མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་འབྲེལ་མཐུད་པ་བཀག་ཉར།

བོད་ཀྱི་དུས་བབ།
༢༠༡༡/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བལ་ཡུལ་བོད་མིའི་འབྲེལ་མཐུད་པ་འཕྲིན་ལས་བླ་མ་དང་དྲུང་ཡིག་བྱམས་པ་དོན་གྲུབ་གཉིས་ཀྱིས་བལ་ཡུལ་སྐྱབས་བཅོལ་བོད་མིའི་དཀའ་ངལ་གྱི་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་པར་རྐྱེན་བྱས་ཏེ། ཁོང་ཉིས་བལ་ཡུལ་ཉེན་རྟོག་པས་བཀག་ཉར་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་བོད་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྒྱལ་ས་ཀ་ཐ་མན་གྲུའུ་ཡོད་པའི་ཨེམ་བྷ་སཱ་ཌོར་ Ambassador ཞེས་པའི་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐངས་ཏེ། བལ་ཡུལ་སྐྱབས་བཅོལ་བོད་མིའི་གནས་སྟངས་སྤྱི་དང་། ལྷག་པར་དུ་བལ་ཡུལ་གནས་སྡོད་བོད་མི་རྣམས་ལ་བལ་ཡུལ་གཞུང་ཕྱོགས་ནས་གནས་སྡོད་ལག་འཁྱེར་མེད་པའི་དབང་གིས་བོད་མི་ཚོར་དཀའ་ངལ་རིམ་པར་འཕྲད་ཀྱི་ཡོད་པའི་ཐད་གཞུང་ཕྱོགས་ནས་བོད་མི་ཚོར་གནས་སྡོད་ཆོག་པའི་ལག་འཁྱེར་སྤྲོད་རྒྱུའི་འབོད་སྐུལ་གསལ་བསྒྲགས་ཤིག་གནང་ཡོད་སྟབས།  ཉིན་དེའི་ཉིན་གུང་ཆུ་ཚོད་ ༡༢ ཡས་མས་སུ་བལ་ཡུལ་ཉེན་རྟོག་པས་བལ་ཡུལ་བོད་མིའི་དང་བླངས་སྤྱི་ཁྱབ་འབྲེལ་མཐུད་པ་དང་དྲུང་ཡིག་གཉིས་ལས་ཁུངས་ནས་ཧཱ་ལི་མཱ་ཌོལ་ཀཱ་ཞེས་པའི་བཙོན་ཁང་དུ་འཁྲིད་དེ་འདྲི་གཅོད་བཀག་ཉར་བྱས་འདུག

གནད་དོན་འདིའི་ཐད་གསར་འགོད་པས་བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་གནས་ཚུལ་འདིའི་སྐོར་ང་ལ་དམིགས་བསལ་བཤད་རྒྱུ་གང་ཡང་མེད་ཅེས་བརྗོད་བྱུང་།  

ཕྱི་ཚེས་ ༥ ཉིན་གྱི་གསར་འགོད་གསལ་བསྒྲགས་དེའི་སྟེང་། དང་བླངས་སྤྱི་ཁྱབ་འབྲེལ་མཐུད་པ་འཕྲིན་ལས་བླ་མ་ལགས་ཀྱིས་བལ་ཡུལ་གཞུང་གིས་སྐྱབས་བཅོལ་བོད་མི་ཚོར་གནས་སྡོད་ཀྱི་གོ་སྐབས་སྐབས་སྤྲད་པ་དེ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་ཡང་། ད་ལྟའི་ཆར་ཡང་སྐྱབས་བཅོལ་བོད་མིའི་ཁྲོད་མཐོ་རིམ་སློབ་གྲྭར་འགྲོ་བཞིན་པའི་སློབ་མ་དང་ཚོང་རྒྱག་མཁན་སོགས་བོད་མིི་མང་ཆེ་བར་གནས་སྡོད་ལག་འཁྱེར་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། བལ་ཡུལ་གཞུང་ཕྱོགས་ནས་བོད་མི་སྐྱབས་བཅོལ་བ་ཡོངས་ལ་གནས་སྡོད་ལག་འཁྱེར་སྤྲད་དེ་དཀའ་ངལ་སེལ་ཐབས་བྱ་རྒྱུ་དང་། ད་ལྟ་བལ་ཡུལ་གཞུང་གིས་བཟོ་བཞིན་པའི་རྩ་ཁྲིམས་གསར་བའི་ནང་སྐྱབས་བཅོལ་བའི་གནས་སྟངས་ཁ་གསལ་འགོད་རྒྱུའི་རེ་སྐུ་གནང་ཡོད་པར་མ་ཟད། ཉེ་ཆར་བལ་ཡུལ་གྱི་ལག་འཁྱེར་ཐོག་ཕྱི་རྒྱལ་དུ་འགྲོ་བཞིན་པའི་མི་གཉིས་རྒྱལ་སྤྱིའི་གནམ་ཐང་ནས་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་བལ་ཡུལ་འབྲེལ་ཡོད་ལས་ཁུངས་ཀྱིས་འཕྲིན་ལས་བླ་མ་ལ་འབྲེལ་བ་གནང་སྟེ་བོད་མི་ཡིན་སྐོར་བརྗོད་ཡོད་ཀྱང་། ཁོང་གིས་བལ་ཡུལ་དབུས་སྣེ་ལེན་ཁང་དང་མཆོད་རྟེན་ཉེ་འགྲམ་གྱི་ལས་ཁུངས། ངྷ་རམ་ས་ལའི་འབྲེལ་ཡོད་ལས་ཁུངས་བཅས་སུ་འབྲེལ་བ་དང་ཞིབ་བཤེར་བརྒྱུད། གནམ་ཐང་ནས་འཛིན་བཟུང་བྱས་པའི་མི་དེ་གཉིས་ཀྱིས་བོད་མིའི་རང་བཙན་ལག་དེབ་དང་ངོས་སྦྱོར་ཡིག་གེ་ཚང་མ་རྫུན་བཟོ་བྱས་པ་ཡིན་པ་དང་། བོད་པ་ཡིན་པའི་བདེན་དཔང་ཅི་ཡང་མེད་པར་ར་འཕྲོད་བྱུང་ཡོད་འདུག  དེ་ཡང་གཙོ་བོ། བལ་ཡུལ་དུ་བོད་མི་མ་ཡིན་པའི་མི་མང་པོ་ཞིག་གིས་འདས་པའི་དུས་ནས་བོད་མིའི་རང་བཙན་ལག་དེབ་སོགས་རྫུན་བཟོ་བྱས་ཏེ་ཕྱི་ཕྱོགས་ལ་སྐྱོད་ཐབས་བྱས་ཡོད་པའི་རིགས་མང་པོ་བྱུང་བ་ལ་བརྟེན་ནས་བོད་མི་ཡིན་པའི་བརྡ་ལན་སྤྲད་ཡོད་སྐོར་ཡང་གསལ་བཤད་གནང་འདུག

ད་ལྟའི་བལ་ཡུལ་བོད་མི་སྐྱབས་བཅོལ་བ་དག་གི་དཀའ་ངལ་ལ་དམིགས་ཏེ། མ་འོངས་པར་དང་བླངས་སྤྱི་ཁྱབ་འབྲེལ་མཐུད་པའི་ངོས་ནས་བལ་ཡུལ་གནས་སྡོད་སྐྱབས་བཅོལ་བོད་མི་སྤྱི་ཡོངས་ཀྱི་མི་གྲངས་དང་གནས་སྡོད་ལག་འཁྱེར་ཡོད་མེད་བཅས་ཀྱི་གྲངས་འབོར་ཞིབ་བཤེར་གནང་སྟེ། བལ་ཡུལ་གཞུང་ལ་རེ་སྐུལ་བྱ་རྒྱུའི་འཆར་གཞི་ཡོད་ཚུལ་བརྗོད་ཡོད་པ་རེད།

བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་འཕྲིན་ལས་བླ་མ་ལགས་ནི། བལ་ཡུལ་ཤར་ཕྱོགས་མཐའ་མཚམས་ཀྱི་རྭ་སོལ་ཝ་རྫོང་དུ་སྐྱེས་ཡོད་འདུག་ལ། འདི་ལོ་ཕྱི་ཟླ་ ༦ པའི་ཚེས་ ༡༧ ཉིན་བལ་ཡུལ་བོད་མིའི་དང་བླངས་སྤྱི་ཁྱབ་འབྲེལ་མཐུད་པའི་ལས་འགན་བཞེས་ཏེ། བལ་ཡུལ་བོད་མིའི་བདེ་སྡུག་ཐད་ཕྱག་ལས་གནང་གི་ཡོད་པ་རེད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༥ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༦ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ད་ལྟའི་རྒྱ་ནག་གཞུང་དེ་ཁྲིམས་མེད་ལུགས་མེད་ཅིག་ཡིན་པ་ལྟར། བལ་ཡུལ་གཞུང་དེ་ཡང་རྙོག་གླེང་བཟོ་བཞིན་ཡོད་པར་རྒྱ་གཞུང་ངོ་ཚ་བའི་གནས་རེད། འཕྲིན་ལས་བླ་མ་རྒྱལ་འགྱུར་ཅིག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese