མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲོམ་ས་ ༡༢༩ ལ་བསྐྱར་དུ་ལམ་ཁ་འཚོལ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

མེག་མོར་ཁུལ་གྱི་བོད་པ་ཐང་ཁྲོམ་སྟོན་མཁན་གྱི་དཀའ་རྙོག་ཐད། གཟའ་ཟླ་བའི་ཉིན་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་མི་སྣ་ཆེད་ཕེབས་ཀྱིས་བཀའ་སློབ་ལམ་སྟོན་གནང་མཐར། ས་གནས་ཀང་ར་རྫོང་གི་བཅད་ཁྲ་ལྟར་ཐང་ཁྲོམ་སྟོན་མཁན་ ༡༢༩ ཙམ་གྱི་མིང་ཐོ་བསྐྱར་དུ་འདེམས་སྒྲིག་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་དྷ་སའི་ཐང་ཁྲོམ་སྟོན་མཁན་ ༡༦༠ དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་སྨོན་ལམ་མཐར་ཕྱིན་དང་ཨ་འབྲུག་ཚེ་བརྟན།  ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོར་རྗེ། དྷ་ས་ས་གནས་མགོ་འཛིན་རྡོ་རྗེས་སྒྲོལ་མ་བཅས་བོད་ཀྱི་གཞོན་ནུའི་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་ཁང་དུ་འཛོམས་ཏེ། ཀང་རང་རྫོང་ཉེ་སྔོན་དྷ་སའི་ཐང་ཁྲོམ་ཕྱིར་བསྡུ་བྱས་པའི་དཀའ་ངལ་ཐད། དེ་སྔོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མི་སྣ་ཆེད་གཏོང་གིས་ས་གནས་ཀང་ར་རྫོང་གི་དཔོན་རིགས་ལ་ཡིག་ངག་གཉིས་ཐོག་ནས་བཀའ་སྡུར་གནང་སྟེ། ཀང་ར་རྫོང་གི་ངོས་ནས་བོད་པའི་ཐང་ཁྲོམ་སྟོན་མཁན་ ༡༢༩ ལ་ཁྲོམ་སའི་མཐུན་འགྱུར་གྱི་ཐུགས་བཞེས་གནང་གཏན་འཁེལ་ཡོད་པ་དེ་ལ་ཚང་མས་ཁུལ་བསམ་ཤེས་གུ་ཡངས་བྱས་ཏེ། ས་གནས་རྫོང་གི་ལམ་སྟོན་དེར་བརྩི་སྲུང་གནང་དགོས་པའི་གསལ་བཤད་གནང་ཡོད་འདུག

ཐག་གཅོད་དེ་ཁྲོམ་ས་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་དང་འཐུས་མི་རྣམས་ཀྱི་མགོ་འཛིན་འོག་ཐང་ཁྲོམ་སྟོན་མཁན་ཡོངས་སྤྱི་མོས་བྱུང་སྟེ། དེ་སྔའི་ས་གནས་བདེ་དོན་ལས་ཁུངས་དང་ནང་སྲིད་ལས་ཁུངས་ཀྱི་ཡིག་ཆའི་ནང་ཐང་ཁྲོམ་སྟོན་མཁན་གྱི་མིང་ཐོ་ ༡༢༨ ཡོད་པ་དག་གཞིར་བཟུང་ཐོག ནང་ཁུལ་ཕན་ཚུན་གུ་ཡངས་ཀྱི་ཐོག་ནས་ཁྱིམ་ཚང་གཅིག་ལ་ཐང་ཁྲོམ་གཉིས་ཡོད་མཁན་དང་། དེ་མིན་ཁྱིམ་ཚང་གཅིག་གིས་ཚོང་ཁང་དང་ཐང་ཁྲོམ་གཉིས་ཉར་མཁན་ཚང་མས་ས་མིག་གཅིག་རེ་ཕྱིར་འཐེན་བྱས་མཐར་ས་མིག་ ༩༡ ལས་བྱུང་མེད་སྟབས། སྔར་ཐོ་གཞུང་ནང་ཚུད་མེད་མཁན་གྱི་ཚོང་པ་ ༥༠ ཙམ་ཡོད་པ་དག་ལ་རྒྱན་བརྒྱབ་སྟེ། དེ་སྔའི་ཀང་ར་རྫོང་གི་བཅད་ཁྲའི་ནང་གསལ་ལྟར་མིང་ཐོ་ ༡༢༩ ཏག་ཏག་འདེམས་སྒྲིག་བྱས་ཤིང་། ལྷག་ལུས་ཀྱི་མིང་ཐོ་ ༡༣ ཡོད་པ་ལ་རྗེས་སུ་ས་མིག་བྱུང་སྐབས་རིམ་པ་ལྟར་འདེམས་སྒྲིག་བྱ་རྒྱུ་བཅས་གཏན་འབེབས་གནང་སོང་། གཟའ་འཁོར་རྗེས་མའི་ནང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་དང་། ནང་སྲིད་དྲུང་འཕར་ལྷུན་གྲུབ་རྡོ་རྗེ། ས་གནས་མགོ་འཛིན་རྡོ་རྗེ་སྒྲོལ་མ། ཁྲོམ་ས་སྐྱིད་སྡུག་གི་འཐུས་མི་བཅས་ཀྱིས་ཁྲོམ་སའི་མིང་ཐོ་རྣམས་ས་གནས་ཀང་ར་རྫོང་གི་འབྲེལ་ཡོད་ལུས་ཁུངས་ལ་འབུལ་འཆར་ཡོད་འདུག  



ཉེ་སྔོན་དྷ་ས་ཁུལ་གྱི་བོད་མིའི་ཐང་ཁྲོམ་ཕྱིར་བསྡུའི་གནས་ཚུལ་བྱུང་རྗེས།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་ཁྲོམ་ས་སྐྱིད་སྡུག་ཚོགས་པའི་འཐུས་མིས་དཀའ་ངལ་རིམ་པར་ཞུས་མཐར། བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་སྤྱི་འཐུས་ཟླ་བ་ཚེ་རིང་དང་ཡེ་ཤེས་སྒྲོལ་མ་ལགས་བཅས་སྔ་ཕྱིར་ཆེད་གཏོང་གིས་ས་གནས་རྒྱ་གར་ལས་ཁུངས་ལ་འབྲེལ་བ་གནང་ཡོད་པ་དང་། ལྷག་པར་དུ་ཟླ་འདིའི་ཚེས་ ༢༡ ཉིན་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་དང་ཁྲོམ་ས་སྐྱིད་སྡུག་ཚོགས་པའི་འཐུས་མི་ཁག་ཅིག ས་གནས་ཀང་ར་རྫོང་གི་རྫོང་དཔོན་དང་དྲུང་ཆེ་གཉིས་ཀྱི་སར་ཆེད་བཅར་གྱིས་གནས་ཚུལ་སྙན་སེང་ཞུས་ཡོད་འདུག འདིའི་ཐད་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་བརྗོད་ན། ས་གནས་ཀང་ར་རྫོང་གི་དྲུང་ཆེ་ལགས་ཀྱིས་ཁྲོམ་སྟོན་མཁན་གྱི་མིང་ཐོ་ ༡༢༩ དེ་ཡར་འབྱོར་རྗེས། ས་གནས་རྫོང་དཔོན་དང་ལྷན་དུ་གོ་སྡུར་གནང་གི་ཡིན་ལ། དེ་དུས་ཁྲོམ་ས་གསར་འཛུགས་མ་གྲུབ་པའི་བར་བརྒལ་གྱི་དུས་སྐབས་སུ། བོད་མི་ཚོས་སྔར་བཞིན་ཐང་ཁྲོམ་བཤམ་ཆོག་མིན་ཐད་བསྐྱར་དུ་ཐུགས་བཞེས་གནང་གི་ཡིན་ལབ་སོང་ཟེར། སྐབས་དེར་བཀའ་མོལ་ཅི་བྱུང་སྐོར་གསལ་བཤད་གནང་དོན།  “མ་གཞི་བོད་མི་ཚོས་སྲང་འགྲམ་དུ་ཐང་ཁྲོམ་སྟོན་བཞིན་པ་དེ་ནི། ས་གནས་རྫོང་གི་ཆོག་མཆན་མེད་པར་ཁྲིམས་འགལ་ཆགས་བསྡད་པ་ཞིག་ཡིན་ནའང་། བོད་མི་ཚོས་དངོས་ཡོད་དཀའ་ངལ་ལ་བསམ་ཤེས་གནང་ཐོག ས་གནས་དྲུང་ཆེ་ལགས་ཀྱིས་བོད་མི་ཐང་ཁྲོམ་སྟོན་མཁན་ ༡༢༩ ལ་དྷ་སའི་ཨམ་རྗེ་ཐོག་མེད་སྨན་ཁང་གི་རྒྱབ་ལོགས་ནས་ཀིརྟི་བྱེས་པ་གྲྭ་ཚང་བར་དུ་ཁྲོམ་ས་གསར་བ་ཞིག་གོ་སྒྲིག་བྱ་འཆར་ཡོད་པ་རེད། དེ་མ་གཏོགས་ང་ཚོས་མུ་མཐུད་ཁྲོམ་ས་ ༡༦༠ སྐྱིད་སྡུག་མཉམ་མྱོང་ཡིན་ཞེས་ཨུ་ཚུགས་བྱས་བསྡད་ན། ཁྲོམ་ས་གཅིག་ཀྱང་མི་རག་པའི་ཉེན་ཁ་ཡོད་པ་རེད” ཅེས་བརྗོད་སོང་། 



དྷ་ས་ཁུལ་གྱི་བོད་མིའི་ཐང་ཁྲོམ་ཕྱིར་བསྡུའི་དཀའ་ངལ་འབྱུང་བཞིན་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི། རྒྱ་གར་གཞུང་གིས་དྷ་རམ་ས་ལ་ནི་རིག་གནས་ཤུལ་བཞག་གི་ཡུལ་སྐོར་སྤྲོ་འཆམ་ས་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱ་འཆར་ཡོད་སྟབས། དྷ་ས་ཁུལ་གྱི་ཁོར་ཡུག་གཙང་སྦྲ་ལེགས་བཅོས་དང་། ཡུལ་སྐོར་བའི་འགྲུལ་བཞུད་ལ་སྟབས་བདེ་ཡོང་ཆེད་ལས་འཆར་མང་པོ་ཞིག་མགོ་འཛུགས་བྱེད་བཞིན་ཡོད་པས་ཡིན་འདུག ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ “རྒྱ་གར་ཁྲལ་བསྡུ་ལས་ཁུངས་ཀྱི་གནད་ཡོད་མི་སྣ་རེ་འགས་བོད་པ་ཁ་ཤས་ཀྱི་སྤྱོད་པ་ཧ་ཅང་སྡུག་ཅག་འདུག་ཅེས་ཉེ་སྔོན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྐབས་ང་ཚོར་གསུང་གི་འདུག ” ཅེས་བརྗོད་དེ། དྷ་རམ་ས་ལ་ནི་རྒྱ་གར་ནང་ཡུལ་སྐོར་མང་པོ་ཡོང་སའི་ས་གནས་གལ་ཆེན་ཞིག་ཆགས་ཡོད་སྟབས། ས་གནས་མངའ་སྡེ་གཞུང་གི་དཔོན་རིགས་དང་། ཚོང་པ་ཆེན་པོ། དེ་བཞིན་ཀང་ར་རྫོང་གི་གནད་ཡོད་མི་སྣ་མང་པོ་ཞིག་དུས་རྒྱུན་བཞུགས་སྒར་ཁུལ་དུ་ཕེབས་བཞིན་ཡོད་པ་དང་། བོད་པའི་ཚོང་བ་རྣམས་ཀྱིས་སྲང་ལམ་གཡས་གཡོན་གྱི་གཙང་སྦྲ་དང་། ཚོང་རྒྱག་སྐབས་ཀྱི་སོ་སོའི་ཀུན་སྤྱོད་ལ་གཟབ་གཟབ་མ་གནང་ཚེ། རྒྱ་གར་མི་མང་གི་མཐོང་སྣང་གི་བོད་པའི་གཟིགས་བརྙན་ལ་དོ་ཕོགས་འབྱུང་ཉེན་ཚུལ་སོགས་བརྗོད་སོང་།

དྷ་སའི་ཁུལ་གྱི་བོད་མི་མི་ ༡༣༠༠ ལྷག་གི་འཚོ་བའི་གཞི་རྟེན་དེ་ཐང་ཁྲོམ་སྟོན་ ༡༦༠ ལ་བརྟེན་ཡོད་འདུག  

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༩ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 4

  1. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    བོད་མིའི་བདེ་སྡུག་ལ་ཐུག་སྐབས་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་པ་ནི་ཡ་རབས་ཀྱི་བཟང་སྤྱོད་གཅིག་ཡིན། ཡིན་ན་ཡང་། རྒྱ་གར་གྱི་ཁྲིམས་དང་སྒྲིགས་གཞི་ལས་མ་བརྒལ་བའི་ཐོག་ནས་འཐབ་རྩོད་གནང་དགོས་པ་ལས་ཨོར་སྡོམ་གྱིས་གང་དྲན་གནང་མི་ཉན།

    Reply
  2. སྒྲོལ་མ་མཚོ། says:
    ལོ་ 15 སྔོན།

    ད་རེབ་སྤྱི་འཐུས་འདི་ཚོས་ལས་ཀ་ཡག་པོ་གནང་འདུག་པས་ཐུགས་རྗེ་ཆེ།
    སྤྱི་འཐུས་གསར་པ་ཚོས་སྤྱི་འཐུས་སྔོན་མ་ཚོའི་གོམས་གཤིས་ངན་པ་དེ་མི་ལེན་པར་སྤྱི་ལ་ཕན་པའི་ལས་དོན་འདི་ལྟར་རྩོམ་རོགས་གནང་།

    Reply
  3. བློ་བཟང་རྒྱལ་མཚན། says:
    ལོ་ 15 སྔོན།

    ཨོ་་་་དཔེ་ཡག་པོ་རེད་
    ཛ་དྲག་གི་ཀ་ངལ་ལ་ཛ་དྲག་གིས་རོགས་པ་དུས་ཐོག་ཏུ་བྱེད་ཐུབ་ན་དངོས་བྲེལ་ཕ་བཟང་པོའི་བུ་རེད།
    རྗེས་སུ་ཡང་དེ་ག་ནང་བཞིན་བྱ་རྒྱུའི་རེ་བ་ཡོད།

    Reply
  4. རླུང་རྟ་རྒྱལ། says:
    ལོ་ 15 སྔོན།

    ཆབ་སྲིད་དང་དབང་ཤུགས་རྐྱང་པའི་ཐད་ཁ་རྩོད་བྱེད་རྒྱུ་ལས་མང་ཚོགས་ལ་དོན་དངོས་སུ་ཕན་པའི་བྱ་བ་མང་པོ་སྒྲུབ་རྒྱུ་གལ་ཆེ།མི་མང་གི་དཔལ་འབྱོར་དང་།སློབ་གསོ།འཚོ་བ་སོགས་ཀྱི་ཐད་ནས་གསར་འགྱུར་མང་པོ་བཀོད་ནས་དབུས་གཞུང་ལ་ཁོ་ཚོ་ནང་ཁུལ་དུ་དབང་རྩོད་རེས་བྱེད་རྒྱུ་དེ་གཙོ་བོ་མིན་པར་དམངས་ཡོངས་ཀྱི་བདེ་སྡུག་ཐད་ཐུགས་ཁུར་དང་ལས་དོན་མཛད་རྒྱུ་དུས་དང་རྣམ་པ་ཀུན་དུ་གསར་འགོད་ཀྱི་ལམ་ནས་གསལ་འདེབས་གནངས་དང་གནང་བཞིན་པ།དེ་མིན་ཕྱིས་སུའང་གནས་ཚུལ་འདི་དག་གི་གསར་འགོད་རྒྱུན་འཁྱོངས་བྱེད་རྒྱུར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese