མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཀའ་བློན་སྟག་ལྷ་སྐལ་བཟང་གཡང་སྐྱིད་མཆོག་བགྲེས་ཡོལ་དུ་ཕེབས།

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་གཡང་སྐྱིད་མཆོག་གིས་ཕྱི་ལོ་ ༡༩༦༡ ནས་ ༢༠༡༡ བར་སྒེར་དོན་རྒྱབ་བསྐྱུར་དང་། སྤྱི་དོན་སྙིང་བཅང་གིས་བོད་གཞུང་དམངས་ལ་ཞབས་ཞུ་བསྒྲུབས་ཏེ། ད་ཆར་བཀྲེས་ཡོལ་དུ་ཕེབས་བཞིན་ཡོད་འདུག  

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཉེ་འདབས་སུ་ཡོད་པའི་རྒྱ་གར་གསོལ་མགྲོན་ཁང་ཞིག་ཏུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་བྱེད་ཡོངས་ཀྱིས་དགའ་སྐྱོ་ཟུང་གི་གསོལ་སྟོན་ཞིག་བསྒྲིགས་ཡོད་འདུག དེ་ནི་གཞུང་ས་དགའ་ལྡན་ཕོ་བྲང་གི་ཆེས་མཇུག་མཐའི་མདའ་དཔོན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་དམ་པ་དེ་ཉིད་ཀྱི་སྐུ་ཟླ། ཕྱི་དྲིལ་བཀའ་བློན་ལྕམ་སྐུ་སྟག་ལྷ་སྐལ་བཟང་གཡང་སྐྱིད་མཆོག་གིས་འདས་པའི་མི་ལོ་ ༥༠ རིང་བཙན་བྱོལ་གཞུང་དམངས་ལ་སྲི་ཞུ་བསྒྲུབ་པའི་མཐའ་མཇུག་གི་ཕེབས་སྐྱེལ་གསོལ་སྟོན་དེ་ཡིན་འདུག

གསར་འགོད་པས་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་གཡང་སྐྱིད་མཆོག་གིས་འདས་པའི་མི་ལོ་ལྔ་བཅུའི་རིང་བོད་བསྟན་སྲིད་ཀྱི་དོན་དུ་སྐུ་ངལ་སྐྱོན་པའི་ཀྱག་ཀྱོག་གི་མི་ཚེ་བརྒྱུད་རིམ་ལ་རྒྱུས་ལོན་བྱུང་བ་ལྟར་ན། ལྕམ་སྐུ་སྟག་ལྷ་སྐལ་བཟང་གཡང་སྐྱིད་མཆོག་ནི་ཕྱི་ལོ་ ༡༩༤༤ ལོར་སྟོད་ཕག་རིར་སྐྱེས་ཤིང་། ༡༩༥༤ ལོར་ཕ་ལགས་དང་མཉམ་དུ་རྒྱ་གར་ཀ་སྦུག་ཏུ་ཡོང་སྟེ་ཡེ་ཤུ་སློབ་གྲྭ་ཞིག་ནས་འཛིན་རིམ་བཅུ་གཉིས་བར་སློབ་གཉེར་གནང་། ཕྱིས་སུ་བོད་ས་རྒྱ་ལག་ཏུ་ཤོར་ཞིང་༧གོང་ས་མཆོག་གིས་གཙོས་པའི་བོད་མི་བརྒྱད་ཁྲི་ལྷག་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་སྐབས། སྐྱབས་བཅོལ་བོད་མིའི་ཁྲོད་དབྱིན་སྐད་དབྱིན་ཡིག་ཕར་ཟད། ཐ་ན་རྒྱ་གར་སྐད་ཡིག་ཡག་པོ་མཁྱེན་མཁན་ཡང་ཧ་ཅང་དཀོན་པའི་དཀའ་ངལ་འོག སྟག་ལྷ་སྐལ་བཟང་གཡང་སྐྱིད་མཆོག་གིས་མུ་མཐུད་སློབ་སྦྱོང་གནང་རྒྱུའི་གོ་སྐབས་གཞན་དབང་དུ་གྱུར་ཏེ་ ༡༩༦༡ ལོ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབ་མགོ་བརྩམས་ཡོད་འདུག 

 

ངྷ་སྟེང་བོད་ཁྱིམ་སློབ་གྲྭ་ཐོག་མར་དབུ་བརྙེས་སྐབས་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་མཆོག་གི་དྲུང་ཡིག་དང་སྐད་སྒྱུར་བའི་ཕྱག་ལས་གནང་ཞིང་། རིམ་གྱིས་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དང་འབྲེལ་མཐུད་པ། བོད་ཀྱི་དཔེ་མཛོད་ཁང་དང་བདེ་ལེགས་སྨན་ཁང་གི་འགན་འཛིན། དབྱིན་ཡུལ་སྐུ་ཚབ་དོན་གཅོད། ཐེ་ཝན་སྐུ་ཚབ་དོན་གཅོད། ཕྱི་དྲིལ་དྲུང་ཆེ་དང་འཕྲོད་བསྟེན་བཀའ་བློན་བཅས་གནང་སྟེ། བཀའ་ཤག་སྐབས་བཅུ་གཉིས་པར་ཁོས་མོས་བགྲེས་ཡོལ་གྱི་སྙན་ཞུ་ཕུལ་ཡོད་ཀྱང་། སྐབས་དེའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་རྒྱལ་ས་ལོན་ཊོན་གྱི་སྐུ་ཚབ་དོན་གཅོད་ལ་ཕེབས་དགོས་སྐོར་བཀའ་གནང་སྟེ་ཁོང་མོས་བགྲེས་ཡོལ་ཞུ་མ་ནུས་པར་མུ་མཐུད་དོན་གཅོད་ཀྱི་ལས་འགན་འཁུར་དགོས་བྱུང་འདུག ༢༠༠༧ ལོ་ནས་བཟུང་ཕྱིར་རྒྱ་གར་དུ་ཕེབས་ཏེ་ཕྱི་དྲིལ་བཀའ་བློན་གྱི་ཕྱག་ལས་གནང་ཞིང་ ༢༠༠༨ ལོར་བོད་ནང་ཞི་རྒོལ་ཆེན་མོ་བྱུང་སྐབས། དུས་ཡུན་ཟླ་ ༢ རིང་འཛམ་གླིང་རྒྱལ་ཁབ་ཁག་ ༡༢ ཙམ་ལ་ཆེད་ཕེབས་ཀྱིས། རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་དང་གྲོས་ཚོགས་འཐུས་མི། གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། མང་ཚོགས་བཅས་ལ་བོད་ཀྱི་དངོས་ཡོད་གནས་ཚུལ་གསལ་བཤད་གནང་ཡོད་བ་བཅས་བོད་པའི་རྩ་དོན་འཐབ་རྩོད་ཀྱིས་མཚོན་པའི་ཤེས་ཡོན་དང་འཕྲོད་བསྟེན། དཔལ་འབྱོར་བཅས་ཀྱི་ཐོག་གྲུབ་འབྲས་རླབས་ཆེན་བཞག་ཡོད།

 

བཀའ་བློན་སྟག་ལྷ་སྐལ་བཟང་གཡང་སྐྱིད་མཆོག་གིས་གསུངས་དོན།  “ ང་ཚོས་ལས་ཀ་ག་རེ་བྱས་ཀྱང་སྐྱབས་བཅོལ་བའི་གནས་སྟངས་འོག་བསྡད་ཡོད་དུས། རྒྱལ་ཁབ་གཞན་དང་བསྡུར་ན་དཀའ་ངལ་དང་རྡོག་ཁྲེས་ཆེན་པོ་ཞིག་ཡོད་བརྗེད་ཉན་གི་མ་རེད། འོན་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་ང་ཚོ་ཡག་པོ་རེད་བསམ་གྱི་འདུག ང་རང་གིས་མི་ལོ་ ༥༠ རིང་དགའ་ལྡན་ཕོ་བྲང་ལ་ཞབས་ཞུ་ཞུས་པ་དེ། ང་རང་སྒེར་ངོས་ནས་སྐལ་བ་བཟང་པོ་ཐོབ་སོང་སྙམ་པའི་སྤོབས་པ་ཡོད་ལ། སྤྱི་བར་ཆ་བཞག་ནའང་༧གོང་ས་མཆོག་གིས་བཀའ་དྲིན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་འདི་ཡག་པོ་ཆགས་འདུག་བསམ་ཡོད། ང་རང་རྒན་ཡོལ་དུ་འགྲོ་བ་དེ་སེམས་ཤུགས་ཆགས་པ་གང་ཡང་མིན། ད་ལྟ་ང་རང་ལོ་ ༦༨ བསླེབས་དུས་རྒན་ཁོགས་ཆགས་པ་རེད། ལུས་པོའི་ཡང་ལྕོག་གི་མི་འདུག རང་ལ་འཇོན་ཐང་ཡོད་མིན་ལ་མ་ལྟོས་པར་ད་བར་གཞུང་གིས་བཀའ་གནང་བ་ཚང་མ་གང་ཐུབ་ཀྱིས་བསྒྲུབས་པ་ཡིན། ” ཅེས་གསུངས་བྱུང་།

ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱི་ལས་བྱེད་རྒན་གྲས་སྤྱི་ཟུར་རྨེའུ་མགོན་པོ་མཚོ་ལགས་སུ་བཀའ་བློན་སྟག་ལྷ་སྐལ་གཡང་སྐྱིད་མཆོག་བགྲེས་ཡོལ་དུ་ཕེབས་པར་སེམས་ཚོར་ཅི་ཡོད་དྲིས་པར།  “ བཀའ་བློན་མཆོག་གིས་ ༡༩༦༡ ལོ་ནས་ད་བར་གཞུང་ལ་ཧུར་ཐག་གིས་ཞབས་ཞུ་བསྒྲུབས་པ་རེད།  ཁོང་ནི་མི་གཉོམ་ཆུང་དང་མཐུན་པོ། ལས་བྱེད་ཚང་མར་ལྟ་སྟངས་གཅིག་པ་འཛིན་ཐུབ་མཁན་ཞིག་རེད། བོད་ཀྱི་བུད་མེད་ཅིག་གིས་བཙན་བྱོལ་བོད་གཞུང་ལ་མི་ལོ་ ༥༠ རིང་ཞབས་ཞུ་བསྒྲུབས་པ་དེ་ཧ་ཅང་གཟི་བརྗིད་ཆེན་པོ་ཞིག་རེད་བསམ་གྱི་འདུག འདི་ལ་བོད་ཀྱི་བུད་མེད་ཚོས་མིག་དཔེ་བལྟ་དགོས་པ་ཞིག་རེད། མཚམས་རེར་གཞུང་གི་མགོ་ཁྲིད་རེ་ཟུང་གིས་ལས་ཁུངས་ནས་དགོངས་པ་ཞུ་སྐབས། ཁ་ཤས་ཀྱིས་རྒྱབ་ནས་སྐད་ཆ་བཤད་མཁན་ཡོང་གི་ཡོད་ཀྱང་། ད་ཐེངས་བཀའ་བློན་མཆོག་བགྲེས་ཡོལ་གནང་བ་དེར། ལས་བྱེད་ཚང་མས་བློས་གཏོང་ཐུབ་ཀྱི་མེད་པའི་རྣམ་འགྱུར་སྟོན་གྱི་འདུག དེའི་ཐོག་ནས་ལས་བྱེད་རྣམས་ཁོང་ལ་དགའ་ཞེན་ཆེན་པོ་ཡོད་པ་མཚོན་གྱི་འདུག  ” ཅེས་བརྗོད་བྱུང་།

བཀའ་བློན་སྟག་ལྷ་སྐལ་བཟང་གཡང་སྐྱིད་མཆོག་ནི་དུས་རབས་གསར་རྙིང་གཉིས་ཀྱི་གཞུང་ཞབས་རྒན་གྲས་ཤིག་ཡིན་པ་མ་ཟད། འདས་པའི་དུས་རབས་ཕྱེད་ཀའི་རིང་གཞུང་ལ་སྲི་ཞུ་བསྒྲུབ་མཁན་གྱི་སྐྱེས་མ་རླབས་ཆེན་ཞིག་ཆགས་ཡོད།

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་བཙན་གནོན་ཐེབས་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

སྐར་མ ༥༥ སྔོན་ལ།
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

ཆུ་ཚོད་ ༣ སྔོན་ལ།
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 18

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    སྟག་ལྷ་སྐལ་བཟང་གཡང་སྐྱིད་ལ་ཐུགས་རྗེ་ཆེ་དང་། སྐུ་ཚེ་ཡུན་བརྟན་ཤོག །

    Reply
  2. ཕྱུགས་རྫི says:
    ལོ་ 12 སྔོན།

    ལས་ཀ་མཚམས་འཇོག་པ་ལ་དགའ་བསུ།

    Reply
  3. ཐ་ཧྭར་སྐལ་བཟང་། says:
    ལོ་ 12 སྔོན།

    སྟག་ལྷ་སྐལ་བཟང་གཡང་སྐྱིད་ལ་ཐུགས་རྗེ་ཆེ་ཞུ།

    Reply
  4. ལུང་རྟོགས། says:
    ལོ་ 12 སྔོན།

    མི་རིགས་འདིའི་ཆེད་དུ་མི་ལོ་ལྔ་བཅུར་སྐུ་ལས་སྐྱོན་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བྱ་བ་མཐའ་དག་ལམ་འགྲོ་ཡོང་བའི་སྨོན་ལམ་འདེབས།

    Reply
  5. མི་རབས་གསར་པ་ says:
    ལོ་ 12 སྔོན།

    སེམས་གཏིང་ནས་བཀའ་འདྲིན་རྗེས་དྲན་ཞུ་རྒྱུ་ཡིན།

    དྲང་བདེན་དང་ལྷག་བསམ་ཅན་ལ་དགའ་བའི་བོད་མི་ཡོངས་ཀྱིས་ཚབ་བྱས་ནས་ངས་བཀའ་བློན་དམ་པ་ཁོང་ལ་བརྗེས་སུ་ཡི་རང་དང་བྱ་བ་ལམ་སློང་ཡོང་བའི་སྨོན་འདུན་ཞུ་གི་ཡིན་་་་
    ཁོ་བོ་ལ་མཚོན་ན་དངོས་གནས་བློ་ཕམ་བྱུང་་
    སྔར་ནས་ད་ལྟའི་བར་འུ་ཅག་བཙན་བྱོལ་དཔོན་རིགས་སྐུ་ངོ་ཚོས་ཁ་ནས་༧་གོང་ས་མཆོག་གོང་ས་མཆོག། ཁོག་ཏུ་ཆོལ་ཁ་ཆོས་བརྒྱུད། ལུང་ཚན་ཚོགས་སྡེ་སོགས་ཀྱི་ཕྱོགས་རིས་ལར་ཞེན་གྱི་ན་ཚ་རྙིང་པ་ཁོ་ན་འཕྱུར་ནས། ནང་ཁུལ་འཐེན་འཁྱེར་དང་རྩོད་རྙོག་ངང་བོད་ཀྱི་རྩ་དོན་ཐོག་ཆིག་སྒྲིལ་མེད་པ། གཞུང་ལ་ལྷག་བསམ་མེད་པ། མང་ཚོགས་ལ་ཤ་ཚ་མེད་པ། ལས་ཀ་ལ་གྲུབ་འབྲས་མེད་པ་མདོར་ན་རང་དོན་ཁོ་ནའི་ཆེད་དུ་གཞུངས་གཙོང་མི་དེ་ཚོ་ལ་ནི་དགོས་པའི་དགེན་ཡོལ་ཞུ་སྒྱུ་མེད་པར་མི་དགོས་པའི་༧གོང་ས་མཆོག་གཙོས་པའི་ལྷག་བསམ་དང་དྲང་བདེན་ཅན་གྱི་སྐུ་དངོས་དེ་ཚོ་ནི་ནམ་ལང་ཁིའི་ཀརྨ་དང་གཅིག་པ་ཆག་འགྲོ་གི་འདུག་ད་བྱས་ན་བོད་རང་བཙན་བོད་རང་སྐྱོང་བོད་བདག་དབང་དེ་ཚོ་ཚང་མ་བླ་རྒན་ཟམ་གདོང་དང་པེན་པ་རྒྱག་པ་གཉིས་གཙོས་པའི་རྒྱལ་གཙོང་བ་ཁ་ཤས་ཀྱིས་བདག་དབང་ཡིན་པ་འདོད་།

    Reply
  6. ཁྱུང་དཀར says:
    ལོ་ 12 སྔོན།

    སྐྱེས་མ་ཁོང་རྒན་ཡོལ་དུ་ཕེབས་པར་བཀྲ་ཤིས་བདེ་ལེགས་ཞུ་བ་སྦྲགས་དང་མི་ལོ་ལྔ་བཅུའི་རིང་ལ་རང་ནུས་ཁུར་ཚོད་ཀྱིས་ལས་འགན་གང་སྒྲུབ་གནང་བ་བཀའ་དྲིན་ཆེ་ཞུ་བ་ཡིན་ལ། ང་ཚོའི་བོད་ཀྱི་བུད་མེད་ཚོའི་སྐྱེས་མ་ཁོང་མིག་དཔེ་བགྲང་གཞི་ལྟ་བུ་ཞིག་ཏུ་གྱུར་ཡོད།

    Reply
  7. ཁུགས་གཟར་དུག་མདའ། says:
    ལོ་ 12 སྔོན།

    ཡང་ཡང་ཡང་ རྒན་ཁོག་གཅིག་བགྲེས་ཡོལ་ལ་ཕེབས་ཚར་འདུག བཅའ་ཁྲིམས་བསྒྱུར་བཅོས་རྒྱབ་དགོས་རྒྱུ་རེད། དེ་ཡིན་དུས། ལག་པ་ཕྱི་ས་བོད་རྒྱལ་ཡོངས་ཚོགས་ཆེན་ཐེངས་གསུམ་པ་དེ་ས་གནས་རྒྱལ་ས་པེ་ཅིང་ལ་ཚོགས་དགོས་རྒྱུ་རེད།

    Reply
  8. གྲགས་བསོད་ says:
    ལོ་ 12 སྔོན།

    ཡང་རྨོ་བོ་ལགས་གཅིག་བགྲེས་ཡོལ་འཐོན་འདུག་ བསམ་བློ་བ་དངམི་རིགས་ལ་དུག་ཞེནཡོད་་པ་གཅིག་རྐུབ་རྟེན་སྟེང་ལ་ཕེབས་ཤོག

    Reply
  9. སྟོང་སྐོར་ཐུབ་བསྟན། says:
    ལོ་ 12 སྔོན།

    སེམས་གཏིང་ནས་བཀའ་འདྲིན་རྗེས་དྲན་ཞུ་རྒྱུ་ཡིན།

    Reply
  10. རྒྱ་རྙི། says:
    ལོ་ 12 སྔོན།

    ཨ་མ་ཁོང་ལ་སྙིང་ནས་ཐུགས་རྗེ་ཆེ། མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ལོ་མང་རིང་དཀའ་ལས་བསྐྱོན་པ་ནི། རང་ཉིད་བློས་བཏང་བ་འདྲ་བས། མི་རབས་གསར་པ་ཚོས་ཁ་མིག་ཡར་ལྟ་བྱེད་ས་ཞིག་ཡིན།

    Reply
  11. དབྱངས་ཅན་སྒྲོལ་མ། says:
    ལོ་ 12 སྔོན།

    ཨ་མ་ལགས་ཁྱེད་ཀྱི་ལོ་རྒྱུས་ནས་མི་ལོ་ལྔ་བཅུའི་རིང་ལ་བླ་ན་མེད་པའི་ལྷག་བསམ་དང་སྙིང་སྟོབས་བསྐྱེད་དེ་བཙན་བྱོལ་གཞུང་ལ་ཕྱག་ལས་གནང་ཏེ། ད་ལྟ་ཡང་རྒྱལ་ཁའི་ངང་བགྲེས་ཡོལ་གནང་བ་ལ་སེམས་བསམ་པའི་གཏིང་ནས་ངས་ཡིད་སྨོན་ཤོར་བཞིན་ཡོད།
    སེམས་གཏིང་ནས་བཀའ་འདྲིན་རྗེས་དྲན་ཞུ་རྒྱུ་ཡིན།
    སླད་མར་ཞུ་རྒྱུ་ཞིག་ལ།
    ཁྱེད་ཀྱིས་མི་ལོ་༥༠རིང་ལ་སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་བཞིན་བོད་ཀྱི་ཆོས་སྲིད་བྱ་བ་ལག་རྗེས་བཟང་བོ་བཞགས་པའི་མཐུན་ལ་བརྟེན་ནས་ཁྱེད་ཀྱི་བསམ་པས་དོན་ཐམས་ཅད་གེགས་མེད་འགྲུབ་པའི་རེ་བ་ཡོད།

    Reply
  12. བླ་མ་ཚེ་རིང་བཀྲ་ཤིས། says:
    ལོ་ 12 སྔོན།

    བཀའ་དྲིན་བརྗེས་དྲན་ཞུ་།

    Reply
  13. དུག་ཚེར་དམར་པོ། says:
    ལོ་ 12 སྔོན།

    དྲང་བདེན་དང་ལྷག་བསམ་ཅན་ལ་དགའ་བའི་བོད་མི་ཡོངས་ཀྱིས་ཚབ་བྱས་ནས་ངས་བཀའ་བློན་དམ་པ་ཁོང་ལ་བརྗེས་སུ་ཡི་རང་དང་བྱ་བ་ལམ་སློང་ཡོང་བའི་སྨོན་འདུན་ཞུ་གི་ཡིན་་་་
    ཁོ་བོ་ལ་མཚོན་ན་དངོས་གནས་བློ་ཕམ་བྱུང་་
    སྔར་ནས་ད་ལྟའི་བར་འུ་ཅག་བཙན་བྱོལ་དཔོན་རིགས་སྐུ་ངོ་ཚོས་ཁ་ནས་༧་གོང་ས་མཆོག་གོང་ས་མཆོག། ཁོག་ཏུ་ཆོལ་ཁ་ཆོས་བརྒྱུད། ལུང་ཚན་ཚོགས་སྡེ་སོགས་ཀྱི་ཕྱོགས་རིས་ལར་ཞེན་གྱི་ན་ཚ་རྙིང་པ་ཁོ་ན་འཕྱུར་ནས། ནང་ཁུལ་འཐེན་འཁྱེར་དང་རྩོད་རྙོག་ངང་བོད་ཀྱི་རྩ་དོན་ཐོག་ཆིག་སྒྲིལ་མེད་པ། གཞུང་ལ་ལྷག་བསམ་མེད་པ། མང་ཚོགས་ལ་ཤ་ཚ་མེད་པ། ལས་ཀ་ལ་གྲུབ་འབྲས་མེད་པ་མདོར་ན་རང་དོན་ཁོ་ནའི་ཆེད་དུ་གཞུངས་གཙོང་མི་དེ་ཚོ་ལ་ནི་དགོས་པའི་དགེན་ཡོལ་ཞུ་སྒྱུ་མེད་པར་མི་དགོས་པའི་༧གོང་ས་མཆོག་གཙོས་པའི་ལྷག་བསམ་དང་དྲང་བདེན་ཅན་གྱི་སྐུ་དངོས་དེ་ཚོ་ནི་ནམ་ལང་ཁིའི་ཀརྨ་དང་གཅིག་པ་ཆག་འགྲོ་གི་འདུག་ད་བྱས་ན་བོད་རང་བཙན་བོད་རང་སྐྱོང་བོད་བདག་དབང་དེ་ཚོ་ཚང་མ་བླ་རྒན་ཟམ་གདོང་དང་པེན་པ་རྒྱག་པ་གཉིས་གཙོས་པའི་རྒྱལ་གཙོང་བ་ཁ་ཤས་ཀྱིས་བདག་དབང་ཡིན་པ་འདོད་།

    Reply
  14. བཀྲ་ཤིས་དོན་གྲུབ། says:
    ལོ་ 12 སྔོན།

    སྙིང་ནས་གུས་འདུད་དང་བླ་ན་མེད་པའི་གོང་བཀུར་བྱེད།

    Reply
  15. བཙན་བྱོལ་བ་ says:
    ལོ་ 12 སྔོན།

    སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱི་མཛད་རྗེས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཁོང་དང་རྗེ་བཙུན་པདྨ་སོགས་ནི་བོད་ཀྱི་བུད་མེད་ཀྱི་དཔེ་མཚོན་ཤིག་ཏུ་གྱུར་ཡོད། ཁོ་བོའི་ཡིད་ཆེས་ལ་ཁོང་ལྟ་བུས་བོད་གཞུང་གི་སྒྲིག་འཛུགས་ཁོང་ནས་རྒས་ཡོལ་ཐོན་ཡོད་ཀྱང་བོད་སྤྱི་པའི་ལས་དོན་ཐོག་ལ་ནམ་ཡང་རྒས་ཡོལ་ཐོན་གྱི་མ་རེད། དེ་ལ་ངོས་རང་ཡིད་ཆེས་གཙང་མ་ཡོད།

    Reply
  16. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 12 སྔོན།

    གུས་པར་འོས་པའི་བཀའ་བློན་མཆོག་གིས་མི་ལོ་ལྔ་བཅུའི་རིང་སྒེར་དོན་གཡས་སྐྱུར་གཡོན་སྐྱུར་གྱིས་བོད་མི་རིགས་ལ་ཞབས་ཞུ་གནང་བར་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply
  17. palyon says:
    ལོ་ 12 སྔོན།

    དངོས་གནས་གོང་དུ་རྨེའུ་མགོན་པོ་མཚོས་བཤད་པ་ནང་བཞིན་བཀའ་བློན་དེ་དངོས་གནས་ཀྱི་དྲང་པོ་དྲང་བཞག་ལྷག་བསམ་རྣམ་དག་ཆེ་འདོད་མེད་མཁན།་་་་་་་ལས་བྱེད་ཚང་མར་ལྟ་སྟངས་གཅིག་འགྱུར་འཛིན་ཐུབ་མཁན་ཟེར་བ་བརྒྱ་ཆ་བརྒྱ་བདེན་པ་རེད།་་་་རྒྱབ་སྐྱོར་ཡོད།་་་་ཁོ་མོ་ནི་ཉིན་རེ་ལས་དོན་གནང་ཕྱོགས་ཐད་རྒྱབ་མདུན་མེད་མཁན།་་མགོ་གཉིས་མ་འཁྲབ་མི་ཤེས་མཁན།་་་ཕྱི་གསལ་ནང་གསལ་གནང་ཐུབ་མཁན་ཞིག་ཡིན་པར་སོང་དེ་འདྲ་བས་བཀའ་བློན་ཞིག་དང་ཁ་བྲལ་དགོས་པ་དེ་དངོས་གནས་ཧ་ལས་པས་འབྲེལ་ཡོད་ལས་བྱེད་དེ་དག་ཕངས་པོ་རེད།་་་དེ་ལྟ་བུའི་ཁྱད་ཆོས་ལྡན་པས་བེུད་ཀྱི་བཀའ་བློན་ལར་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྙེད་དཀའ།་་་་་་་་ཡིན་ནའང་མི་ཡི་མི་ཚེ་ནང་མི་ལོ་ལྔ་བཅུ་ཐམ་པ་གཞུང་གི་ཞབས་འདེགས་ཞུས་པ་དེ་ཧ་ལས་པས་ལྷག་བསམ་དང་སྤོབས་པ་འོས་པ་རེད།་་་་་དངོས་འབྲེལ་རེད་ད་ལྟའི་འཆར་ལོ་ནའི་བབས་ཀྱི་ཆ་ནས་དང་།་་་ཁོ་མོ་རང་ཉིད་ཀྱི་བུ་ཕྲུག་དང་བུ་ཕྲུག་གི་བུ་ཕྲུག་ཡོད་པར་སོང་ཚེ་ལྷག་ཇི་ཡོད་དེ་དག་རང་ཉིད་ཀྱི་བུ་ཕྲུག་མཉམ་དགའ་དགའ་སྤྲོ་སྤྲོ་ངང་བཀྲིས་ལོ་ལེགས་དང་།་་ས་ཕྱོགས་གང་དུ་ཕྱིན་ཀྱང་བྱ་བ་ལམ་ལྷོངས་ཡོང་བས་བོད་མི་རྩམ་གཟན་ཁྱོད་ལ་རྒྱུད་མངའ་ཡོད་པ་དང་གྲོགས་འདྲིས་ཡོད་པ་ཡོངས་ནས་བཀྲིས་སྨོན་འདུས་ཞུ་རྒྱུ་ཡིན།

    Reply
  18. མྱུལ་ཞིབ་པ་ says:
    ལོ་ 12 སྔོན།

    སེམས་གཏིང་ནས་བཀའ་འདྲིན་རྗེས་དྲན་ཞུ་རྒྱུ་ཡིན་་་་་་རང་དོན་ཡོངས་སུ་སྤངས་ནས་སྤྱི་དོན་ལ་ལྷག་བསམ་དཀར་བའི་མཛངས་མ་མཆོག
    དེ་བཞིན་གཞུང་ཞབས་འགྲེས་པ་རྣམས་རིམ་བཞིན་འགྲེས་ཡོལ་གནང་ན་ཡག་པོ་འདུག
    མི་རབས་གསར་པ་རྣམས་ལ་རྩིས་སྤྲོད་གནང་རོགས།
    འགྲེས་ཡོལ་གནང་རོགས་་་་་་་་་་་་འགྲེས་ཡོལ་གནང་རོགས་་་་་་་་་་་འགྲེས་ཡོལ་གནང་རོགས་་་་་་་་་འགྲེས་ཡོལ་གནང་རོགས་་་་་་་་་འགྲེས་ཡོལ་གནང་རོགས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist