མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོག་སྐད་ལས་རིམ་དགོས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་མིག་དམར་ཉིན་༧གོང་ས་མཆོག་ཨ་རིའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དུ་ཕེབས་ཏེ། སྐད་ཡིག་འདྲ་མིན་གྱི་སྡེ་ཚན་ཁག་གི་ལས་བྱེད་ཚོར་བཀའ་མོལ་གནང་འདུག

 

༧གོང་ས་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡོད་པའི་ཝེ་རཱ་ཛོན་ཚོགས་ཁང་ཆེན་མོར། མང་ཚོགས་ལ་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་གསུང་ཆོས་བསྩལ་རྗེས། ཕྱི་ཚེས་ ༡༢ ཉིན་རྒྱལ་སར་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གདན་ཞུ་ལྟར། ལས་ཁུངས་དེར་ཆེད་ཕེབས་ཀྱིས་སྡེ་ཚན་ཁག་འདྲ་མིན་གྱི་ལས་བྱེད་ཚོར། ཨ་རི་དང་རྒྱ་གར་ལྟ་བུའི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཁག་གིས་དམིགས་བསལ་འགན་འཁུར་དགོས་པ་དང་། རང་དབང་རླུང་འཕྲིན་ཁང་དེ་ཡིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཞབས་འདེགས་བསྒྲུབ་རྒྱུར་འགན་ཆེན་པོ་ཡོད་སྐོར་བརྗོད་འདུག་ལ། དེ་མིན། སྔོན་མ་འཇར་མན་གྱི་བྷིར་ལིན་རྩིག་གྱང་ Berlin Wall མ་བཤིག་སྔོན་ལ། ཡུ་རོབ་རླུང་འཕྲིན་ཁང་གིས་ཤར་འཇར་མན་གྱི་མང་ཚོགས་ལ་གོ་རྟོགས་སྤེལ་བའི་སྐོར་ངོ་སྤྲོད་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ཡང་མང་ཚོགས་ཀྱི་གོ་རྟོགས་སེལ་རྒྱུའི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་སྟབས། སོག་སྐད་རྒྱང་སྲིང་ལས་རིམ་ཞིག་ཀྱང་དགོས་གལ་ཆེ་ཚུལ་གསུངས་འདུག  

 

རླུང་འཕྲིན་ཁང་དེ་གའི་རྒྱ་སྐད་ཚན་པའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ། ཁོང་ཉིད་ཀྱིས་བོད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་མི་དམངས་ཀྱིས་བདམས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་པ་དང་། ད་ལྟའི་བོད་རྒྱའི་འབྲེལ་མོལ་གྱི་གནས་སྟངས་སོགས་ངོ་སྤྲོད་གནང་འདུག   

 

དེའི་རྗེས་ཐེངས་འདིའི་དུས་དབང་གི་སྦྱིན་བདག་ཚོས་ཡ་རབས་བཟང་སྤྱོིད་གཞི་རྩར་བཞག་པའི་ཐོག་ནས་ནང་ཆོས་ལ་སློབ་སྦྱོང་བྱས་ཏེ། ཤེས་ནས་དད་པ་འཐོབ་པ་ཞིག་གནང་དགོས་སྐོར་གྱི་བཀའ་སློབ་དང་། ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོར་༧གོང་ས་མཆོག་གིས་ཨུ་རུ་སུའི་ཁོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་དང་ཆོས་ལུགས་ཁག་གི་འཐུས་མི་ཚོར། འཛམ་གླིང་འདིའི་དཀའ་ངལ་མང་པོ་ཞིག་བཟང་སྤྱོད་ཉམས་པ་ལས་འབྱུང་བཞིན་ཡོད་སྟབས། འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་བཟང་སྤྱོད་གོང་མཐོར་གཏོང་རྒྱུ་ཤིན་ཏུ་གལ་ཆེན་ཡིན་པ་སོགས་གསུངས་ཏེ“ ད་ལྟ་བོད་མི་ཚོ་ཧ་ཅང་གཉན་འཕྲང་ཆེ་བའི་སྐབས་སུ་བསླེབས་ཡོད་སྟབས། སོག་རིགས་ཚོས་བོད་བརྒྱུད་ནང་བསྟན་གསོན་པོ་གནས་རྒྱུར་འགན་ཆེན་པོ་འཁུར་དགོས་ཀྱི་འདུག ” ཅེས་གསུངས་འདུག

 

ཁ་སང་ཕྱི་ཚེས་ ༡༣ ཉིན་༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་གི་དངོས་གཞིའི་བཀའ་ཆོས་གསུངས་ཡོད་པ་རེད།

 

འདི་ནི་༧གོང་ས་མཆོག་གིས་ཨ་རིའི་རྒྱལ་ཁབ་ཏུ་དུས་འཁོར་བཀའ་དབང་གནང་བ་ཐེངས་ལྔ་པ་དེ་ཆགས་རྒྱུ་ཡིན་འདུག

 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. ཇ་མ་ says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གི་མཛད་འཕྲིན་རྒྱས་བ་མང་དྲག་པའི་ཚོད་རེད། ད་ནས་ངལ་གསོ་མང་ཙམ་གནང་ན་ཡག་ཤོས་རེད།

    Reply
  2. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    ༧གོང་ས་༧སྐྱབས་མགོན་མཆོག་མཛད་འཕྲིན་ཡར་ངོ་ལྟར་འཕེལ་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese