མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་ཆེན་མོ་ཞིག་སྐུ་གཤེཊ་པ།

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་རིགས་ཀྱི་སློབ་གསོའི་ལས་དོན་ཐོག་རླབས་ཆེན་གྱི་ཕྱག་རྗེས་ཆེ་བའི་དགེ་རྒན་ཆེན་མོ་སངས་རྒྱས་རྒྱལ་ལགས་སྐུ་སྐུའི་སྙུང་གཞིའི་དབང་གིས་སྐུ་གཤེགས་ཡོད་འདུག  

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༢ དང་སྐར་མ་ ༤༦ གི་ཐོག་མཁས་དབང་སྐུ་ཞབས་སངས་རྒྱལ་ལགས་སྙུང་གཞི་ཞིག་གི་དབང་གིས་ཟི་ལིང་གི་རང་ཤག་ནས་སྐུ་ཚེ་འཕེན་པ་རྫོགས་ཡོད་པ་དང་། ད་ལྟ་དགུང་ལོ་ ༥༥ ཡིན་འདུག དགེ་རྒན་ཆེན་མོ་སངས་རྒྱས་རྒྱལ་ལགས་ནི་ཕྱི་ལོ་ ༡༩༥༧ ལོར་མདོ་སྨད་རྡོ་སྦིས་གཤོང་པ་སྡེ་བར་སྐྱེས་ཤིང་། ༡༩༧༤ ལོ་ནས་ཡ་རྫི་རྫོང་རྐང་ཚ་ཤང་གི་དམངས་སྒྲུབ་དགེ་རྒན་གྱི་ཕྱག་ལས་གནང་ཞིང་། ཞོར་དུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་རིག་སྡེ་ཁག་ཏུ་སློབ་གཉེར་གནང་ཡོད་འདུག

༡༩༧༨ ལོ་ནས་བཟུང་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་དང་མཚོ་སྔོན་སློབ་གསོ་སློབ་གླིང་བཅས་སུ་གྲངས་རིག་གི་དགེ་རྒན་གནང་སྟེ། ཕྱི་སྐད་ཐོག་ཡོད་པའི་དེང་རབས་གྲངས་ཀྱི་རིག་གནས་བོད་ཡིག་གི་ལམ་ནས་སློབ་ཁྲིད་ཀྱི་སྲོལ་ཐོག་མར་གཏོད་ཅིང་། སྔ་ཕྱིར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་སྟོན་པ་དང་མཚོ་སྔོན་ཞིང་ཆེན་ལོ་ཙཱ་བ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་སློབ་གཙོ་གཞོན་པ་བཅས་ཀྱི་འགན་འཁུར་ཡོད། དེང་རབས་གྲངས་རིག་གི་ཐད་ལ་ཁྱད་དུ་འཕགས་པའི་རིགས་རྩལ་རྒྱས་ཏེ། བོད་ཀྱི་སྐར་རྩིས་རིག་པའི་ཕྱོགས་ནས་སེང་གྷ་པོར་ནན་ཡཱང་རྩིས་ཚན་བཟོ་རིགས་སློབ་ཆེན་དང་ཨ་རིའི་ལྦི་ཇི་ནེ་ཡཱ་སློབ་ཆེན། ཧོང་ཀོང་སློབ་ཆེན། པེ་ཅིན་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། པེ་ཅིན་དགེ་ཐོན་སློབ་ཆེན་སོགས་སུ་བོད་ཀྱི་རིག་གནས་དང་འབྲེལ་བའི་སློབ་ཁྲིད་དང་གསུང་བཤད་རབས་དང་རིམ་པ་གནང་ཡོད་འདུག

སློབ་གཉེར་གྱི་བཞུད་ལམ་རིང་མོའི་ཁྲོད་ཀྱི་བསྒྱུར་ཡིག་དང་བརྩམས་ཆོས་དག་ནི་༼གྲངས་རིག་རྒྱ་མཚོའི་འཇུག་ངོགས༽དང་༼དབྱིབས་རིག་ཞིབ་འགྲེལ༽། མཐོ་རིམ་སློབ་འབྲིང་གི༼གྲངས་རིག༽དང་༼ཚབ་རྩིས༽། ༼ གྲངས་རིག་སློབ་ཁྲིད་བྱེད་ཐབས༽། ༼མཐོ་རིམ་ཚབ་རྩིས༽། ༼གྲངས་རིག་དབྱེ་ཞིབ༽སོགས་ཡིག་བསྒྱུར་དང་ཞུ་དག་པའི་འགན་བཞེས་ཤིང་། ༢༠༠༠ ལོ་ནས་བཟུང་པར་བསྐྲུན་བྱས་པའི་༼རྟེན་འབྲེལ་བསྟོད་པའི་འགྲེལ་བ༽དང་།༼སྐར་རྩིས་དང་སྐྱེ་ཁམས༽། ༼སྐྱེ་དགུའི་ཕན་བདེའི་འབྱུང་གནས༽། ༼ལམ་རིམ་བརྗེད་བྱང་ཆེན་མོ་ཕན་བདེ་འབྱུང་གནས༽། སྟོད་སྨད་གཉིས། དཔྱད་རྩོམ་༼བོད་ཡིག་ཨང་ཀིས་མཚོན་བྱེད་འཕྲུལ་གྱི་གཤོག་པ༽དང་༼ སེང་གྷ་པོའི་སྐད་གཉིས་སློབ་གསོ་དང་བསྡུར་དེ་དཔྱད་པ།༽། ༼དུས་རབས་ཉེར་གཅིག་པའི་བོད་ཀྱི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས༽། ༼བོད་རིགས་སློབ་གྲྭ་ཆེན་མོའི་བསླབ་གཞི་བཅོས་བསྒྱུར་སྐོར་གྱི་དཔྱད་གཏམ༽། ༼བོད་རིགས་འབྲོག་ཁུལ་གྱི་ཐོན་ཁུངས་སྐོར་གྱི་དཔྱད་གཏམ༽བཅས་རྩོམ་གནང་མཛད་ཡོད་འདུག  

གཞན། ཁོང་གིས་རང་ཉིད་ཀྱི་ལས་ཀའི་ཞོར་ནས་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ་བོད་ཀྱི་རོང་འབྲོག་ས་ཁུལ་དུ་བོད་རིགས་དགེ་རྒན་ཟབ་སྦྱོང་འཛིན་གྲྭ་བཙུགས་ཤིང་། མདོ་དབུས་མཐོ་སྒང་གི་རི་ཆུ་དང་རི་སྐྱེས་སྲོག་ཆགས། རྩི་ཤིང་དང་འབྲེལ་བའི་ས་གནས་སློབ་གྲྭའི་བསླབ་གཞི་རྩོམ་སྒྲིག་པའི་ཕྱག་ལས་གནང་སྟེ་དཔེ་དེབ་ལྔ་དང་། ཧོང་ཀོང་སྦྱིན་སྤྲོ་ཐེབས་རྩ་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ། བོད་མིའི་འདུ་ཤེས་དང༌བོད་ཀྱི་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ། བོད་ཀྱི་རི་མོ། བོད་ཀྱི་གླུ་གར། བོད་ཀྱི་ལག་རྩལ་བཅས་ཕྱོགས་ལྔ་འཛོམས་པའི་དཔེ་དེབ་ལྔ་བཅས་དཔེ་དེབ་ ༡༠ དཔར་སྐྲུན་བྱེད་བཞིན་ཡོད་འདུག གཞན། ཧོང་ཀོང་སློབ་གྲྭ་ཆེན་མོ་དང་མཉམ་འབྲེལ་ཐོག་ཀྲུང་གོ་བོད་ཀྱི་སློབ་གསོ་དྲ་བ་དབུ་འབྱེད་སོགས་ལས་གཞི་གང་མང་ཞིག་བསྒྲུབ་ཏེ། དེང་རབས་ཀྱི་རིག་གནས་བོད་རིག་ཅན་དང༌། བོད་ཀྱི་སྲོལ་རྒྱུན་རིག་གནས་དེང་རབས་ཅན་དུ་སྒྱུར་བའི་ཐད་ལ་ཕྱག་ལས་རྒྱ་ཆེར་གནང་ཡོད་པར་མ་ཟད། བོད་རྒྱའི་ལོ་ཙཱའི་བྱ་བ་བླ་ལྷག་ཏུ་བསྒྲུབས་ཏེ། སྐུ་ཚེ་ཧྲིལ་བོ་མི་རིགས་སློབ་གསོའི་ལས་དོན་ཐོག་ཕུལ་ཡོད་པ་རེད།

 གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

མཆན། 9

  1. དཔའ་རྒོད། says:
    ལོ་ 15 སྔོན།

    ངའི་སེམས་གཏང་ནས་འགྱོད་འཕང་ཆེན་པོ་ཡོད།

    Reply
  2. དཔའ་རྒོད། says:
    ལོ་ 15 སྔོན།

    དངོས་གནས་བོད་ཀྱི་ཤེས་ཡོན་ཅན་རྣམས་པ་ཚོ་འདི་འདྲ་དགོངས་པ་རྫོགས་སོང་ན་བོད་མི་རིགས་ལ་གྱོང་སྒྱུད་ཅིག་རེད། ཁོང་ལ་རྗེས་དྲན་སུ་མྱ་ངན་བྱེད་གྱི་ཡོད།

    Reply
  3. དབྱངས་ཅན་སྒྲོལ་མ། says:
    ལོ་ 15 སྔོན།

    འཕང་བ་ལ་འགྱོད་སེམས་ཆེན་པོ་ཡོད།

    Reply
  4. དྲག་རླུངས། says:
    ལོ་ 15 སྔོན།

    རྒན་དམ་པ་དགེ་རྒན་ཆེན་མོ་སངས་རྒྱས་རྒྱལ་ཁོང་དགོངས་པ་རྫོགས་སོང་བར་ཐོས་པས་ཁོང་ལ་རྗེས་དྲན་དང་མྱ་ངན་བྱེད་བཞིན་ཡོད།

    Reply
  5. ཉི་ཟེར། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་རིག་གཞུང་གི་བླ་སྲོག་ལྟ་བུ་ཤེས་ཡོན་ཅན། རྒན་དམ་པ་དགེ་རྒན་ཆེན་མོ་སངས་རྒྱས་རྒྱལ་ཁོང་དགོང་པ་རྫོགས་སོང་བར་ཐོས་པས་ཁོང་ལ་རྗེས་དྲན་དང་མྱ་ངན་བྱེད་བཞིན་ཡོད།
    ནོར་བུ་རང་ལ་ཡོད་དུས། །ནོར་བའི་ནོར་ཉམས་མི་ཤེས །ནོར་བུ་དགྲ་ལ་ཤོར་དུས་མིག་མཐའ་མཆི་མའི་གང་སོང་།། ཟེར་བ་བཞིན་རེད་འདུག

    Reply
  6. རླུང་རྟ་རྒྱལ། says:
    ལོ་ 15 སྔོན།

    བོད་ཀྱི་དེང་རབས་སྐད་གཉིས་སློབ་གསོའི་ཐད་བླ་ན་མེད་པའི་བྱས་རྗེས་ཕུལ་མཁན་དམ་པ་གང་ཉིད་ལ་ངས་རང་གི་སེམས་པ་མཆོད་མེ་སྟོང་དུ་བསྒྲོན་ནས་མྱ་ངན་གྲངས་མེད་ཞུ་བ་ཡིན།བཀྲ་མི་ཤིས་པའི་གཏམ་འདི་ཐོས་རྗེས།ངའི་སེམས་སུ་རང་དབང་མེད་པར་ད་ལྟ་བོད་ན་བོད་རང་གི་མི་རིགས་ལ་ཤ་ཞེན་ཆེ་ཞིང་བོད་ཀྱི་མ་འོངས་པའི་མདུན་ལམ་ལ་རང་གི་མི་ཚེ་ཧྲིལ་པོ་བློས་གཏོང་མཁན་དམ་པ་ཁོང་ཉིད་ལྟ་བའི་མི་ག་ཚོད་ཡོད་དམ་སྙམ།ཕལ་ཆེར་མཛུབ་མོས་བརྩིས་ཆོག་པ་འདྲ་བས་སེམས་པ་ཕྲ་མོ་སྡུག་གི་དམྱལ་བའི་ནང་ལ་ལྷུང་སོང་།

    Reply
  7. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    སེམས་གཏིང་ནས་མཁས་དབང་དང་མི་རིགས་ལ་སྙིང་ཉེ་བའི་སློབ་གསོ་བ་ཆེན་མོ་ཁོང་ལ་རྗེས་དྲན་དང་མྱ་ངན་ཞུ།

    Reply
  8. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    སེམས་བསམ་པའི་གཏིང་ནས་མཁས་དབང་དེ་ལ་རྗེས་དྲན་ཞུ། ་ད་དུང་གདུང་འབོད་ཀྱང་ཞུ་རྒྱུ་ཡིན། མི་རིགས་བླ་དང་རིག་གནས་ཀྱི་སྲོག་རེ་རེ་བཞིན་འདི་ལྟར་ཡལ་སོང་ན་དངོས་གནས་ཕངས་པ་ལ། ཨ་ཨ་་་གནམ་རྒན་མཱ ཡང་སྙིང་གསེང་ལ་ཙག་སེ་བཏང་སོང་།

    མཁས་དབང་དམ་པ་ཁོང་གིས”གཞན་གྱི་སྐད་ཤེས་དགོས་པ་རེད། རང་གི་སྐད་ལ་མཁས་དགོས་པ་རེད། “ཅེས་གསུང་སྐད་ཡང་ནས་བསྐྱར་དུ་བསྐྱོན་པ་ད་དུང་རྣ་ལམ་ན་ལྷང་ལྷང་གྲགས་ཀིན་འདུག

    Reply
  9. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    དངོས་གནས་བོད་ཀྱི་ཤེས་ཡོན་ལ་ལག་རྗེས་བླ་ན་མེད་པ་འཇོག་མཁན་གྱི་སྐྱེས་པུ་ཞིག་ཡིན་པ་དང་། ཁོང་གིས་ཉེ་ཆར་སློབ་གསོའི་སྐོར་ལ་གསུངས་པའི་བཀའ་སློབ་ཅིག་འདུག དེ་ནི་ཤར་ནུབ་ཀྱི་བོད་རིགས་དག་གི་སེམས་ནང་དུ་ལྷུང་ཡོད་པ་རེད།

    ཁོང་ལ་རྗེས་དྲན་དང་མྱ་ངན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese