྱི་ཕྱོགས་ན་མེད་ལ་བཀའ་ཤག་གི་ཕྱོགས་ནའང་མེད། མདོ་དོན་དྲང་པོ་བྱས་མི་འདུག་པ་དང་ཁྱེད་ཚོས་དྲང་བདེན་བྱེད་ཀིན་མི་འདུག་ཟེར་གྱི་ཡོད། དཔེར་ན་ཡར་འཇོག་དུས་རིམ་པ་༣པོ་བརྒྱུད་ཡོད་ན་མར་ཕབ་དུས་ཀྱང་ཡོད་པ་ལས་བཀའ་ཤག་གཅིག་པོ་མིན་ཚུལ་འདྲ་ཞིག་བཤད་འདུག གལ་སྲིད་ཁྱེད་ཀྱིས་བཤད་པ་བཞིན་མར་ཕབ་དུས་ཀྱང་དེ་གསུམ་ཡོད་ན། ད་དེ་ལ་འགྲེལ་བཤད་རྒྱག་མི་དགོས་པ་སྨྱོན་པ་རེད་ཅེས་ཚིག་ཐག་བཅད་ན་འགྲིག ཕྲུ་གུ་བསམ་མེད་རྩེ་མོ་རྩེས་ནའང་དེ་འདྲ་ཡིན་གྱི་མ་རེད། ད་དུང་བདེན་པའི་རྒྱབ་ལང་མི་བྱེད་པར་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་མི་ཆེན་དང་དཔོན་ཆེན་ལ་སྤྲེལ་ལབ་དང་གར་ཆུང་འཁྲབ་སྟོན་སྤྱན་འབུལ་གྱིས་སྡིག་པ་མིག་ཙམ་བྱས་ན་ཚེ་འདི་ནས་ཀྱང་ཁྱེད་སེམས་བདེ་བོ་ཞིག་ཡོད་ཀྱི་མ་རེད་ལ། འཆི་ཁ་མིག་བཙུམ་དུས་ཀྱང་འགྱོད་སེམས་ཡོང་རྒྱུ་ནི་ཆོས་ཉིད་དང་བདེན་པས་ཐག་ཆོད།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    “ཐུབ་བསྟན་དོན་གཅོད་ལ་བསྐོ་མཁན་ཡང་བཀའ་ཤག་རེད་འདུག དོན་ཟུར་ཟླ་བ་དོན་གྲུབ་ནས་གསུང་བ་བཞིན། ལས་རིམ་གསུམ་ཅན་༡ཕྱི་དྲིལ། ༢།བཀའ་ཤག ༣།སྐུ་མདུན་བཅས་ཀྱིས་དཔྱད་གྲུབ་ནས་བཀོད་རྒྱ་གནང་བ་ཞིག་ལ་ལན་ཁ་གསལ་གང་ཡང་མེད་པར་ཕྱིར་འཐེན་དགོས་ཚུལ་བཤད་ན་ཐུབ་བསྟན་ལགས་ནག་པོ་བཟོས་པ་ཞིག་ཡིན་”ཟེར། འོ་ན་མར་ལེན་ན་ཡང་གོ་རིམ་དེ་དག་བརྒྱུད་ལོས་དགོས། དེས་ན་བཀའ་ཤག་གཅིག་པུ་ག་ལ་ཡིན།
    རྒྱུ་མཚན་འདིས་ཁོ་ནག་ཅན་རེད། ནག་པོ་བཟོས་པ་རེད་ཅེས་ཐག་གཅོད་པ་དེ་ཚོ་ངོ་མ་མུན་ནག་མདའ་འཕེན་འདྲ།

    Reply
  4. ཨ་ལ་ལ says:
    ལོ་ 14 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ཟེར་བ་འདི། རྣམ་དཔྱོད་མེད་མཁན་དང་བརྗོད་བྱ་གང་ཡིན་མགོ་མ་ཚོས་པར་ཚོད་ཚོད་ལ་མི་ནག་མདའ་འཕེན་དང་སྙིང་རྗེ་གོ་ལོག གཞུང་སེམས་དང་བསམ་ཡོད་ཡིན་ཁུལ་བྱེད་མཁན་ཞིག་ལ་བལྟས་ན་ཕལ་ཆེར་ས་རའི་དགེ་རྒན་རྩོམ་པ་པོ་ལྷ་མོ་སྐྱབས་མིན་པར་མཐོང་། གལ་སྲིད་ཡིན་དུ་ཆུགས་ན་ད་ཚར་འདུག ངས་ཁྱེད་ལ་འདྲི། ཐུབ་བསྟན་དོན་གཅོད་ལ་བསྐོ་མཁན་ཡང་བཀའ་ཤག་རེད་འདུག དོན་ཟུར་ཟླ་བ་དོན་གྲུབ་ནས་གསུང་བ་བཞིན། ལས་རིམ་གསུམ་ཅན་༡ཕྱི་དྲིལ། ༢།བཀའ་ཤག ༣།སྐུ་མདུན་བཅས་ཀྱིས་དཔྱད་གྲུབ་ནས་བཀོད་རྒྱ་གནང་བ་ཞིག་ལ་ལན་ཁ་གསལ་གང་ཡང་མེད་པར་ཕྱིར་འཐེན་དགོས་ཚུལ་བཤད་ན་ཐུབ་བསྟན་ལགས་ནག་པོ་བཟོས་པ་ཞིག་ཡིན་པས། རང་ངོས་ལ་དཔེ་བཞག་ནའང་འདི་འདྲའི་གནས་ཚུལ་ལའང་ཕལ་ཆེར་ཚོར་མེད་དུ་བསྡད་མི་ཐུབ་ཁ་ཚོན་གཅོད་ཐུབ། གལ་སྲིད་ནག་ཉེས་བགྲང་རྒྱུ་མེད་ན་དྲང་བདེན་གྱི་ཐག་གཅོད་ཅིག་མིན་པ་གྲུབ་ཚར་བ་རེད། གལ་སྲིད་ནག་ཉེས་དང་ཆ་རྐྱེན་ཚང་གི་མེད་ན་ཆ་རྐྱེན་བགྲང་ན་ཐུབ་བསྟན་གྱིས་ཀྱང་ཁས་ལེན་པ་གསལ་པོ་རེད། མི་འགྱུར་རྡོ་རྗེས་བཤད་པ་དེ་ཚོ་ཡང་འགན་ཁུར་བའི་སྐད་ཆ་ཞིག་མ་རེད། འདི་དང་འདི་འདྲ་བ་མང་པོ་བྱས་ན་མི་མང་ནང་གཞུང་ལ་རེ་བ་དང་ཡིད་ཆེས་ཆུང་དུ་འགྲོ་བཞིན་པ་དེ་ནས་རྦད་དེ་ཡིད་ཆེས་དང་རེ་བ་མེད་པར་ཆགས་སྲིད་པའི་ཉེན་ཁ་ཆེ།

    Reply
  5. བྱམས་རྒྱལ། says:
    ལོ་ 14 སྔོན།

    འོ་ལགས་སོ་རྒན་ལགས་ཐུགས་རྗེ་ཆེ་ཞུ་ རྒན་ལགས་ཀྱི་གསུངས་ལའང་བསམ་བློ་གཏོང་གི་ཡོད་ ང་དང་ང་འདྲ་བ་ལ་ཕན་ཐོགས་ཡོང་བའི་རེ་བ་ཡོད་ ད་ཡང་བསྐྱར་དེའི་སྐོར་གཤད་སྙིང་བྲོ་གི་མི་འདུག་ འཚམས་འདི་ནས་དགོངས་པ་ཞུ་གི་ཡིན་ མྱུར་མཇལ་སྨོན་ལམ་དང་བཅས་

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བྱམས་རྒྱལ་ལགས།
    ཁུངས་ལུང་མེད་པའི་ཡིག་འཁྱར་འགའ་ལ་གཟིགས་ནས་བཀའ་ཤག་གིས་ཕྱིར་འཐེན་བྱས་པ་རེད་ཅེས་ཁྱེད་ཀྱིས་ཐག་གཅོད་བྱེད་ཐུབ་དོན་ཅི། རང་དེ་ལ་ཡིད་ཆེས་སམ། བཀའ་ཤག་ནི་དེ་འདྲའི་ཆོ་མེད་ཅིག་ཡིན་ནམ། ང་ཚོའི་བཀའ་ཤག་འདི་སུ་དང་གང་གིས་སྒུལ་མི་ཚུགས་པ་ཞིག་ཡིན། བཀའ་ཤག་གིས་གང་བསྒྲུབས་དང་སྒྲུབ་བཞིན་པ་ཚང་མར་ཞན་ཆ་ཅི་རིགས་ཡོད་མོད་བདེན་པ་དང་རྒྱུ་མཚན་གཞིར་བཟུང་ནས་ཕྱག་ལས་གནང་མཁན་ཞིག་ཡིན།
    ཁྱེད་ཀྱིས་ཐུབ་བསྟན་ལགས་ལ་རྒྱབ་སྐྱོར་བྱེད་པ་དེ་བསམ་པ་ཡར་སེམས་ཡིན་ངེས་རེད། མ་གཞི་ནས་ཁོང་དེ་གའི་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟུད་མར་བདམས་པར་མ་ཟད་མཐར་སྐུ་ཚབ་དོན་གཅོད་ལྟ་བུའི་ཁྲིར་ཡང་འཇོག་རྩིས་གནང་བ་འདི་དག་ཡང་གཞུང་དམངས་གཉིས་ནས་ཁོང་གི་བྱས་པ་དང་འཇོན་ཐང་ལ་གདེང་འཇོག་བྱས་པ་ཞིག་ཅི་ལ་མིན། ངས་ཁྱེད་ཅག་ལ་བཤད་ཀྱིན་པ་ཚང་མ་ཡང་གཞུང་དང་ཁོང་སྒེར་གཉིས་བར་ལ་འགལ་བ་མི་ཡོང་བ་དང་ཆུང་ཆུང་ཆེ་རུ་མི་འགྱུར་བའི་ཆེད་དུ་ཡིན།
    ང་རྒྱ་གར་ན་ཡོད། གནས་སྐབས་འདིར་སྐད་ཆ་ཤོད་པ་ལས་ཐབས་ཤེས་མེད། བཀའ་ཤག་གིས་གསལ་བཤད་མ་གནང་བ་ཞིག་ལ་ངས་ཚོད་དཔག་བྱེད་མི་ཐུབ། གསལ་བཤད་མ་གནང་བ་ཡིན་ན་ནག་ཅན་ཡིན་པར་དེ་བས་ཀྱང་ངོས་ལེན་མི་བྱེད།

    Reply
  7. བྱམས་རྒྱལ། says:
    ལོ་ 14 སྔོན།

    རྒན་ལགས་ཀྱིོས་གླེང་མོལ་གནང་བར་ཐུགས་རྗེ་ཆེ་ཞུ་
    ཡང་བསྐྱར་ཡར་ཞུ་གཅིག་བྱེད་དགོས་ཐུག་སོང་ བཀའ་ཤག་ནས་ཐུབ་བསྟན་ལགས་ནག་པོ་བཟོ་བའི་གསང་བ་ཡོད་རེད་ཅེས་ཞུས་མེད་ གནད་དོན་དེ་མ་གཤད་ན་ནག་པོ་ཆགས་ཡ་རེད་ཅེས་ཞུས་ཡོད་ བཀའ་ཤག་ནས་ཆེད་མངགས་ཀྱིས་ཐུབ་བསྟན་ལགས་ནག་པོ་བཟོ་བར་དུས་ནམ་ཡང་དྲན་མ་སོང་ དེ་འདྲ་གནང་མི་སྲིད་པ་ཞིག་རེད་ འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ་ཁུངས་ལུང་མེད་པའི་ཡིག་འཁྱར་འགའ་ལ་གཟིགས་ཏེ་དོན་གཅོད་ཕྱིར་བསྡུ་བྱེད་འགོ་ཚུགས་པ་རེད་ འདི་གར་ས་གནས་བོད་རིགས་ཚོགས་པའི་རྒྱུན་ལས་དང་རྒྱ་ཆེར་ཚོགས་མི་རྣམ་པའི་མངོན་འདོད་དང་བསམ་ཚུལ་ལ་རྒྱུས་ལོན་ཙམ་ཡང་གནང་ལོང་བྱུང་ཡོད་མ་རེད་ ང་ཚོ་འཁང་ར་བྱེད་ས་དེ་ལྐོག་ལྐོག་སུབ་སུབ་ལ་ཟིང་ཆ་སློང་མཁན་དང་ཕུ་དཀྲུགས་མདའ་དཀྲུགས་བྱེད་མཁན་དེ་ཚོ་ལ་ཡིན་མ་གཏོགས་བཀའ་ཤག་ལ་མིན་
    དེ་ནི་བཀའ་ཤག་ནས་ཐུབ་བསྟན་ལགས་སུ་གནད་དོན་ཡོད་པའི་སྐད་ཆ་གཞན་ཡོད་གསུངས་ཡ་དེའི་འབྱུང་རྐྱེན་གཙོ་བོ་ཡང་ཡིག་འཁྱར་གཏོང་མཁན་དེ་ཚོ་ལ་ཐུག་ཡོད་
    ཁོ་བོས་ཐུབ་བསྟན་ལགས་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་འདས་པའི་ལོ་ངོ་མང་པོའི་རིང་ལྷག་བསམ་ཆེན་པོས་སྤྱི་དོན་ལ་ཕྱག་ལས་གནང་བ་དེའི་བཀའ་དྲིན་རྗེས་དྲན་དང་ གུས་བཀུར་ཡོད་པ་མཚོན་བྱེད་ཡིན་
    དེ་ནི་དོ་བདག་ཁོང་རང་རེད་་་་དོ་བདག་ཐུབ་བསྟན་ཁོང་རང་གིས་བཀའ་ཤག་ལ་གནད་དོན་གསལ་བཤད་མ་གནང་ན་དགོངས་པ་ཞུ་ཤེས་ས་མ་རེད་དེ་ནི་དོན་གཅོད་འཁོད་མ་འཁོད་མ་ཡིན་པ་སྒེར་གྱི་མི་ཚེའི་གནས་སྟངས་ལ་འབྲེལ་བ་ཆགས་ཀྱི་འདུག་ཅེས་ཞུས་འདུག་ དེ་འདྲ་སོང་ཙང་གནད་དོན་ཞིག་མེད་ནའང་དཀྲུགས་མཁན་དེ་ཚོས་དཀྲུགས་ཏེ་ཁོང་ལ་མ་ཉེས་ཁ་གཡོགས་ཕོག་ཡོད་ཤག་གིས་བདེན་པའི་རྒྱབ་ལང་བྱེད་པ་དེ་འདྲ་རེད་ མདོར་ན་ཐུབ་བསྟན་ལགས་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་དང་ལྷག་པར་དུ་རྨོངས་རྒན་ཁོ་བོ་ནི་ཆབ་སྲིད་དང་རིག་ལམ་ལ་སྦྱང་པ་གང་ཡང་མེད་སྟབས་ཐུབ་བསྟན་ལགས་ལ་རྒྱབ་སྐྱོར་བྱེད་སྟངས་ཤེས་ཡོད་ཀྱི་མ་རེད་ རྒན་ལགས་ཀྱིས་མཁྱེན་བརྒྱི་ཡོད་ན་གསུངས་རོགས་ ལྷག་པར་དུ་ཚོགས་འདུ་སྐབས་ལ་གསུངས་རོགས་ གནད་དོན་དེའི་སྐོར་བོད་རིགས་ཚོགས་པའི་ཚོགས་འདུ་ཐེངས་གཉིས་ཙམ་བསྐོངས་པ་རེད་ སྐབས་དེ་དུས་རྒན་ལགས་ཀྱིས་བཀའ་སློབ་ལམ་སྟོན་ནི་ཅང་གནང་མ་སོང་ ཡང་མིན་ན་ནི་ང་ཚོས་བཤད་་པ་དེ་ཚོ་མ་ཤེས་པ་ལ་བརྟེན་ནས་བཤད་བཞིན་ཡོད་པ་དང་ རྒན་ལགས་ཀྱིས་ལྡོག་ཕྱོགས་ནས་གསུངས་བ་དེ་ཚོ་མཁས་ཁྱད་སྟོན་བགྱི་ཡོད་ན་གང་ཤེས་ འདི་ཀུ་རེ་ཡིན་
    བདེ་མོ་བཞུགས་རོགས་

    Reply
  8. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བཀའ་ཤག་ནས་ཐུབ་བསྟན་ལགས་ནག་པོ་ཡིན་ཚུལ་གྱི་གསང་བ་ཞིག་ཡོད་ཚུལ་གསལ་བསྒྲགས་གང་དུ་བྱས་སོང། ཁུངས་ག་རེ་ཡོད། གལ་ཏེ་ཡོད་པའི་དབང་དུ་བཏང་ན་དེ་བཤད་ན་ཇེ་ཡག་ལ་ཡོང་ངམ་ཇེ་ངན་ལ་འགྲོ དེ་བཤད་དཀའ་བ་ཞིག་མ་རེད་དམ། ངས་བལྟས་ན་གལ་ཏེ་ཐུབ་བསྟན་ལགས་ལ་རྒྱབ་སྐྱོར་བྱེད་མི་ཤེས་པ་ཚོས་གཟབ་གཟབ་བྱེད་དགོས་ཀྱི་འདུག་སྙམ་མོ།

    Reply
  9. བྱམས་རྒྱལ། says:
    ལོ་ 14 སྔོན།

    གུས་ཕ་རན་སི་ལ་སྡོད་མཁན་ཞིག་ཡིན་པའི་ངོ་ནས་གཤད་ན་ཐུབ་བསྟན་ལགས་ལ་བྱུང་བའི་གནད་དོན་དེར་བསམ་བློ་མང་པོ་འཁོར་བྱུང་ དེ་ཚང་མ་གཤད་ཚོད་ཅང་མི་འདུག་
    འོན་ཀྱང་གནད་དོན་ཆེ་ཤོས་དེ་ཐུབ་བསྟན་དོན་གཅོད་འཁོད་མི་འཁོད་དེ་མ་ཡིན་པ་བཀའ་ཤག་ནས་ཐུབ་བསྟན་ལགས་སུ་གཤད་རྒྱུ་མིན་པའི་གནད་དོན་ཞིག་ཡོད་པ་གསུངས་ནས་དགོངས་པ་ཞུ་དགོས་གསུངས་ཡ་དེ་རེད་ཇི་སྲིད་དུ་བཀའ་ཤག་ནས་ཐུབ་བསྟན་ལགས་སུ་གནད་དོན་ཡོད་པའི་སྐད་ཆ་དེ་མ་གཤད་ཀྱི་བར་དུ་དེ་སྲིད་དུ་ཐུབ་བསྟན་ལགས་ནག་པོ་ནག་རྐྱང་བྱས་ནས་བསྡད་ཡ་དེ་རེད་ དེ་བཀའ་ཤག་ནས་ཐུབ་བསྟན་ལགས་སུ་མཐོང་ཆེན་བྱས་པ་ཇི་ལྟར་བསྒྲུབ་ཐུབ་བམ་
    མི་ངན་རེ་ཟུང་གིས་མི་དགའ་ཕྲག་དོག་གིས་བཏང་བའི་ཡིག་འཁྱར་ལ་བཀའ་ཤག་གིས་ངོས་ལེན་གནང་ན་ བོད་རིགས་ཚོགས་པའི་རྒྱུན་ལས་དང་ རྒྱ་ཆེར་ཚོགས་མི་རྣམ་པས་ཐུབ་བསྟན་ལགས་སུ་རྒྱབ་སྐྱོར་ཤུགས་ཆེར་ཡོད་པའི་ཡི་གེ་བཏང་བ་དེ་ངོས་ལེན་མི་གནང་བ་ག་རེ་རེད་ འདི་རྒན་ལྷ་མོ་ལགས་དང་ཤྰ་རིའི་བུ་གཉིས་ཀར་དྲི་བ་བཏང་བ་ཡིན་

    Reply
  10. ཤྰ་རིའི་བུ། says:
    ལོ་ 14 སྔོན།

    གནད་དོན་དེ་ཡིས་ཐད་གུས་ནས་ཉམ་ཞིབ་རྟོགས་ཙམ་བྱེད་པ་ཡིན་པའི་དེ་ནི་གཞན་གྱིས་གནོད་ཤུགས་འོག་ནས་དེ་འདྲ་བྱུང་བ་ཞིག་རེད་མི་འདུག་ལ་ཐུབ་བསྟན་རྒྱ་མཚོ་ལ་ཤེས་ཚད་གིས་མི་མདངས་བ་དེ་འདྲ་ཡང་རེད་མི་འདུག དོན་ངོ་མ་ཁོང་ནི་གཞུང་སེམས་ཆེ་ཞིང་ཆོས་དད་ཆེ་བ། རྒྱ་གུང་ཕྲན་གིས་གནས་ལུགས་ཤེས་པ། ཁ་རེ་ཁ་ཐུག ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པ་དེ་འདྲ་ཞིག་རེད་འདུག ཡིན་ན་ཡང་ཁོང་ལ་སྐྱོན་གཅིག་ཡོད་པ་ནི་ལས་ཀ་གང་བྱེད་ཀྱང་རང་ཉིད་གིས་གང་དྲན་པ་དེ་བྱེད་པ་ལས་ལས་རོགས་སུ་གང་ལ་ཡང་ལྟོས་སྲོལ་མི་འདུག དེ་ཡི་དོན་དུ་བོད་རིགས་ཚོགས་པའི་རྒྱུན་ལས་ཚང་མ་ལ་ཁ་རྩོད་བྱུང་མ་མྱོང་བ་མི་འདུག དེ་བཞིན་རང་མི་དགའ་ས་དེ་ལ་དོགས་པ་གཏན་ནས་བྱེད་ཤེས་གིས་མི་འདུག དཔེར་ན་ཁོང་རང་དོན་གཅོད་བསྐོ་བཞག་གནང་པ་དང་ཁོང་རང་གིས་མི་དམངས་ལ་ཁྱབ་བསྒྲགས་བྱེད་པ་རེད། དེ་བཞིན་ཁོང་རང་ལ་མི་དགའ་མཁན་དེ་ཚོ་ལ་ཁ་པར་བཏང་ཏེ་ང་ཡོབ་རོབ་གིས་དོན་གཅོད་བསྐོས་སོང་བའི་ཁྱེད་རང་ལ་གང་བྱེད་ཡག་ཡོད་ཟེར་ནས་ཁར་པར་གཏང་བ་སོགས་ནི་ཆེས་བྱེད་ལུགས་ཁན་ཚར་འདུག ཡིན་ན་ཡང་དེ་ཕྱོགས་ཡོད་པའི་བོད་རིགས་ཚང་མ་ནི་སྔར་ལས་ལྷག་པའི་ཁོང་ལ་རྒྱབ་སྐྱོབས་ཡོད་ས་འདུག སྐྱབས་བཅོལ་དང་པོ་ཡོང་མཁན་རྣམས་ལ་སློབ་གསོ་དང་རོགས་རམ་སོགས་ཧ་ཅང་གནང་མཁན་ཞིག་ཡིན་ས་འདུག རྒན་ལྷ་མོས་གསུང་པ་ལ་བདེན་པའི་ཁོང་ལ་རང་གཞུང་དང་ས་གནས་མི་དམངས་ཚང་མས་གུས་བརྩེ་ཡོད་པ་གསལ་པོ་ཡིན་པའི་དོན་དག་ཆུང་ཆུང་རིགས་ལ་མགོ་མི་འཁོར་བའི་རེ་བ་བཅས།།།

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ལ་ལས་མི་སྒེར་བ་ཞིག་གི་གོ་གནས་ཙམ་ལ་ཁ་གཡར་ནས་བོད་གཞུང་དམངས་ལ་མཐོང་ཆུང་དམའ་འབེབས་བྱེད་པ་འདི་ཡག་པོ་རྩ་བ་ནས་མ་རེད།
    ངའི་བསམ་ཚུལ་ལ་བཀའ་ཤག་གིས་ཐུབ་བསྟན་རྒྱ་མཚོ་ལགས་སྐུ་ཚབ་དོན་གཅོད་ཀྱི་གོ་སར་འཇོག་རྩིས་གནངས་པ་འདིས་ཁོང་ལ་ཧ་ཅང་མཐོང་ཆེན་བྱས་པ་ཞིག་མཐོང་སོང་ལ། མི་མང་པོ་ཞིག་ལ་ཡང་ཐུབ་བསྟན་རྒྱ་མཚོ་ཟེར་བའི་མི་འཇོན་པོ་ཞིག་ཡོད་པ་ཤེས་སུ་བཅུག་སོང། ཁོང་ཕྱིར་འཐེན་བྱས་པ་དེས་ཁོང་ནག་པོ་བཟོས་སོང་བ་གང་ཡང་ཡོད་མ་རེད། མ་གཞི་ནས་ཁོང་ཡར་སྤོར་མཁན་དེས་ཁོང་ཕྱིར་འཐེན་པ་ནི་ཧ་ཅང་འོས་པས་དེ་ལ་དགྲ་ལྟར་འཁོན་ཞིང་རྩོད་རྒྱུ་ཅི་ལ་ཡོད།
    ངའི་རེ་བ་ལ་བོད་གཞུང་ལ་དགའ་ཞེན་གུས་བརྩི་ཡོད་མཁན་ཚོས། རང་གི་རྣམ་པར་རྟོག་པའི་འཆར་སྣང་ཁོ་ན་སྨྲས་ནས་མཐོ་རྒྱག་དམའ་རྒྱག་མ་གནང་རོགས།

    Reply
  12. གྲགས་བསོད་ says:
    ལོ་ 14 སྔོན།

    དོན་གཅོད་ཀྱི་མཚན་དགོས་ན་་རྒྱབ་སྐྱོར་བཙལ་དགོས་རྒྱུ་འདུག་རྡ།

    Reply
  13. ཀུན་དགའ། says:
    ལོ་ 14 སྔོན།

    ཕྲན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་འོག་ཏུ་ཡོད་ཕྱིར་ཚིག་གཅིག་ཞུ་དགོས་བྱུང་། ད་རེབ་ཀྱི་སྐུ་ཚབ་དོན་གཅོད་བསྐོ་བཞག་གནང་སྟངས་དེ་ནི་ཁྲིམས་ཀྱིས་དབང་བསྒྱུར་པའི་མང་གཙོའི་སྲིད་གཞུང་ཞིག་གི་འགྲོ་སྟངས་ལྟར་བརྒྱུད་རིམ་ཚད་ལྡན་གྱི་སྒོ་ནས་སོང་ཡོད་ཀྱང་། གློ་བུར་ཕྱིར་བསྡུ་བྱེད་སྟངས་དེ་ནི་དེ་ལས་ལྡོག་སྟེ་གནའ་བོའི་བཀས་བཀོད་བརྒྱུད་འཛིན་སྲིད་དབང་སྒེར་གཅོད་ཀྱི་ལམ་སྲོལ་དེ་དང་གཉིས་སུ་མེད་པ་ཞིག་ཆགས་འདུག གང་ལྟར་དོན་དག་འདི་མི་མང་དང་སྤྱི་ཚོགས་ལ་ཁ་གསལ་གཏིང་གསལ་གནང་དགོས་པ་གལ་ཆེ་བར་མཐོང་ངོོ།།

    Reply
  14. གཡག་རྒོད says:
    ལོ་ 14 སྔོན།

    ངས་བསམ་ན། བྱེད་སྟངས་འདི་ནི་ནམ་རྒྱུན་ང་ཚོའི་ཁ་ལ་མ་ནི་འདོན་འདོན་བྱེད་བཞིན་པའི་ཡ་རབས་གོམས་གཤིས་དང་མཐུན་པ་ཞིག་ཡིན་པར་མི་འདོད་དོ།
    བྱེད་སྟངས་འདི་ནི་ང་ཚོའི་སྤྱི་ཚོགས་ཀྱི་མཐོ་ས་དང་དམའ་ས་ཚང་མ་ན་ཡོད་པའི་ན་ཚོ་ངན་པ་རེད། ང་ཚོའི་མི་བུ་ལ་རྒྱ་ཅན་དང་ལྷག་བསམ་ཅན་རྣམས་ཀྱིས་འདི་དང་འདི་ལྟ་བའི་མཐོང་ཆུང་འཁུར་དགོས་ན། ང་ཚོའི་ནམ་རྒྱན་བཤད་བཞིན་པའི་དམ་ཚིག་དང་ལ་རྒྱ། མཐུན་འབ྄ེལ་དང་ཆིག་སྒྲིག་སོགས་ཇི་ལྟར་ཡོང་ཐུབ། ང་ཚོར་བཀའ་ཤག་གིས་གསལ་བཤད་མ་གནང་བར་དུ་བགྲོ་གླེང་བྱེད་དགོས། གསལ་བཤད་གནང་རྒ྄ུ་ནི་བཀའ་ཤག་གི་ལས་འགན་ཡིན་ལ། གཏམ་བརྗོད་རང་དབང་ནི་བཅའ་ཁྲིམས་ཀྱིས་མི་སེར་ལ་སྤྲད་པའི་ཐོབ་ཐང་ཡིན།

    Reply
  15. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    གནད་དོན་འདིའི་རིགས་གླེང་དུས། དོན་དངོས་གཞིར་བཞག་ནས་བསམ་ཚུལ་བཤད་རྒྱུ་ལས། ཞེ་དྲག་རྒྱབ་ལྗོངས་རྟོགས་ཁུལ་གྱིས་སྤྱིའི་བདེ་འཇགས་ལ་གནོད་གཞིའི་སྐད་ཆ་འདྲ་མིན་བཤད་ན་སྨྲ་བརྗོད་རང་དབང་གི་ཁྱབ་ཁོངས་ལས་བརྒལ་འགྲོ་གི་ཡོད་པ་རེད། མ་གཞི་ནས་གླེན་པ་ལུག་གི་སྐད་ཆར་རིག་པ་ཅན་རྣམས་འཐོམ་དུ་མི་བསམ་མོད། གཞི་རིམ་མི་མང་ཁྲོད་དཀྲོག་གཏམ་འགྲོ་ཉེན་ཆེ་ན་མདུན་རྒྱབ་གཡས་གཡོན་མཐོང་བའི་ཐོག་ནས་བཀའ་མོལ་གནང་རྒྱུ་གལ་ཆེན་རེད། སྐད་ཆ་འདིའི་རིགས་འདི་མིའི་བསམ་སྤྱོད་དང་འབྲེལ་བའི་ལོ་རྒྱུས་རང་བཞིན་ཅན་གྱི་བཀའ་མོལ་ཆགས་ཀྱི་ཡོད་སྟབས། གནས་སྟངས་མཁྱེན་པ་གནང་རྒྱུའམ་དཔྱད་པ་ཤེས་རབ་དང་ལྡན་པ་བྱས་ན་རང་གཞན་གཉིས་ཕན་ཡོང་གི་རེད།

    Reply
  16. ནད་པ says:
    ལོ་ 14 སྔོན།

    ཐུབ་བསྟན་རྒྱ་མཚོ་བསྐོ་བཞག་བྱས་པའི་གནས་ཚུལ་དེ་བོད་མིའི་དབུས་སྒྲིག་ཚུགས་ཀྱི་དྲ་རྒྱའི་ནང་དུ་དངོས་སུ་ཁྱབ་བསྒྲགས་བྱས་པ་ངས་ཀྱང་བཀླགས་པ་ཡིན། སྐབས་དེར་ངས་ཁོ་སུ་ཡིན་མིན་དང་། གང་ནས་ཡིན་མིན། ལས་ཀ་གང་ཞིག་བྱེད་ཀྱི་ཡོད་མེད་ཞིབ་ཕྲ་མ་ཤེས་སྟབས་ངས་ཁོའི་སྐོར་ལ་ཏོག་ཙམ་དོ་སྣང་བྱས་པ་ཡིན།

    དང་པོ་བཀའ་ཤག་ནས་སྐུ་ཚབ་ལ་བསྐོ་བཞག་བྱས་པ་དང་། དེ་ནས་ཕྱག་རྟགས་ཞུས་པ། ཐ་མར་དངོས་སུ་བསྐོ་བཞག་བྱས་ཏེ་ཕྱི་ ༦ ཚེས་ ༡ ལ་ལས་འཁུར་དགོས་པ་བཅས་ཡིག་ཐོག་ནས་བཀོད་ཁྱབ་བྱས་ཟིན།

    ད་ལྟའི་ཆར་དེ་གཙི་མེད་བཏང་བ་ཡིན་ཞེས་བཤད་ན་དེ་ནི་ཕྲུ་གུ་ཆུང་ཆུང་ཞིག་གིས་རྩེད་མོ་རྩེད་པ་དང་འདྲ་པོ་ཆགས་ཡོད། རྒྱ་ནག་གུང་ཁྲན་འདི་ང་ཚོས་སྲིད་དབང་གཅིག་སྡུད་ཕྱི་གསལ་ནང་གསལ་མེད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་ཁོང་ཚོས་སོ་སོས་བདམས་པའི་ཏང་གི་ལས་བྱེད་ཚོར་ཁྲིམས་དང་སྒྲིག་གཞི་གང་ཡང་མེད་པར་རང་སྣང་གང་དྲན་འདི་ལྟ་བུ་ཞིག་རྩ་བ་ནས་བྱེད་ཀྱིན་མེད།

    ཆབ་བྲག་ལྷ་མོས་བཤད་པ་ལྟར་གཞུང་འདི་དམངས་གཙོ་དང་དྲང་བདེན་ཕྱི་གསལ་ནང་གསལ་ཡིན་ན་གནད་དོན་དེ་ཚོ་ཕྱི་གསལ་ནང་གསལ་བྱེད་དགོས། ཐུབ་བསྟན་རྒྱ་མཚོས་ཀྱང་གནད་དོན་དེ་གསལ་པོ་ཡོང་ཐབས་བྱེད་དགོས། དེ་མིན་རྒྱ་གར་སོགས་ཀྱི་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱས་ནའང་མ་འགྲིག་པ་ཁྱོན་ནས་མེད།

    དེ་ནི་ཁྲིམས་དང་སྒྲིག་གཞི་མེད་པར་རང་སྣང་གང་དྲན་གྱི་བྱེད་སྟངས་ཞིག་ཡིན་པ་མངོན་བཞིན་འདུག ད་དུང་གནད་དོན་དེ་མ་འོངས་པར་སྐུ་ཚབ་སུ་ཞིག་བསྐོ་བཞག་བྱ་མིན་གྱི་དོན་དག་དང་མི་དེ་དང་ཡང་ནང་འབྲེལ་ལྐོག་འགྱུར་གྱི་འབྲེལ་བ་སོགས་ཡོད་མེད་དེར་ཐུག་ཡོད། མ་འོངས་པར་མུ་མཐུད་དཔྱད་ཞིབ་བྱེད་དགོས།

    Reply
  17. གསར་འབྱོར། says:
    ལོ་ 14 སྔོན།

    གོང་དུ་བཀའ་ཤག་དྲང་བོ་མི་འདུག་ཅེས་སྐད་ཆ་བཤད་མཁན་གྱི་མི་འདི་དག་གི་གྲས་ནས་སུས་ཐུབ་བསྟན་རྒྱ་མཚོའི་སྐད་ཆ་བཤད་སྟངས་དང་མི་ལ་འབྲེལ་བ་བྱེད་སྟངས་ཁོང་གི་མངོན་ཀློག་གི་ལོ་རྒྱུས་གང་ཡོད་སོགས་མདོར་ན་ཐུབ་བསྟན་རྒྱ་མཚོ་ག་འདྲ་ཡོད་མེད་གསལ་བོ་ཤེས་ནས་སྐད་ཆ་བཤད་མཁན་ག་ཚོད་གཅིག་ཡོད་དམ། ངས་བསམ་ན་གཅིག་དང་གཉིས་མ་གཏོགས་མི་འདུག ཕྲན་འདི་ཀ་ཧྥ་རེན་སུ་ན་ཐུབ་བསྟན་རྒྱ་མཚོ་དང་ལུས་དང་གྲུབ་མ་བཞིན་འགྲོག་ནས་སྡད་ཡོད། ཡིན་ཡང་ཁོང་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱས་ཡོང་དུས་ངའི་བསམ་པར་བོད་མི་ས་ཡ་དྲུག་ལ་མི་འདི་ལྟ་བུ་ཞིག་ལས་དོན་གཅོད་དུ་བསྐོ་བཞག་བྱེད་རྒྱུ་མེད་སོང་ཚེ་དངོས་མ་བོད་རྒྱལ་ཁབ་ཆེན་པོ་རྫོགས་ཚར་འདུག་དྲེན་གྱི་འདུག་ལ་བོད་གཞུང་གིས་བོད་མི་ཤེས་ལྡན་པ་གསོ་སྐྱོང་བྱས་པ་འདང་མི་འདུག་ཀྱང་དྲེན་གྱི་འདུག ངས་འདིར་དྲ་གྲོགས་ཡོངས་ལ་ཞུ་རྒྱུར་བཀའ་ཤག་གི་ཐག་གཅོད་བྱེད་སྟངས་འགྲིག་ཡོད་མིན་ཅི་ལྟར་ཡང་དང་པོ་ཐུབ་བསྟན་རྒྱ་མཚོ་སྐུ་སྒེར་ལ་དོན་གཅོད་བྱེད་ཐུབ་པའི་ནུས་པ་འདུག་མི་འདུག་ཤེས་རྟོག་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད་དྲེན་གྱི་འདུག བཀའ་ཤག་གི་བྱེད་སྟངས་འགྲིག་མི་འདུག་ཅེས་དོན་གཅོད་ནུས་མེད་གཅིག་བསྐོ་བཞག་བྱས་ཚེ་དེའི་མཇུག་འབྲས་བོད་མིའི་སྲིད་འབྱོར་རིགས་གསུམ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས་ཚང་མས་བསམ་བློ་གཏོང་རོགས་ཞུ། ཧྥ་རེན་སུའི་རྒྱལ་ས་ཕ་རེན་སུ་ནས།

    Reply
  18. ལྐོག་ཤེས་ says:
    ལོ་ 14 སྔོན།

    ཆབ་བྲག་པ་མྱི་བཟང་ལ་བུད་འདུག གནས་ལུགས་ཀྱི་མདུན་ནས་ཀུ་ཡངས་བྱེད་པ་ནི་བླུན་རྟགས་རེད།
    རྒྱལ་ཁབ་ཤོར་ན་ཡང་ཀུ་ཡངས་བྱེད། ཁྲིམས་མེད་ལུགས་མེད་བྱས་ན་ཡང་གུ་ཡངས་བྱེད། གོ་ས་འཕྲོགས་ན་ཡང་ཀུ་ཡངས་བྱེད། མི་རྩེད་མོ་རྩེད་བྱེད་བྱས་ན་ཡང་ཀུ་ཡངས་བྱེད། ཡོད་ཚད་ལ་ཀུ་ཡངས་བྱེད།
    འདི་ནི་རྒྱ་གར་བ་ཚོས་བཤད་སྟངས་རེད། ཧོ་འཇའ་ཡེ་གྷ ཧོ་འཇའ་ཡེ་གྷ
    ངོ་མ་རྡ་སའི་་བོད་སྡིག་འདི་ཚོ་ཁྲིམས་མེད་ལུགས་མེད། ངོ་ཚ་ཁྲེལ་མེད། ཉེ་རིང་ཆགས་སྡིང་།

    Reply
  19. རྨ་དུག་ལྕེ། says:
    ལོ་ 14 སྔོན།

    ངས་བསམ་བློ་ཅི་ལྟར་བཏང་ཀྱང་ཐེངས་འདིར་ཐུབ་བསྟན་རྒྱ་མཚོ་ལགས་ཀྱི་ལས་གནས་གསར་བ་ཕྱིར་བསྡུ་བྱས་པ་འདི་དངོས་ཡོད་གནས་ཚུལ་དང་མཐུན་པ་འམ་དྲང་བདེན་གྱི་ལས་ཀ་ཞིག་ཏུ་མཐོང་གི་མི་འདུག གང་ཞེ་ན། ཉེ་སྔོན་མིང་འཁོད་ཡི་གེ་འགའ་སླེབས་པར་བརྟེན་ལས་གནས་ཕྱིར་བསྡུ་བྱས་པ་ཡིན་ཚུལ་བཤད་པ་རེད། ཁ་སང་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ནས་(བཅའ་ཁྲིམས་ལ་འགྱུར་བ་ཕྱིན་པ་དེས་དོན་གཅོད་གསར་བསྐོའི་བཀོད་རྒྱ་རང་བཞིན་གྱིས་ནུས་མེད་དུ་ཕྱིན་པ་ཡིན་ཞེས་བཀའ་ཕེབས་པ་རེད། དོན་རྩ་རྡོག་རྡོག་འདི་རེད།) སྐབས་འདིར་དྲི་བ་ཞིག་རང་བཞིན་གྱིས་སླེབས་པ་ནི། བཅའ་ཁྲིམས་འགྱུར་བ་བཏང་བ་དང་ལམ་སེང་བཀའ་ཤག་ནས་༧གོང་ས་མཆོག་གི་བཀའ་གསུང་བརྩི་མེད་རྡོག་རོལ་གཏོང་དགོས་དོན་ཡོད་དམ། བཀའ་ཤག་ནས་ལ་སྐུ་ཚབ་བསྐོ་བཞག་དང་ཕྱིར་བསྡུའི་སྐུ་དབང་ཡོད་ཐག་ཆོད་རེད་མོད། ཐུབ་བསྟན་རྒྱ་མཚོའི་སྐོར་ལ་གསལ་བཤད་ཅིག་མེད་པ་ཅིའི་ཕྱིར་ཡིན་ནམ། དང་པོར་ཡར་བསྐོ་མཁན་བཀའ་ཤག་རེད་ལ། ད་ལྟ་མར་གཡུག་མཁན་ཀྱང་སྔོན་མའི་བཀའ་བློན་དེ་དག་རང་འཇགས་རེད་མ་གཏོགས། བཀའ་བློན་རྣམ་པར་འགྱུར་བ་གང་ཡང་ཕྱིན་མེད།

    བོད་གཞུང་ནི་ཕྱི་གསལ་ནང་གསལ་དང་། དྲང་པོ་དྲང་བཞག་ཞིག་ལ་ངོས་འཛིན་བྱེད་བཞིན་པའི་ང་ལ་མཚོན་ན་ཐེངས་འདིའི་བྱེད་སྟངས་འདི་བློ་ངོར་འཆར་དཀའ་བ་ཞིག་རེད། ད་དུང་ང་དང་ང་ལྟ་བུ་མང་དག་ཅིག་འདི་ལྟར་རྨོངས་ནས་བསྡད་ཡོད་པས། གསལ་བཤད་ཅིག་ཡོད་ན་ངེས་པར་དུ་གནང་རོགས།

    གལ་ཏེ་མིང་འཁོད་ཡི་གེ་ཞིག་གི་ཁོང་དོན་གཅོད་ལ་འགྲིག་གི་མ་རེད་ཅེས་བརྗོད་པར་ནུས་པ་དེ་འདྲ་ཞིག་ཡོད་ཚེ། ངའི་མིང་དང་སྐྱེས་ཡུལ་ད་ལྟའི་སྡོད་གནས་ཁ་པར་ཨང་གྲངས་གློག་འཕྲིན་ཨང་གྲངས་བཅས་བཀའ་ཤག་ལ་བསྐུར་ཡོད་ལ། ཐུབ་བསྟན་རྒྱ་མཚོ་ལགས་སྦར་སིལ་སྐུ་ཚབ་དོན་གཅོད་ལ་ཧ་ཅང་འོས་པ་ཞིག་རེད་ཅེས་བརྗོད་མཁན་ཞིག་ཡིན་པས་དེ་དོན་དགོངས་འཇགས་ཡོད་པ་ཞུ།།

    Reply
  20. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གོང་གི་མཆན་ནང་ལ། “རང་གི་རྨོངས་ཚོད་ཀྱིས་གནད་དོན་འདི་ལ་དབྱེ་ཞིབ་ཅིག་བྱས་ན། 1 ཐུབ་བསྟན་རྒྱ་མཚོ་སྐྱེས་ས་ནོར་བ། 2 ཐུབ་བསྟན་རྒྱ་མཚོར་སྐུ་དྲག་དང་མི་དྲག་གི་རྒྱབ་བརྟེན་མེད་པ། 3 ཐུབ་བསྟན་རྒྱ་མཚོའི་གཞུག་ན་ཆོལ་ཁ་དང་ཆོས་ལུགས་ཀྱི་དཔུང་རོགས་ཟེར་ནས་འཇིགས་ས་མེད་པ་བཅས་རེད་སྙམ” ཟེར་བའི་སྐད་ཆ་འདི་འདྲ་མ་བཤད་ན་བཟང། བཀའ་ཤག་གིས་ཐུབ་བསྟན་རྒྱ་མཚོ་ལགས་ཡར་བཀྱགས་ནས་མར་བརྡབས་དགོས་དོན་ཅི་ཡང་མེད། དེ་ལ་རྣམ་རྟོག་མ་ལངས།
    དེའི་སྐོར་ཐུབ་བསྟན་རྒྱ་མཚོ་རང་ཉིད་ནས་ཀྱང་མདོ་སྨད་ཀྱི་གནད་ཡོད་མིསྣ་གང་མང་འཛོམས་ཐོག་ཅིག་ལ་གསལ་བཤད་ཆ་ཚང་གནངས་སོང། དེ་རྗེས་མདོ་སྨད་དབུས་རྒྱུན་ལས་ཀྱི་མི་དང། ཡང་མདོ་སྨད་སྤྱི་འཐུས་ཀྱི་ཚབ་བྱས་ནས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ཀྱང་བཀའ་ཁྲིའི་དྲུང་དུ་བཅར་བ་རེད། བྱེད་དགོས་ས་ནས་བྱེད་འོས་པ་ཚང་མ་བྱས་ཟིན་པ་རེད། ད་དོན་དག་འདི་རྒྱུ་མ་ཕུ་འདེད་མ་བྱས་པར་འདི་ལྟར་བཞག་བཞག་ན་དགའ་ས་རེད་སྙམ།
    ཐུབ་བསྟན་རྒྱ་མཚོ་ལགས་བླ་ཕམ་ཡོད་པ་ཐུགས་ཁག་མེད་ཀྱང་བཀའ་ཁྲི་ལ་དངོས་སུ་མཇལ་ནས་ནང་གཏམ་ཡང་གསུངས་ཡོད་པས། ད་བསམ་བློ་ཀུ་ཡངས་གནང་ནས་མུ་མཐུད་སྔར་ལྟར་ཕྱག་ལས་གནང་རོགས་ཞུ་གིན་ཡོད།

    Reply
  21. palyon says:
    ལོ་ 14 སྔོན།

    འོ་ཡ།་་་་ད་ཡིན་ན།་་་་་་་་་་་་་་ངོ་ཚ་ལ།་་་་་་་་ཞབས་འདྲེན།་་་ཐུབ་བསྟན་རྒྱ་མཚོ་ལྟ་བུ་མི་སྒེར་ཕལ་པ་ཞིག་ལ་མགོ་བསྐོར་དྲ་མ་བཏང་འདུག་་་་་དང་པོ་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་བྱས་པ་ཡིན་ཞེས་བཀོད་རྒྱ་བཏང་།་་་ཟླ་ཤས་ཕྱིན་རྗེས་བཀོད་རྒྱ་དེ་ནུས་མེད་ཡིན་ཞེས་ཡི་གེ་བཏང་།་་་་་ཁོ་པའི་བཀོད་རྒྱ་རྒྱུ་མཚན་གང་གི་ཆ་ནས་ནུས་མེད་སོང་བ།་་་་གཞན་གྱི་དཀྲོག་གཏམ་མམ།་་་ཡིག་འཁྱམ།་་་་་་་གང་ཡིན་རུང་།་་བཀའ་ཤག་ཐག་གཅོད་བཀའ་ཤག་ཐག་གཅོད་ཅེས་ཟེར་ནས་ཁ་གཡར་ཡོང་དུས།་་་དོན་ངོ་མ་བཀའ་ཤག་ཚོགས་ཡོང་སྐབས་དེ་དུས་ཚོགས་འདུའི་སྟེང་ཁ་སྒྲག་ཐུབ་མཁན་བཀའ་བློན་རེ་གཉིས་ཀྱི་ཁ་ཤུགས་ཆེ་ཆུང་ལ་ཐག་གཅོད་བྱས་སོང་ཟེར་གོ་རྒྱུ་འདུག་་་རེད་མ་རེད།་་་ད་ཕན་ཁྱེད་ཚོད་ལོ་ལྔ་བསྟུད་མར་ཐག་གཅོད་དེ་འདྲ་བྱས་འདུག་པ།་་་ད་ཁྱེད་ཚོར་ག་ལེར་ཕེབས་ཟེར་རན་འདུག་་་ད་ལྟ་ནས་འགྲོ་རྩིས་བྱས་ན་སྟབས་ལེགས།་་་་་་་་་གང་མགྱོགས་སྡུབ་སོག་རྒྱབ་ཨ།་་་་ད་དུང་ཡང་མུ་མཐུད་བཀའ་བློན་ཐོབ་ཐབས་ཀྱི་རེ་བར་བཅང་ཏེ་རྡ་ས་གངས་སྐྱིད་ཉེ་ཁོར་ན་མ་བསྡད་ཪོགས་ཨ་།།།།།་་ཨེ་གོ།།།།།།།།།།།།

    Reply
  22. གནམ་ལྕགས། says:
    ལོ་ 14 སྔོན།

    ད་ང་ཚོའི་འབངས་མི་སེར་གྱི་ཕྱོགས་ནས་ཅི་ཞིག་ལྷག་འདུག་ཟེར་ན། ཐུབ་བསྟན་རྒྱ་མཚོ་ཞུ་བ་ཁོང་ང་ཚོའི་འབངས་མི་སེར་ཞིག་ཡིན་པ་དང་། ནམ་རྒྱུན་ལས་དོན་ལ་ཧུར་ཐག་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ཁོང་གི་མདུན་ལམ་ལ་མིང་ཤོས་ངན་བཟོས་པའི་གྱོང་གུད་ལ་བོད་གཞུང་བཀའ་ཤག་གི་ངོས་ནས་རྩིས་ཇི་ལྟར་རྒྱག་མིན་ལ་བལྟ་རྒྱུ་དེ་རེད།

    འདི་ལྟར་གནམ་ལ་བཀྱགས་ནས་སར་གཡུགས་རྗེས་ད་དུང་དགོངས་དག་ཙམ་ཡང་ཞུ་རྒྱུ་མེད་པར་སབ་སིབ་དང་ནག་ནོག་གི་ངང་ནས་དུས་གཏན་ཏུ་སྐྱུར་མི་ཉན་པ་དེ་རེད། ངས་འདི་ཟེར་དོན་ནི་ང་དང་ཐུབ་བསྟན་ཞུ་བའི་བར་ན་འབྲེལ་བ་སྤུ་ཙམ་ཡོད་ན་སྲུང་མ་དམར་ནག་གཉིས་དཔང་ལ་འཇོག་ཆོག ངས་རང་རེའི་གཞུང་གི་དྲང་བདེན་དང་དགྱ་ནག་ལ་ངོ་ཚ་ཁ་སྐྱེངས་མི་ཡོང་ཆེད་ཡིན། ངེས་པར་དུ་འདི་ལ་དཀར་སིང་སིང་གི་གསལ་བཤད་ཅིག་མེད་རག་བར་ཅི་དགར་མི་འཇོག

    Reply
  23. ལྐོག་ཤེས་ says:
    ལོ་ 14 སྔོན།

    འོ་ད་དུང་ཡིད་སྐྱོ་བའི་དོན་དག་ཅིག་བཤད་ཡ་ཡོད།
    ་ཧྥ་རིན་སིའི་ན་ཡོད་པའི་ནམ་རྒྱུན་བོད་གཞུང་ལ་བློ་དཀར་བ་བོད་རིགས་ཁ་ཤས་ནས་གནས་ཚུལ་འདིའི་རྐྱེན་པས་རང་བཙན་ལག་དེབ་དོན་གཅོད་ཁང་ལ་ཕྱིར་རློགས་བྱེད་གི་ཡིན་ཟེར། འདི་འདྲ་མང་དུ་སཽང་ན་བཀྲ་མཐོང་གིས་བཤད་པ་ལྟར་གུད་པའི་མགོ་ཚུགས་པ་རེད་ཟེར་བ་བདེན་པ་འདྲ་བོ་མི་འདུག་གམ།

    Reply
  24. གཞིས་ཆགས་བུ། says:
    ལོ་ 14 སྔོན།

    ཐེངས་འདིའི་བཀའ་ཤག་གི་བྱེད་སྟངས་དེ་ཁྱད་མཚར་ཞིག་ཏུ་སྣང། ཡིན་ནའང་གཞུང་གི་འཛིན་སྐྱོང་གི་འགྲོ་ལུགས་དང་བྱེད་སྟངས་ཞིག་ཡིན་གྱི་རེད། གལ་སྲིད་མི་སྒེར་འགའི་འདྲ་མི་འདྲ་བཤད་པ་དང་སྙན་ཞུ་ཕུལ་བ་འདིས་བཀའ་ཤག་གི་སྲིད་བྱུས་ལ་འགྱུར་བ་གཏོང་གི་ཡོད་ན་། དེ་ངོ་མ་མི་འགྲིག་པ་ཞིག་རེད། རྒྱུ་མཚན་དང་གནས་ལུགས་སོགས་ཀྱི་སྒོ་ནས་འགྲེལ་བཤད་གསལ་པོར་མི་བྱེད་ན། མི་མང་དཀྱུས་མའི་ནང་དུ་བསམ་ཚུལ་འདྲ་མིན་ཡོང་བཞིན་ཡོད་པས་ཡིད་གཟབ་གནང་རོགས།

    བཅའ་ཁྲིམས་འགྱུར་བ་སོགས་ལ་ཁ་གཡར་ནས་འཛིན་སྐྱོང་ནང་འདྲ་མི་འདྲ་བྱེད་ན་མི་འགྲིག་པ་ཡིན།

    Reply
  25. ལྐོག་ཤེས་ says:
    ལོ་ 14 སྔོན།

    འདི་ནི་དེ་སྔོན་ལོ་མང་རང་ཧྥ་རིན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་བྱེད་མྱོང་བའི་ཀུན་བཟང་ཆོས་འཕེལ་ཕྱོགས་ཀྱིས་ཀུན་ཆོས་ཁོ་བ་ཚོགས་གཙོ་ལག་ནས་ཤོར་བའི་ནད་དུག་མ་ཁྱོགས་ནས་ཡར་འཀྲིག་མར་འཀྲིག་བྱས་པ་རེད། གནད་དོན་འདི་དག་པ་ཅིག་འཇོག་ཚུལ་མེད།
    བཀའ་ཤག་གིས་ཐུབ་བསྟན་རྒྱ་མཚོའི་མཚན་སྙན་གྱོང་གུད་ལ་ཅི་བྱེད་གི་ཡིན།
    ཅི་ཕྱིར་ཐུབ་བསྟན་རྒྱ་མཚོར་དགོངས་སེལ་མ་ཞུས་བ་རེད།

    Reply
  26. མི་ says:
    ལོ་ 14 སྔོན།

    བཅའ་ཁྲིམས་ལ་འགྱུར་བ་ཕྱིན་པ་དེས་དོན་གཅོད་གསར་བསྐོའི་བཀོད་རྒྱ་རང་བཞིན་གྱིས་ནུས་མེད་དུ་ཕྱིན་པ་ཡིན་ཞེས་བཀའ་ཕེབས་པ་རེད། དོན་རྩ་རྡོག་རྡོག་འདི་རེད། ཞེས་བ་འདིའི་དོན་ཅི་རེད། སྐུ་སྒེར་ཡིག་ཚང་དང་བཀའ་ཤག་བར་གི་འགལ་བ་ཞིག་རེད་དམ། བཅའ་ཁྲིམས་ལ་འགྱུར་བ་བཏང་མ་ཐག་བཀའ་ཤག་གིས་ཐུབ་བསྟན་རྒྱ་མཚོའི་ཐོག་ནས་སྐུ་སྒར་ཡིག་ཚང་ལ་དབང་ཤུགས་ཅིག་བསྟན་པ་རེད་དམ། དེ་ཡིན་ནི་ཚབ་ཆེན་རེད།

    Reply
  27. གཡག་རྒོད says:
    ལོ་ 14 སྔོན།

    གནད་དོན་འདི་ནི་བྱིས་པའི་རྩེད་མོ་རྩེ་སྟངས་ཤིག་ལས། གཞུང་ཞིག་གིས་ལས་ཀ་བྱ་སྟངས་ཤིག་ཡིན་པར་མི་འདོད་དོ། ཐུབ་བསྟན་རྒྱ་མཚོ་ལྟ་བའི་མི་བུ་ལྷག་བསམ་ཅན་རྣམས་ཀྱི་སེམས་ཤུགས་གཅོག་རྒྱ་སྟེ། གཞུང་གི་ལས་ཀྱི་སྣེ་མོ་རྣམས་ཀྱི་ལས་ཀ་རེད་དམ། ཕྱི་རྒྱལ་དུ་ཡོད་པའི་བོད་མིའི་ཁྲོད་དུ་བོད་དོན་ཁ་ནས་གླེང་མཁན་མང་བ་ལས།
    ཁོང་ལྟ་བའི་ལས་དོན་ཁུར་དུ་ལེན་མཁན་གྱི་མི་བུ་དྲང་ཚིགས་ཅན་ཧ་ཅང་ཉུང་ཉུང་ཡིན་པ་དངོས་ཡོད་གནས་ཡིན་དུས། ཡག་པོ་རེད། རང་གཞུང་གི་ལས་སྣེ་བ་རྣམས་ཀྱིས་རང་གི་མི་དམངས་ནང་གི་དྲག་ཤོས་དང་འཇོན་ཤོས་ཚོར་དམའ་ཕབས་ཏེ་ཡར་ལངས་རྒྱ་མེད་བཟོས་ཤོག

    Reply
  28. འབའ་སྲས། says:
    ལོ་ 14 སྔོན།

    བཀའ་དྲུང་ཡིག་ཚང་གི་གསལ་བཤད་དེ་ནི་བྱིས་པ་ལ་མགོ་སྐོར་བའི་སྐད་ཆ་ལྟ་བུ་ཞིག་རེད། རྒྱུ་མཚན་དང་གསལ་བཤད་ཐབ་ཆགས་འདི་ལྟ་བུ་ཞིག་གིས་མི་མང་གི་ཁ་བཙུམ་དུ་འཇུག་འདོད་པ་ནི་ཆེས་ཡིད་ཕམ་པ་ཞིག་རེད།གསར་འགོད་པས་བཀའ་ཤག་རང་ལ་དྲི་བ་འདི་འདྲི་ཐུབ་ན་ཧ་ཅང་ལེགས།

    Reply
  29. གནམ་ལྕགས། says:
    ལོ་ 14 སྔོན།

    ང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འབངས་མི་ཞིག་ཡིན་པའི་ཆ་ནས། འདི་ལ་སྐད་ཆ་ཞིག་མི་བཤད་ཐབས་མེད་ཆགས་སོང་།

    ད་ལོའི་དམིགས་བསལ་ཚོགས་ཆེན་གྱི་སྔ་གཞུག་དེར་གཏམ་ངན་འདི་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་ཡི་འདུག ཚོགས་ཆེན་ཉིན་གཉིས་པའི་དགོང་མོར་མདོ་སྨད་ས་གནས་ཀྱིས་ཚོགས་བཅར་བ་ཚང་མར་ཞལ་ལག་སྟབས་བདེ་ཞིག་དྲངས་པའི་ཐོག་ལ་ཐུབ་རྒྱམ་ཁོང་ཡང་ཕེབས་འདུག་ལ། ཁོང་གིས་ཀྱང་གོ་སྐབས་དེ་བརྒྱུད་ནས་གནད་དོན་འདིའི་བྱུང་རིམ་འཁྱུག་ཙམ་ཞུས་སོང་།

    དེའི་རྗེས་དུས་བབ་ཏུ་འདིའི་སྐོར་གྱི་གསལ་ཁ་མེད་པའི་གསར་འགྱུར་ཞིག་ཐོན་སོང་ཡང་། ཤ་མ་ཚེས་སར་བློ་འབུར་འབུར་བྱས་ན་མི་ཡག་བསམ་ནས་བསམ་ཚུལ་སོགས་གང་ཡང་བྲིས་མེད། ད་ཐེངས་ཀྱི་གསལ་ཁ་མེད་པའི་གསལ་བཤད་འདིས་མི་ཚེའི་ཕྱེད་ཀར་ཡིད་ཆེས་དང་རེ་བ་འཛིན་སའི་རང་གི་གཞུང་འདིའི་དེ་ཉིད་ཏོག་ཙམ་རྟོགས་སུ་བཅུག་སོང་། ཞོར་དུ་བློ་ཕམ་ཡང་ཅུང་ཟད་སྐྱེ་རུ་བཅུག་སོང་།

    རང་གི་རྨོངས་ཚོད་ཀྱིས་གནད་དོན་འདི་ལ་དབྱེ་ཞིབ་ཅིག་བྱས་ན། 1 ཐུབ་བསྟན་རྒྱ་མཚོ་སྐྱེས་ས་ནོར་བ། 2 ཐུབ་བསྟན་རྒྱ་མཚོར་སྐུ་དྲག་དང་མི་དྲག་གི་རྒྱབ་བརྟེན་མེད་པ། 3 ཐུབ་བསྟན་རྒྱ་མཚོའི་གཞུག་ན་ཆོལ་ཁ་དང་ཆོས་ལུགས་ཀྱི་དཔུང་རོགས་ཟེར་ནས་འཇིགས་ས་མེད་པ་བཅས་རེད་སྙམ།

    གཞན་ཞིག་ནས་ད་བར་༸གོང་ས་མཆོག་ཁ་ལ་འཁྱེར་ནས་ལག་ཟུང་ཐལ་མོ་སྦྱོར་བཞིན་ལས་ཀ་བྱེད་མཁན་གྱི་ལས་ཐོགས་བཀའ་བློནས་ཕྱག་རོགས་ལས་ཀྱི་སྣེ་མོ་བ་འདི་དག་གིས་༸གོང་ས་མཆོག་གིས་ཕྱག་རྟགས་གནང་ཟིན་པའི་དོན་གཅོད་གསར་བ་ཁོང་ལས་གནས་ལ་མ་སླེབས་གོང་ཕྱིར་བསྡུ་བྱེད་སྟངས་འདིར་ང་རང་མི་ཆུང་ཆུང་ཞིག་གི་ངོས་ནས་ཧང་སངས་སོང་། དོན་དངོས་ཀྱིས་སྲང་ལམ་གྱི་སྤྲང་སྐད་ཙམ་ལ་ཆ་འཇོག་བྱས་པ་བདེན་ནམ། མི་བུ་སྒེར་ཞིག་འདི་ལྟར་རྩེད་སྤྱད་བྱས་ནས་རང་གི་འབངས་དང་མི་སེར་དག་གི་ཡིད་ཆེས་བརླག་ཏུ་བཅུག་པ་ཡིན།

    གནད་དོན་འདི་ལ་རྒྱུ་མ་ཕུ་འདེད་ཅིག་བྱེད་རྒྱུ་ཡོད་ལ། མུ་མཐུད་ནས་གླེང་སློང་མཚམས་མི་འཇོག་པའི་དམ་བཅའ་ཡང་ཡོད། སྔོན་ཆད་རང་ཉིད་ལ་ལོ་ངོ་བཅུ་གཅིག་གི་བརྒྱུད་རིམ་ནང་དུ་གཞུང་ངོས་ནས་འདི་འདྲའི་བློ་ཕམ་བྱེད་ཀྱི་དོན་དག་རེ་གཉིས་བྱུང་མྱོང་ཡང་། དེ་ནི་གཞུང་ཞིག་གི་ལས་དོན་ལ་ཆ་འཇོག་གིས་རེ་བ་དང་ཡིད་ཆེས་བརླགས་མ་མྱོང་ཡང་། ད་རེའི་གནས་ཚུལ་འདི་དང་འབྲེལ་ནས་ཤིན་ཏུ་བློ་ཕམ་བྱུང་སོང་ཞུ་ལ། མུ་མཐུད་ནས་གནད་དོན་འདི་གླེང་རྒྱུའི་བསམ་བློ་ཞིག་ཀྱང་འཁོར་བྱུང་།

    དྲང་བདེན་གྱི་ཆེད་དུ།
    རང་དབང་གི་ཆེད་དུ།
    དྲན་དབང་དང་དྲང་བདེན་པ་དག་གི་དཔྱད་ཞིབ་ལ་སྒུག་ཡོད།

    Reply
  30. ནོར། says:
    ལོ་ 14 སྔོན།

    བཀའ་ཤག་གིས་སྐུ་དབང་བེད་སྤྱོད་ཇི་ལྟར་བྱེད་ཀྱི་ཡོད་མེད་ཀྱི་རྒྱུ་མཚན་དེ་ལ་དྲི་བ་གཏོང་སའི་གཞི་རྩ་ཞེ་དྲག་ཡོད་པ་མ་རེད། ངོ་མ་བཀའ་བཙན་པོ་རེད།

    Reply
  31. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    ཐེངས་འདིར་བཀའ་ཤག་ནས་ཡིག་འཆར་ཁ་ཤས་ཤིག་ལ་གཞི་བཅོལ་ནས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱི་ལས་གནས་ཕྱིར་བསྡུ་བྱས་པ་དེ་དོན་དངོས་དང་མཐུན་པ་ཞིག་ཏུ་མཐོང་གིན་མེད། གང་ཞེ་ན་ཐུབ་བསྟན་རྒྱ་མཚོ་ལགས་བོད་རིགས་ཚོགས་པའི་ཚོགས་གཙོ་གནང་སྐབས་རང་ཉིད་ཀྱི་ཉེན་ཁར་མ་འཛེམས་པར་དོལ་རྒྱལ་ཚོགས་པར་དངོས་སུ་ཁ་གཏད་གཅོག་བཞིན་ཡོད། དཔེར་ན་ཧྥ་རན་སིར་གསར་དུ་འབྱོར་བ་ཚོས་ཁོང་གི་ས་ནས་རང་ཉིད་བོད་ཡིན་པའི་རྒྱབ་གཉེར་ཡིག་ཆ་ཞིག་ལེན་བཞིན་ཡོད་ལ། ཡིག་ཆ་དེ་སྐྱབས་བཅོལ་ཞུ་བར་ཕན་ཐོགས་ཆེན་པོ་ཡོད། ཁོང་གིས་མི་རེ་རེའི་གདོང་ལ་མཛུམ་མོ་བཙུགས་སྟེ་གདོན་འདྲེ་བསྟེན་གསོལ་མཁན་ཡིན་མིན་འདྲི་བཞིན་ཡོད། དེར་བརྟེན་དོལ་རྒྱལ་བསྟེན་མཁན་དག་ལ་ཕོག་ཐུག་ཆེན་པོ་བཏང་ཡོད། འདི་ཡིག་འཆར་སྣ་ཚོགས་ཡོང་སྲིད་པའི་རྒྱུ་མཚན་གཅིག་རེད། ཡང་ཧྥ་རན་སིར་གནས་སྡོད་ཁྲོད་བཟའ་ཟླ་མགོ་སེར་ཡིན་པའི་བོད་རིགས་ཁག་ཅིག་གིས་དོན་གཅོད་ལ་སྡོད་རྒྱུའི་རྨི་ལམ་ཞིག་རྨི་བཞིན་ཡོད་ལ། དེའི་ཁྲོད་ཀྱི་ཁ་ཤས་ཤིག་གིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་དུ་ལས་ཀ་བྱེད་བཞིན་ཡོད། དེ་ཡིག་འཆར་འདྲ་མིན་ཡོང་བའི་འབྱུང་ཁུངས་གཉིས་པ་རེད། གོང་དུ་བཀའ་དྲུང་ལགས་ནས་སྐུ་དབང་ཕྱིར་བསྡུ་བྱས་པར་ཁ་གཡར་བ་ནི་དགོད་བྲོ་བ་ཞིག་རེད། འོ་ན་སྐུ་དབང་ཕྱིར་བསྡུ་སྐབས་དོན་གཅོད་གཞན་པ་ཁག་ཀྱང་ཕྱིར་བསྡུ་བྱ་དགོས་མོད། དེ་ལྟར་མ་བྱུང་བ་རེད། གང་ལྟར་ཐེངས་འདིའི་གནས་ཚུལ་འདི་ཁ་གསལ་གཏིང་གསལ་ཞིག་མ་བྱས་ཚེ་གཞུང་མང་བར་གྱི་ཡིད་ཆེས་དང་དམ་ཚིག་ལ་ཕོག་ཐུག་ཆེན་པོ་འགྲོ་སྲིད་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese